CLOSE WINDOW

N3551: sgyu 'phrul dbang gi gal po'i don 'grel
Wyliee-texts based on the ACIP/ALL Input

མཛད་པ་འདི?་ཡོངས་སུ་རྫོགས་སོ།། །།སྒྱུ་འཕྲུལ་དབང་གི་གལ་པའོ?་དོན་འབྲེལ།། །།དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཆོས་ཀུན་སེམས་སུ་བཅོམ་པས་ཡེ་ནས་ལྡན། །ཚིག་གི་མཛའ་ལས་འདས་ཀྱང་ཡོན་ཏན་དཔལ ་དུ་ཤར་ཀུན་ཏུ་སྒྲིབ་གཡོགས་བྲལ་བས་སྡོང་ལེན་དང་གིས་མེད། །རང་བཞིན་གནས་པའི་ཀློང་དེ་རྟོགས་པས་ཕྱག་འཚལ་ལོ། །དེ་ལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བའི་སྒོར་ཞུགས་ཏེ། དད་པས་མོས་པ་དང་བརྩོན་འགྲུས་ཀྱིས་བདག་དང་གཞན ་གྱི་དོན་བྱེད་ནུས་པའི་སློབ་བུས། དང་པོར་གཟུགས་བརྙན་གྱི་དཀྱིལ་འཁོར་ཆེན་པོར་ཕན་པའི་དབང་བཅུ་དང། །ནུས་པའི་དབང་ལྔ་ཐོབ་པར་བྱ་སྟེ། དེ་ནས་རང་རིག་པའི་བརྟུལ་ཞུགས་དང་ལྡན་པའི་སློབ་བུ་ཁྲིའི་ནང་ནས་ཅིག་ཙམ་འབྱུང་སྲིད་པའི་དོན་དུ། ་གསང་བའི་དབང་དང། ཡེ་ཤེས་རང་གནས་ཀྱི་དབང་སྐུར་བའི་གལ་པོ་དོན་མདོར་བསྡུས་ཏེ་དགྲོལ་པར་བྱའོ། །དེ་ལ་ཕྱག་བཙལ་བ་དང། །དཀྱུས་ཚིག་ལྔའི་འབྲུ་ལྟར་བཅོམ་ཟིན་ཏོ། །སོར་བཞི་ཞེས་པ་རྒྱུད་ལས་སྨོས་པ་སྟེ། །གསེར་རམ་ཤིང་ཙན་དན་ལས ་བྱས་པའི་མཎྜལ་སོར་བཞི་འམ། །མཛུབ་གང་ལ་ལེགས་པར་བྱས་ཏེ། །སྨན་ལྔ་དང། འབྲུ་ལྔ་དང། རིན་ཆེན་ལྔ་དང། སྙིང་པོ་ལྔ་དང། བདུད་རྩི་ལྔ། བྱང་ཆུབ་ཀྱི་སེམས་ལྡེ་གུར་བྱས་ཏེ། སྙོམས་བར་བྱུགས་ལ། དེ་རིག་པས་ས་བཅད་དེ་བྱང་ཆུབ་སེམས ་ཀྱི་སྤྲིན་ལས་བྱས་པའི་ཚོན་རྩིས། །སྲན་ཙ་ན་ཀ་ཀླེབས་པ་ཙམ་གྱི་པདྨ་ལ། སེན་ཟླུམ་ཙམ་གྱི་ཉི་ཟླའི་སྟེང་དུ་ལྷ་སོ་སོའི་ཕྱག་རྒྱ་ཏིལ་འབྲུ་གླེབས་པ་ཙམ་དུ་བྲིའོ། །གལ་ཏེ་དེ་ལྟར་མ་གྱུར་ན་ཡུམ་གྱི་མཁའ་ལ་སྦྱོར་བའི་ཐུགས་ཀྱི་དཀྱིལ་འཁོར ་ཚད་གོང་མ་བཞིན་དུ་རིག་པས་བསླབ་པོ། །བློ་དང་ལྡན་པའི་སློབ་དཔོན་གྱིས། དེ་ནི་སྔོན་ནས་བཙལ་བ་གང་ཞེ་ན། ཁྲུས་མཁན་ཞེས་བྱ་སྟེ། །རྟོག་པ་ཆུང་བ་ལོ་གྲངས་བཅུ་གཉིས་སམ། ཉི་ཤུ་རྩ་གཉིས་སམ་རྩ་ལྔ་ལོན་པ་སྟེ། དེ་ལ་བླ་འོག་དུ་མ ་གསུངས་སོ། །ལུས་ཀྱི་ཡོན་ཏན་གསུམ་ནི། བལྟ་ན་མཛེས་པ། ལུས་མཉེན་པ། འགྲོ་བའི་སྟབས་སྡུག་པའོ། །ངག་གི་ཡོན་ཏན་གསུམ་ལ། སྨྲ་བ་ཉུང་ཞིང་བརྫུན་སྤངས་པ་དང། ངག་འཇམ་པ་དང། སྐད་དང་པ་གཞོན་ནུ་ལྟར་སྙན་པའོ། །སེམས་ཀྱི ་ཡོན་ཏན་གསུམ་ནི། དད་པ་ཆེ་བ་བློ་རྣོ་བ་ཤེས་རབ་གསལ་བའོ། །སྤྱོད་ལམ་གྱི་ཡོན་ཏན་གསུམ་ནི། །འཕྲལ་དུ་དལ་བ་དང། བལྟ་ན་བརྟག་ཐུབ་པ་དང། འགྲོཌ་ན་དང་བ་ཆེ་བའོ། །གསང་པའི་ཡོན་ཏན་ནི་བཀའ་བློ་བདེ་བ་སྟེ། །ཇི་ལྟར་ཡང་སྦྱར་དུ་བཏུབ ་པའོ། །དེ་ལྟ་བུའི་ཡུམ་སེམས་མའི་ཆ་བྱད་ཅན་དེ་ནི། མིག་གིས་མེད་དུ་མི་རུང་སྟེ། འདི་མེད་པར་དངོས་གྲུབ་འབྱུང་དུ་རེ་བ་ནི། དཔེར་ན་ས་གཞི་མེད་པར་འབྲས་བུ་བསྐྱེད་པར་འདོད་བ་དང་འདྲའོ། །དེ་ནས་ཡི་གེ་བཞིན་ཁྲུས་དག་པར་བྱས་ལ། དེ ་ནས་ཡི་གེ་ལས་འབྱུང་བའི་སྤོས་དང། ཏིལ་མར་དུ་བསྲེས་ཏེ་ལུས་ལ་བྱུག་པ་དང། ཡི་གེའི་སྤོས་ཕྱེ་མ་དང། སྦྲང་རྩིའི་ལུ་རྒྱ་ཤུག་གི་འབྲས་བུ་ཙམ་བྱས་ལ། འདི་ནི་ཁའི་ངད་བསྐྱེད་པའི་ཐབས་དམ་པའོ། །དེ་ནས་རྣ་ཆ་དང་གདུ་བུ་ལ་སོཌ་པའི་རིན་པོ་ཆེ ་སྣ་ཚོགས་དང། རས་སམ་ངར་ལ་སོགས་པའི་ཆས?་ཀྱིས་མཛེས་པར་བྱའོ། །དེ་ནས་སྟན་ལ་བཞག་ལ་མཆོད་པ་ཡང་བཤམས་ཏེ། ཡུམ་དེ་རྟོག་པ་གསལ་བ་ལ། ཏིང་ངེ་འཛིན་དང་ལྡན་པ་ཞིག་ན། རང་གི་གཙོ་བོ་དང་མཉམ་དུ་བྱིན་གྱིས་བརླབ ་པོ། དེ་ལྟར་མི་ལྡན་ན་གཙོ་བོས་བྱིན་གྱིས་བརླབས་པ་ཇི་ལྟར་བྱ་ཞེ་ན། བདག་གི་ཡུམ་དུ་ལེགས་པར་བསྐྱེད་ལ། དེའི་ལག་པ་གཡས་པ་ལ། གཞན་གྱིས་མི་ཐུབ་མ། གཡོན་ལ་རོ་ལངས་མ། ཁ་ལ་ཁྲོ་གཉེར་མ། ཕྱིའི་པདྨ་ལ་རལ་གཅིག་མ་དགོང ་དེའི་སྤྱི་བོར་ཨོཾ་ལས་ཀུན་ཏུ་བཟང་མོ། ལྕེ་ལ་ཨཾ་ལས་གོས་དཀར་མོ། །སྙིང་ཀར་ཧཱུཾ་ལས་སངས་རྒྱས་སྤྱན། ལྟེ་པར་སྭ་ལས་མཱ་མ་ཀི། ནང་གི་པདྨ་ལས་དམ་ཚིག་སྒྲོལ་མ། དེ་རྣམས་སྐུ་མདོག་ཕྱག་མཚན་རྣམས་ཀྱང་ལེཌ་པར་གསལ་བར་བྱའོ།། ་དེ་ནས་རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱི་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་བསྐྱེད་པ་དང། སྤྱན་དྲང་བ་དང། རང་གི་མཆོད་པ་ཀུན་གྱིས་ཀྱང་མཆོད་དེ། དེ་ནས་མཁའ་ལས་རིགས་སོ་སོའི་ཡུལ་དང་འཇོ་སྒེག་དང་ཆས་པའི་སེམས་མ་རྣམས། བྱང་ཆུབ་སེམས ་ལས་སྒྲོས?་ཏེ། བསམ་པ་དང་ཆས་ནས་མཆོད་དོ། །དེ་ནས་དེ་བཞིན་གཤེགས་པའི་ཡོན་ཏན་ཐོབ་པར་འདོད་པའི་སློབ་བུས་།ཁྲུས་བྱས་ལ་མིག་བཀབ་ལ་གསེར་དང་བཻཌཱུརྱ་ལ་སོགས་པའི་རིན་པོ་ཆེ་ཕངས་པ་མེད་པ་ཐོགས་ནས། སེར་སྣའི་སེཾས ་སྤངས་ཏེ། བདག?་གི་དཀྱིལ་འཁོར་ལ་སེམས་གཏད་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་འདོད་པར་གསོལ་པ་བཏབ་སྟེ། ཡི་གེའི་འབྲུ་ནི་མ་བཅོམ་མོ། །དེ་ནས་པང་གི་དཀྱིལ་འཁོར་ལ་གཏོར། དེ་ནས་སློབ་དཔོན་གྱིས་ཆོས་བརྒྱད་ཀྱི་ཕྱོགས་གཉིས་སྤངས ་པའི་སེམས་ཀྱིས། སློབ་བུའི་ལག་པ་གཡོན་པ་ནས་མཐེབ་སྲིན་གྱིས་བཟུང་ལ། བུ་འདིར་ཤོག་ཅིག་ཞེས་བྱ་བའི་གནང་བའི་ཚིག་གིས་དྲངས་ཏེ། གཡས་སུ་བཞག་ལ། རང་གི་ལྷར་བསྐྱེད་ཅིང་བྱིན་གྱིས་བརླབས་ཏེ། ཉེ་བ་དང་རིང་བ་སྤངས་པར་བཞག་གོ་།དེ ་ནས་བདུད་རྩི་བཏབ་པའི་ཡོལ་བས་བཅད་ལ། སློབ་དཔོན་གྱིས་བདག་ཉིད་ལྷར་གསལ་བ་ལས། ཡུམ་དང་མཐུན་པའི་གནས་སུ་རིགས་ལྔ་དང་ཁྲོ་བོ་བཞི་ཡང་བསྒོམས་ལ། དཔེར་ན་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་སྟོང་གསུམ་གྱི་སྟོང་ཐམས་ཅད་ཉུངS ་འབྲུ་གཅིག་ཏུ་ཆུད་པར་མཛད་པ་ལྟར། མཁའ་ཨི་རྡོ་རྗེ་དབྱིངས་ཕྱུག་མའི་རྩལ་བཞི་བཅུ་རྩ་གཉིས་ཚང་བར་བཀོད་པ་དེར་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་རིལ་སྤྱན་དྲངས་ལ་བསྟིམ་མོ། །དེ་ནས་ཐིག་ལེ་ཉིད་མ་སྐྱེས་པས་ཕུང་པོ་དང་ཁམས་སུ ་མ་གྲུབ་པར་ཤེས་ནས་།སེམས་ཅན་ལྟ་བུའི་འདོད་པའི་དངོས་པོ་སུ་ལ་ལྡང་སྟེ་མི་ལྡན་པའི་སེམས་ཀྱིས་རོལ་པར་བྱའོ། །དེའི་ཚེ་རིག་པས་མཁའ་ཨི་སངས་རྒྱས་ཀུན་ཀྱང་བཞུགས་བཞིན་དུ་མ་སྐྱེས་པར་ཤེས་པའི་ཡི་གེ་ཧཱུཾ་དང་ཕཊ་གཉིས་འདུ ་འབྲལ་མེད་པས་རྒྱལ་བ་ཐམས་ཅད་མཉེས་པའི་ཡེ་ཤེས་སྐྱེ་བ་དང། འོག་ནས་འབྱུང་བའི་བཀུག་པ་བྱས་ཏེ། སྤྲུལ་པའི་འཁོར་ལོ་ལ་བཟློག་ནས། གནས་དེར་རྒྱ་མཚོ་ཙམ་བསྐྱིལ་ཞིང་བཞག་པས། དེ་ཁོ་ན་རྒྱལ་པ་ཐམས་ཅད་མཉེས་པའི་མཆོད་པ ་ཆེན་པོ་ཡིན་པས། རྒྱུད་ལས་ཀྱང། འཁྲིལ་པའི་མཆོད་ཆེན་མཉམ་སྦྱོར་བས། །བདག་ཉིད་མཉེས་པས་མཉེས་པར་བྱ། །ཞེས་གསུངས་སོ། །སྒོ་འབྱེད་ཅེས་པས་ཧཱུཾ་གིས་སྒོ་ཕྱེ་བས། བདེ་བ་ཉམས་སུ་མྱོང་ནས་ཀྱང་བཀུག་ཅིང་སླར་བསྐྱིལ་ལ། ཐ་མར་ཟད་པ ་མེད་པའི་རྒྱ་མཚོ་ལས། གཞལ་ཡས་ཁང་གི་ཕྱི་འཁྱམས་སུ་བུ་དྷ་བཞི་བཅུ་རྩ་གཉིས་དང། ཐབས་གཅིག་ཏུ་བཞུགས་པ་ལས། སློབ་དཔོན་སྐུ་བསྐྱོད་དེ་ཕཊ་ཕྱུང་བས་སྒོ་ཕྱེ་བ་དེ། གཡས་པའི་རྡོ་རྗེས་སྒོ་བཅད་ལ། སློབ་བུ་བརྡས་བོས་ཏེ། ཧཱུཾ་ང་ནི ་རྒྱལ་བ་ཀུན་གྱི་བླ་ཞེས་བསྒོ་བ་བྱས་ནས་མཐེབ་སྲིན་གྱིས་རྟ་བབས་ལ་བཀུག་པ་དེ་ལྷ་ཀུན་ཀྱང། རྡོ་རྗེ་སེམས་དཔར་གྱུར་པ་དེ། ལྔགས་རྡོ་རྗེ་རྩ་ལྔ་པ་ལས་བླངས་ཏེ་སློབ་བུའི་ལྕེ་ལ་སྟིམ་མོ། །དེ་ཙམ་ནས་དུས་གསུམ་གྱི་ཆོས་ཐམས་ཅད་དང། ཁམས་གསུཾ ་གྱི་སེམས་ཅན་ཀུན་དང། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱང་བདེ་བ་ཆེན་པོ་བྱང་ཆུབ་སེམས་སུ་གསལ་བས། རྒྱལ་ཐབས་སྤྱི་བླུགས་སུ་གསུངས་སོ། །དེ་ལ་རྡོ་རྗེ་རྒྱལ་པོ་བསམ་པས་ནི། རྡོ་རྗེ་སེམས་དཔའ་ནམ་མཁའ་ལ་འཚེར་བ་ཉུང་འབྲུ་ཙམ་གྲངས ་མེད་པ་བབས་པས། འོད་ཀྱིས་ལུས་ངག་ཡིད་གསུམ་གྱི་བག་ཆགས་ཐམས་ཅད་བསྲེགས་ནས། ལུས་ཆས་ཉིད་ལ་སེམས་ཡེ་ཤེས་སུ་གས་བ་དང། སྙིང་ཆོས་ཀྱི་འཁོར་ལོའི་ནང་ན་རྩ་བརྒྱད་ཡོད་དེ། གསུམ་ཆོས་ཉིད་ཀྱི་རྩ་གཅིག་ཡེ་ཤེས ་ཀྱི་རྩ། གསུམ་རང་རྒྱུད་ཀྱི་རྩ། གཅིག་ཡོན་ཏན་གྱི་རྩའོ། །དེ་ལ་ཆོས་ཉིད་ཀྱི་རྩ་ལ་ནི་འོད་སེར་པོ་ཅིག་ཡོད་པ་ལས་སུ་དང་ཏྲི་གནས་ལ། དེ་ནས་ཀུན་གཞི་གནས་སོ། །ཡེ་ཤེས་ཀྱི་རྩ་ལ་འོང་མཐིང་ཀའི་ནང་ན་ཨ་དང་ནརི?་ཡོད་པ་དེ་ལ་ཡིད་གནས་སོ།། ་རང་རྒྱུད་ཀྱི་རྩ་ལ་འོད་དམར་པོའི་ནང་ན་པྲེ་དང་དུས་གཉིས་ཡོད་དེ་དེ་ལ་ཉོན་མོངས་པ་ཅན་གྱི་ཡིད་གནས་སོ། །ཡོན་ཏན་གྱི་རྩ་ལ་འོད་དམར་ནག་གི་ནང་ན་གཉིད་གནས་སོ། །དེ་ལ་ཨ་ནརི་གཉིས་དབུགས་ཀྱི་སྙིགས་མ་ལ་རྒྱུའོ། །སུ་ཏྲི་གཉིས་རྩའི་ ་སྙིགས་མ་ལ་རྒྱུ་འོ། །པྲེ་དུ་གཉིས་ཁྲག་གི་སྙིགས་མ་ལ་རྒྱུ། རྩ་དེ་དག་གི་མདོ་ནི་ཡེ་ཤེས་རང་གནས་ཀྱི་རྩ་དར་དཀར་གྱི་སྐུད་པ་འམ། བ་དག་བརྐྱང་བ་འདྲ་བ་རྟ་ལྔ་བཅུར་བཤགས་པ་ཙམ་གཅིག་གིས་བཟུང་ནས་གནས་སོ།། ་དེའི་ནང་ན་ཁྲག་གི་དངས་མ་མཆོལ?་ཅོག་ལ་མ་འདྲ་བ་ལ། །དབུགས་ཀྱི་དངས་མ་གསེར་ས་འོག་ན་གནས་པའི་རླངས་པ་ཅམ་ཞིག་ལ། འོད་ཁ་དོག་སྣ་ཚོགས་པའི་དཀྱིལ་ན་བྱང་ཆུབ་སེམས་སྤྲོས་པ་མེད་པའི་ཐིག་ལེ་ཚོགས་བརྒྱད་གང་ཡང ་མ་ཡིན་པ་ངོ་བོ་ཉིད་ཀྱིས་བཞུགས་སོ། །དེ་ལ་རྡོ་རྗེ་རྒྱལ་པོའི་བསམ་པ་ནི། རྡོ་རྗེ་སེམས་དཔའ་ཨི་འོད་ཀྱིས་ཡི་གེ་དྲུག་བསྲེགས་པས། ཤེས་པ་གསུམ་གཉིད་དང་བཅས་པ་ཡེ་ཤེས་ཀྱི་འོད་དུ་གྱུར་པ་དེ། མ་ཧཱ་སུ་ཁ་ལ་འདུས་པས་དེ་ཉིད་ཅིར་ཡང་མ ་གྲུབ་སྟེ། གདགས་བསྐྱེད་ཐམས་ཅད་དང་བྲལ་བས་ཡེ་ཤེས་གླ་པའི་ས་ནོན་པར་བསམ་མོ། །དེ་ཉིད་ཧཱུཾ་དཀར་ལ་འཚེར་བ་ཞིག་ཏུ་གྱུར་པ་ལས་ཧཱུཾ་ཐམས་ཅད་བདེ་བ་ཆེན་པོའི་དབྱིངས། །ཞེས་བྱ་བའི་ཡིག་འབྲུ་མ་བཅོས་ཏེ། སྔགས་དང་བཅས་པ་བརྗོད ་པས། སློབ་བུ་ཆེ་མཆོག་ཏུ་བསྐྱེད་པ་ནི་གསང་བ་སྟེ། བསྐྱེད་པའི་རྫོགS་པའོ། །དེ་ལ་ལུད་སུམ་རྒྱུད་ཁྲོ་བོའི་རྒྱན་ཐམས་ཅད་ཀྱང་རྫོགས་པར་བསྒོམ། །ཐིག་ལེ་དབུལ་ཏེ་སློབ་བུའི་ཐིག་ལེ་ཁྲུས་དང་མཛེས་པར་བརྒྱན་ལ་དབུལ་ལ། དེ་སློབ་དཔོན་གྱིས ་ཀྱང་རང་གི་ཡུམ་བཞིན་དུ་བྱིན་གྱིས་བརླབས་ཏེ། སྔོན་བཞིན་སྦྱོར་བའི་རྡོ་རྗེ་རྩེ་ནས་ཟླ་བ་ལ་ཕཊ་ཡོད་པ་རྡོ་རྗེ་དབྱིངས་ཕྱུག་རྩ་ལ་རེག་སྟེ་མ་བསྐྱིལ་བར་སྤྲོས་ལ། སྣང་བ་ཐོབ་པ་དང་དོན་དམ་པའི་ལྟེ་བར། ཟླ་ཚེས་གཉིས་ཀྱི་དབུས་སུ ་ཐིག་ལེ་ཅིག་གསང་བའི་རྩ་སྲུབས་སུ་བསམས་ལ། ཡེ་ཤེས་ཀྱི་སྤྱི་སྟེ་ས་བོན་ལ་ཕོག་པར་སྤྲོའོ། །ལྷག་མ་གཞལ་ཡས་ཁང་གི་ཁྱམས་ལ་ཡོད་པ་མཐེབ་སྲིན་གྱིས་ཐིག་ལེ་ཉིད་དབང་བསྐུར་ཏེ། སློབ་བུ་བཀུག་ལ་སློབ་བུའི་ཐབས་ཀྱི ་གུང་མོ་དང་ཐིག་ལེའི་ཤེས་རབ་ཀྱི་གུང་མོ་ལྟོ་སྦྱར་བ་རིན་པོ་ཆེས་བཅིངས་པའི་མདོ་སློབ་དཔོན་གྱི་མཐེབ་སྲིན་གྱིས་བཟུང་ལ། བདེ་བ་ཆེན་པོ་ཆོས་ཀྱི་སྐུ་ཞེས་བརྗོད་དེ་གཏང་ལ། ཚིག་དེའི་དོན་བཤད་པ་དང། དེ་ཤེས་ནས་སློབ་བུ་ཡིས་སྙིང་ཁར་རྡོ ་རྗེ་དྲིལ་བུ་བཤིགས་ཏེ་བཟུང་ལ། ཨོཾ་མི་འགྱུར་བའི་ཞེས་བདེན་པའི་ཚིག་བརྗོད། དེ་ནས་རྫོགས་པའི་རྫོགས་པ་བཤད་དེ། སྦྱོར་བ་ནི་ཡེ་ཤེས་རང་གནས་ཞེས་བྱ་སྟེ། འདི་ཉམས་སུ་མི་ལེན་པ་ལ་ཡེ་ཤེས་ཀྱི་དབང་ཐོབ་ཅིང་ཡོད་པར་མ་གསུངས་སོ། །དེ་ནས ་རྒྱུད་ལས། དེ་ནས་རིགས་ཀྱི་པུ་མཆོག་དེས། རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག། རབ་ཏུ་གཅེས་དང་ཡིད་འཐར་དབུལ། ཞེས་འབྱུང་བས། དེའི་དོན་དཀྲོལ་ལ་ཡོན་དབུལ་ལོ། །དེ་ལྟ་བུའི་སློབ་བུས་ལས་སུ་བྱ་བའི ་མན་ངག་བསྟན་པ་ནི། སྦྱིར་གཟུགས་ཅན་གྱི་སེམས་ཅན་ཐམས་ཅད་ལ་རང་འབྱུང་གི་འཁོར་ལོ་ཆེན་པོ་དྲུག་རང་ཆས་སུ་གནས་ཏེ། དེའི་བདེ་བ་ཆེན་པོའི་འཁོར་ལོ་ཆོས་ཀྱི་སྐུའི་མཚན་ཉིད་དང་ལྡན་པ་གང་ཞེ་ན། མགོ་བོའི་རྩ་ཉིད་པདྨ་འདབ་མ ་ལྡན་པ་གཡས་ནས་བཅུ་དྲུག་གི་མདོ་གཡས་པའི་ཀའི་འཕར་རྩར་འདུས། དེ་ཐུར་དུ་བཅས་པ། ལ་ལ་ན་སྟེ་རྡོ་རྗེ་དྲིའི་ཆུའི་རྩའོ། །གཡོན་ནས་བཅུ་དྲུག་གི་མདོ་གཡོན་པའི་འཕར་རྩ་ཐུར་དུ་བཅས་པར་ས་ནཱ་སྟེ་རཀྟའི་རྩའོ། །དབུས་ཐིག་ལེ་ཆེན ་པོ་ཆོས་ཉིད་ཀྱི་སྐུ?་ཟླ་བ་རྒྱས་པ་ལྟ་བུ་ལས། ཚངས་པའི་རྩ་སྟོག་པའི་གགས་དང་བཅས་པའི་ཐུར་དུ་བྱུང་པ་ནི། ཨ་བ་དྷུ་ཏི་ཀ་སྟེ། བདེ་བ་ཆེན་པོའི་ལམ་དེ་སངས་རྒྱས་སེམས་ཅན?་ཐམས་ཅད་ཀྱི་གཏེར་ཡིན་པར་གསུངས་སོ། །དེ་མན་བཅད་འཁོར ་ལོ་དང་པོ་ལམ་དང་བཅས་པར་བསྟན་ཏོ། །གཉིས་པ་ལོང་སྤྱོད་རྫོགས་པའི་འཁོར་ལོ་ནི། མགྲིན་པ་ན་ཡོད?། དེའི་པདྨ་ནི་ལྡན་པ་ཕྱོགས་གཅིག་གི་ཆ་སྟེ། བཅུ་དྲུག་གོ། དེ་དག་ལས་སྐྱེས་པ་ནི། རང་བཞིན་གྱི་མཁའ་འགྲོ་མ་རྔམ ་པ་ཞེས་བྱ་སྟེ། ཅི་ཡང་གནས་པ་མེད་པར་ལོངས་སྤྱོད་ཐམས་ཅད་ལ་རོལ་པ་ནི་ལྕེ་སྟེ་ཕྱི་ནང་ཀུན་བརྡ་ཕྲད་པར་བྱེད་པས་ཁྱབ་མ་ཞེས་ཀྱང་གསུངས་སོ། །གསུམ་པ་ཆོས་ཀྱི་འཁོར་ལོ་ནི་སྙིང་ལ་གནས་ཏེ། སྙིང་ཀར་བ་ནི་ཟླ་བ་སྟེ་ཐབས་དམར་བ་ནི་ཉི ་མ་སྟེ་ཤེས་རབ། སྙིང་ལ་གཤིར་ཉིད་འདབ་མ་བརྒྱད་དོ། །དེ་བརྒྱད་ཀྱང་རྩ་བཞིར་འདུས་ཏེ་ཆོས་ཉིད་ཀྱི་རྩ་དང། ཡེ་ཤེས་ཀྱི་རྩ་དང། རང་རྒྱུད་ཀྱི་རྩ་དང། ཡོན་ཏན་གྱི་རྩའོ། །དེ་དག་འདི་བཞིན་ནི་སེར་པོ་དང། མཐིང་ཀ་དང། དམར་པོ་དང། བྱའི་ལྐོག་ཞོལ ་ལྟར་དམར་ནག་གོ་།ས་བོན་ནི་ཡི་གེ་དྲུག་གོ། དེ་ལ་གནས་པ་ནི་འོད་སེར་པོ་ལ་ཀུན་གཞི་སྐད་ཅིག་མ་གནས་སོ། །མཐིང་ཀ་ལ་ནི་ཡིད་གནས་སོ། །དམར་པོ་ལ་ཉོན་མོངས་པའི་ཡིད་གནས་སོ། །དམར་ནག་ལ་གཉིད་གནས་སོ། །རྩ་དེ་རྣམས་ཀྱི་མདོ་ནི་ཡེ་ཤེས་སྙིང་པོའི ་མཁའ་ཞེས་བྱ་སྟེ། བ་ཐག་བརྐྱང་འདྲ་བ་དེ་ནི་ཡུམ་གྱི་མཁའ་སྟེ་ལྷུན་གྱིས་རྫོགས་པའི་ཡེ་ཤེས་སོ། །དེའི་ནང་ན་ཁྲག་གི་དངས་མ་མཚལ་ལྕོག་ལམ་འདྲ་བ་ནི་མི་འགྱུར་བའི་སྐུ་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ལ་དབུགས་ཀྱི་དངས་མ་གསེར ་ས་འོག་ན་ཡོད་པའི་རླངས་བ་ཙམ་ཞིག་ཡོད་པ་དེ་ནི། མ་བསྒྲུབས་པའི་ས་ཏེ། ཡེ་ཤེས་སོ། །དེ་ལ་འོད་ཁ་དོག་སྣ་ཚོགས་ཡོད་པ་ནི་མ་བཙལ་བའི་དོན་ཏེ་ཅི་ཡང་ས་ལེ་མཁྱེན་པའི་ཡེ་ཤེས་སོ། །དེའི་ནང་ན་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་སྤྲོས་པ ་མེད་པའི་ཐིག་ལེ། ཚོགས་བརྒྱད་གང་ཡང་མ་ཡིན་པ་ངོ་བོ་ཉིད་ཀྱི་སྐུ་བཞུགས་པ་ནི། དཔེར་ན་གསེར་གྱི་སྡུ་གུར་རིན་པོ་ཆེའི་སེའུ་བཅུག་པ་འདྲ་བར་ཕྱི་ནང་མེད་པར་གསལ་བ་དེ་ནི། རང་བྱུང་གི་ཡེ་ཤེས་ཀྱང་བྱ། མི་གནས་པའི་ཡེ་ཤེས་ཆེན་པོ ་ཞེས་ཀྱང་བྱ་སྟེ། དེ་ནི་རྫོགས་པའི་རྫོགས་པ་བྱ་བ་བརྩལ་དང་བྲལ་བའོ། །གཏན་ཚིག་དེའི་ཕྱིར་སྙིང་ལ་ཆོས་ཀྱི་འཁོར་ལོ་ཞེས་བྱའོ། །བཞི་པ་སྤྲུལ་པ་སྐྱེ་བའི་འཁོར་ལོ་ནི། སེམས་ཅན་གང་ཡང་རུང་སྟེ། ཡན་ལག་ལྔ་ལ་དུར་ཁྲོད་ལྔ། །མཚན ་མ་དུར་ཁྲོད་གཅིག། ནང་ཁྲོལ་ལ་དུར་ཁྲོད་གཅིག། ལུས་སྙིང་བཅས་པ་ལ་དུར་ཁྲོད་ཅིག། བརྒྱད་པོ་དེ་ཀུན་བསྡུས་པའི་རྩ་དུ་ཞེ་ན། བཅུ་ཕྲག་དྲུག་ཞིག་དང། གྱེན་ཐུར་གྱི་རྩ་ཆེ་བ་བཞི་སྟེ་དྲུག་ཅུ་རྩ་བཞིའོ། །དེ་དག་ལྟེ་བ་ནས་སྤྲོས་ལ་འདུས་ཀྱང་དེར་འདུས་ཏེ། དེ་ལུས་གཟུགས ་ཁམས། ངག་འདོད་ཁམས། སེམས་གཟུགས་མེད་པའི་ཁམས་དང་གསུམ་ལ་ཁྱབ་པས་སྤྲུལ་པ་སྟེ། དེ་དག་གི་མདོ་ནི་ལེན་པ་མེད་པའི་རྩ་ཞེས་བྱ་སྟེ། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་དབུགས་ཀྱང་དེར་རྒྱུའོ། །དེ་བས་ན་ལེན་པ་མེད་པའི་དབུགས་ལ་མི་གཡོ་བའི་མཁའ་? ་འགྲོ་མ་ཞེས་བུད་མེད་ཀྱི་རྒྱུད་ལས་བཤད་དོ། །ལྔ་པ་མེའི་དཀྱིལ་འཁོར་ནི། སྤྲུལ་པ་ནས་མར་ཐབས་ཀྱི་ཕྱག་རྒྱ་གསུམ་དང། གཅིག་པོར་བ་མན་ཆད་དེ། ཡུལ་ཡངས་དོག་གི་ཕྱག་རྒྱ་བཞིའོ། །དེ་ན་རྡོ་རྗེ་དབྱིངས་ཕྱུག་མའི་སྣ་རྩེ་དང་མཉམ་པོར་གནས་པས་སྤོར་མ ་ཞེས་བྱའོ། །གྲུ་གསུམ་ལོགས་གསུམ་སྟེ་དྲུག། དབུས་ཀྱི་ཆ་གཉིས་ཏེ་བརྒྱད། དེ་ནི་སྤོར་མ་བརྒྱད་དོ། །དྲག་པོ་ནི་གྲུ་གསུམ་གྱི་བརྡའོ། །དྲུག་པ་རླུང་གི་འཁོར་ལོ་ནི། ཐབས་ཀྱི་རླུང་བཅུ་བཤད་ན་འདིར་གཉིས་ཤིག་བཟུང་ངོ། །དེ་ལ་སྟོད་ཀྱི་རླུང་ནི་བསྡམ་པའོ། ་སྨད་ཀྱི་རླུང་ནི་གཡོ་བ་སྟེ། དེའི་དབྱིབས་ནི་ཟ་ཧོར་གྱི་གཞུ་འོད་མ་བཀུག་པ་འདྲ་བའོ། །མགོ་བོ་སྦྲུལ་ལྟ་བུ་ལ་སྣ་ལ་བ་དན་སྦྲུལ་ལྕེ་ལྟ་བུ་ཡོད་པའི་ཆར་པའི་དཀྱིལ་གྱི་བུ་ཁ་ན་ཡི་གེ་ཨོཾ་དམར་སྐྱ་རང་བཞིན་གྱིས་ཡོད་པའོ། །རླུང་འདི་ལས་ནི་གོམ ་པ་འདོར་བ་དང། ཕོ་མོའི་ས་བོན་འབྱིན་པ་དང་ཀུན་རྫོབ་ཀྱི་རླུང་དང། བཤད་གཅི་འབྱུང་བའི་ལས་བྱེད་དེ། །གལ་ཏེ་རླུང་འདི་མེད་ན་ལས་དེ་ཀུན་འགོག། ཡུལ་ནི་ཕྱག་རྒྱ་བརྒྱད་དོ། །རྒྱུ་བ་ནི་ལྟེ་བ་ནས་རྐང་མཐིལ་ཡན་ཆད་དུ་རྒྱུའོ། །དེ་ལས་ལས་དང་པོ་པས། ཨོཾ?་གིS ་བསྐྱེད་དེ་སྤར་ནས་འཁོར་དང་དུར་ཁྲོད་ཀུན་མ་ཧཱ་སུ་ཁ་ལ་འཛུད་པའི་དུས་ན། གཏུམ་མོ་ཞེས་བུད་མེད་ཀྱི་རྒྱུད་ལས་བཤད་དོ། །འདི་ནས་མར?་ཡེ་ཤེས་དབབ་ཅིང་དགུག་པའི་ཐབས་མདོ་ཙམ་ཞིག་བསྟན་ཏེ། དོན་དམ་པའི་ས་ཕྱག་རྒྱ་གཅིག་ལ་ཟླ་བ ་ཆོས་པ་གཉིས་གྱེན་ཐུར་དུ་ཁ་སྦྱར་བའི་བར་དུ། ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཉིད་ཆོས་སྐུ་དང་ཐ་མི་དད་པ་ཉུངས་དཀར་ཆེ་ཚད་བསྒོམ་པ་ན་དབབ་པ་གཅིག་གོ། རྐྱང་པ་ཞེས་པ་དོན་དམ་པའི་ཕྱག་རྒྱ་ཕྱེད་ལ་སེམས་སྔོན་ལྟ་བུ་འོད ་ཡང་མི་གནས་བས་བསྒོམ་པ་ནི། ཟླ་བ་དྲུག་གིས་སྣང་བ་འཐོབ་སྟེ། དེ་ལྟར་སྤྲུལ་པའི་འཁོར་ལོ་ལ་ཐབས་གསུམ་མོ། །ཆོས་ཀྱི་འཁོར་ལོ་ལ་མཁའ་འགྲོ་མ་མེད་པའི་པདྨ་ཅན་དང་མཁའ་འགྲོ་མར་ལྡན་པ་དང། རྩ་བརྒྱད་ཀྱི་མདོ་ཡེ་ཤེས་སྙིང་པོའི ་རྩ་ལ། མ་ཧཱ་སུ་ཁ་ཉི་མ་ལྟར་དམིགས་པ་ནི་ཁམས་གསུམ་ཀུན་ཀྱང་དག་པའི་སྣང་བས་འགགས་པ་སྟེ། ཐབས་གསུམ་མོ། །དེ་ཉིད་ལས་ཐིག་ལེ་བསྐུལ་བ་ནི་མྱུར་བའི་ཐབས་ཏེ་བཞིའོ། །དེ་ལ་སོགས་པ་ཡེ་ཤེས་དགུགས་པ་ཐབས་མཛའ་ཡས་པ ་ཀུན་ནི་སྣང་བ་ཐོབ་ཀྱང་དངོས་གྲུབ་ཆེན་པོ་ཤིན་ཏུ་བུལ་བ་སྟེ། ལོག་པའི་ལམ་ལྷུང་བ་ཡང་མང་དོ། །དེ་དག་ནི་རྫོགས་པའི་བསྐྱེད་རིམས་ཏེ་བུད་མེད་ཀྱི་རྒྱུད་ལས་ནི་ཐབས་དམ་པར་བཞག་གོ། ང་ནི་རྫོགས་པའི་རྫོགས་པ་སྟོན་ཏེ། རང་བཞིན་ངོ་བོ་ཉིད ་ཀྱི་ཡུམ་སྟེ། ཡོན་ཏན་གྱི་མཚན་ཉིད་བཅུ་གསུམ་རྫོགས་པས་མཐོང་བ་ཙམ་གྱི་སྣང་བ་ཐོབ་པའི་ཡིད་གཡོ་པ། ཡི་གེ་མེད་པ་ནི། ཨཱ་སྟེ་ཆོས་ཉིད་དུ་རྟོཌ་པ་ནི་ཉིན་མོ་ཡང་མ་ཡིན་མཚན་མོ་ཡང་མ་ཡིན་པའི་ཏི་ངེ་འཛིན་ལྡང་བ་སྟེ། འདི་མ་ཤེས་པར་དངོས ་གྲུབ་ཐོབ་པར་རེ་བ་ནི། ནམ་མཁའ་ཁུ་ཚུར་གྱིས་སོད་པར་རེ་བ་དང་འདྲའོ། །རྡོ་རྗེ་མའི་སྣ་བསྐུལ་བ་ནི། ཧཱུཾ་ཕཊ་ལས་ལྟོས་པ་མ་ཡིན་ཏེ། མཁྱུད་པའི་གར་གསུམ་གྱིས་སྣང་བ་དང་པོ་ཐོབ་ཙམ་ན། འཁོར་ལོ་ལ་བཟློག་པ་ནི་རྣལ་འབྱོར་རྫོགས་པའི ་དང་པོ་པ་སྟེ་ཐ་མའོ། །རྣལ་འབྱོར་པ་ཐབས་དང་ཤེས་རབ་གང་ཡིན་ཡང། སྐུ་སྟག་ཕྲུ་གུ་རྒྱུག་པ་ལྟར་བྱ་སྟེ། བཀུག་ལ་སྟོད་ཀྱི་རླུང་འཕྲོ་འང་གང་གི་དུས་སུ་ཕྱིན་ཀྱང་རུང་སྟེ་བཅུ་དྲུག་གི་འཁོར་ལོ་ལ་ཕྱེད་མར་བཅད་དེ། དེ་ཁོ་ན་ཉིད་གསང་སྒོ ་ཐུབ་ཚད་དུ་བསྡམ། ཡཾ་དམ་བར་བཞག་པ་ནི་རྫོགས་པའི་འབྲིང་གྱི་འབྲིང་ངོ། །དེ་ཉིད་ལས་དབུའི་འཁོར་ལོ་ཕྱེད་ནི་ཅི་ཡང་མ་ཡིན་པས། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀ་དང་འབྲལ་བ་སྟེ། ཡཾ?་གེ་ཡཾ?་བརྩོན་འགྲུས་ཀྱིས་སྡོམ་པ་ནི། གསང་སྒོ ་སྡོམ་པ་སྟེ། །དེས་དགའ་བ་ཐོབ་པ་ནི་ས་དང་པོ་རབ་ཏུ་དགའ་བ་ཐོབ་པ་ཡང་ཡིན་ལ། ས་གསུམ་གྱི་དང་པོ་ཀུན་ཏུ་འོད་ཀྱིས་ཡང་ཡིན་པས། ཐོབ་པར་ནུས་ཞེས་བྱའོ། །དེའི་རྫོགས་པའི་རྫོགས་པ་ནི། ཡི་གེ་དང་ཕྲ་མོ་དང་སྐུ་གང་ལ་ཡང་མི ་རྟོག་པས། ཐབས་ཆེན་པོ་བྱ་བ་རྩལ་དང་བྲལ་ཞེས་བྱའོ། །དེ་པན་ཅད་སངས་རྒྱས་ཀྱི་ཡོན་ཏན་ཀུན་བརྩལ་མི་དགོས་པས་རྫོགས་པ་ཆེན་པོ་ཞེས་སྨོས་སོ། །དེའི་ཕྱིར་རྒྱུ་འབྲས་ཀྱི་ཆོས་ཀུན་རྫོགས་པར་དཀྱུས་ལས་སྨྲས་སོ། །དེ་ནས་མར་གྱི་ཡི་གེ་འབྲུས ་བཀྲོལ་ལོ། །དབང་གི་གལ་པོའི་དོན་འགྲེལ་རྫོགས་སོ།། །།ཁྲི་དང་འབུམ་ལ་གཅིག་འགའ་འབྱུང་པ་ལ། །མན་ངག་རྫོགས་པའི་དབང་བསྐུར་བྱ་ཕྱིར་བཀྲོལ། །གསུམ་ལས་མངས་ན་རྡོ་རྗེ་དམྱལ་བར་བྱེད། །འདས་ན་རྡོ་རྗེ་སེམས་དཔའ་ཉིད་ཀྱང ་འཚིག། གཏེར་དུ་བཅང་ངོ།། །།རྩ་འགྲེལ་གཉིས་ཀ་སངས་རྒྱས་གསང་བས་མཛད་པ་གཉགས་ཛྙཱ་ནའི་འགྱུར་རོ།། །།སྒྱུ་འཕྲུལ་དྲ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྣང་བ་ཞེས་བྱ་བ་བཞུགས་སོ།། །།*། །བཅོམ་ལྡན་འདས་ཡེ་ཤེས ་