CLOSE WINDOW

N3531: sgyu 'phrul dra ba'i man ngag gi rim pa gsum pa
Wyliee-texts based on the ACIP/ALL Input

གཞི་ཡི་ངོ་བོ་མཚན་ཉིད་དང། །ངེས་ཚིག་དཔེ་ཡི་རྣམ་པ་དང། །སྣང་ཚུལ་གཉེར་གྱིས་རྟོགས་པར་བྱ། །ངོ་བོ་ཐམས་ཅད་སེམས་ཉིད་དེ། །གསེར་གྱི་དཔེ་བཞིན་གཉིས་སུ་མེད། །མཚན་ཉིད་མཛའ་རྣམས་ཀུན་བྲལ་བས། །ཅི ་ཡང་བཟུང་དུ་མེད་པའོ། །ཐ་སྙད་གཉིས་ཀྱི་ཆོས་རྣམས་ཀུན། །མ་ལུས་འབྱུང་ཕྱིར་གཞི་ཞེས་བྱ། །ནམ་མཁའ་རྒྱ་མཚོ་རིན་ཆེན་སོགས། །ཉེ་བའི་དཔེ་ཡིས་མཚོན་པའོ། །རྒྱུ་རྐྱེན་བྲལ་བའི་སྐད་ཅིག་མ། །རང་སྣང་ཉིད་དུ་བྱུང་བའོ། །ལུང ་དང་མན་ངག་གཉེར་དག་གིས། །བློ་གཏིང་ཡིད་ཆེས་གྱུར་པར་བྱ། །བརྟགས་གཞི་གཉིས་སུ་བསྟན་པའི་ཆོས། །འཁོར་དང་མྱ་ངན་འདས་པར་གསུངས། །འཁོར་བའི་རྒྱུ་རྐྱེན་ངོ་བོ་དང། །དཔེ་དང་མཚན་ཉིད་བྱེད་པོ་དང། །འཁོར ་ཚུལ་ཉེས་པའི་དུས་རྣམས་སུ། །ངེས་པར་བསྟན་ཕྱིར་མགོན་པོས་བཤད། །འཁོར་བའི་འབྱུང་རྒྱུ་རྣམ་པ་བཞི། །རྒྱུད་མཚུངས་ལྷན་ཅིག་ཉེར་ལེན་པ། །བདེར་གཤེགས་སྙིང་པོ་མ་རིག་དང། །རྣམ་སྨིན་བག་ཆགས་ཉོན་མོངས་པའོ། ། ་རྐྱེན་གཉིས་བསྟན་པའི་ལས་གསུམ་དུ། །ཀུན་བརྟགས་མ་རིག་ཉོན་མོངས་ལྔ། །ངོ་བོ་སྣོད་བཅུད་འཇིག་རྟེན་གྱི། །སྣང་དང་ཞེན་པའི་ཆོས་རྣམས་སོ། །ཟོ་ཆ་ཙྭ་སོགས་མེ་དཔེ་བཞིན། །ཀུན་ཏུ་འཁོར་ཞིང་མཆེད་པའོ། ། ་འཇིག་དང་ཆགས་དང་སྟོངས་དང་གནས། །རྐྱེ་རྒ་ན་འཆི་བཞི་ལྡན་པས། །མཚན་ཉིད་ཐེར་ཟུག་མ་ཡིན་པའོ། །རྒྱུན་དང་བཅས་པའི་སྐད་ཅིག་མ། །ལས་ཀྱི་བྱེད་པར་བརྗོད་པའོ། །རྟེན་འབྲེལ་བཅུ་གཉིས་ཚུལ་དག་ཏུ། ། ་ཕྱི་ནང་གཉིས་ཀར་འཁོར་བའོ། །འཕགས་ལམ་བྲལ་ནས་སྡུག་བསྔལ་མྱོང། །ཉེས་པ་རྣམ་པ་གཉིས་སུ་གསུངས། །ཐོག་མ་ཐ་མ་མེད་དུས་ནས། །ཡང་དག་དོན་མ་རྟོགས་པས་ཉམས། །མྱ་ངན་འདས་པའི་མཚན་ཉིད་དང།། ་ངེས་ཚིག་རྣམ་གྲངས་གང་ལ་སྣང། །མཚོན་པ་མ་གྲུབ་ཚུལ་དོན་བསྟན། །ངོ་བོ་མེད་བཞིན་ཀུན་སྣང་བས། །ཅིག་དང་དུ་མ་ལས་གྲོལ་ཏེ། །མཚན་བརྗོད་མཛའ་རྣམས་ཀུན་བྲལ་བའོ། །སྐྱེ་འཇིག་ཆོས་རྣམས་བྲལ་བའོ། ། ་སྐྱེ་འཇིག་ཆོས་རྣམས་བྲལ་འགྱུར་བས། །མྱ་ངན་འདས་པར་དེ་བརྗོད་དོ། །རྣམ་གྲངས་གཉིས་སུ་བརྗོད་པ་སྟེ། །ཐེག་པ་མཐོ་དམན་བྱེ་བྲག་གིས། །ཕྱོགས་གཅིག་པ་དང་མི་གནས་པའི། །མྱ་ངན ་འདས་པར་དེ་བསྟན་པའོ། །མྱ་ངན་འདས་པའི་ངོ་བོ་ཉིད། །དེ་བཞིན་གཤེགས་པ་སྣང་བ་དང། །དེ་ཡི་སྤྲུལ་བ་རྒྱ་ཆེན་ཉིད། །གདུལ་བྱ་འཁྲུལ་ལ་སྣང་བའོ། །ཆུ་བོ་རྒལ་བའི་གྲུ་བཞིན་དུ། །འཁོར་བའི་ཆུ་ངོ་རྣམ ་པར་རྒལ། །བརྩོན་ར་ཐར་པ་ཇི་བཞིན་དུ། །འཆིང་བའི་མདུད་པ་ལས་གྲོལ་བའོ། །གཞི་པོ་སེམས་ཉིད་མ་གྲུབ་པས། །སྤྲུལ་སྣང་ཆོས་ཀུན་མ་ངེས་ཏེ། །ཅིར་ཡང་བརྗོད་དུ་མེད་པའོ། །དབུ་མ་རྣམ་པ་གཉིས ་ཡིན་ཏེ། །གྲོལ་ལམ་ཐབས་སུ་རྣམ་པར་བསྟན། །དབུ་མའི་དང་པོ་ངོ་བོ་དང། །རྐྱེན་དང་རྣམ་གྲངས་མཚོན་དཔེ་དང། །བསླབ་ཚུལ་རིམ་པ་བསྟན་པ་དང། །གོང་འོག་དགོས་པ་མཐར་ཕྱིན་སྤྱོད། །ངོ་བོ་ཤེས་རབ་རྣམ ་གསུམ་གྱིས། །སེམས་བཞི་སྐྱེས་པར་བསྟན་པ་ཡིན། །ཚིག་དང་ཡི་གེ་རྐྱེན་ཉིད་ལས། །བརྟེན་དང་རྟོག་པར་བྱེད་པ་ཡིན། །མཚན་མར་བསྒོམ་པའི་རིམ་པ་ཡང། །དེ་བཞིན་ཉིད་དུ་བསྒོམ་པ་ཡི། །བྱེ་བྲག ་རྣམ་པ་གཉིས་སུ་གསུངས། །ཁྲོན་པ་སྒྲོན་མའི་དཔེ་བཞིན་དུ། །གྲོལ་ལམ་སྒོ་ནས་རྟོགས་སྒོམ་བྱ། །ཐུན་མོང་ལམ་ལྔར་བསླབ་པ་དང། །ཁྱད་ལ་སོ་སོའི་ལམ་བཞིན་བསླང། །སྔོན་དུ་གོམས་པར་གང་བྱས་པ། ། ་གོང་མ་གསལ་བར་འགྱད་ཕྱིར་རོ། །ཐུན་མོང་ཁྱད་པར་གནས་སྐབས་ལམ། །ཏིང་འཛིན་དྲོད་ཚད་ཉམས་ལྡན་ན། །ལམ་མཐར་ཕྱིན་པ་ཞེས་སུ་བཤད། །ཏིང་འཛིན་ཁྱད་པར་གྱུར་པའི་ཕྱིར། །རྗེས་མཐུན་སྤྱོད་པའི ་གཞུང་བཞིན་སྤྱད། །དབུ་མ་གཉིས་པ་བསྟན་པ་ནི། །རྣམ་གྲངས་གདམ་ངག་ཐབས་ཉིད་དེ། །རྟོགས་ཚུལ་རྒྱུ་རྐྱེན་ལྡན་པ་ཡིས། །ཤུགས་ཀྱི་སྣང་ཚུལ་གསེར་འགྱུར་བཞིན། །གདམ་ངག་སྟེང་དང་འོག་གི་སྒོ། །ཐིག་ལེ་རྐྱང་པར་བཅས་པ ་ཉིད། །ཐབས་རྣམས་སྔོན་དུ་གོམས་བྱས་པ། །དེ་བཞིན་ཉིད་དུ་འགྱུར་བྱེད་པ། །ཏིང་འཛིན་ཁྱད་པར་དབང་གི་རྒྱུ། །ཐབས་ཀྱི་རྒྱུ་རྐྱེན་ངོ་བོ་དང། །ངེས་ཚིག་བསྐུར་པའི་རིམ་པ་དང། །མཚོན་དཔེ་དགོས་པ་བསྟན་པའོ། ། ་ཁྱད་པར་རྒྱུ་རྐྱེན་ལྔར་བཤད་དེ། །བླ་མའི་དགོངས་དང་བླུང་གི་དུས། །སྦྱོར་བའི་ཐབས་དང་བསོད་ནམས་ལས། །ཕྱག་རྒྱ་ཡོན་ཏན་ལྡན་གྱུར་པས། །དངོས་པོ་ལྷན་ཅིག་སྐྱེས་པས་མྱོང། །དེ་ཕྱིར་ཐབས་སུ་བསྟན་པ་ཡིན། ། ་ངོ་བོ་ནུས་ཕན་གསང་བའི་ཆོས། །ཤེས་རབ་ཡེ་ཤེས་བདེ་ཆེན་པོ། །འཆིང་བའི་ལས་རྣམས་སྤྱད་པ་ཡིས། །འགྲོ་བར་འགྱུར་ཕྱིར་རོ་མིང་དུ་བརྗོད། །དད་དང་བརྩོན་འགྲུས་གསུམ་དང་ལྡན། །བརྟུལ་ཤུགས་གསུམ་ལ་སྤྱོད་པས ་གོ་རིམ་ཚུལ་དུ་འཚམ་པར་སྦྱིན། །རྒྱལ་པོའི་ཕྲུ་གུ་དུག་འགྱུར་བཞིན། །དབང་ཐབས་རྣམ་གཉིས་ཉམས་ལེན་བྱ། །རིམ་པ་དབང་གིས་བསྒྲོང་ཕྱིར་དང། །ཐུན་མོང་ལམ་གྱི་ཁྱད་པར་གྱིས། །སྒོ་འབྱེད་ཐོབ་ཕྱིར་བསྟན་པ་ཡིན ་ཐ་མའི་དོན་ལ་ངོ་བོ་དང། །མཚན་ཉིད་ཡོན་ཏན་བསྟན་པ་དང། །མཛད་སྤྱོད་ཐུགས་རྗེའི་སྣང་ཚུལ་དང། །གདུལ་བྱ་གཟིགས་ཚུལ་དོན་རྣམས་ཀྱིས། །འབྲས་བུ་དོན་བཞིན་རྟོགས་པར་བྱ། །དང་པོ་སྐུ་གསུང་ཐུགས་རྣམས ་དང། །ཡོན་ཏན་འཕྲིན་ལས་ལྔར་བསྡུས་པའོ། །མཚན་ཉིད་བཞི་དང་ལྡན་པའི་ཕྱིར། །མ་ལུས་ཅིག་མིན་ཐ་དད་མིན། །འབྲས་བུ་ཡོན་ཏན་ལྷུན་གྲུབ་པས། །ཡིད་བཞིན་ནོར་ལྟར་སྣང་བའོ། །འཕྲིན་ལས་རྣམ་བཞི ་མཛད་སྤྱོད་ཀྱིས། །བྱ་བ་མེད་པར་དོན་རྣམས་རྫོགས། །ཐུགས་རྗེ་ཆེན་པོའི་གདུལ་བྱ་ལ། །རྟག་རྒྱུན་རང་བཞིན་ཤུགས་གསོལ་དང། །ཡུལ་དང་ཕྲད་པས་འབྱུང་བར་སྣང། །ཉིད་ལས་མི ་ཞན་དོན་རྣམས་ཀྱིས། །མེ་ལོར་ཚུལ་དུ་གཟིགས་པར་འགྱུར། །བཞི་ལམ་འབྲས་ཤེས་བྱ་བ་རྣམས། །བླ་མ་མཁས་ཉམས་ལྡན་པ་ལ། །དྲི་བ་དྲུག་གི་ཚུལ་ཉིད་ལས། །རྣམ་གསུམ་ཚུལ་གྱིས་ཞུ་བར་བྱ། ། ་བླ་མ་མཁས་ལྡན་དེ་ཉིད་ཀྱིས། །བུ་རྣམས་མི་ཤེས་མདུད་དགྲོལ་ཕྱིར། །རྣམ་གསུམ་ལན་གདབ་གཞུང་ཉིད་ལ། །འགོ་གཅིག་རྣམ་དབྱེའི་དྲི་ཚུལ་གྱིས། །ལན་གདབ་ཡིད་ཆེས་གྱུར་པར་བྱ། །གལ་ཏེ་གཞུང་ལས ་བརྩོད་འགྱུར་ན། །དམ་བཅས་སྒྲུབ་སྟེ་དོན་ཉིད་ནི། །དཔེ་དོན་གཏན་ཚིགས་གསུམ་ལྡན་པས། །ཤེས་བྱ་དེ་ཉིད་མཐར་ཕྱིན་བྱ། །རྡོ་རྗེ་སེམས་དཔའ་ཨི་དགོངས་བརྒྱུད་པ། །སྒྱུ་འཕྲུལ་དྲ་བའི་དོན་ཉིད་ལས། །རིམ ་གསུམ་དོན་ཉིད་བསྡུས་པ་ཡིས། །མ་ལུས་མངོན་པར་སངས་རྒྱས་ཤོག་།དེ་ལྟའི་དགེ་རྩ་ཅི་མཆིས་པ། །བདག་གི་རྒྱུད་ལ་ཡོངས་སྨིན་ཏེ། །བླ་མེད་བྱང་ཆུབ་ཐོབ་འགྱུར་ནས། །མཛའ་ཡས་སེམས་ཅན་འདྲེན་པར ་ཤོག་།བདག་བློ་མུན་པར་འཕགས་པ་ཡི། །དགོངས་པ་ཉི་མ་ཤར་བ་ཡི། །ཉམས་དང་ལུང་ལ་བརྟེན་པ་ཡི། །བརྩམས་ནོངས་འཕགས་ལ་བཟོད་པར་གསོལ། །སྒྱུ་འཕྲུལ་དྲ་བའི་མན་ངག་རིམ་པ་གསུམ ་པ་རྫོགས་སོ།། །།བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དད་པའི་ལྷ་ལ་ཕྱག་འཚལ་ནས། །ཐམས་ཅད་མཁྱེན་ཉིད་མངོན་དད་པའི། །རྣལ་འབྱོར་ཆེན ་