| Wylie | e-texts based on the ACIP/ALL Input |
ཡི་གེ་མ་རྣམས་མཁའ་གྲོ་མའི་ངོ་བོར་བཞུགས་ལ། སློབ་མའི་དཔྲལ་བར་ཐིག་ལེ་བྱ?་གནམ་གསུམ་ཀར་བྱས་ཀྱང་མི་འགལ། ལྷག་མ་གཏུམས་ལ་དཔུང་པ་གཡོན་པར་བཅིང་བའོ། །རྗེས་འབུས?་པས་ལག་ཏུ་སླད་པའི་རིམ་པ་སློབ་དཔོན་ཞེ་སྡང་རྡོ་རྗེས་མཛོད་པ་རྫོགས་སོ།། །། ་བདག་མེད་ལྷ་མོ་བཅོ་ལྔའི་བསྟོད་པ། །*། །རྒྱ་གར་སྐད་དུ། ནEེ་རཱ་དི་པཾ་པཉྩ་ད་ཤ་སྟོ་ཏྲ། བོད་སྐད་དུ། བདག་མེད་མ་ལྷ་མོ་བཅོ་ལྔ་ལ་བསྟོད་པ། བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །མོས་པ་སྣ་ཚོགས་གདུལ་དཀའ་འདུལ ་བའི་ཕྱིར། །ཆོས་དབྱིངས་མ་བསྐྱེ་བ་འགག་པ་མེད་པ་ལས། །ཐབས་ཀྱིས་སྤྲུལ་སྐུ་སྣ་ཚོགས་སྟོན་མཛད་པ། །ཡེ་ཤེས་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །འཁོར་ལོ་བཞི་ཡིས་བདག་ཉིད་ཨ་ལས་སྐྱེས། །བདུད་བཞི་ཟིལ་གྱིས་གནོན་པ་འཇིགས་པའི་སྐུ།། ་མི་བསྐྱོད་དབུ་རྒྱན་བདེ་བ་ཆེན་པོའི་དང། །ཡེ་ཤེས་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཱ་ལས་སྐྱེས་པའི་མཛེས་མ་རྡོ་རྗེ་མ། །རྟག་ཏུ་དགྱེས་པས་ཁ་ཊཝཾ་ག་ལ་གཟིགས། །གདུག་པ་རྣམ་སྐྲག་རྣམ་སྣང་ཅོད་པན་ཐོགས། །དུར་ཁྲོད་རྒྱན་དང་ལྡན ་ལ་ཕྱག་འཚལ་ལོ། །ི་ལས་བྱུང་བའི་གསང་བའི་གཽ་རཱི་མ། །གཟི་བརྗིད་མ་མཚུངས་གར་ལྡན་རོ་མཆོག་མྱོང། །དོན་དམ་ཐུགས་ཆུད་དབུ་རྒྱན་རིན་ཆེན་ཏོག་།སྤྱན་གསུམ་ཐོད་རློན་ཅན་ལ་ཕྱག་འཚལ་ལོ། །ཱ་ལི་ཀཱ་ལིའི་སྙོམས་འཇུག་རྣལ་འབྱོར་མ།། ་བདེ་བརྟག་དགྱེས་བྱང་ཆུབ་སེམས་ཀྱི་དང། །འོད་དཔག་མེད་ཀྱིས་དབུ་རྒྱན་ཨའི་ལས་སྐྱེས། །གར་གྱིས་དགྱེས་པ་དེ་ལ་ཕྱག་འཚལ་ལོ། །ུ་ལས་བྱུང་བའི་རྡོ་རྗེ་མཁའ་འགྲོ་མ། །ཁམས་གསུམ་དག་བྱེད་སྒྲོལ་མ་ལས་ཀྱི་མཆོག་།དོན་གྲུབ་དབུ་རྒྱན ་ཆགས་པའི་སྤྱན་དང་ལྡན། །མཚུངས་མེད་ཆགས་པར་ལྡན་ལ་ཕྱག་འཚལ་ལོ། །སྐྱེ་མེད་ཆོས་དབྱིངས་རྣམ་དག་པུཀྐ་སི། །མི་བསྐྱོད་དབུ་བརྒྱན་དྲི་མ་དག་མཛད་ཅིང། །འུ་ལས་སྐྱེས་པ་བརྒྱ་ཕྱེད་ཕྲེང་བ་འཛིན། །འཇིག་རྟེན་ཞི་མཛད་དེ་ལ་ཕྱག་འཚལ་ལོ།། ་དུས་གསུམ་འདུས་མ་བྱས་པའི་རི་ཁྲོད་མ། །སྤྲོས་བྲལ་དྲི་མེད་རྣམ་སྣང་དབུ་ལ་བཞུགས། །རི་ལས་འཁྲུངས་པ་གར་གྱིས་ཕྱོགས་བཅུར་གཟིགས། །ཆུ་ཟླ་དང་མཚུངས་ཁྱོད་ལ་ཕྱག་འཚལ། །གནས་དང་ཉེ་གནས་ལ་སོགས་བགྲོད་མཛད་ཅིང། །འདུ་བྱེད་མ ་ལུས་སྲེག་མཛད་ཙཎྜ་ལཱི། །རིན་ཆེན་དབུ་བརྒྱན་བརྗིད་པས་རཱི་པས་སྐྱེས། །འཛག་པ་གསལ་མཛད་མ་ལ་ཕྱག་འཚལ་ལོ། །མི་གནས་མྱ་ངན་འདས་པའི་མཚན་ཉིད་ལས། །ཐུགས་རྗེ་བསྐྱེད་མཛད་གཡོ་བའི་ཌོཾ་བི་ནཱི། །སྒེག་མོ་སྣང ་མཐས་དབུ་བརྒྱན་ལི་ལས་བྱུང། །མཁའ་ལྟར་དྲི་མེད་སྐུ་ལ་ཕྱག་འཚལ་ལོ། །ཤིན་ཏུ་དྲག་པའི་བརྡ་ཡི་སྐད་སྦྱོར་ཞིང། །རུ་ཏིར་དང་ཨན་ཏྲ་ལ་རྟག་དགྱེས། །ཞེ་སྡང་རྡོ་རྗེས་དབུ་བརྒྱན་ལཱི་ལས་སྐྱེས། །གཽ་རི་ཕྱོགས་བཅུར་གཟིགས་ལ་ཕྱག་འཚལ་ལ།། ་ཆོས་ཉིད་གསལ་བའི་ཡུམ་གྱུར་ཆོམ་རྐུན་མ། །མི་རྟོག་མཉམ་ཉིད་འགྲོ་བའི་དོན་ལ་བརྩོན། །དབུ་བརྒྱན་གཏི་མུག་རྡོ་རྗེ་མི་འགྱུར་རྟགས། །ེ་ལས་བསྐྱེད་པ་དེ་ལ་ཕྱག་འཚལ་ལོ། །འཇིག་རྟེན་མ་ལུས་ཆགས་ལས་དབང་དུ་མཛད། །དཔལ་ལྡན་གཟི་བརྗིད ་སྐྱེད་མཛད་ཝེཾ་ཏཱ་ལཱི་།ང་རྒྱལ་རྡོ་རྗེས་དབུ་རྒྱན་ཨི་ལས་སྐྱེས། །སྙོམས་འཇུག་མི་གནས་དང་ལ་ཕྱག་འཚལ་ལོ། །ཤེས་རབ་ཐབས་སུ་ལྡན་པའི་གཱསྨ་རཱི། །དེ་ཉིད་ལས་སྐྱེས་འདོད་ཆགས་རྡོ་རྗེས་བརྒྱན། །ོ་ལས་བྱུང་བ་དྲག་པོའི་ལས་ལས་སྐྱེས། ་སྐྱེ་མེད་སྐྱེ་བར་བསྟན་ལ་ཕྱག་འཚལ་ལོ། །སྒྱུ་མ་སྨིག་རྒྱུ་བཞིན་དུ་མཁའ་ལ་སྤྱོད། །བར་སྣང་མངའ་མཛད་ཧེ་རུ་ཀའི་དང། །ཅོད་པན་སྣང་བ་མཛའ་ཡས་ཨོ་ལས་སྐྱེས། །ཐམས་ཅད་མཁྱེན་ཅིང་གཟིགས་ལ་ཕྱག་འཚལ་ལོ། །རྣམ་སྣང ་མཛད་ཀྱི་དབུ་བརྒྱན་ས་འོག་སྦྱོད། །འོག་གི་འཇིག་རྟེན་མ་ལུས་སྒྲོལ་མཛད་མ། །ི་ལས་བྱུང་བའི་དུར་ཁྲོད་འཇིགས་པས་བརྒྱན། །ཐབས་མཁས་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ཱ་ལི་ཀཱ་ལི་ཟླ་བ་ཉི་མ་ཁ་སྦྱོར་ས་འོག་རྣམ་པར ་དག་པ་ལས། །གྲི་གུག་ཐོད་པ་ལ་སོགས་ཕྱག་རྒྱ་ལྔ་ཡིས་བརྒྱན་པ་མཛེས་མཛད་ཅིང། །སྐྱིལ་ཀྲུང་བྱེད་པའི་གར་ལྡན་གཅེར་བུ་སྤྱན་གསུམ་སྟག་ལྤགས་ཤམ་ཐབས་ཅན། །ཕྱག་རྒྱ་ཆེན་པོའི་སྐུ་ལ་རྩ་གསུམ་སྤྲུལ་མཛད་དེ་ལ་ཕྱག ་འཚལ་ལོ། །བསོད་ནམས་ཡེ་ཤེས་ཆེན་པོ་ལས་བྱུང་སྐུ་ལྔ་ཡེ་ཤེས་ལྔ་ལྡན་འཇིགས་པའི་གཟུགས་ཅན་མ། །བདག་ཉིད་དད་པའི་མཐུ་ཡིས་རྒྱུའི་ཡོན་ཏན་ཤེས་ཙམ་མཐོང་ནས་དད་པའི་དབྱངས་ཀྱིས་བསྟོད་པ་ཡིས། །ཁམས་གསུམ་འཁོར་བའི་རྒྱ་མཚོར ་གནས་པའི་རྣམ་རྟོག་རླུང་གིས་ཕྱོགས་བཅུར་གཡེངས་བ་རྣམས། །སྐྱེ་རྒན་འཆི་སྤངས་ནས་འཁོར་བའི་རྒྱ་མཚོ་ལས་རྒལ་བླ་མེད་བྱང་ཆུབ་ཐོབ་པར་ཤོག་།བདག་མེད་མ་ལྷ་མོ་བཅོ་ལྔ་ལ་བསྟོད་པ་སློབ་དཔོན་ཆེན་པོ་བསོད་སྙོམས་པ་འཕགས་པ་ལྷས ་མཛད་བ་རྫོགས་སོ།། །།*། །སྟོབས་ཀྱི་འཁོར་ལོ་བསྒོམ་པའི་ཐབས་བཞུགས་སོ། །ོཾ་སྭཱ་སྟི། རྒྱ་གར་སྐད་དུ། །ནཻ་རའཏྨ་བ་ལ་ཙ་ཀྲ་སཱ་དྷ་ན། བོད་སྐད་དུ། བདག་མེད་མའི་སྟོབས་ཀྱི་འཁོར་ལོ་སྒྲུབ་པའི་ཐབས། རྡོ་རྗེ་རྣལ་འབྱོར ་