| Wylie | e-texts based on the ACIP/ALL Input |
ཞི་བའི་ལྷ་རྒྱུད་ཞེས་བྱ་བ་བཞུགས་ཤོ། །རྒྱ་གར་སྐད་དུ། དེ་བ་ཤཱན་ཏི་ནཱ་མ་ཏན་ཏྲ། བོད་སྐད་དུ། ཞི་བའི་ལྷ་རྒྱུད་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྐྱེས་བུ་དམ་པ་གང་དག་གིས་ནི་ངེས་དགོངས་པ། །གང་ལ ་དགོངས་པ་གང་གིས་ངེས་པར་འགྲེལ་པ་ནི། །སྐྱེ་མེད་ཆོས་ལས་སྐྱེ་བའི་ཆོ་འཕྲུལ་མང་སྣང་ཞིང། །ཐུགས་རྗེས་ཞིང་འདུལ་ཆོ་འཕྲུལ་བདག་ལ་ཕྱག་འཚལ་ལོ། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས་ཤིང་སྐྱེས་ཉིད་སྐྱེ་མེད་དང། །བདག་གཞན་ཀུན་རྟོག་དབང་གི ་འཁོར་ལ་སྙིང་རྗེ་མཆོག་གི་སེམས། །སྐྱེད་པར་གསུངས་པའི་ལུང་ལ་བསྟེན་ཏེ་ངེས་དོན་སྙིང་པོ་ལ། །དགོངས་ཤིང་གསུངས་མཛད་ལྷ་རྒྱུད་དོན་འགྲེལ་བདག་གཞན་རྟོག་པ་འདུལ་བར་བཤད། །ཕུང་པོ་ལ་སོགས་ཆོས་རྣམས་བྱང་ཆུབ་སེམས་སུ་གཅིག་།མ་འདྲེས་ཡོང ་རྫོགས་ཞི་གནས་ལྷག་མཐོང་རྣམ་པ་གཉིས། །དོན་དམ་ཉེ་བར་བརྟགས་པས་བདེ་རོལ་ཕན་མཛད་པ། །ལྷ་རྒྱུད་དག་གི་ཀུན་སྨིན་ཀུན་གཞིར་གྱུར་པས་མོས། །དེ་ཡང་གདུལ་བྱའི་དབང་གིས་མདོ་དང་རྒྱས་སྣང་བ། །གཉིས་གསུམ་གཉིས་གཉིས་གསུམ་གསུམ ་བཅུ་བདུན་གཅིག་ལ་སོགས། །རྟོག་འདུལ་མཚན་མ་སྤྱི་དང་ཁྱད་པར་མཚན་ཉིད་དང། །རབ་འབྲིང་ཐ་མའི་བློ་ཡིས་མ་འོངས་དུས་སུ་དཔྱད། །དེ་འང་སྐུ་མདོག་ཕྱག་མཚན་དང། །བཞུགས་ཐབས་གདན་ཁྲི་རྒྱན་ཆས་ཀྱི། །མ་ནོར་དེ་ཉིད་ངེས་པར་གཟུང། །དེ་ཉིད ་རྣམ་པ་ལྔར་ཤེས་བྱ། །དེ་ལ་དང་པོ་གཉིས་ཡིན་ཏེ། །རང་བཞིན་གྱིས་ནི་སྐུ་མདོག་དང། །རིགས་ཀྱི་ཁ་དོག་བསྟན་པ་ཡིན། །རང་བཞིན་སྐུ་མདོག་བཞི་སྟེ་དུང་དང་ནི། །ཀུ་སུ་ཏ་དང་ཟླ་ཉི་མའོ། །རིགས་ནི་ལྔ་སྟེ་བཻ་དཱུརླ་དང་ནི། །ཀང་ཀ་རི་དང་ལེབ་རྒན་ལྟ་བུ ་དང། །གསེར་སྦྱངས་པ་དང་སྣ་ཚོགས་ལྟ་བུའོ། །གཉིས་པ་ལའང་གསུམ་སྟེ་ཕྱག་མཚན་དང། །ཕྱག་རྒྱའི་རྣམ་པ་གསུམ་སྟེ་རྣམ་པར་དབྱེ། །ཕྱག་ནི་གཉིས་སམ་དྲུག་སྟེ་བཟུང་འཛིན་དང། །ཡེ་ཤེས་རྣམ་པ་དྲུག་ལ་དགོངས་པའོ། །ཕྱག་མཚན་རྗེས ་མཐུན་ཐབས་དང་ཤེས་རབ་དང། །དབྱིངས་དང་ཡེ་ཤེས་ཕ་རོལ་ཕྱིན་པ་དྲུག་།ཕྱག་རྒྱ་བཞི་སྟེ་མ་བཅོས་མི་འདའ་དང། །མ་ངེས་པ་དང་འབྲེལ་པ་ལས་ཀྱི་རྒྱའོ། །མ་བཅོས་གཉིས་ཏེ་མ་སྐྱེས་མ་འགགས་པའོ། །མ་འགགས་པ་ཡང་རྣམ་བཞིར ་ཤེས་བྱ་སྟེ། །ཁ་དོག་ཡུལ་དང་མཚོན་པའི་གཟུགས་དང་ནི། །མཚན་རྟགས་ཉེ་བར་བརྟགས་པའི་ཕྱག་རྒྱའོ། །མི་འདའ་གསུམ་སྟེ་ཟིན་མཛད་མི་བསྐྱོད་པའོ། །མ་ངེས་གྲངས་ནི་ཐ་དང་གཅིག་ཐ་ཡས། །འགྲེལ་པ་གཉིས་ལས་ལས་དང་དམ་ཚིག་གོ། ་གསུམ་པ་གསུམ་སྟེ་ཐབས་གནས་ཚུལ་ཉིད་དོ། །ཐབས་ནི་རང་བཞིན་ཁྱད་པར་རྣམ་པ་གཉིས། །གནས་ནི་ཕྱི་ནང་མཛའ་དབུས་མེད་པ་སྟེ། །ཡོན་ཏན་བསམ་ཡས་རྗོད་འདའ་གཅིག་གཉིས་སུ། །ཚུལ་འདི་གསུམ་གསུམ་ཡང་ན་བཅུ་གཉིས་གསུམ། །བཞེངས་དང ་གཤེགས་པ་དང་ནི་གཟིགས་པ་དང། །གཉེན་ལྕུག་འཁྲིལ་བའི་ཚུལ་དང་ལྡེམ་པ་དང། །གཞོན་ནུ་གསལ་མཚེར་ཚུལ་དང་ལྷུན་སྡུག་དང། །གཟི་བྱིན་འབར་བའི་ཚུལ་དང་འཁྲུག་པའི་ཚུལ། །དགོངས་དང་བསྟེན་དང་བརྟེན་དང་འབྱོངས་པའི་ཚུལ། །འདུད ་པ་ཅམ་མེ་མ་ལེ་ལྷན་ནེ་དང། །སལ་ལེའི་ཚུལ་དུ་སྤྱི་དང་ཁྱད་པར་གྱི། །བྱེ་བྲག་ཅི་རིགས་པར་ནི་རྣམ་པར་དཔྱད། །གཞི་ལ་གསུམ་སྟེ་དྷརྨཱ་ཙཀྲ་དང། །ས་ཡི་ཁྱད་པར་ཡོན་ཏན་ཆེ་བའོ། །ལྔ་པ་གཉིས་ཏེ་རྒྱན་ཆས་གདན་དང་ལྡན། །གཞན་ཡང ་རྣམ་པར་མང་པོར་བརྗོད་པ་སྟེ། །དབུ་རྒྱན་སྙན་ཆ་ངོ་ཤལ་འགུར་ཆུ་དང། །ཕྲེང་བ་སེ་མོ་ཕྱག་གདུབ་རྒྱན་ཏེ་བདུན། །ཆས་ནི་སྐུ་དང་གསུང་ཐུགས་ཡོན་ཏན་ལས་ཀྱིས་བསྒྱིངས། །དེ་ཕྱིར་ཆོས་གོས་སྨད་དཀྲིས་ཟེའུ་ལྡིར་དང། །སྨད་གཡོགས་གསང ་དགོས་རྣམ་ལྔས་བརྗིད་པར་སྣང། །གཞན་ཡང་མཚན་དཔེ་འཕགས་པའི་ལམ་ལ་སོགས། །རྫོགས་པར་མངའ་ཕྱིར་སྲས་ཀྱི་ཚོགས་རྣམས་ཀྱང། །བཀྲ་ཤིས་བརྒྱད་ཀྱིས་ཡོངས་སུ་འཁྱིལ་བའོ། །དེ་ལས་སོགས་པ་དཔག་མེད་བརྗོད་ལས་འདས། ་དེ་དག་སྤྱིར་སྣང་ཁྱད་པར་རབ་སྣང་འདིའོ། །རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་གྱུར་པ། །དུས་གསུམ་བདེ་གཤེགས་རྒྱལ་བ་ཀུན་གྱི་ཡབ། །རྡོ་རྗེ་སྐུ་དང་གསུང་དང་ཐུགས་ལྡན་པས། །དུག་གསུམ་འཇོམ་མཛད ་བཅོམ་ལྡན་རྡོ་རྗེ་སེམས། །ཀུན་གཞི་གནས་གྱུར་ཆོས་དབྱིངས་ཡེ་ཤེས་ཐུགས། །བདེ་བ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ། །སྐུ་ཡི་ལོངས་སྤྱོད་མཛའ་འདས་བརྡ་མཇལ་གསུང། །དུག་ལྔ་ཞི་མཛད་བཅོམ་ལྡན་རྣམ་སྣང་མཛད། །ཉོན ་མོངས་ཡིད་གྱུར་མཉམ་ཉིད་ཡེ་ཤེས་ཐུགས། །བསམ་འདས་བརྗོད་མེད་དམིགས་མེད་ཆོས་ཀྱི་སྐུ། །གཞན་གྱི་མི་བརྗོད་རིག་པའི་ཡེ་ཤེས་གསུང། །ཡོན་ཏན་རྒྱས་མཛད་བཅོམ་ལྡན་རིན་ཆེན་འབྱུང། །ཡིད་གྱུར་སོ་སོར་རྟོག་པའི་ཡེ་ཤེས ་ཐུགས། །མཚན་རྫོགས་མངོན་པར་བྱང་ཆུབ་བརྙེས་པའི་སྐུ། །ལྗགས་ཀྱི་མི་བརྗོད་ཡི་གེ་མེད་པའི་གསུང། །གདུལ་བྱ་དབང་མཛད་བཅོམ་ལྡན་སྣང་མཛའ་ཡས། །སྒོ་ལྔ་གནས་གྱུར་ནན་ཏན་ཡེ་ཤེས་ཐུགས། །ཐུགས་རྗེ་ཆེན་པོ་ཅིར ་ཡང་སྤྲུལ་པའི་སྐུ། །ལྗགས་ཀྱི་སྟོང་གསུམ་ཀུན་ཏུ་གྲགས་པའི་གསུང། །བདག་གཞན་དོན་མཛད་བཅོམ་ལྡན་དོན་ཡོད་གྲུབ། །ཡེ་ཤེས་ཐུགས་རྗེ་ཆེན་པོས་འགྲོ་བ་རྣམས། །རྣམ་ཐར་སྒོ་གསུམ་གནས་སུ་འདྲེན་མཛད་ཀྱང། །ཐུགས་ཀྱི་ལོངས་སྤྱོད་ཐམS་ཅད ་མི་དམིགས་པ། །ཀུན་འབྱུང་ཡུམ་ཆེན་ནམ་མཁའ་ཀུན་ཏུ་བཟང། །ཡེ་ཤེས་ཐུགས་རྗེས་འགྲོ་ཀུན་སངས་རྒྱས་འགོད། །རེ་དོགས་མེད་པར་ཡེ་ཤེས་སྤྱན་གཟིགས་ཀྱན། །སྐུའི་ལོངས་སྤྱོད་སྣ་ཚོགས་མི་དམིགས་པ། །ཀུན་སྐྱེད་ཡུམ་ཆེན་ས་གྱུར། ་སངས་རྒྱས་སྤྱིན། །ཡེ་ཤེས་ཐུགས་རྗེས་འགྲོ་ལ་མ་ལྟ་བུར། །དགོས་འདོད་ར་བ་ཡིད་བཞིན་བསྐོངས་གྱུར་ཀྱང། །ཡོན་ཏན་ལོངས་སྤྱོད་སྣ་ཚོགས་མི་དམིགས་པ། །ཀུན་བསྡུད་ཡུམ་ཆེན་ཆུ་གྱུར་མཱ་མ་ཀི། ཡེ་ཤེས་ཐུགས་རྗེས་འགྲོ་བའི ་དོན་མཛད་ཀྱང། །ཚུལ་ཁྲིམས་གོས་ལ་དྲི་མས་མ་གོས་ཤིང། །གསུང་གི་ལོངས་སྤྱོད་སྣ་ཚོགས་མི་དམིགས་པ། །ཀུན་སྨིན་ཡུམ་ཆེན་མེ་འགྱུར་གོས་དཀར་མོ། །ཡེ་ཤེས་ཐུགས་རྗེ་ཆེན་པོའི་ཐུགས་དམ་གྱིས། །འགྲོ་ཀུན་འཁོར་བའི ་འདམ་ལས་སྒྲོལ་མཛད་མ། །ཕྲིན་ལས་ལོངས་སྤྱོད་སྣ་ཚོགས་མི་དམིགས་པ། །ཀུན་གྲོལ་ཡུམ་ཆེན་རླུང་གྱུར་དམ་ཚིག་སྒྲོལ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁྱད་པར་ལས། །རྣམ་པར་སྣང་མཛད་ཐུགས་ཀྱི་སྤྲུལ་པ་ནི། ། ་དང་པོ་སེམས་བསྐྱེད་རིན་ཆེན་མྱུ་གུ་བསྣམས། །སེམས་ལས་འོད་འབྱུང་ཐུགས་མཆོག་སའི་སྙིང། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཁྱད་པར་ལས། །རིན་ཆེན་འབྱུང་ལྡན་ཐུགས་ཀྱི་སྤྲུལ་པ་ནི། །ཉོན་མོངས་སྒྲིབས་གཅོད་ཤེས་རབ ་རལ་གྲི་བསྣམས། །ཡོན་ཏན་མཐར་ཕྱིན་ཐུགས་མཆོག་ནམ་མཁའ་ཨི་སྙིང། །སོ་སོར་རྟོགས་པའི་ཡེ་ཤེས་ཁྱད་པར་ལས། །སྣང་བ་མཛའ་ཡས་ཐུགས་ཀྱི་སྤྲུལ་པ་ནི། །ཤེས་བྱའི་སྒྲིབ་སྦྱོང་པད་མ་དཀར ་པོ་བསྣམས། །གསུང་དབྱངས་རྣམ་དག་ཐུགས་མཆོག་སྤྱན་རས་གཟིགས། །བྱ་བ་ནན་ཏན་ཡེ་ཤེས་ཁྱད་པར་ལས། །དོན་ཡོད་གྲུབ་པ་ཐུགས་ཀྱི་སྤྲུལ་པ་ནི། །མཁྱེན་ལྔ་ལྷུན་གྲུབ་རྡོ་རྗེ་རྩེ་ལྔ་རྣམས། ། ་འཕྲིན?་ལས་མཐར་ཕྱིན་ཐུགས་མཆོག་རྡོ་རྗེ་ཅན། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁྱད་པར་ལས། །རྣམ་པར་སྣང་མཛད་སྐུ་ཡི་སྤྲུལ་པ་ནི། །དང་པོ་སེམས་བསྐྱེད་དགའ་བས་འགྱིང་བའི་ཚུལ། །སྐུ་ཡི་འགྲོ ་འདུལ་?་ལ་སྐྱེ?་མ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཁྱད་པར་ལས། །རིན་ཆེན་འབྱུང་ལྡན་སྐུའི་སྤྲུལ་པ་ནི། །བསོད་ནམས་ཚོགས་རྫོགས་རིན་ཆེན་ཕྲེང་བ་བསྣམས། །ཡོན་ཏན་འགྲོ་བ་འདུལ་མཛད་མཱ་ཁྱེ་མ། ་སོ་སོར་རྟོག་བའི་ཡེ་ཤེས་ཁྱད་པར་ལས། །སྣང་བ་མཛའ་ཡས་སྐུ་ཡི་སྤྲུལ་པ་ནི། །སྐུ་ལྔ་ལྷུན་གྲུབ་ཅིར་ཡང་འགྱུར་བའི་ལྷ། །འཕྲིན་ལས་འགྲོ་འདུལ་བཛྲ་ནིརྟི?་མ། །ཆོས་ཀྱི ་དབྱིངས་ཀྱི་ཡེ་ཤེས་ཁྱད་པར་ལས། །རྣམ་པར་སྣང་མཛད་གསུང་གི་སྤྲུལ་པ་ནི། །གཏི་མུག་ལས་ཀྱི་ཆོས་འཆང་ཀླུ་ཤིང་བསྣམས། །ཆོས་དབྱིངས་ཡེ་ཤེས་ཐུགས་རྗེ་བྱམས་པའི་གསུང། མཉམ་པ་ཉིད་ཀྱི་ཡེ ་ཤེས་ཁྱད་པར་ལས། །རིན་ཆེན་འབྱུང་ལྡན་གསུང་གི་སྤྲུལ་པ་ནི། །ང་རྒྱལ་ལམ་སྦྱོང་ཆོས་འཆད་པོ་ཏི་བསྣམས། །མཉམ་ཉིད་ཡེ་ཤེས་སྒྲིབ་པ་སེལ་བའི་གསུང། །སོ་སོར་རྟོགས་པའི་ཡེ་ཤེས ་ཁྱད་པར་ལས། །སྣང་བ་མཛའ་ཡས་གསུང་གི་སྤྲུལ་པ་ནི། །འདོད་ཆགས་ལམ་སྦྱོང་ཆོས་འཆད་རིན་ཆེན་སྟེ། །རྟོགས་པའི་ཡེ་ཤེས་ཀུན་ཏུ་བཟང་པོའི་གསུང། །བྱ་བ་ནན་ཏན་ཡེ་ཤེས་ཁྱད་པར་ལས། ་དོན་ཡོད་གྲུབ་པ་གསུང་གི་སྤྲུལ་པ་ནི། །ཕྲག་དོག་ལམ་སྦྱོང་ཆོས་འཆང་ཨུཏ་པ་ལ་བསྣམས། །ནན་ཏན་ཡེ་ཤེས་འཇམ་དཔལ་གཞོན་ནུའི་གསུང། །ཆོས་དབྱིངས་ཡེ་ཤེས་རྣམ་པར་སྣང་མཛད་དང། ་ཕྱོགས་དུས་འཕགས་པ་མཆོད་པའི་ཕྲིན་ལས་ནི། །སྣང་བ་གཟུགས་མཛེས་མཆོད་པས་མཉེས་མཛད་པ། །སྤྱན་མཉེས་མཛད་པའི་གཟུགས་མཆོག་མེ་ཏོག་མ། །མཉམ་ཉིད་ཡེ་ཤེས་རིན་ཆེན་འབྱུང་ལྡན ་དང། །ཕྱོགས་དུས་རྒྱལ་བ་མཆོད་པའི་འཕྲིན་ལས་ནི། །དྲི་འབྱུང་ཡེ་ཤེས་མཆེད་པས་མཉེས་མཛད་པ། །ཤངས་མཉེས་མཛད་ཕྱིར་དྲི་མཆོག་འདུག་པ་མ། །རྟོག་པའི་ཡེ་ཤེས་སྣང་བ་མཛའ་ཡས་དང། ་ཕྱོགས་དུས་རྒྱལ་བ་མཆོད་པའི་འཕྲིན་ལས་ནི། །སྒྲ་གསང་སྒྲ་སྙན་མཆོད་པས་མཉེས་བྱེད་དེ། །སྒྲས་མཉེས་མཛད་པ་རྡོ་རྗེ་སྒྲོལ་མའི་སྐུ། །ནན་ཏན་ཡེ་ཤེས་དོན་ཡོད་གྲུབ་པ་དང། །ཕྱོགས་དུས་རྒྱལ་བ་མཆོད་པའི་འཕྲིན ་ལས་ནི། །རོལ་པས་རེག་བྱའི་མཆོད་པས་མཉེས་མཛད་པ། །སྐུ་མཉེས་མཛད་ཕྱིར་རེག་བྱའི་དྲི་ཆབ་མ། །ཆོས་དབྱིངས་ཡེ་ཤེས་རྣམ་པར་སྣང་མཛད་ཀྱིས། །ཤར་ཕྱོགས་ལྷའི་འཇིག་རྟེན་འཇོམས་མཛད་པ། ། ་ལྟ་ངན་ལམ་སྤྱོད་ཆོས་འཆད་པི་ཝང་བསྣམས། །བརྡུང་བ་ཞི་མཛད་ལྷ་དབང་བརྒྱ་བྱིན་སྐུ། །ཆོས་དབྱིངས་ཡེ་ཤེས་རྣམ་པར་སྣང་མཛད་ཀྱིས། །ཤར་ཕྱོགས་ལྷ་མིན་འཇིག་རྟེན་དོན་མཛད་པ། །ང་རྒྱལ་ལམ་སྤྱོད་ཆོས ་འཆད་གོ་ཆ་བསྣམས། །འཐབ་རྩོད་ཞི་མཛད་ལྷ་མིན་ཐགས་བཟངས་རིགས། །ཆོས་དབྱིངས་ཡེ་ཤེས་རྣམ་པར་སྣང་མཛད་ཀྱིས། །ཤར་ཕྱོགས་མི་ཡི་འཇིག་རྟེན་དོན་མཛད་པ། །ཕྲག་དོག་ལམ་སྤྱོད ་ཆོས་འཆད་སྲེག་སྤར་བསྣམས། །འགྱུར་བ་ཞི་མཛད་མི་དབང་ཤཱཀྱ་ཐུབ། །ཆོས་དབྱིངས་ཡེ་ཤེས་རྣམ་པར་སྣང་མཛད་ཀྱི། །ཤར་ཕྱོགས་བྱོལ་སོང་འཇིག་རྟེན་དོན་མཛད་པ། །གཏི་མུག་ལམ་སྦྱོང་ཆོས ་འཆད་པོ་ཏི་བསྣམས། །གླེན་ལྐུགས་ཞི་མཛད་སེང་གེ་རབ་བརྟན་མགོན། །ཆོས་དབྱིངས་ཡེ་ཤེས་རྣམ་པར་སྣང་མཛད་ཀྱིས། །ཤར་ཕྱོགས་ཡི་དགས་འཇིག་རྟེན་དོན་མཛད་པ། །འདོད་ཆགས་ལམ་སྤྱོད་ཆོས་འཆད་རིན ་ཆེན་སྒྲོམ། །བཀྲེས་སྐོམ་སྡུག་བསྔལ་ཞི་མཛད་ཁ་དབང?་མ། །ཆོས་དབྱིངས་ཡེ་ཤེས་རྣམ་པར་སྣང་མཛད་ཀྱིས། །ཤར་ཕྱོགས་དམྱལ་བའི་འཇིག་རྟེན་དོན་མཛད་པ། །ཞེ་སྡང་ལམ་སྦྱོང་ཆོས་འཆད་མེད་ཆུ་བསྣམས། ་ཚ་གྲང་སྡུག་བསྔལ་ཞི་མཛད་ཆོས་གྱི་རྒྱལ། །ཡེ་ཤེས་བཞི་ལ་རིགས་བཞི་ཕྲིན་ལས་ཀྱིས། །དྲུག་གི་འཇིག་རྟེན་བྱེ་བ་ཕྲག་བརྒྱ་རུ། །སྤྲུལ་པ་བྱེ་བ་ཕྲག་བརྒྱས་འགྲོ་དྲུག་གིས། ། ་དོན་རྣམས་ཇི་ལྟར་འདུལ་མཛད་ཐུབ་པ་དྲུག་།ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁྱད་པར་ལས། །རྣམ་པར་སྣང་མཛད་དྲག་པོའི་འཕྲིན་ལས་ནི། །སྐུ་ཡི་དངོས་པོ་འཇོམས་པས་ཐོད་དབྱུག་བསྣམས། །དེ་ཕྱི་བཤར ་སྒོ་བསྲུང་བའི་གཤི་མ་རྗེའི་གཤེད། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཁྱད་པར་ལས། །རིན་ཆེན་འབྱུང་ལྡན་འཕྲིན་ལས་དྲག་པོས་ནི། །ཐུགས་ཀྱི་དངོས་པོ་འཇོམས་པས་རྡོ་རྗེས་གནོན། །དེ་ཕྱིར་ལྷོ་སྒོ་བསྲུང་བའི་རྣམ ་པར་རྒྱལ། །སོ་སོར་རྟོག་པའི་ཡེ་ཤེས་བྱིན་བརླབས་ལས། །སྣང་བ་མཛའ་ཡས་འཕྲིན་ལས་དྲག་པོས་ནི། །གསུང་གི་དངོས་པོ་འཇོམས་མཛད་ཐོད་སྦྲུལ་གནོན། །དེ་ཕྱིར་ནུབ་ཕྱོགས་བསྲུང་བའི་རྟ་མགྲིན ་དཔལ། །བྱ་བ་ནན་ཏན་ཡེ་ཤེས་ཁྱད་པར་ལས། །དོན་ཡོད་གྲུབ་པའི་འཕྲིན་ལས་དྲག་པོ་ནི། །འཕྲིན་ལས་དངོས་པོ་འཇོམས་མཛད་རྒྱ་གྲམ་གནོན། །དེ་ཕྱིར་བྱང་སྒོ་བསྲུང་བའི་བདུད་རྩེ་འཁྱིལ། །ཆོས་ཀྱི ་དབྱིངས་ཀྱི་ཡེ་ཤེས་ཁྱད་པར་ལས། །རྣམ་པར་སྣང་མཛད་འཕྲིན་ལས་དྲག་པོས་ནི། །བརྟག་པ་ལྟ་བ་འཇོམས་བསྡུད་ལྕགས་ཀྱུ་བསྣམས། །ལོག་འདྲེན་སྙིང་འདྲེན་རྟ་གདོང་ལྕགས་ཀྱུ་མ། །མཉམ་པ་ཉིད ་ཀྱི་ཡེ་ཤེས་ཁྱད་པར་ལས། །རིན་ཆེན་འབྱུང་ལྡན་འཕྲིན་ལས་དྲག་པོས་ནི། །ཆད་པར་ལྟ་བ་འཇོམས་བསྡུད་ཞུཌ་པ་བསྣམས། །ལོག་ལྟ་ཞི་མཛད་ཕག་གདོང་ཞགས་པ་མ། །སོ་སོར་རྟོག་པའི་ཡེ་ཤེས་ཁྱད་པར ་ལས། །སྣང་བ་མཛའ་ཡས་འཕྲིན་ལས་དྲག་པོས་ནི། །མཚན་མ་ལྟ་བ་དབང་བསྡུད་ལྕགས་སྒྲོག་བསྣམས། །ལོག་ལྟ་དབང་བསྡུད་ཉི་ཟླ་ལྕགས་སྒྲོག་མ། །བྱ་བ་ནན་ཏན་ཡེ་ཤེས་ཁྱད་པར་ལས། །དོན་ཡོད་གྲུབ ་པའི་ཕྲིན་ལས་དྲག་པོས་ནི། །བདག་ཏུ་ལྟ་བ་འཇོམས་མཛད་དྲིལ་བུ་བསྣམས། །ལོག་ལྟ་བརླག་བྱེད་ཐལ་བྱེད་དྲིལ་བུ་མ། །སྟོང་པ་ཉིད་ཀྱིས་ཡེ་ཤེས་ཁྱད་པར་ལས། །འཁོར་བ་མྱ་ངན་འདས་པའི་རྣམ་རྟོག ་རྣམས། །བདེ་ཆེན་མཉམ་པའི་དང་ལ་འགོད་མཛད་པས། །ཕྱག་ཞབས་མཉམ་བཞག་ཡིད་གྱུར་ཀུན་ཏུ་བཟང། །སྟོང་པ་ཉིད་ཀྱི་ཡེ་ཤེས་ཁྱད་པར་ལས། །འདུས་བྱས་འདུས་མ་བྱས་ཀྱི་ཆོས་རྣམས་ཀུན། །ཆོས ་དབྱིངས་རྣམས་པར་དག་པའི་དབྱིངས་གྱུར་པས། །གསང་གསལ་ཕྱག་རྒྱ་ཆོས་གྱུར་ཀུན་བཟང་མོ། །ཀུན་འབྱུང་ཀུན་གཞི་ཆོས་ཉིད་དབྱིངས། །མ་སྐྱེས་མི་འགག་ཀུན་ཏུ་སྣང། །སྨྲ་བསམ་བརྗོད་མེད་ཡུལ་ལས་འདས ་མཛའ་ཡས་མཛའ་ཡས་བསྐྱེད་པའི་བཞི། །མི་རྟོག་དང་ལས་རྟོག་ཉིད་དུ། །བརྟགས་པས་སྟོང་པ་གང་བྱུང་བ། །དེ་ཉིད་རྟགས་པ་ཆེན་པོ་སྟེ། །གང་མི་རྟོགས་པ་རྟོག་པའི་རྒྱུ་།སྟོང་ཉིད་མི་གཡོ་ནམ་མཁའ་ལ། །མི ་བསྐྱོད་བདེ་བར་གཤེགས་མཛད་པའི། །མི་དམིགས་མི་རྟོག་དེ་བཞིན་ཉིད། །རྟོག་པ་སྣ་ཚོགས་བསྐྱེད་པར་མཛོད། ནམ་མཁའ་དབྱིངས་ཀྱི་སྙིང་པོ་ལས། །རང་བཞིན་གུན་ཏུ་སྣང་བའི་དངོས། །ཡོད་ལ་ཁྱབ་པའི་སྙིང་རྗེའི ་ཡུམ། །མཛའ་ཡས་རྒྱལ་སྲས་བསྐྱེད་པར་མཛོད། །ཐ་དད་རྣམ་པར་སྣང་མཛད་ནས། །གསུང་གི་ཕྱག་རྒྱའི་ཡེ་ཤེས་ལས། །རྒྱལ་བ་རྣམས་ནི་ཡི་གེར་སྣང། །ཡི་གེ་ཡེ་ཤེས་བསྐྱེད་པར་མཛོད། །ཡེ་ཤེས་ཕ་རོལ ་ཕྱིན་རྫོགས་པའི། །རྣལ་འབྱོར་རིག་པའི་སྒོ་མཚོན་པ། །ཐུགས་ཀྱི་རྟག་སྣང་སྣང་པར་མཛོད། །རྣམ་གྲོལ་ཡེ་ཤེས་སྣང་བར་མཛོད། །སྟོང་ཉིད་མི་རྟོག་ཡེ་ཤེས་ལས། །མ་སྐྱེས་མི ་འགག་གཟུགས་སྣང་བ། །མཁའ་ལ་འཇའ་སྣང་ཇི་བཞིན་དུ། །དབྱིངས་ལས་ཕྱག་རྒྱ་བཞེས་སུ་གསོལ། །དེ་ཉིད་ཡི་གེའི་རང་བཞིན་ཏེ། །རང་བྱུང་ཡི་གེ་མུཾ་དུ་གསལ། །ཐམས་ཅད་ཡི་གེའི་རང་བཞིན་ཏེ། །མ ་སྐྱེས་གསལ་བའི་ཡི་གེ་ཨ:། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །སྣ་ཚོགས་ཡི་གེ་ཧཱུཾ་དུ་གསལ། །དུག་གིས་ནད་སེལ་ཇི་བཞིན་དུ། །རྟོག་པས་རྟོག་པ་ཞི་བར་མཛོད། །དང་པོའི་ལས་ཅན་ངེས་པར་འབྱུང ་པའི་གདུལ་བྱ་དག་།རབ་འབྲིང་ཐམས་མཚན་མ་མེད་དང་མཚན་མ་ཡི། །རྣལ་འབྱོར་རིམ་པས་འབད་དེ་ཉམས་སུ་བླངས་བྱའོ། །དམ་པའི་དགོངས་པ་དམན་པས་དཔག་པར་མི་འོས་ཀྱང། །བསམ་པས་ད་ལྟར་མ་འོངས་དུས ་ཀྱི་བདག་གཞན་ལ། །ཕན་ཕྱིར་ལུང་ལ་སྟོན་པའི་བཀའ་སྒྲོས་རྗེད་བྱང་འདི། །ཚིག་དོན་འགལ་འཁྲུལ་འཕགས་དང་མཁས་པ་རྣམས་ལ་བཟོད་པར་གསོ། །དེ་ལྟར་མོས་པ་དག་དང་མོས་པའི་དགའ་བ་གང་དང་གང། ། ་བསམ་དཔྱོད་དགེ་བསྐུལ་ཤེས་རབ་འཕེལ་འགྱུར་གཅིག་པ་ཡི། །དག་བཅི་མཆིས་མ་འོངས་དོན་དུ་བསྔོས་པ་ཡིས། །འདི་ལ་མོས་པ་མཛའ་དག་གྲོལ་ཞིང་སྨིན་གྱུར་ཅིག་།སློབ་དཔོན་བི་མ་ལ་མི་ཏྲས། ཞང་ཛྙཱ་ན་ལ་གནང་།རྒྱུད ་ཐམས་ཅད་ཀྱི་འགྲེལ་པ། ལུང་དམ་པའི་བཅུད། མན་ངག་མཛའ་དག་གི་སྙིང་པོ། །རྣལ་འབྱོར་གྱི་ལམ་དམ་པ། ལོག་པའི་རྟོག་པ་ཞི་བར་བྱེད་པ། ཞི་བ་རྟོག་པའི་ལྷ་རྒྱུད་དོ། །གང་དག་དམ་པ་འདི་ལ་མོས་པ་མེད། །སྣོད་མིན་རྣམས ་དང་ནམ་དཱུང་མ་འཕྲད་ཅིག་།གལ་ཏེ་འཕྲད་ནའང་མོས་པ་སྐྱེ་བ་དང། །མོས་ཤིང་འཕྲད་ནས་སྨིན་ཞིང་གྲོལ་བར་ཤོག་།རྫོགས་སོ།། །།*། །སྒྱུ་འཕྲུལ་ཚོགས་ཀྱི་འཁོར་ལོ་ཐུགས་ཀྱི་སྒྲུབ་པ་བཞུགས་སོ། །ཧེ་རུ་ཀ་ལ་ཕྱག ་