CLOSE WINDOW

N3493: rnal 'byor mdor bstan
Wyliee-texts based on the ACIP/ALL Input

ཀྱང་ཀུན་དགའ་སྙིང་པོས་གཡར་ཁྲལ་དུ་སྒྱུར་བའོ།། །།*། །རྣལ་འབྱོར་མདོར་བསྟན་བཞུགས་སོ། །ོཾ་ན་མོ་བཛྲ་ཌཱཀཱ་ཡ?། །དཔའ་བོ་ཁྱོད་དགའ་མགུ་རངས་པར་བྱོས་ཤིག་།སྲིད་པའི་རབ་རིབ་ཀུན་སེལ ་བའི་སྨན་འདིས་རྡོ་རྗེ་སེམས་དཔའ་ཨི་མིག་འཐོབ་སྟེ། སྐྱེད་པ་དང་རྫོགས་པ་དུས་བཞིར་སྒོམ་པར་བྱའོ། །ཉམས་པ་དང་ལྡང་བ་ན་རྣལ་འབྱོར་དྲན་པར་བྱའོ། །ཁྲུས་ཐམས་ཅད་ལ་དབང་བསྐུར་བ་དྲན་པར་བྱའོ། །ཟས་ཀྱི་དང་པོར་གཏོར་མའི ་བྱ་བ་ཡིད་ཀྱིས་བྱའོ། །དེ་བཞིན་དུ་ལྷག་མའི་གཏོར་མ་ཡང་བྱའོ། །བཟའ་བ་དང་བཏུང་བ་དང་མྱང་བ་ཐམས་ཅད་ལ་བྱིན་གྱིས་བརླབས་ཏེ། སེམས་པ་གསུམ་གྱི་བདག་ཉིད་ནང་གི་སྦྱིན་བསྲེག་བྱའོ་སྙམ་པའི་བསམ་པས་མཚན་མ་དང་ཡི་གེ ་དང་ངོ་བོ་ཉིད་དང་བྲལ་བ་བསམ་ཞིང། འདོད་ཆགས་ཆེན་པོས་གྲོང་གི་ཆོས་སྤྱོད་དོ། །སྐུ་གཟུགས་དང་པོ་ཏི་དང་བླ་མ་མཐོང་ན་རང་བཞིན་གཅིག་ཏུ་ཤེས་པས་ཅི་ལྟར་རིགས་པར་ཡིད་ཀྱིས་མཆོད་པ་དང་བསྟོད་པ་ཕྱག་བྱ་ལ་ལུས་དང་ངག ་གིས་ཀྱང་ངོ། །གལ་ཏེ་གླུ་གང་དང་ཅ་ཅོ་དང་གཞད་གང་དང་སྟོན་མོ་ནི་མཆོད་པར་བྱའོ། །ཅི་སྟེ་དབང་མེད་པར་སྤྱོད་པས་སྡིག་པར་སྤྱོད་ན་ཡན་ཆེས་ཉམས་ཏེ། དེ་ལ་བསྣུན་པ་དང་འཕྲོག་པ་དང། ངག་ཚིག་འཁྲུལ་པ་དག་ཀྱང་བླ་ན་མེད ་པའི་སྙིང་རྗེ་དང་མི་སྤྲོ་བས་བསོད་ནམས་དང། དྲག་ཤུལ་སྦྱོར་བ་དང། སྔགས་ཀྱི་ཚུལ་བསམ་པས་ནི་ཆེས་ཆེ་བ་མ་ཡིན་ནོ། །འདི་ལ་མཉམ་པ་ཉིད་ཀྱིས་ཀྱང་མྱུར་དུ་བཤགས་པར་ཡང་བྱའོ། །ཐམས་ཅད་ལྷར་ལྟས་ཏེ་བསོད ་ནམས་ཐམས་ཅད་བྱའོ། །ཡུད་ཀྱིས་ཐམས་ཅད་ལྷ་དང་ཕྱི་ནང་གི་ཟླས་པ་དང་ཐིག་ལེ་དང་གཏུམ་མོ་དང་རང་བཞིན་མེད་པ་རྣམས་སྐད་ཅིག་སྐད་ཅིག་ཙམ་སྒོམ་མོ། །ངོ་ཚ་དང་གཙང་སྦྲ་དང་འཛེམ་པ་དང། བཟང་ངན? ་དུ་ཕྱེད་ཆེར་མི་བྱ་ཞིང་མཉམ་མོ། །འོས་པ་དང་མི་འོས་པ་ཡང་རུང་རྣལ་འབྱོར་ལྡན་པས་བཟའ་བ་དང་བཏུང་བ་དང། ཆ་བྱད་དང་བརྒྱན་དང་གནས་དང་མལ་ཆ་དང་བུད་མེད་དང་སྤྱོད་ལམ་ནི་ཅི་འདོད་པར་སྤྱང། རྣལ་འབྱོར་མི་བརྟན་པས་ནི ་མཐུན་པར་བྱ། །རྩ་བའི་ལྟུང་བ་དང་སྦོམ་པོ་ནམ་ཡང་མི་བྱའོ། །གཞན་དུ་སྡིག་པར་སྨོས་པ་ཐམས་ཅད་ཀྱང་འབད་དེ་སྦང། བླངས་པ་དང་དམ་བཅས་པའི་སླབ་པ་མཆོག་གལ་ཏེ་གཞན་ཡོད་ན་ཐམས་ཅད་དུ་མི་འདའ་བར་བྱའོ། ། ་སྦྱོར་བ་དེ་དག་ནི་ཐམས་ཅད་ལ་ཐམས་ཅད་དུ་གསང་ངོ། །གལ་ཏེ་བརྟན་ན་དཔའ་ཨོ་སེང་གེ་ལྟ་བུ་འཇིགས་པ་མེད་པས། བྱིས་པ་དང་སྨྱོན་པ་དང། འདོད་པ་ཅན་དང་གྱ་ཚོམ་པ་ལྟ་བུར་ཨ་བ་དྷུ་ཏིའི་སྤྱོད་པ་གསངས་ཏེ་བྱའོ། །སྦྱིན ་པ་དང། ཚུལ་ཁྲིམས་དང་ཤེས་རབ་དང། ཏིང་ངེ་འཛིན་ལ་ཅི་ཙམ་ནུས་པར་འབོད། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ལ་མོས་པས་ཐམས་ཅད་བྱའོ། །བརྟུལ་ཞུགས་གནས་པ་དེ་ལྟ་ན་ནི། རྒྱལ་རིགས་ཀྱི་རང་བཞིན་སྤྱོད་པ་ཅན་ཁྱིམ་ན ་གནས་པ་ཉིད་དུ་ཡང་རྡོ་རྗེ་སེམས་དཔར་འགྱུར་ན་གཞན་ཅི་སྨོས་ཏེ་དེ་ལྟར་བྱའོ། །སློབ་དཔོན་ར་ཧཱ?་ལ་བཛྲའི་ཞལ་སྔ་ནས་ཟླ་བའི་སྙིང་པོ་ལ་གདམས་པ་རྫོགས་སོ།། །།དེ་ཁོ་ན་ཉིད་བཞི་པ་ཞེས་བྱ་བ་བཞུགས་སོ། ། ་རྒྱ་གར་སྐད་དུ། ཙ་ཏུར་ཏརཊཱ?་བོད་སྐད་དུ། དེ་ཁོ་ན་ཉིད་བཞི་པ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བླ་མ་མཆོག་དང་ཧེ་རུ་ཀ་།མགོན་ལ་བཏུད་ནས་འགྲིབ་མེད་པའི། །བདུད་རྩའི་འོད་འདིས་སྙིང་ལ་ནི། །བསིལ་པའི་ཆུ་བོ་འབབ་པ་སྦྱིན། །དེ ་