| Wylie | e-texts based on the ACIP/ALL Input |
སེམས་དཔའ་ཉིད་ཀྱང་སྡད། །ལྷར་བཅས་རྣལ་འབྱོར་སྨོས་ཅི་དགོས། །དེ་བས་རབ་ཏུ་སྣོད་བརྟག་བྱ། །སྒྱུ་འཕྲུལ་ཐུགས་ཀྱི་ཐིགས་པ་རྫོགས་སོ།། །། *། །རྒྱ་གར་སྐད་དུ། གྷུ་ཡཱ་བྷི་དུ་ཨུ་པ་དེ་ཤ། བོད་སྐད་དུ། ་གསང་བའི་ཐིགས་པའི་མན་ངག། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །གང་ལ་ཡོད་པ་རྣམ་པ་བརྒྱད་དུ་ཤེས། །གང་ལ་ཅི་འདྲ་དེ་ཉིད་བསྲེས་པ་ཡིན། །རྣམ་བཞི་བྱེ་བྲག་དྲུག་ལས་བརྒྱད་དཀྱིལ་ན། །དོན་དམ་སྙིང་པོ་དེ་ལ་ཕྱག་འཚལ་ལོ། །གང་ལ་སྙོམས ་འཇུག་དེ་ལ་ཡོད་པ་ལ། །དེ་ལ་ཡོད་དེ་དེ་ལ་བལྟ་བར་བྱ། །གང་ལས་བྱུང་བ་དེ་ལས་བྱུང་བ་ཡིན། །དེ་ལས་དེ་བྱུང་དེ་ཉིད་ཁོ་ནའོ། །གསང་བའི་ཤེས་རབ་ཐིག་ལེ་དབྱིངས། །བཅུ་དྲུག་གཉིས་ཀྱི་དཀྱིལ་ན་བཞུགས། །ཤེས་རབ་ཐབས་ཀྱི་སྙོམས་འཇུག་ལ། ། ་ཀུན་ཏུ་རྒྱས་བཏབ་དཀྱིལ་འཁོར་ཡིན། །བདག་ཉིད་ཆེན་པོ་ལྔ་བལྟ་ཞིང། །ཐུར་དུ་འཕྲོ་ཞིང་གྱེན་དུ་འབར། །བདེ་བ་ཆེན་པོའི་མཆོད་པ་ཡིས། །གོང་གི་སྙིང་པོ་བསྐུལ་བར་བྱེད། །དེ་འོད་ཐིག་ལེ་མཉམ་སྦྱོར་བས། །ལྔ་གཉིས་དྲུག་གི་དཀྱིལ་ན་འོ། །བདེ་བ ་ཆེན་པོའི་རོ་ཡིས་ནི། །དགྱེས་པ་ཆེན་པོར་རྟོགས་པར་བྱ། །ཤེས་བྱ་འབྱུང་ཟད་བསོད་ནམས་ཀྱི། །དེ་ཉིད་སྒྱུ་མར་རང་སྣང་བ། །གཟིགས་མོའི་བདེ་བ་མཛའ་ཡས་ཀྱིས། །བདེ་བ་ཆེན་པོའི་འབེན་ལ་ཕོག་།བཅུ་གསུམ་གཉིས་ཀྱི་དཀྱིལ་འཁོར་ལོ། །དེའི ་ཐིག་ལེ་མཉམ་པའི་དབྱིངས། །ཀུན་གྱི་དངོས་ཡིན་ཀུན་གྱི་གཙོ། །བཅུ་དང་བཞི་ནི་མངོན་རྫོགས་པ། །གསུམ་དང་གཉིས་སུ་ཡང་དག་གནས། །ཀུན་གྱིས་དངོས་པོར་བདག་གྱུར་པ། །དེ་ལ་དབང་སྐྱུར་དམ་པ་ཡིན། །ཉིང་ལག་ནས་པ་གནས་ཉིད ་ལ། །དེ་ལ་གཉིས་རྫོགས་ལྷུན་གྱིས་གྲུབ། །ཐམས་ཅད་དེའི་རྒྱན་དུ་ཆེ། །གཉིས་རྫོགས་ཐིག་ལེ་མཉམ་སྦྱོར་བས། །སྙིང་རྗེ་ཆེན་པོ་ཡོངས་ཀྱིས་འཆར། །བཅུ་བཞིའི་སེམས་ཅན་འདུལ་བ་ལ། །སྒྱུ་མའི་སེམས་ཅན་སྒྲོལ་བ་ཡི། །རྣལ་འབྱོར ་ཆེན་པོ་འོད་ལྡན་སྤྱོད། །འདི་ལ་རྟག་ཏུ་གང་འདུག་པ། །སངས་རྒྱས་སྲས་དང་འཁོར་བཅས་ཀྱིས། །ཐུགས་རྗེ་ཉི་མ་ཤུགས་ལས་འབྱུང། །དེ་ལ་བདེ་བྱེད་བདེ་བ་སྦྱིན། །བསྐལ་པ་རྡུལ་སྙེད་གྲངས་མེད་དུ། །ཐོས་བསམ་སྒོམས་པ་རབ་མཛའ་ལས། །འབྱུང ་པ་བདེ་བ་ཆེན་པོ་ཡིན། །སློབ་དཔོན་རྟེན་བྱེད་ཀྱེ་འདི་ལྟ། །གང་ལ་གང་མེད་གང་ལའང། །དེ་ལ་དེ་མེད་དེ་ལའང། །དམྱལ་བར་བསྲེག་དང་སྡུག་བསྔལ་ཆེ། །དེ་བས་གཞན་དུ་བསྟན་མི་བྱ། །གསང་བའི་མན་ངག་ཐིག་ལེ་འདི།། ་ཐིག་ལེ་ཆེན་པོ་འདི་སྣང་བས། །སེམས་ཅན་ཀུན་གྱི་རང་བཞིན་ལ། །བདེ་བ་ཆེན་པོ་སྣང་བར་ཤོག་།གསང་བའི་ཐིགས་པའི་མན་ངག་།སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ་རྫོགས་སོ།། །། *། །རྒྱ་གར་སྐད་དུ། ་