| Wylie | e-texts based on the ACIP/ALL Input |
བརྟུལ་ཞུགས་སྤྱོད་པའི་བཻ་རོ་ཙ་ན་བཛྲའི་ཞལ་སྔ་ནས། ར་འགྱུར་དུ་བསྒྱུར་བ་རྫོགས་སྟོ།། །།འདིའི་བསྙེན་པ་སྔོན་དུ་སོང་ནས། ལས་ལ་སྦྱོར་བའི་ཚེ། །ཡར་དོའི་ཚེས་ཅིག་ནས་བཅོ་ལྔའི་བར་དུ་།རང་ཉིད ་གོས་དམར་པོ་གྱོན་ཞིང། བཅོམ་ལྡན་འདས་མའི་བསྐུར་བསྒོམས་ལ། ཉིན་རེ་བཞིན་ཐུན་གསུམ་མམ་བཞི་རྣལ་འབྱོར་གྱིས། སྔགས་ཁྲི་ཕྲག་རི་བཟླས་ནས། བཅོམ་ལྡན་འདས་མ་ལ་ནམ་བཟའ་དམར་པོ་དང། ཙནདན་དམར་པོའི ་མཎྜལ་དང། མེ་ཏོག་དམར་པོ་ལ་སོགས་པའི་མཆོད་པ་ཕུལ་ནས། བསྒྲུབ་བྱ་དབང་དུ་འདུ་བར་གསོལ་བ་བཏབ་ནས། དབང་གི་ཐབ་དུ་གཞུང་བཞིན་སྦྱིནས་སྲེག་བྱ་ཞིང། རང་གི་སྙིང་གི་ཧྲི་ལས་འོད་འཕྲོས་པས། ཡཾ་ལས་རླུང་གི་དཀྱིལ ་འཁོར་གྱི་སྟེང་དུ། བསྒྲུབ་བྱ་གཅེར་དུ་སྐྲ་གྲོལ་བར་གྱུར་པ་བཞག་ནས། དབང་དུ?་ཨུད་བ་ལ་ལས་འཕྲོས་པའི་ཞགས་པས་མགྲིན་པ་ནས་བཅིངས། ལྕགས་ཀྱུས་སྙིང་ཁར་བཏབ་སྟེ་དྲངས། རླུང་གི་ཤུགས་ཀྱིས་བསྐྱོད། རིགས་སྔགས ་ཀྱིས་སྟོབས་ཀྱིས་བཀུག་ལ། རང་གི་རྐང་པའི་དྲུང་དུ་ཞོགས་གཡོན་འོག་ཏུ་བཅུག་པ་འམ། གན་རྒྱལ་དུ་བཞག་ལ། ཕོའི་སྙིང་ཁ་དང། མོའི་ཆོས་འབྱུང་ལ་ལྕགས་ཀྱུས་བཏབ་ཅིང་།རང་གི་སྙིང་ཁའི་ཉི་མའི་སྟེང་གི་ཧྲི་:དམར་པོ་ལས་བྱུང་བའི ་འདབ་མ་བརྒྱད་པ། གསར་པ་སྟོང་པོ་སྐྱེ་གནས་གྱི་བར་དུ་ཟུག་པའི་འདབ་མ་རྣམས་ལ། ཨཱ་ཨའི། ཨུ་དཱི་ལE(རྒྱུད་འགྲེལ་ཏེ་ཕྱིར་མཐོན་ནས། བསྒྲུབ་བྱའི་སྣ་བུག་གཡས་ནས་ཞུགས་ཏེ། སྙིང་ཁ་ན་པདྨ་དམར་པོ་འདབ་བརྒྱད་སར་པ་སྡོང་པོ་ལྟེ་བར་ཟུག་པ་ཡོད་པ་རྣམས་ལ། བུང་བས་འཇིབས་པའི་སྡོང་པོ་རྣམས་རྙིང་ཤིང་རིད་པར་བྱས་ནས། འདབ་མ་བརྒྱད་ལ། ་ཨ་ཨི་ཨུ་རི་ལི་ཨེ་ཨོ་ཨ(རྒྱུད་འགྲེལ་བསྒྲུབ་བྱའི་སྙིང་ཁར་སོང་ནས། དེས་མིང་གི་ཡི་གེ་དང་པོ་བླངས་ཏེ། རང་གི་སྙིང་ཁའི་ཧྲི(རྒྱུད་འགྲེལ་དབུགས་ཀྱིས་བསྐུལ་ཏེ། བསྒྲུབ་བྱའི་སྣ་བུག་གཡོན་ནས་དབྱུང། བུང་བ་རྣམས་ཀྱིས་བསྒྲུབ་བྱའི་དབྱངས་ཡིག་རེ་རེ་ཁྱེར་ཏེ་འོངས་པ་བདག་གི་སྣ་བུག་གཡས་ནས་ཞུགས། སྙིང་ཁའི་ཧྲཱི(རྒྱུད་འགྲེལ་བསྒྲུབ་བྱའི་སྣ་བུག་གཡོན་ནས་ཞུགས། སྙིང་ཁའི་པདྨའི་ཧྲི(རྒྱུད་འགྲེལ་ལས་ཨུད་པ་ལ་དམར་པོའི་མདའི་ཚོགས་སྤྲོས་པས་ཕོའི་སྙིང་ཁ་དང། མོའི་གསང་གནས་ནས་མདའི་མདེའུས་ཕུག་ནས། མདའི་སྒྲ་དེས་བསྐུལ་ནས་བུང་བ་རྣམས་བསྒྲུབ་བྱའི་སྣ་བུག་གཡོན་ནས་འཐོན་ཏེ། ་རང་གི་སྣ་བུག་གཡས་ནས་ཞུགས་ནས་ཐིམ། ཡང་བསྒྲུབ་བྱའི་རྣམ་ཤེས་མདའི་དྲ་བ་འམ། འགལ་མེའི་འཁོར་ལོ་ལྷ་བུའི་ནང་དུ་བཅུག་སྟེ། དབང་དུ་བསྡུས་པས། མགོ་འཁོར་ཏེ་མྱོས་ཤིང་དྲན་པ་མེད་པར་བསམ། དེ་ནས་ཨུད་པ ་ལའི་ཞགས་པ་སྤྲོས་པས་བསྒྲུབ་བྱའི་སྐེ་ནས་བཅིངས། ཨུད་པ་ལའི་ལྕགས་ཀྱུ་སྤྲོས་པས་ཕོའི་སྙིང་ཁ་དང། མོའི་བྷ་གནས་ཕུག་ཅིང་། འོད་ཟེར་དམར་པོ་རབ་ཏུ་འབར་བས་དབང་དུ་བྱས་པར་བསམ་ཞིང། བདག་ལ་དགའ་ཞིང ་ཆགས་པའི་སེམས་སུ་བསམས་ལ། ཨོ་ཀུ་རུ་ཀུལླེ་ཧྲི(རྒྱུད་འགྲེལ་བྱུང་བ་ལྟར་ཡང་ཡང་བསམ་ཞིང་བཟླས་སོ། །དེའི་མཐར་ཟླ་ཡང་ན་ཆེ་གེ་བ་ཤཾ་མ་ན་ཡེ་ཧྲི་མཚན་གོས་པའི་རས་སམ། གྲོ་ག་ལ་ཙན་དན་དམར་པོ་འམ། གུར་གུམ་གྱིས་སམ། གི་ཧཱཾ་དང་།སྲིན་ལག་གི་ཁྲག་དག་གིས་ཨུད་པ་ལའི་མདའ ་འཁོར་ལོ་བཞི་ལ་བརྟེན་པའི་ཙན་ཌ་ལིའི་ཡི་གེ་རྣམས་བུང་བས་བླང་བ་ལྟ་བུའི་ཙཀྲ་རྩིབ་བཅུ་དྲུག་པའི་ལྟེ་བར་ཧྲི(རྒྱུད་འགྲེལ་བཞིས་བསྐོར་བ་བསྒྲུབ་བྱའི་?་ཅན་འབིག་བྲི། །མའི་སྣ་བ་ཕྱིའི་མུ་ཁྱུད་གསུམ་པོ་ལ་ཨོཾ་འབིག་གིས་བསྐོར་བ་བྲིའོ། །དེ་ནས་?་གནས་བཟུང་རབ་གནས་ཇི་ལྟ་བ་བཞིན་བྱས་ལ། མིང་ལ་བསྒྲུབ་བྱ་སྟིམ་ལ། སྲད་བུ་མགོན་བསྟན ་དམར་པོས་དཀྲིས་ནས། སྤྲ་ཚིལ་ལས་བྱས་པའི་ལིང་ཁ་སོར་བརྒྱད་པའི་སྙིང་ཁར་བཅུག་ལ་།དེ་བསྒྲུབ་བྱར་བསྐྱེད་ཅིང་ཡང་ཡང་དགུག་བཞུག་བྱས་ལ། དེ་བུ་མོ་གཞོན་ནུ་མས་བཀལ་བའི་སྐུད་པ་སྲང་བུ་དམར་པོ་ཟངས་ཀྱི་ཁབ་ཀྱི་མིག ་དུ་བཅུག་ཏེ། དེས་ལིང་ཁའི་སྐྱེ་གནས་སུ་ཐབས་ཤེས་རབ་ཀྱི་བྱེ་བྲག་གིས་འདྲེན་པའི་ཚུལ་དུ་དྲངས་པས་འོད་ཟེར་གྱི?་ལྕགས་ཀྱུས་ཕུག་ཅིང་ཞགས་པས་དྲངས་པར་བསམ་ཞིང། ཨོཾ་ཀུ་རུ་ཀུལླེ་ཧྲི་:ཆེ་གེ་མོ་ཝ་ཤཾ་ཀུ་རུ་ཏོ། ཨ ་ཀརཥ་ཡ་ཧྲི(རྒྱུད་འགྲེལ་ཕྲེང་བ་དང། རྒྱན་དང་།གོས་དང། ཟས་ལ་སོགས་པ་གཏེར་བ་དང། སྐྱེ་བོ་མང་པོས་ཕྱག་དང་བཀུར་ཏི་བྱེད་པ་ལ་སོགས་ཡང་ཡང་བྱུང་ན་ངེས་པའོ། །དེས་མ་གྲུབ་ན་ཡང་སྔར་བཞིན་བསྒྲུབས་ཏེ། ཐུན་མཚམས་སུ་ལིང་ཁ་ཏེ་སེང་ལྡེང་གི ་མེ་ལ་འཐིགས་ཙམ་དུ་གདུང་ཞིང་སྔགས་བཟླས་ནས་སྐང་པས་མནན་ན། དེ་མ་ཐག་དུ་དབང་དུ་འདུའོ། །དེས་ཀྱང་མ་གྲུབ་ན། དཔྱིད་ཟླ་ར་བའི་ཚེས་བརྒྱད་ལ། གོས་དམར་བགོས་ཏེ། མྱོས་བྱེད་ཀྱིས་འབྲས་བུ་ཟ་ཞིང་དཔྲལ་བར་རྐྱ་སྐེགས་ཀྱི ་ཐིག་ལེ་བྱས་ནས་ཙཀྲ་སྐང་སྤེལ?་ཅན་པས་མནན་ཏེ། མིང་སྤེལ་ཅན་གྱི་སྔགས་བཟླས་ལ། སྲིན་བུ་ཀརྟི་ཀ་དང། རྡོ་རྗེ་ཆོས་དང། རྡོ་རྗེ་ཉི་མ་རྣམས། འབྲས་ས་ལུའི་ཁུ་བ་རྣམས་སྦྱར་བ་ལ། རྩ་བའི་སོ་སོ་འཆལ་སྔགས་ཀྱིས་སྔགས་ནས། ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །གྲོལ་བར་འདོད་ན་ཙཀྲ་འོ་མས་བཀྲུས་ལ་འཁོར་ལོ་རས་སར་པ་ཅིག་ལ་བྲིས་ལ། མིང་སྤེལ་བར་ཆེ་གེ་མོ་བཅིངས་པ་།ནམ་འབྲས་དཀར་པོས་བ་མེད་པ་ཡིན་གཟུངས་ལས་གྲོལ་བར་གྱུར་ཅིག་ཅེས་པ་བྲིས་ན་།རབ་གནས ་བྱས་ལ་བདག་གིས་བཟུང་ལ་ཨོཾ་གུ་རུ་ཀུལླེ་ཧྲི(རྒྱུད་འགྲེལ་ཀུ་རུ་ཀུལླེའི་ལས་སྦྱོར་གྱི་མན་ངག་པཎྟི་ཏ་དོན་ཡོད་རྡོ་རྗེས་བླ་མ་བ་རི་ལོ་ཙ་བ་ལ་གནད་དོ། །འདི་ལ་ཤིན་ཏུ་དམ་པར་མཛད་ནས་མང་པོ་ལ་སྤེལ་བའི་སྲོལ་མེད་དོ། །གསང་ངོ་སྦས་སོ།། །། ་རིགས་ལྡན་མའི་བསྒྲུབ་ཐབས་བཞུགས། །རྒྱ་གར་སྐད་དུ། ཀུ་རུ་ཀུལླེ་སཱདྷ་ནཾ། བོད་སྐད་དུ། རིགས་ལྡན་མའི་སྒྲུབ་ཐབས་རེ་རེ་ཙམ་ལས་།པདྨ་ཌཱ་ཀི་ལ་ཕྱག་འཚལ་ལོ། །མ་ཆགས་ཆགས་ཚུལ་པདྨའི་རིགས་བཏུད་ནས། །རབ་ཏུ་མྱོས ་