CLOSE WINDOW

N3495: bdag med ma'i byin rlabs
Wyliee-texts based on the ACIP/ALL Input

རྣམས་ཉན་བཤད་བྱེད་པ་དང། བཛྲ་པཱ་ཎིའི་ཕྱག་རྒྱ་བཞི་པ་ལ་རྡོ་རྗེ་ཚིག་བསྡུས་ཆེ་བ་ཟེར། མཻ་ཏྲི་པའི་སློབ་མ་རྣམས་འཆང་ཉན་བྱེད་པ་བྱུང་བ་ཡིན་ལགས།། །།*། །བདག་མེད་མའི་བྱིན་རླབས། བླ་མ་དམ་པ་རྣམས་ལ ་ཕྱག་འཚལ་ལོ། །མཁའ་འགྲོ་མ་བདག་མེད་མའི་བྱིན་རླབས་འཕོ་བའི་ཐབས་གནས་ཁང་ཡིད་དང་མཐུན་པར། མཎྜལ་ལ་མེ་ཏོག་གི་ཚོམ་བུ་བཅོ་ལྔ་དགྲམ། མེ་ལོང་ལ་དྲིས་བྱུགས་ལ་སིནདྷུ་རའི་ཕྱེ་མ་དར་ལ་བཙགས་པས་ཆོས་འབྱུང་གྲུ་གསུམ་བསྣོལ ་མ་བྲིས་ལ། དབུས་ཀྱི་ལྟེ་བ་ལ་ལྷ་མོ་བཅོ་ལྔའི་ས་སློབ་མ་ལ་བོན་བཅོ་ལྔ་བྲི། ཟུང་རྣམས་ལ་ཇོ་བོ་ཏིལླི་ས་བོན་རྣམས་རིམ་པ་བཞིན་དུ་བརྗོད་ལ་པ་ནས་ད་ལྟ་ཡན་ཆད་ཆར་དམ་ཀྱི་བླ་མའི་མིང་གི་ཡིག་གེ་རཾ་རས་ལྟ་བུ་དང་པོ་གསེར་གྱིས་ཐུར་མས་བྲིས་ཏེ། ་དེ་ཡང་མཎྜལ་གྱི་དབུས་སུ་བཞག་།མེ་ཏོག་ལྷ་མོ་བཅོ་ལྔ་ལ་པཱ་ཛ་ཚར་རེ་བཤམས་ན་ལེགས་དང་སྤོས་ལ་སོགས་པའི་མཆོད་པ་བཤམ། གཏོར་མ་དང་ཚོགས་ཀྱི་ཡོ་བྱད་ཅི་འབྱོར་པ་ཡང་བཤམ། གསང་མཚན་ཤེས་ལེགས་པར་དེར་གདན་གཏིང་ཏེ་བླ་མ་བཞུགས་སུ ་མན་འཆིལ?་སོགས་པའི་སྟེང་དུ་ཐོད་པའི་ཚད་བྱིན་བརླབ་བྱས་པ་དེ་བཞག་།དེའི་སྟེང་དུ་ཤིང་གི་ཁྲི་དྲ་བའི་སྟེང་དུ་དང་དམར་པོས་བཀའ་བ་དེའི་སྟེང་དུ་སུནདྷུ་རའི་དཀྱིལ་འཁོར་ཞག་གོ། གསོལ། བླ་མ་དགྱེས་པ་རྡོ་རྗེ་ཕྱག་བཅུ་དྲུག་པ་ཡུམ་དང་བཅས་པའི་བསྐྱེད་རིམ་རྒྱས་བསྡུས་ཅི་རིགས་པར་བསྒོམ། ལྷ་མོ་བཅོ ་ལྔའི་སྔགས་བརྒྱ་རྩ་བརྒྱད་དམ་ཉི་ཤུ་རྩ་གཅིག་ལ་སོགས་པ་ཅི་རིཌ་པར་བཟླས། །བླ་མས་རྫོགས་པའི་རིམ་པ་ཉམས་ཨེན་ཅིག་བསྒོམ། །མེ་ལོང་ལ་ལྷ་མོ་བཅོ་ལྔ་བླ་མ་དང་བཅས་པ་བསྒོམ། ཐོད་པ་ཆད་གྱིས་བཀང་བ་ཅིག་བླ་མའི་ལག་པ་གཡས་པར་བཟུང་སྟེ། ་གཡོན་པའི་སྲིན་ཐེབ་ཆད་གི་ནང་དུ་བཅུག་ལ་ཨོཾ་ཨཱ(རྒྱུད་འགྲེལ་མཉེས་པར་བསྒོམ། དེ་ནས་མེ་ལོང་ལ་དེ་བིའི་མཆོད་པ་རྣམས་ཀྱིས་མཆོད། བུ་མོ་ཆུང་དུ་མས་ཟན་གྱི་ཏིང་ལོ་རེ་རེ་ཁར་འཇོག་ཏུ་བཞུགས་།ཚོགས་ཀྱི་མཆོད་པ་ཡང་ཡིད་ཀྱིས་དབུ་ལ། དེ་ནས་སོས་ཆུས་སློབ་མ་ཁྲུས་བྱས་ཏེ ་བླ་མ་ལ་སྐྱབས་འགྲོ་སེམས་བསྐྱེད་ཅིག་བྱ་མཎྜལ་དང་མེ་ཏོག་སནདྷིུ?་རའི་ཕུལ་ཏེ། དེ་ནས་སློབ་མ་དེ་སྟན་བདེ་བའི་སྟེང་དུ་སྐྱིལ་ཀྲུང་བཅའ་། ཐལ་མོ་སྦྱར་ལ་སེམས་ཤིན་ཏུ་རྩེ་གཅིག་པར་གྱིས་ཤིག་བྱས་ལ། ད་ཁྱིད་ཀྱིས་སློབ་དཔོན་དགྱེས་པ་རྡོ་རྗེ་ཡབ ་བུ་མོ་དང་བླ་མ་དང་སིནདྷུ་རའི་དཀྱིལ་འཁོར་དང་བཅས་པ་ལ་ཕྱག་གསུམ་བྱས་ལ་ཌ་ཀི་མ་ཐམས་ཅད་ཀྱིས་ཟིན་གྱིས་བརློབས་གཅིག་ཞེས་གསོལ་བ་བདབ་པར་བྱའོ། །ཡུམ་ཞལ་སྦྱར་དུ་བསྒོམ་དང་གུས་དང་བཅས་པས་ཤིག་བྱ། སློབ་དཔོན་གྱི་སྙིང་ཁར་བདག་མེད་མ་ཡུངས་ཀར་གྱི་འབྲུ་ཙམ་པ་།གཡས ་ན་གྲི་གུག། གཡོན་ན་ཐོད་པ་ཁྲག་གི་བཀང་བ། ཁ་ཊཝཾ་ག་ས་ཆན་ཁུང་དུ་བཅུག་པ། རུས་པའི་བརྒྱན་ཆ་ལྔས་བརྒྱན་པ། འོད་ཟེར་ཁ་དོག་དྲུག་དང་ལྡན་པ། དཔག་ཏུ་མེད་པ་འབྱུང་བས་ཁྱོད་རང་བསྒོམ་དུ་བཅུག་ལ་དེ་ལས་བདག་མེད་མ་བྱོས?་པས། ་གི་སྙིང་གར་ཞུགས་པས། ལུས་ཐམས་ཅད་བདག་མེད་པའི་སྐུ་འོད་ཟེར་དང་བཅས་པས་མེ་རེ་རེ་གང་བར་བསྒོམས་དང། གསུམ་བྱ་ཡང་དང་ཡང་དུ་བྱས་པས་བྱིན་རླབས་ཕེབས་ཏེ་འོང། དེ་ནས་སློབ་དཔོན་གྱིས་སློབ་མའི་སྤྱི་བོར་ཙབ? ་བཅབ་པེ་བྱས་ལ་ཨ་དེ་ཅིག་ཤེས་པ་གསེངས་ཅིག་བྱ། དེ་ནས་ཟན་གྱི་ཏིང་ལོ་ཨེན་ཅིག་ཁར་སྦྱིན། ཚོགས་ཀྱི་ཡོ་བྱད་ལ་སོགས་པ་སྤྱད། གཏོར་མ་བཏང། སྨོན་ལམ་གདབ་པར་བྱ། སིནདྷུ་རའི་དཀྱིལ་འཁོར་ལ་མེ་ཏོག་ལ་སོགས་པས་མཆོད། ་ཡི་གེ་མ་རྣམས་མཁའ་གྲོ་མའི་ངོ་བོར་བཞུགས་ལ། སློབ་མའི་དཔྲལ་བར་ཐིག་ལེ་བྱ?་གནམ་གསུམ་ཀར་བྱས་ཀྱང་མི་འགལ། ལྷག་མ་གཏུམས་ལ་དཔུང་པ་གཡོན་པར་བཅིང་བའོ། །རྗེས་འབུས?་པས་ལག་ཏུ་སླད་པའི་རིམ་པ་སློབ་དཔོན་ཞེ་སྡང་རྡོ་རྗེས་མཛོད་པ་རྫོགས་སོ།། །། ་