| Wylie | e-texts based on the ACIP/ALL Input |
མར་?་ནཱ་ག་གསེར་དང། རྡོ་དྲེག་དང་།ཤུ་ཐག་དང། གླ་རྩིར་བྱས་པའི་དུ་བས་མིའི་མིང་དུས་ལ་བདུག་ནང་བར་དུ་འགྱུར་རོ།། །།*། །རྗེ་བཙུན་ཀུ་རུ་ཀུ་ལ་ལ་བསྟོང་པ། །ཏ་རིན་མོ། །རྗེ་བཙུན་རིན་ཆེན་བླ་མ ་རྣམས་དང། །ལྷག་པའི་ལྷའི་ཞབས་པར་བཏུང། །འཁོར་བ་ལས་སྒྲོལ་རིག་བྱེད་ལྷ་མོ། །སྙན་པའི་ཚིག་གིས་ཅུང་ཟད་བསྟོང། །རྒྱལ་བ་ཀུན་གྱི་སོར་རྟོག་ཡེ་ཤེས། །འགྲོ་དམན་གདུལ་ཕྱིར་ལྷ་མོའི་ཚུལ་སྟོན། །བསྒྲུབ་པ་པོ་ལ་རབ་ཏུ་བརྩོམ།། ་ཡུམ་མཆོག་ཁྱོད་ལ་གུས་པས་འདུད་དོ། །ཉེས་པའི་སྐྱོན་པྲལ་པདྨ་དམར་དང། །བདག་མེད་མཚོན་ཕྱིར་རོ་ཡི་སྙིང་ཁར། །རང་བཞིན་འོད་གསལ་ཆེ་ཟེར་དབུས་བཞུགས། །ཡུམ་མཆོག་?། འགྲོ་ཀུན་ཐུགས་རྗེས་དབང་དུ་བསྡུད་མཛད། ། ་སྐུ་མདོག་དམར་མོ་འོད་ཟེར་སྟོང་འཕྲོ། །བཅུ་དྲུག་ལོ་ལོན་སྒེག་པའི་ཉམས་ཅན། །ཡུམ་།དངོས་ཀུན་རང་བཞིན་སྟོང་པ་ཉིད་དུ། །གཅིག་ཕྱིར་ཞལ་གཅིག་དམར་བའི་ལྗགས་འདྲིལ། །བདུད་དཔུང་སྐྲག་མཛད་མཆེ་བ ་རབ་གཙིགས། ཡུམ། །དམར་ལ་ཟླུམ་པའི་སྤྱན་གསུམ་གཡོ་བས། །དུས་གསུམ་ཤེས་བྱ་ཆགས་རྟོགས་མི་མངའ་། །སྤངས་རྟོགས་ཀུན་རྫོགས་དབུ་སྐྲ་གྱེན་རྫེས། །ཡུམ། ཡེ་ཤེས་ལྔ་ལྡན་ཐོད་སྐམ་དབུ་རྒྱན། ། སོགས་ཀ་སོགས ་གསུང་གི་ངོ་བོ། །བརྒྱ་ཕྱེད་ཐོད་རློན་དོ་ཤལ་འཆང་མ། །ཡུམ། ཐབས་ཤེས་རང་བཞིན་རྩ་བའི་ཕྱག་གཉིས། །ུད་པ་ལའི་མདའ་གཞུ་བསྣམས་ནས། །མཛའ་གཉིས་འཛིན་པའི་མཚན་རྟོགས་འབིགས་མ། །ཡུམ། ལྕགས ་ཀྱུས་འགྲོ་རྣམས་ཐར་པའི་གྲོང་འགུགས། །ཐུགས་རྗེ་ཆེན་པོའི་ཞགས་པས་འཆིང་མཛད། །ཚད་མེད་བཞི་ལྡན་ཕྱག་བཞི་མངའ་བའི། །ཡུམ། རིགས་ཀྱི་བདག་པོའི་ཅོད་པན་འཆང་ཞིང། །བདེ་བ་ཆེ་ལ་རྟག་ཏུ་རོལ་པས། །ཤིན་ཏུ་རྒྱས ་པའི་ནུ་འབུར་དང་ལྡན། །ཡུམ། ཤེས་རབ་ངོ་བོ་ལྷ་མོའི་སྐུ་ནི། །ཐབས་ཀྱི་རང་བཞིན་ཕྱག་རྒྱ་ལྔས་བརྒྱན། །གཟུང་འཛིན་སྤངས་བ་སྟག་ལྤགས་བསྣབས་མ། །ཡུམ། ཤིན་ཏུ་ཟབ་པས་ཁྲོ་ཆགས་སྐུར་སྟོན། །མི་གནས་མྱང་འདས ་མངོན་དུ་མཛད་ཕྱིར། །སྐྱིལ་ཀྲུང་ཕྱེད་པའི་གང་གྱིས་བཞུགས་མ། །ཡུམ་།ཁྱེད་གསུང་རིག་སྔགས་བཟླས་བའི་མཐུ་ཡིས། །མ་རིག་སྙིང་གི་མུན་པ་སངས་ནས། །མཛའ་ཡས་ཡོན་ཏན་སྣང་བ་རྒྱས་པའི། །ཡེ་ཤེས ་སྐུ་ཆེན་ཐོབ་པར་མཛོད་ཅིག་།རྒྱལ་བ་སྲས་བཅས་ཉན་རང་རྣམས་ཀྱི། །མཁྱེན་དང་བརྩེ་བ་ནུས་པའི་མཐུ་རྣམས། །སྐད་ཅིག་གཅིག་ལ་ལྷུན་གྲུབ་ཉིད་དུ། །བདག་གི་དབང་དུ་གྱུར་པར་མཛོད་ཅིག་།བརྒྱ་བྱིན་ཚངས་པ་རྒྱལ་པོ་བཞི ་སོགས། །སྟོབས་ལྡན་རྣམས་ཀྱི་ཚེ་དང་བསོད་ནམས། །དཔལ་འབྱོར་ཡོན་ཏན་ནུས་པའི་མཐུ་རྣམས། །ཁྱེད་ཀྱི་མཐུ་ཡིས་དབང་དུ་མཛོད་ཅིག་།འགྲོ་རྣམས་བདག་གི་དབང་དུ་གྱུར་ནས། །མི་མཐུན་ཕྱོགས་རྣམས་རབ་ཏུ་བཅོམ་སྟེ། །རྙེད་པར ་དཀའ་བ་རྡོ་རྗེ་ཐེག་པའི། །སྨིན་གྲོལ་ཟབ་མོའི་སྣོད་དུ་མཛོད་ཅིག་།ལྷ་མཆོག་བསྒྲུབ་ལ་བར་དུ་གཅོད་པའི། །ནང་དང་གདོན་དང་དུས་མིན་འཆི་སོགས། །ཕྱི་དང་ནང་གི་ཉེ་བར་འཚེ་ཀུན། །མཐུ་ཆེན་ལྷ་མོས་གཞོམས་པར་མཛོད་ཅིག། ་ཚེ་རབ་ཀུན་ཏུ་ཁྱོད་ཞལ་ལྟ་ཞིང། །གསང་སྔགས་ཟབ་མོ་བཟླས་ལ་བརྩོན་པས། །ཁྱོད་ཀྱི་བརྩེ་བས་ལྕགས་ཀྱུས་བཟུང་ནས། །འདོད་པའི་རེ་བ་རྫོགས་པར་མཛོད་ཅིག་།ཁྱོད་ཀྱི་ཡོན་ཏན་རྒྱ་མཚོ་ཆེ་ལས། །བློ་དམན་བདག་གིས་ཅུང ་ཟད་བརྗོད་ཅིང། །ཕྲིན་ལ་བསྐུལ་ལ་འབད་པ་བྱས་པའི། །དགེ་བ་གང་དེས་མར་གྱུར་འགྲོ་རྣམས། །ཡེ་ཤེས་ལྔའི་ཏོག་གིས་རབ་མཛེས། །མི་འགྱུར་ཆོས་སྐུའི་རྒྱལ་མཚན་ཐོབ་སྟེ། །གཟུགས་སྐུའི་དཔལ་གྱི་གདུལ་བྱ་རྣམས་ལ། ། ་ཕན་བདེ་བཟང་པོ་བསྒྲུབ་པར་གྱུར་ཅིག་།གང་ཞིག་དང་བས་བསྟོད་པ་འདི་དག་།ལན་ཅིག་ཙམ་ཡང་བརྗོད་པར་བྱེད་ན། །སྒྲོལ་མ་དཔའ་མོས་རྗེས་སུ་བཟུང་ནས། །ཁམས་གསུམ་ཀུན་ལ་བདག་པོ་ཉིད་འགྱུར། །རྗེ་བཙུན་མ་ཀུ་རུ་ཀུ་ལེ ་ལ་བསྟོད་པ་ཕྲིན་ལས་ཉེ་བར་བསྐུལ་བ་ཞེས་བྱ་བ་མཁས་པ་ཆེན་པོ་ཛྙཱ་ནས་མཛད་པ་རྫོགས་སོ།། །།*། །རྣལ་འབྱོར་མདོར་བསྡུས་ཞེས་བྱ་བ་བཞུགས་སོ།། །།རྒྱ་གར་སྐད་དུ། ཡོ་ག་སཀྵིཾ?་ལྟ། ་