CLOSE WINDOW

N3536: sgyu 'phrul dra ba ro sreg las kyi phreng ba
Wyliee-texts based on the ACIP/ALL Input

ཕྱིར་ལེགས་པར་ནན་ཏན་བྱ། །སྒྱུ་འཕྲུལ་སྦྱིན་སྲེག་གི་རིམ་པ་མདོར་བསྡུས་པ། །སློབ་དཔོན་བི་མ་ལ་མི་ཏྲས་མཛད་པོ་རྫོགས་སོ།། །།བཅོམ་ལྡན་འདས་ཐུགས་རྗེའི་འདྲེན་པ་བྱེད་པ་པོ་ལ་ཕྱག་འཚལ་ལོ། ། ་སྒྱུ་འཕྲུལ་ཆེན་པོའི་རྒྱུད་དག་ལས། །རྟོག་པའི་དྲ་བ་སྲེག་པ་དང། །བརྡོས་བྱས་ཐུགས་རྗེས་སྦྱད་བའི་ཕྱིར། །རོ་སྲེག་ལས་ཀྱི་ཕྲེང་བ་ཙམ། །རྟོག་པའི་དྲ་བ་བསལ་ནས་ནི། །སྐུ་ལྔ་ལྷུན་གྱིས་འགྲུབ་པར་ཤོག་།དང་པོ་དེ་ཉིད ་ལུས་བཞག་པ། །བགེགས་བསྐྲད་པ་དང་བཅས་པ་དང། །གདགས་དང་སྦྱང་དང་དབང་བསྐུར་དང། །ཐབ་ཁུང་སྲེག་ཁང་སློབ་དཔོན་དང། །ལས་གཞུང་སྦྱིན་སྲེག་བསྡུ་བས་ཏེ། །ལྔ་གཉིས་ཅིག་གིས་དོན་རྫོགས་འགྱུར། ། ་མདོར་བསྡུས་སྤྱི་ཡི་དོན་དུ་འདོད། །དེ་དག་རྒྱས་པར་བཤད་པ་ནི། །ཅི་ནུས་པ་ཡིས་རྣམ་པར་དབྱེ། །ེ་རོཾ་ཁམས་གསུམ་མ་ལུས་ཀུན། །ཟ་བྱེད་འབར་བའི་དཀྱིལ་འཁོར་གྱིས། །ཁོག་སྲུངས་ལྷན ་ཅིག་སྐྱེས་རྫོགས་ལ། །བདེག་དང་བསྣུན་དང་གཞོམ་པ་དང། །འཕྲོས་ཏེ་རྟེན་ལ་གཉིས་མེད་བྱ། །སྲུང་བའི་འཁོར་ལོའི་ཆོ་ག་ཡིས། །དམ་ཚིག་སེམས་དཔའ་སྲུངས་ཏེ་བཞག་།དེ་ལྟར་གྲངས་དང་ཞག་དུས་སུ། །ཡང་དང་ཡང ་དུ་གནན་ཏེ་བྱ། །ཁྲུས་དང་རྒྱན་དང་བྱུགས་པས་ཏེ། །ཕྱི་དང་ནང་གི་ལྔ་གཉིས་ལ། །བརྒྱ་པ་གཉིས་དང་དག་པ་ནི། །ཆུ་ལ་ལན་གྲངས་མང་བཟླས་ཏེ། །མཆོད་རྟེན་དེ་ལ་བཀྲུ་བར་བྱ། །མི་འཆི་བཅུ་ཕྱེད་སྤོས་མར ་དང། །དྲི་ཡིས་དེ་ལ་ཡང་དག་བྱུག་།ཞུན་ཆེན་ཁུ་བར་བཙོས་པ་ཡི། །རས་ཀྱིས་སྟེང་ནས་ཡང་དག་བཀྲི། །སྤོས་མར་ཐོར་ལྕོག་དེ་ལ་དཀོན། །མགུལ་དོ་རྒྱན་ཡང་གདགས་པར་བྱ། །ཕུང་པོ་ལྔ་ཡི་གནས་དག ་དུ། །རྒྱལ་བ་རིགས་ལྔའི་ཕྱག་རྒྱ་དགོད། །རྩ་རུ་ཡུམ་ལྔའི་ཕྱག་རྒྱ་དགོད། །རྣམ་ཤེས་དབང་པོ་ཡུལ་རྣམས་སུ། །སེམས་དཔའ་སེམས་མ་འཛོམ་པ་དང། །འཇོམ་མ་རིམ་པར་དགོད་དོ་ཞེས། །མཉམ་པའི ་རྒྱུད་ལས་གསུངས་པ་ཡིན། །རྒྱུ་དྲུག་འཁོར་བའི་གནས་རྣམས་སུ། །ཐུབ་དྲུག་ས་བོན་དགོད་པ་ཡིན། །ཀུན་བཟངས་ཡབ་ཡུམ་དེ་བཞིན་ཏེ། །སྡོང་བུ་རེ་ལ་ལྷ་རྣམས་ཀྱི། །མ་ནོར་རྩ་བའི་སྙིང་པོ་དག་།རས ་ཆེན་རྒྱུ་ལས་བྱས་ཏེ་གདགས། །མྱ་ངན་འདས་པར་གསུངས་པ་ཡིན། །རོ་ཡི་ཕྱི་རོལ་ཤུན་པ་ལ། །འགྲོ་དྲུག་ས་བོན་བཀོད་ནས་ནི། །འོད་ཟེར་འཕྲོ་འདུའི་སྦྱོར་བ་ཡིས། །རིམ་གྱིས་སྦྱང་བའི་ལས་སུ་བྱ། །དབུ ་རྒྱན་ཅོད་པན་འཕྲེང་བ་དང། །རྡོ་རྗེ་དྲི་བུ་ལ་སོགས་པ། །དབང་མཆོག་བྱིན་ལ་སྟེགས་ལ་བཞག་།དེ་ནས་མེ་ཐབ་ཙམ་བྱ་བ། །ཁྲུ་བཞི་དོ་ཡི་ཚད་བྱས་ལ། །མཐུར་དུ་བྲུས་ཏེ་དཀྱིལ་འཁོར་དུ། །ཟ་བྱེད་དཀྱིལ་འཁོར་ཕྱག་རྒྱ་དགོད། ། ་རྡོ་རྗེ་མེ་རིས་མཚན་པ་ནི། །ཐབས་ཁུང་ཡིན་པར་གསལ་བར་གསུངས། །ཕྱི་རོལ་ཀ་བ་བཞི་བཙུགས་པ། །འོག་མ་སྒྲེངས་པས་སུམ་བརྩེགས་བྱ། །བར་བ་ཤིང་གི་རྫས་དབུས་སུ། །པད་མ་འདབ་མ་བརྒྱད་པ་ལ། ། ་ཁྲོ་བོ་བརྒྱད་ཀྱི་སྙིང་པོར་ལྡན། །དབུས་སུ་མེ་ཡི་ས་བོན་དགོད། །བཞིན་ཕྱོགས་ཤར་དུ་བསྟན་ཏེ་དགོད། །རོལ་གཟུངས་ཐག་བཏགས་ནས་ནི། །བློ་ཀར་བཞི་ནས་དྲངས་བྱས་ལ། །བླ་མ་བཞིའི་ཕྱག་དུ་གཏད། །སུམ ་རྩེག་ཡང་ཐོག་ཆེན་པོ་དེར། །རས་སམ་གྲོག་ཤིང་ཤུན་ལ། །ཐུགས་རྗེ་དཀྱིལ་འཁོར་བཞི་བཅུ་གཉིས། །ལྡིང་བུར་བྱས་ཏེ་གདགས་པར་བྱ། །དེ་ནས་རྡོ་རྗེ་རྒྱལ་པོ་ཡིས། །རང་བཞིན་མེ་ཡི་འཕྲོ་འདུ་བྱ། །རྡོ་རྗེ ་ཀར་མ་ལས་མཁན་གྱིས། །སྲུང་དང་སྐྲད་པ་ནས་རྩམས་ཏེ། །ལས་ཀྱི་འཕྲེང་བ་རྫོགས་པར་བྱ། །རྡོ་རྗེ་རྒྱལ་པོ་བླ་མ་ཡིས། །མཚམས་མེད་ལྔ་དང་ཉེ་བ་ལྔ། །ལྕི་བ་བཞི་དག་ལ་སོགས་པ། །རོ་ཡི་ཉེས་པ་སྒྲང ་ཞིང་བཤགས། །རྡོ་རྗེ་སྐབས་སྦྱོར་བླ་མ་ངེས། །སྐབས་སྐབས་དག་ཏུ་མཆོད་པ་དབུལ། །བཀྲ་ཤིས་གནས་ཀྱིས་སྨོན་ལམ་བཏབ། །སྐབས་སམ་ཀུན་གྱི་འཇུག་དུ་གདབ། །རྡོ་རྗེ་གྲངས་ཀྱི་ལྟང་འཛིན་པས། །གྲངས ་བཟུང་དཀར་བྱང་བླ་མར་དབུལ། །སྡིག་པའི་གནག་བྱང་བཤགས་ཤིང་སྲེག་།བཟླས་བརྗོད་འཕྲོ་འདུས་རྟོག་ཚོགས་རྣམས། །སྦྱངས་ཏེ་རང་རང་ལྷ་རུ་བརླབ། །ཚོགས་དང་ཡོ་བྱད་མཆོད་པ་ཀུན། །རིམ་པས་མདུན་དུ་སྣང་བྱས ་ལ། །དེ་ལས་རོཾ་སྐྱེད་རོཾ་ལས་མེ། །སྐྱེད་དེ་རང་བཞིན་སྤྱན་དྲངས་བསྟིམ། །ི་ལི་ཨུ་ལི་སྟ་པ་ཏིས། །ཚོགས་ཀྱི་མཆོད་པ་སྐབས་སུ་སྦྱར། །མཆོད་དང་སྟོད་པ་རིམ་པ་བཞིན། །མེ་ཡི་ལྟོ་བར་གཞལ ་ཡས་ཁང། །ལྷ་དང་བཅས་པ་རིམ་པར་སྐྱེད། །གོང་གི་དཀྱིལ་འཁོར་གསལ་བཏབ་ལ། །གཉིས་སུ་མེད་པར་བསྟིམ་བྱས་ལ། །མཆོད་པའི་རིམ་པ་གོང་མ་བཞིན། །སྟོད་པ་ལ་སོགས་དེ་དང་མཚུངས། །མེ་ཡི་ལྟས་དང་བཟང ་དང་ང་ན། །རིམ་པ་བཞིན་དུ་བརྟག་པར་བྱ། །དེ་ནས་རྡོ་རྗེ་བསྡུ་བ་ཡིས། །རིམ་པ་བཞིན་དུ་སྡུས་བྱས་ལ། །དམ་པ་ཡིན་ན་སྐུ་གདུང་རྟག་།ལྷག་མ་བསྡུས་ལ ་མཆོད་རྟེན་ནམ། །སྐུ་འམ་གཙུག་ལག་ཞལ་ཞལ་ལམ། །ཐང་ཀའི་རི་མོ་བྱ་བ་འམ། །ས་དང་བསྲེས་ལ་རི་ལུ་བྱ། །སྦྱིན་སྲེག་བྱ་བས་མཁས་པས་བཤད། །དེ་ནས་བསྡུ་དང་ཕྱག་པ་དང། །གཤེགས་སུ་གསོལ་བ་རིམ་བཞིན ་བྱ། །ཚོན་རྩི་བསྡུས་ཏེ་རོལ་མོ་ཡིས། །རྒྱ་མཚོ་ཆེན་པོར་སྐྱལ་ཏེ་གཏང། །འཁོར་བའི་སེམས་ཅན་འོག་རྟོག་འཁྲུལ་བས་ཤིན་ཏུ་ཉོན་མོངས་བཅས་པ་དེས། །དྲལ་ཅིང་སྲེག་དང་བརྡོས་བཅས་སྦྱང་ཕྱིར་དྲི་མེད་ཡེ་ཤེས་གཉེན ་གདུང་བ་དག་གིས་ཀྱང། །སྒྱུ་འཕྲུལ་རྟོགས་དཀའ་རྔམ་པ་རྒྱ་མཚོའི་མཛའ་ཡས་རྒྱུད་ཆེན་ལས་བསྡུས་པའི། །ངལ་བའི་དགེ་རྩས་འགྲོ་དྲུག་རྒྱ་མཚོའི་སེམས་ཅན་བསྔོས་བཅས་འདི་ཀུན་ཟག་མེད་ཤོག་།སྒྱུ་འཕྲུལ་དྲ་བར་རོ་སྲེག ་ལས་ཀྱི་ཕྲེང་བ་རྫོགས་སོ།། །།སློབ་དཔོན་བི་མ་ལ་མི་ཏྲས་མཛད་པའོ། །བཅོམ་ལྡན་འདས་ཡེ་ཤེས་རང་གནས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་ལ་ཕྱག་བཙལ་ནས། །རྣལ་འབྱོར་རང ་