CLOSE WINDOW

N3497: bdag med ma'i stobs kyi 'khor lo sgrub pa'i thabs
Wyliee-texts based on the ACIP/ALL Input

མཛད་བ་རྫོགས་སོ།། །།*། །སྟོབས་ཀྱི་འཁོར་ལོ་བསྒོམ་པའི་ཐབས་བཞུགས་སོ། །ོཾ་སྭཱ་སྟི། རྒྱ་གར་སྐད་དུ། །ནཻ་རའཏྨ་བ་ལ་ཙ་ཀྲ་སཱ་དྷ་ན། བོད་སྐད་དུ། བདག་མེད་མའི་སྟོབས་ཀྱི་འཁོར་ལོ་སྒྲུབ་པའི་ཐབས། རྡོ་རྗེ་རྣལ་འབྱོར ་མ་ལ་ཕྱག་འཚལ་ལོ། །སྒོམ་པའི་རིམ་པ་རྒྱས་པ་འམ། །སྐད་ཅིག་རྣམ་པས་རབ་འགྲུབ་སྟེ། །ཡང་ན་འཁོར་ལོ་རྫོགས་པའི་ལྷ། །གཞན་དུ་ཀྱང་པའི་སྦྱོར་བས་ཏེ། །ལྷན་ཅིག་སྐྱེས་དགའ་ཨི་གཟུགས་ཅན་མ། །སྐྱེ་གནས་འཁོར་ལོ་རྩི?་བས་དྲུག་པ། །ལྟེ ་བའི་གནས་སུ་འབད་པས་བསྒོམ། །དབུས་སུ་བདག་མེད་རྣལ་འབྱོར་མ། །དེ་ཡི་སྙིང་གར་ཨི་ཡིག་གོ། ཨ་ཨི་ཨུ་ཨེ་ཨོཾ་ཨཾ་ལས། །ཤར་སོགས་གཡས་སུ་བསྐོར་བ་ཡི། །གཽ་རཱི་ཙཽ་རཱི་དེ་བཞིན་དུ། །བཻ་ཏ་ལཱི་དང་སྙམས?། །སྤོས་མོ་རི་ཁྲོད་མ ་ཡང་སྟེ། །རྣལ་འབྱོར་མ་དྲུག་འགོད་བ་ཡིན། །ནག་དང་དམར་ལ་སོགས་དེ་བཞིན། །རང་གི་ས་བོན་དག་གིས་མཚན། །བདག་ཉིད་ཉི་མའི་ལུས་དེ་བཞིན། །ཟླ་བའི་འོད་ཟེར་རྣམ་པར་འཕྲོ། །སྣོད་དང་གྲི་གུག་ལག་ན་ཐགས། །ོཾ་ཏྲཱི(རྒྱུད་འགྲེལ་ནི་གསང་བའི་འཁོར་ལོ་རུ། །བགེགས་རྣམས་ཕུར་བུས་གདབ་པར་བྱ། །བདེ་ཆེན་འཁོར་ལོའི་དབུས་གནས་པར། །ཟླ་བ་ཆུ་ཤེལ་མཉམ་པའི་འོད། །འོ་ཨའི་ཨའུ་ཨི་ཨཽ་ཨ(རྒྱུད་འགྲེལ་འོངས་པ་གང། །རྣལ་འབྱོར་མ་སོགས་ཁྲུས་བྱའོ། །ོཾ་ཨཱ(རྒྱུད་འགྲེལ་ཚོམ་མེད། །ནག་པོ་དམར་པོ་དེ་ནས་སེར། །ལྗང་ཁུ་སྔོན་པོ་དཀར་པོ་ཡི། །སྤྲོ་དང་དེ་བཞིན་བསྡུད་པ་དག་།རྣལ་འབྱོར་མཆོག་གི་རྟག་ཏུ་བསྒོམ། །ཅེས་པ་སློབ་དཔོན་བདེ་བ་ཆེན་པོའི་ཞལ་གྱི་མན་ངག་སྟོབས་ཀྱི་འཁོར་ལོ་བསྒོམ་པའི ་ཐབས་རྫོགས་སོ་།།པཎྜི་ཏ་པུརྞྞ་བཛྲ་དང། ཏཱ་ར་ནཱ་ཐས་བསྒྱུར་བའོ། །།ཀུ་རུ་ཀུ་ལེའི་བསྒྲུབ་ཐབས་བཞུགས། རྒྱ་གར་སྐད་དུ་།ཀུ་རུ་ཀུ་ལེས་དྷ་ནཾ། བོད་སྐད་དུ། ཀུ་རུ་ཀུ་ལེའི་བསྒྲུབ་ཐབS། ་