| Wylie | e-texts based on the ACIP/ALL Input |
རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བའི་ཤེས་པའི་མཚན་ཉིད་བཤད་པ།། །།ཤེས་རབ་སྤྱན་འབྱེད་ཅེས་བྱ་བ། བི་མ་ལས་མཛད་པ་རྫོགས་སོ།། །།ལྟ་བ་དང་ཐེག་པ་ལ་སོགས་པའི་ཁྱད་པར་བསྡུས ་པའི་བསྒྱུས?་བྱར། །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུ་དང། །རྡོ་རྗེ་ཆོས་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་ན། སེམས་ཅན་ཕྱིན་ཅི་ལོག་གི་ལྟ་བ་གྲངས་མེད་པའི་མདོ་རྣམ་པ་བཞིར་འདུས་ཏེ། །ཕྱལ་བ་དང། རྒྱང་ཕན་དང། མུར་ཐུག ་པ་དང། མུ་སྟེགས་པའོ། །དེ་ལ་ཕྱལ་བ་ནི་ཆོས་ཐམས་ཅད་ལ་རྒྱུ་དང་འབྲས་བུ་ཡོད་མེད་དུ་མ་གཏོགས་ཏེ། ཀུན་ཏུ་རྨོངས་པའོ། །རྒྱང་ཕན་པ་ཚེ་སྔ་ཕྱི་ཡོད་མེད་དུ་མ་གཏོགས་ཤིང། །ཚེ་གཅིག་ལ་བཙན་ཕྱུག་དང། མཐུ་སྟོབས་བསྒྲུབ་པ་སྟེ། འཇིག་རྟེན་གྱི ་གསང་ཚིག་ལ་བརྟེན་པའོ། །མུར་ཐུག་པ་ནི་ཆོས་ཐམས་ཅད་ནི་རྒྱུ་དང་འབྲས་བུ་མེད་པ་སྟེ། ཚེ་གཅིག་ལ་སྐྱེས་པའི་ཆོས་ཐམས་ཅད་ཀྱང་གློ་བུར་དུ་སྐྱེས་ལ། མཛའ་ཆད་པར་ལྟའོ། །མུ་སྟེགས་པ་ནི། ཆོས་ཐམས་ཅད་ལ་ཀུན་ཏུ་བཏགས་པའི་བདག་རྟག་པ་ཞིག་ཡོད་པར ་ལྟ་བ་སྟེ། དེ་ཡང་རྒྱུ་མེད་པ་ལ་འབྲས་བུ་ཡོད་པར་བལྟ་བ་དང། རྒྱུ་འབྲས་ལོག་པར་ལྟ་བ་དང། རྒྱུ་ཡོད་པ་ལ་འབྲས་བུ་མེད་པར་ལྟ་བའོ། །འདི་དག་ནི་མ་རིག་པའི་ལྟ་བའོ། །འཇིག་རྟེན་ལས་འདས་པའི་ལམ་ལ་ཡང་རྣམ་པ་གཉིས་ཏེ། མཚན་ཉིད་ཀྱི་ཐེག་པ་དང། རྡོ་རྗེའི ་ཐེག་པའོ། །མཚན་ཉིད་ཀྱི་ཐེག་པ་ལ་ཡང་རྣམ་པ་གསུམ་སྟེ། ཉན་ཐོས་ཀྱི་ཐེག་པ་དང། རང་སངས་རྒྱས་ཀྱི་ཐེག་པ་དང། བྱང་ཆུབ་སེམས་དཔའ་ཨི་ཐེག་པའོ། དེ་ལ་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པའི་ལྟ་བ་རྣམས་ནི། །ཆོས་ཐམས་ཅད་ལ་མུ་སྟེགས་ལ་སོགས ་པ་ཡིས་སྒྲོ་དང་བཀུར་བར་བཏང་བའི་ཡེ་མེད་པར་བལྟ་བ་དང། རྟག་པ་ལ་སོགས་པ་ཡོད་པར་ལྟ་བ་ནི། ཐག་པ་ལ་སྦྲུལ་དུ་མཐོང་བ་མེད། ཕུང་པོ་དང། སྐྱེ་མཆེད་དང། ཁམས་ལ་སོགས་པ་འབྱུང་བ་ཆེན་པོ་བཞིའི། རྡུལ་ཕྲ་རབ་དང། རྣམ་པར་ཤེས་པ ་ནི་དོན་དམ་པར་ཡོད་པར་ལྟ་བ་དང། འཕགས་པའི་བདེན་པ་བཞི་སྒོམས་པའི་རིམས་ཀྱིས། །འབྲས་བུ་རྣམ་པ་བཞི་གྲུབ་པ་ཡིན་ནོ། །རང་སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། ཆོས་ཐམས་ཅད་ལ་མུ་སྟེགས་ལ་སོགས་པས། སྒྲོ་དང ་བཀུར་བར་ཀུན་ཏུ་རྟགས་པའི་བདག་རྟག་པ་ལ་སོགས་པ་མེད་པར་ལྟ་བ་ནི་ཉན་ཐོས་དང་མཐུན། དེ་ལ་ཁྱད་པར་དུ་གཟུགས་ཀྱི་ཕུང་པོ་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ལ་བདག་མེད་པར་རྟོགས་ཤིང། རང་སངས་རྒྱས་ཀྱི་འབྲས་བུ་ཐོབ་པའི་དུས་ན་ཡང ་ཉན་ཐོས་ལྟར་དགེ་བའི་བཤེས་གཉེན་ལ་མི་ལྟོས་པར། སྔོན་གོམས་པའི་ཤུགས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ཀྱི་སྒོ་ནས། ཆོས་ཉིད་ཟབ་མོ་རྟོགས་ནས། རང་སངས་རྒྱས་ཀྱི་འབྲས་བུ་འགྲུབ་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཨི་ཐེག་པ་ལ། ཞུགས་པ་རྣམས ་ཀྱི་ལྟ་བ་ནི། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱད་བའི་ཆོས་ཐམས་ཅད་དོན་དམ་པར་ནི་རང་བཞིན་མེད་པ་ཡིན་ལ། ཀུན་རྫོབ་ཏུ་ནི་སྒྱུ་མ་ཙམ་དུ་མཚན་ཉིད་མ་འདྲེས་པར་ཡོད། ཕ་རོལ་ཏུ་ཕྱིན་པ་བཅུ་སྤྱད་པའི་འབྲས་བུ་ས་བཅུའི་མས་ཀྱིས་བགྲོད་པའི་མཛའ་། བླ་ན་མེད ་པའི་བྱང་ཆུབ་ཏུ་འགྲུབ་པར་འདོད་པ་ཡིན་ནོ།། །།རྡོ་རྗེ་ཐེག་པ་ལ་ཡང་གསུམ་སྟེ། བྱ་བ་རྒྱུད་ཀྱི་ཐེག་པ་དང། གཉིས་ཀ་རྒྱུད་ཀྱི་ཐེག་པ་དང། རྣལ་འབྱོར་རྒྱུད་ཀྱི་ཐེག་པའོ། །དེ་ལ་བྱ་བ་རྒྱུད་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། དོན་དམ་པར ་སྐྱེ་འགག་མེད་པ་ལས། །ཀུན་རྫོབ་ཏུ་ལྷའི་གཟུགས་ཀྱི་སྐུར་བསྒོམ་ཞིང་སྐུའི་གཟུགས་བརྙན་དང། ཐུགས་མཚན་དང། བཟླས་བརྗོད་དང། གཙང་སྦྲ་དང། དུས་ཚིགས་དང། གཟའ་དང་རྒྱུ་སྐར་ལ་སོགས་པ། གཙོར་ཡོ་བྱད་དང་རྒྱུ་རྐྱེན་འཚོགས་པའི་མཐུས ་འགྲུབ་པའོ། །གཉིས་ཀ་རྒྱུད་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། དོན་དམ་པར་སྐྱེ་འགག་མེད་པ་ལས། ཀུན་རྫོབ་ཏུ་ལྷའི་སྐུ་ཉིད་རྣམ་པ་བཞི་དང་ལྡན་པར་བསྒོམས་པའི་ཏིང་ངེ་ཛིན་དང། ཡོ་བྱད་དང་རྒྱུ་རྐྱེན་ལ་སོགས་པ་གཉིས་ཀ་ལ་ཡང་བརྟེན་ནས ་??་པའོ། །རྣལ་འབྱོར་རྒྱུད་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། རྣམ་པ་གཉིས་ཏེ། རྣལ་འབྱོར་ཕྱི་བ་ཐུབ་པ་རྒྱུད་ཀྱི་ཐེག་པ་དང། རྣལ་འབྱོར་ནད་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པའོ། །དེ་ལ་རྣལ་འབྱོར་ཕྱི་ལ་ཐུབ་པ་རྒྱུད་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི ་ལྟ་བ་ནི། ཕྱིའི་ཡོ་བྱད་ལ་གཙོ་བོར་མི་འཛིན་པར། །དོན་དམ་པར་སྐྱེ་འགག་མེད་པའི་ལྷ་དང་ལྷ་མོ་དང། དེ་དང་འདྲ་བའི་རྒྱུད་ཡོངས་སུ་དག་པའི་ཏིང་ངེ་འཛིན་གྱིས། འཕགས་པའི་གཟུགས་ཀྱི་སྐུ་ཕྱག་རྒྱ་བཞི་དང་ལྡན་པར་བསྒོམ་པའི་རྣལ་འབྱོར་པའི་གཙོར ་བྱས་པས་འགྲུབ་པོ། །རྣལ་འབྱོར་ནད་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། རྣམ་པ་གསུམ་སྟེ། བསྐྱེད་པའི་ཚུལ་དང། རྫོགས་པའི་ཚུལ་དང། རྫོགས་པ་ཆེན་པོའི་ཚུལ་ལོ། །དེ་ལ་བསྐྱེད་པའི་ཚུལ་ནི། །ཏིང་ངེ་འཛིན་རྣམ་པ ་གསུམ་རིམས་བཞིན་དུ་བསྐྱེད་ཅིང། དཀྱིལ་འཁོར་རིམ་བཞིན་བཀོད་ནས། བསྒོམས་པས་འགྲུབ་བོ། །རྫོགས་པའི་ཚུལ་ནི། དོན་དམ་པར་སྐྱེ་འགག་མེད་པའི་ལྷ་དང་ལྷ་མོའི་རྣམ་པར་མི་རྟོག་།དབུ་མ་ཆོས་ཀྱི་དབྱིངས་ལས་ཀྱང་མ་གཡོས་ལ། ཀུན་རྫོབ ་ཏུ་གཟུགས་ཀྱི་སྐུ་ཡང་གསལ་བར་བསྒོམ་ཞིང། མཉམ་ལ་མ་འདྲེས་པར་བསྒོམས་པས་འགྲུབ་པོ། །རྫོགས་པ་ཆེན་པོའི་ཚུལ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དབྱེར་མེད་པར་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི ་རང་བཞིན་ཡེ་ནས་ཡིན་པར་རྟོགས་ནས་བསྒོམ་པ་སྟེ། །དེ་ཡང་རྒྱུད་ལས་རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའ་ཨི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱད ་དང་མཱ་མ་ཀཱི་།མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་རྣམ་པར་དག་།ཅེས་འབྱུང་སྟེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡེ་ནས་མ་སྐྱེས་ལ། བྱ་བྱེད་ནུས་པའི་སྒྱུ་མ ་བདེ་བར་གཤེགས་པ་ཡབ་ཡུམ་བཅུ་ལ་སོགས་པའི་རང་བཞིན་ཡེ་ནས་ཡིན་པའི་ཕྱིར། ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པ་སྟེ། ཆེན་པོ་ལྔ་ནི་ཡུམ་ལྔའི་རང་བཞིན་ཡིན། །ཕུང་པོ་ལྔ་ནི་རིགས་ལྔའི་སངས་རྒྱས་ལ། རྣམ ་པར་ཤེས་པ་བཞི་ནི་བྱང་ཆུབ་སེམས་དཔའ་བཞིའི་རང་བཞིན། ཡུལ་བཞི་ནི་མཛེས་པ་ལྷ་མོ་བཞིའི་རང་བཞིན། དབང་པོ་བཞི་ནི་བྱང་ཆུབ་སེམས་དཔའ་བཞིའི་རང་བཞིན། །དུས་བཞི་ནི་མཆོད་པའི་ལྷ་མོ་བཞིའི་རང་བཞིན། ལུས་ཀྱི་དབང་པོ ་དང། རྣམ་པར་ཤེས་པ་དང། ཡུལ་དང། དེ་ལས་འབྱུང་བའི་བྱང་ཆུབ་སེམས་དཔའ་ནི་ཁྲོ་བོ་བཞིའི་རང་བཞིན། ཡིད་ཀྱི་རྣམ་པར་ཤེས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་ཀུན་ཏུ་བཟང་པོའི་རང་བཞིན། ཡུལ་ཆོས་འདུས་བྱས་དང། འདུས་མ་བྱས་ནི་ཀུན་ཏུ་བཟང ་མོའི་རང་བཞིན་ཏེ། དེ་དག་ཀྱང་ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་རང་བཞིན་ཡིན་གྱི། དེ་ལམ་གྱིས་བསྒྲུབ་པ་ནི་མ་ཡིན་ནོ། །དེ་ལྟར་ཕྱོགས་བཅུ་དང་དུས་གསུམ་དང། ཁམས་གསུམ་ལ་སོགས་པ། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས ་ཐམས་ཅད་རང་གི་སེམས་ལས་གུད་ན་མེད་ན། ཇི་སྐད་དུ། རང་གི་སེམས་སོ་སོར་རྟོགས་པ་ནི། སངས་རྒྱས་བྱང་ཆུབ་དེ་ཉིད་དོ། །འཇིག་རྟེན་གསུམ་པོ་དེ་ཉིད་དེ། །འབྱུང་བ་ཆེ་རྣམས་དེ་ཉིད་དོ། །ཞེས་འབྱུང་ངོ། །ཇི་སྐད་དུ། ཆོས་ཐམས་ཅད་ནི་སེམས ་ལ་གནས་སོ། །སེམས་ནི་ནམ་མཁའ་ལ་གནས་སོ། །ནམ་མཁའ་ནི་ཅི་ཡང་མི་གནས་སོ། །ཞེས་འབྱུང་བ་དང། ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པའོ། །ཆོས་ཐམས་ཅད་ནི་གཟོད་མ་ནས་རྣམ་པར་དག་པའོ། །ཆོས་ཐམས་ཅད་ནི་ཡོངས་ཀྱིས་འོད ་གསལ་བའོ། །ཆོས་ཐམས་ཅད་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པའོ། །ཆོས་ཐམས་ཅད་ནི་ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་པའོ་ཞེས་གསུངས་སོ།། །།འདི་རྫོགས་པ་ཆེན་པོའི་ཚུལ་ལོ། །རྫོགས་པ་ཆེན ་པོའི་ཚུལ་ནི། རྟོགས་པ་རྣམས་བཞི་ལམ་གྱིས་ཡིད་ཆེས་པ་སྟེ། དེ་ལ་རྫོགས་པ་ཆེན་པོ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པས། འབྲས་བུ་ཆོས་ལྷུན་གྱིས་གྲུབ་པའི་དོན་ནོ། །ཚུལ་ནི་དོན་ལ་འཇུག་པའོ། །རྟོགས་པ་རྣམ་བཞི་ནི། ་རྒྱུ་གཅིག་པར་རྟོགས་པ་དང། ཡིག་འབྲུའི་ཚུལ་གྱིས་རྟོགས་པ་དང། བྱིན་གྱིས་བརླབས་པར་རྟོགས་པ་དང། མངོན་སུམ་པར་རྟོགས་པའོ། །དེ་ལ་རྒྱུ་གཅིག་པར་རྟོགས་པ་ནི། །ཆོས་ཐམས་ཅད་དོན་དམ་པར་མ་སྐྱེས་པས། སོ་སོ་མ ་ཡིན་པ་དང། ཀུན་རྫོབ་སྒྱུ་མའི་མཚན་ཉིད་ཀྱིས་སོ་སོ་མ་ཡིན་པ་དང། མ་སྐྱེས་པ་ཉིད་ཆུ་བཟླ་ལྟར་སྒྱུ་མ་སྣ་ཚོགས་སུ་སྣང་ཞིང་བྱ་བ་བྱེད་ནུས་པ་དང། སྒྱུ་མ་ཉིད་ངོ་བོ་མེད་དོ། །མ་སྐྱེས་པས་ཀུན་རྫོབ་དང། །དོན་དམ་པར ་དབྱེར་མེད་པས་རྒྱུ་གཅིག་པར་རྟོགས་པའོ། །ཡིག་འབྲུའི་ཚུལ་གྱིས་རྟོགས་བ་ནི། །ཆོས་ཐམས་ཅད་མ་སྐྱེས་པ་ནི་ཨ་སྟེ་གསུང་གི་རང་བཞིན་ལ། མ་སྐྱེས་པ་ཉིད་སྒྱུ་མར་སྣང་ཞིང་བྱ་བ་བྱེད་ནུས་པ་ནི་ཨོཾ་སྟེ་སྐུའི་རང་བཞིན། དེ་ལྟར་རྟོགས་པའི ་རིག་པ་ཡེ་ཤེས་སྒྱུ་མ་མཛའ་དང་དབུས་མེད་པ་ནི་ཧཱུཾ་སྟེ་ཐུགས་ཀྱི་རང་བཞིན་དུ་རྟོགས་པའོ། །བྱིན་གྱིས་བརླབས་པར་རྟོགས་པ་ནི། དཔེར་ན་རས་དཀར་པོ་ལ་དམར་པོས་བྱིན་གྱིས་བརླབ་པའི་མཐུ་རྩོད་ལ་ཡོད་པ་བཞིན་དུ། ཆོས་ཐམས་ཅད་སངས་རྒྱས ་བར་བྱིན་གྱིས་བརློབ་པའི་མཐུ་ཡང་རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་གྱིས་མཐུས་བྱིན་གྱིས་བརླབས་པར་རྟོགས་པའོ། །མངོན་སུམ་པར་རྟོགས་པ་ནི། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་གནས་པ་དེ་ཡང་ལུང་དང་མན་ངག་དང་འགལ ་བ་ཡང་མ་ཡིན་ལ། ལུང་དང་མན་ངག་གི་ཚིག་ཙམ་ལ་རྟེན་པ་ཡང་མ་ཡིན་ལ། རང་གི་རིག་བས་བློའི་གཏིང་དུ་ཡིད་ཆེས་པར་མངོན་སུམ་དུ་རྟོགས་པའོ། །ལམ་གྱི་ཡིད་ཆེས་པ་ནི། རྟོགས་པ་རྣམ་བཞིའི་དོན་རིག་པ་དེ་ཉིད་རྣལ་འབྱོར་པའི ་ལམ་ཡིན་ཏེ། དེ་ཡང་རྒྱུ་བསྒྲུབ་པས་འབྲས་བུ་འབྱུང་བའི་དུས་ལ་ལྟོས་པ་ལྟ་བུ་ནི་མ་ཡིན་གྱི། རང་གི་རིག་པས་མངོན་སུམ་དུ་རྟོགས་ཤིང་ཡིད་ཆེས་པའོ། །དེ་ལ་མཚན་ཉིད་གསུམ་གྱིས་དོན་མཐར་ཕྱིན་པར་འགྱུར་ཏེ། རྟོགས་པ་རྣམ་བཞིའི ་ཚུལ་རིག་པ་ནི། ཤེས་པའི་མཚན་ཉིད་དོ། །ཡང་ནས་ཡང་དུ་གོམས་པར་བྱེད་པ་ནི། འཇུག་པའི་མཚན་ཉིད་དོ། །གོམས་པའི་མཐུས་མངོན་དུ་གྱུར་པ་ནི། འབྲས་བུའི་མཚན་ཉིད་དོ། །མཚན་ཉིད་གསུམ་གྱི་འབྲེལ་བ་དང། དགོས་པ་དང། ་དགོས་པའི་ཡང་དགོས་པའོ། །དེ་ལ་འབྲེལ་བ་ནི་ཀུན་ནས་ཉོན་མོངས་པའོ། །རྣམ་པར་བྱང་བའི་ཆོས་སུ་བརྟགས་པ་ཐམས་ཅད་ཡེ་ནས་སྐུ་གསུང་ཐུགས་ཀྱི་བདག་ཉིད། རང་བཞིན་གྱིས་སངས་རྒྱས་པའི་དབྱིངས་དང། བྱིན་གྱིས་བརླབས་ཡིན་པའི་དོན་རྟོགས ་པ་ནི་ཤེས་པའི་མཚན་ཉིད་དོ། །དེ་བླ་ན་མེད་པར་སངས་རྒྱས་སུ་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་དགོས་པའོ། །དགོས་པ་ནི་ཀུན་ནས་ཉོན་མོངས་པ། །རྣམ་པར་བྱང་བ་དང་ཆོས་དང། སྨན་ལྔ་དང་བདུད་རྩི་ལྔ་ལ་སོགས་པར་བཏགས་པ་ཐམས་ཅད། ཡེ་ནས ་སངས་རྒྱས་པའི་མཉམ་པ་ཆེན་པོ་ལ་བླང་དོར་མེད་པར་སྤྱོད་པ་ནི་འཇུག་པའི་མཚན་ཉིད་དོ། །དེ་ནི་བླ་ན་མེད་པའི་སངས་རྒྱས་སུ་གྲུབ་པའི་རྒྱུ་ཡིན་པའི་ཕྱིར་དགོས་པའོ། །དགོས་པའི་ཡང་དགོས་པ་ནི། །ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི ་ཆོས་དང། སྨན་ལྔ་དང། བདུད་རྩི་ལྔ་ལ་སོགས་པའི་ཁྱད་པར་དུ་བརྟགས་པ་ཐམས་ཅད། ཡེ་ནས་སངས་རྒྱས་པའི་མཉམ་པ་ཆེན་པོའི་ངང་དུ། བླང་དོར་མེད་པར་སྲིད་པའི་འཁོར་བ་ཉིད་ཡེ་ནས་བླ་ན་མེད་པའི་སངས་རྒྱས་པའི་རང་བཞིན། མྱ་ངན་ལས ་འདས་པའི་མཚན་ཉིད་ལྷུན་གྱིས་གྲུབ་པ་ཡིན་པས། འབྲས་བུའི་མཚན་ཉིད་དེ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་མངོན་དུ་གྱུར་པ་ནི། དགོས་པའི་དགོས་པའོ། །དེ་ལ་བསྙེན་པ་དང། ཉེ་བའི་བསྙེན་བ་དང། བསྒྲུབ་པ་དང་བསྒྲུབ་པ་ཆེན ་པོས། །དོན་ལྷུན་གྱིས་གྲུབ་བར་གྱུར་པས། རྣལ་འབྱོར་ལ་བརྩོན་པར་བྱའོ། །དེ་ལ་བསྙེན་པ་ནི། བྱང་ཆུབ་ཀྱི་སེམས་ཤེས་པ་སྟེ། དེ་ཡང་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་ད་ལམ་གྱིས་བསྒྲུབ་ཅིང་གཉེན་པོས་བཅོས་སུ་མེད་པར ་རྟོགས་པའོ། །ཉེ་བའི་བསྙེན་པ་ནི་བདག་ཉིད་ལྟར་ཤེས་པ་སྟེ། དེ་ཡང་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་ཡིན་པས། བདག་ཉིད་ཀྱང་ཡེ་ནས་ལྷའི་རང་བཞིན་ཡིན་པར་ཤེས་ཀྱི། ད་བསྒྲུབ་བ་ནི་མ་ཡིན་པར་རྟོགས་པའོ། །བསྒྲུབ་པ་འདི ་ནི་ཡུམ་བསྐྱེད་པ་སྟེ། དེ་ཡང་ཡུམ་ཆེན་མོ་ནམ་མཁའ་ཨི་དབྱིངས་ལས། ནམ་མཁའ་ཉིད་ཡུམ་ཆེན་མོ། །ས་ཆུ་མེ་རླུང་བཞིར་སྣང། བྱ་བ་མེད་པའི་ཡུམ་ཡེ་ནས་ཡིན་པར་རྟོགས་པའོ། །བསྒྲུབ་པ་ནི་ཐབས་དང་ཤེས་རབ་འབྲེལ་པ་སྟེ། ་དེ་ཡང་ཡུམ་ཆེན་མོ་ལྔའི་ཤེས་རབ་དང། །ཡུམ་ཀྱི་ནམ་མཁའ་སྟོང་པ་ཉིད་ལས། ཕུང་པོ་ལྔའི་སངས་རྒྱས་ཐབས་ཀྱིས་ཡབ། །སྨོན་པ་མེད་པ་ཡེ་ནས་ཟུང་དུ་འགྱུར་བའི་འབྲེལ་པ་ལས། བྱང་ཆུབ་ཀྱི་སེམས་སྤྲུལ་པ་ཙམ་བྲལ་དུ་གྱུར་པའི་རང་བཞིན། ་ཡེ་ནས་སངས་རྒྱས་པའི་དོན་སྒྱུ་མ་ལ་སྒྱུ་མ་རོལ་ཅིང་བདེ་མཆོག་སྒྱུ་མའི་རྒྱུན་ལ། བདེ་བའི་དུས་ཉིད་ན། མཚན་མ་མེད་པའི་དོན་མི་དམིགས་ནམ་མཁའ་དང་སྙོམས་པ་ནི། ཀློང་དུ་གྱུར་ནས་ལྷུན་གྱིས་གྲུབ་པ་སྟེ། བདུད་རྣམ་བཞི་ཡང་བརྟུལ་བས ་མཐར་ཕྱིན་པའི་དོན་འགྲུབ་པའོ། །ཆོས་ཐམས་ཅད་གཟོད་མ་ནས་རྣམ་པར་དག་པའི་ཡིད་བཞིན་གྱི་གཞལ་ཡས་ཁང། རྒྱ་ཡོངས་སུ་མ་ཆད་འཁོར་ལོ། ཡེ་ནས་བླ་ན་མེད་པའི་དཀྱིལ་འཁོར་དུ་འཇུག་པ་ཡང། ཐབས་ཀྱི་ཐེག་པའི་གསུང་དུ ་ཐོས་པ་ནི་མིག་ཕྱེ་བའོ། །དོན་རྟོགས་པ་ནི་དཀྱིལ་འཁོར་མཐོང་བའོ། །རྟོགས་ནས་གོམས་པར་བྱེད་པ་ནི། དཀྱིལ་འཁོར་དུ་ཞུགས་པའོ། །ཞུགས་ནས་མངོན་དུ་གྱུར་པ་ནི། དངོས་གྲུབ་ཆེན་པོ་ཐོབ་པའོ། །དེ་ལྟར་ཚུལ་འདི་ནི་རྫོགས་པ་ཆེན ་པོའི་མཐར་ཕྱིན་པའི་དོན། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་ལྷུན་གྱིས་འཇུག་པ་སྟེ། སྐྱེས་བུ་བློ་རྩལ་རབ་ཀྱིས། ཡེ་ནས་སངས་རྒྱས་པའི་དོན་ལ་ཡེ་ནས་སངས་རྒྱས་པར་རིག་པས་གོམ་པ་དྲག་དལ་དུ་འགྲོ་བ་ཡིན་གྱི། ཕལ་གྱིས་བྱ་བ་ནི ་མ་ཡིན་ནོ། །ཕལ་གྱིས་ཐོག་ཏེ་ཇི་ལྟར་བསམས་ཀྱང། བདེན་ཞིང་བཟང་ཞིང་ཡིད་ཆེས་པར་མི་འགྱུར་རོ། །ཡིད་མ་ཆེས་པ་དང། ཕལ་གྱི་བློ་ལ་དཀའ་ཞིང་བདེན་པ་དང། བཟང་པར་མ་ཤེས་པའི་ཉམས་དང་སྦྱར་ནས། ཀུན་ཀྱང་དེ་དང་འདྲ ་སྙམ་སྟེ། ཡོ་རྫུན་ཞེས་སྐྱེས་བུ་རབ་ལ་ཡང་བསྐུར་པ་འདེབས་ཤིང་སུན་འབྱིན་པའི་བློ་སྐྱེ་བར་འགྱུར་བས། རབ་ཏུ་གསང་བའི་ཕྱིར། གསང་བའི་ཐིགས་པ་ཞེས་བཀའ་སྩལ་ཏོ། །དེ་བས་ན་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་དོན་རྟོགས་པའི་བློ་མ་སྐྱེས ་ཀྱི་བར་དུ། ཐེག་པ་འོག་མ་འགྲོ་བའི་དོན་བྱས་ནས། གདུལ་བྱ་མི་ཟ་བས། སློབ་དཔོན་གྱིས་འཁོར་བའི་སྐྱོན་དང། མྱ་ངན་ལས་འདས་པའི་ཡོན་ཏན་དང། ཐེག་པ་ཐམས་ཅད་ལ་མཁས་པར་བྱེད་པ་ཡིན་གྱི། ཕྱོགས་འགའ་ཙམ་ཤེས་པས་སློབ་དཔོན ་གྱིས་གཟུང་དུ་མི་རུང་བར་ཡང་རྒྱ་ཆེར་འབྱུང་ངོ། །ལྟ་བའི་ཁྱད་པར་དཀའ་ཐུབ་པ་དང། བརྟུལ་ཞུགས་ཀྱང་བྱེ་བྲག་དུ་འགྱུར་ཏེ། དཀའ་ཐུབ་མེད་པ་ནི་འཇིག་རྟེན་ཕྱལ་བ་དང། མུར་ཐུག་གོ་།དཀའ་ཐུབ་ཡོད་པ་ནི་རྣམ་པ་བཞི་སྟེ། རྒྱང་ཕན་པ་དང། ་མུ་སྟེགས་པ་སྟེ། འཇིག་རྟེན་པའི་དཀའ་ཐུབ་དང། ཉན་ཐོས་ཀྱི་དཀའ་ཐུབ་དང། བྱང་ཆུབ་སེམས་དཔའ་ཨི་དཀའ་ཐུབ་དང། བླ་ན་མེད་པའི་དཀའ་ཐུབ་བོ། །དེ་ལ་ཕྱལ་བ་ནི་རྒྱུ་འབྲས་ལ་རྨོངས་པའི་ཕྱིར་དཀའ་ཐུབ་མེད་དོ། །མུར་ཐུག་པ་ནི་ཆད་པར་ལྟ ་བའི་ཕྱིར། དཀའ་ཐུབ་མེད་དོ། །རྒྱང་ཕན་པ་ནི་ཚེ་འདིའི་ཁྱད་པར་དག་བསྒྲུབ་པའི་ཕྱིར། གཙང་སྦྲ་ལ་སོགས་པའི་དཀའ་ཐུབ་ཅན་ནོ། །མུ་སྟེགས་པ་ནི། བདག་ཏུ་བརྟག་པ་ཅིག་ཡོད་པ་དེ་དག་པར་བྱ་བའི་ཕྱིར། ལུས་སུན་འབྱིན་ཅིང། མེ་ལྔ་རྟེན ་པ་ལ་སོགས་པའི་དཀའ་ཐུབ་དང། བརྟུལ་ཞུགས་ལོག་པར་སྤྱོད་པའོ། །ཉན་ཐོས་ཀྱི་དཀའ་ཐུབ་ནི། འདུལ་བ་ལས་སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ ་ཡིན། །ཅེས་འབྱུང་སྟེ། དགེ་བ་དང་མི་དགེ་བའི་ཆོས་ཐམས་ཅད་།ཀུན་རྫོབ་དང་དོན་དམ་པ་གཉིས་ཀ་སོ་སོར་ཡོད་པར་ལྟ་བས་དགེ་བ་ནི་སྤྱོད། །མི་དགེ་བ་ནི་སྤོང་བའི་དཀའ་ཐུབ་དང། བརྟུལ་ཞུགས་སྤྱོད་པའོ། །བྱང་ཆུབ་སེམས་དཔའ་ཨི་དཀའ་ ་ཐུབ་ནི། །བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་ལ། སྐྱེན་དུ་འཚམ་པར་ཚར་མི་གཅོད། །རྫུ་འཕྲུལ་ལ་སོགས་སྡིག་མི་བྱེད། །སྙིང་རྗེ་ལྡན་ཞིང་བྱམས་ཕྱིར་དང། །སེམས་དགེ་བ་ལ་ཉེས་པ་མེད་ཅེས་འབྱུང་སྟེ། ་སྙིང་རྗེ་ཆེན་པོས་ཟིན་ན་དགེ་བ་དང་མི་དགེ་བའི་ཆོས་གང་སྤྱད་ཀྱང། སྡོམ་པ་ཉམས་པར་མི་འགྱུར་བས། །བྱང་ཆུབ་སེམས་དཔའ་ཨི་དཀའ་ཐུབ་ནི། །སྙིང་རྗེ་གཞི་བཟུང་ནས་སྤྱོད་པའོ། །བླ་ན་མེད་པའི་དཀའ་ཐུབ་ནི། །དམ་ཚིག་ཆེན་པོའི་མདོ་ལས ་ཀྱང་དང་སངས་རྒྱས་ཐེག་པ་རབ་ངེས་ན། །ཉོན་མོངས་འདོད་ལྔ་ཀུན་སྤྱད་ཀྱང། །པདྨ་ལ་ནི་འདམ་བཞིན་ཏེ། །དེ་ལ་ཚུལ་ཁྲིམས་ཕུན་སུམ་ཚོགས་ཞེས་འབྱུང་སྟེ། ཆོས་ཐམས་ཅད་ཡེ་ནས་མཉམ་པ་ཉིད་ཀྱི་ཕྱིར། །སྙིང་རྗེས་ནི་རྟེན་དུ་མེད་ལ། ཞེ ་སྡང་ནི་སྤང་དུ་མེད། དེ་ལྟར་མ་རྟོགས་པ་ལ། ཐུགས་རྗེ་མི་འབྱུང་པ་ཡང་མ་ཡིན་ཏེ། ཇི་ལྟར་ལྟ་བས་ཡེ་ནས། ཡེ་ནས་རྣམ་པར་རྟོག་པ་བཞིན། དཀའ་ཐུབ་དང་བརྟུལ་ཤུགས་ཀྱང་དེ་ལྟར་རྣམ་པར་སྤྱོད་པའོ། །ལྟ་བ་འཕྲེང་བའི་གསང་རབ ་འདི། །དམུ་ལོང་རང་ཕྱེ་མིག་མེད་ལྟར། །ཤེས་རབ་ཐབས་ཀྱི་རྩལ་འཆད་བའི། །སྐྱེས་མཆོག་ཡོད་ན་ཕྲད་པར་ཤོག་།མན་ངག་གི་རྒྱལ་པོ་ལྟ་བའི་འཕྲེང་བ་རྫོགས་སོ།། །།བཅོམ་ལྡན་འདས་དཔལ་ཀུན་ཏུ ་