| Wylie | e-texts based on the ACIP/ALL Input |
ཨོཾ་སྭསྟི། །རྒྱ་གར་སྐད་དུ། ཨུ་བདེ་ཤཔྲ་ཀཱསཥ་ཊཾ་གཡོག་།བོད་སྐད་དུ། རྣལ་འབྱོར་ཡན་ལག་དྲུག་པ་མན་ངག་གསལ་བ། རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སློབ་དཔོན་དམ་པའི་ཞབས་པད་རིང་དུ་བསྟན། །གུས་པས་བཀས ་གནང་ཐོབ་པས་བདག་ཉིད་ཀྱི། །དྲན་པའི་སྐྱེ་གནས་མན་ངག་འབྲི་བ་ལ། །བློ་ལྡན་མཁས་པ་སུ་ཞིག་དམོད་པར་བྱེད། །འདི་ལ་བསྐྱེད་པའི་གོ་རིམ་དེ་ཁོ་ན་ཉིད་བཞི་ལ་གནས་ནས་ཡན་ལག་དྲུག་པ་སྒོམ་མོ། །དེ་ལ་དྲན་ལ་གཅིག་པ་ནི་སོ་སོར ་བསྡུས་པའོ། །ཐིག་ལེའི་རྣལ་འབྱོར་དང་ཕྲ་མོའི་རྣལ་འབྱོར་ཁོག་བཤིག་པའི་སྦྱོར་བ་ནི་བསམ་གཏན་ཡིན་ཏེ། ལྡང་དང་འཇུག་པ་དང། ཡང་ན་ཀུམྦྷ་ཀས། འབར་བ་དང་འཛག་པ་འདིར་ཡང་མན་ངག་གིས་ཤེས་བར་བྱའོ། །ཐིག་ལེ་བསམ ་པ་ནི་རྟོག་པའོ། །ཕྲ་མོའི་དཀྱིལ་འཁོར་དེའི་ནང་དུ་ཆུད་པ་ནི་དཔྱོད་པའོ། །བདག་མེད་མ་འབར་བས་དགའ་བའོ། །ནོར་བུའི་ཐིག་ལེ་ནི་བདེ་བ་སྟེ། །ཡང་ན་ལྟེ་བར་བདེ་བ་གཡོ་བ་མེད་བ་འབྱུང་ངོ། །གཟུགས་ལས་འདས་པ་ནི་རྩེ་གཅིག་པ་དང་འབྲེལ་བའི ་ཤེས་རབ་པོ། །དེ་ནས་རྫོགས་པའི་དེ་ཉིད་བཞི་པོ་རང་གི་ནོར་བུ་དང་སྙིང་ཁའི་སྣ་རྩེར་ཟླ་བ་དམར་པོ་ལ་ཧཱུཾ་ཞེས་བསམ་མོ། །མཚན་མ་ལྔ་མཐོང་ནས། ཨོཾ་ཨཱ:ཧཱུཾ་ཞེས་འཇུག་པ་དང་ལྡང་བ་དང་གནས་པ་ལ། དཀྱིལ་འཁོར་བཞི་ལས་མི་ཤིགས་པའི ་སྔགས་བཟླས་པ་དང། དབང་པོའི་ལམ་ལས་ཀྱང་དེ་ལྟར་བྱ་སྟེ། མིག་དང་ཡིད་ཀྱི་བར་དུ་མངོན་པར་ཤེས་པ་དྲུག་ཏུ་འགྱུར་རོ། །རླུང་རྣམས་གསལ་བ་དད་བདེ་བར་གྱུར་པས། རྡོ་རྗེ་དང་ཐོད་པའི་ཨཱ་ལི་ས་བོན་ལས་སྟེང་དང་འོག་དང་སོ་སོར ་བཟླས་པ་བྱའོ། །སྲོག་དང་རྩལ་བའོ། །འཛིན་པའི་ཡེ་ཤེས་བསྐྱེད་པར་བྱེད་པ་ལྟེ་བའམ་གསང་བ་ལས། ལས་ཀྱི་རླུང་གིས་སྦང་པའི་ཙཎྜ་ལཱིས་དེ་བཞིན་གཤེགས་པའི་བདུད་རྩི་ཟླ་བའི་འོད་ཟེར་ལྟ་བུ་དགུག་པར་བྱས་ནས་བསྒོམ་པ་འདིས་ནི་དགའ་བ ་བཞི་པོ་འཐོབ་དེ་སྒོ་དག་འགག་གོ་།འཁོར་ལོ་བཞི་འགག་གོ་།སྒོ་གཉིས་དབྱེའོ། །ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་སོ། །ཕྱིའི་བུ་མོ་རང་གི་རིགས་ཅན་ཡོངས་སུ་སྦྱངས་ལ། །དེ་ཁོ་ན་ཉིད་དང་ལྷའི་གཟུགས་ལ་ཡི་གེར་བཅས་པ་ཇི་ལྟར་དབྱེ་བར་མི་འགྱུར་བ་དེ་ལྟར ་བསྒོམ་མོ། །ཉམས་དགའ་ཨི་རོལ་པས་ཀུན་ཏུ་བལྟ་ཞིང་དེ་རྗེས་སྦྲང་རྩི་འདྲ་བའི་ཚིག་འཇམ་དང། དགའ་བའི་དྲི་བསྲུང་ལག་པའི་མཆོ་སྐྱེས་བསྐྱང་ནས་དེ་ལ་ཀུན་མཁྱུད་པའི། །ཆགས་བའི་རོ་མཐུང་གཅོད་དང་བཞིབས་པས་བདག་ཀྱན་ཅི་འགྱུར་མ་ཤེས་ཏེ། ་གཡོན་གཡས་ཁུ་རྡུལ་རབ་འབབ་གཡོན་གྱི་དཔུས་གནས་རྡོར་དབྱིངས་དབང་ཕྱུག་མ། བྷག་ཀུརྨའི་དབུས་སུ་སོར་མོ་གསུམ། །ཡང་ན་ཁོང་ནས་སིད་ཀྱི་སྒྲ་བྱུང་བ། །དེ་སྲིད་ལྕེ་ཡི་ཐུར་མས་བསྐུལ་བྱས་ནས། །དེ་ནས་ཆོས་ཁམས་བདེ་བ་འདི་ལ་བསྒྲུབ།། ་སྐད་ཅིག་བཞི་དང་བཅས་པ་ལས། །དགའ་བ་བཞི་པོ་མཚོན་པར་བྱ། །འདི་མི་བྱིན་རླབས་རིམ་པའི་ཕྱིར། །ཀུན་ཁྱེན་ཡེ་ཤེས་དེ་ལྟ་བུ། །དབང་པོ་ལས་འདས་དབང་པོ་ཐམས་ཅད་པ། །སྐྱེ་མེད་ཉིད་ནའང་རང་རིག་སྤྱོད་ཡུལ ་ཅན། །ཤེས་རབ་ཐབས་ཀྱི་རང་བཞིན་དག་ལས་འདས། །ཆུ་འཛིན་སྟུག་པོ་མཁའ་རུ་ཐིམ་པ་བཞིན། །ཡང་ན་སྙིང་ཁ་ནས་ཉམས་དགའ་བའི་བུ་མོ་ཕྱུང་སྟེ་སྤྱད་དོ། །དམ་ཚིག་གི་ཕྱག་རྒྱའོ། །འཁོར་ལོ་བཞི་ལ་དགའ་བ་དང། བདེ་བ་ཉམས་སུ ་མྱོང་བ་ན་གཟུགས་ལས་འདས་པ་བསྒོམ་སྟེ། རིག་མ་དང་སྟན་ཅིག་ཡེ་ཤེས་གསུམ། ལས་ཀྱི་ཕྱག་རྒྱའོ། །མངོན་དུ་གྱུར་ནས་དོན་དམ་པར་འགྱུར་བ་ཡིན་ནོ། །ཡེ་ཤེས་ཆོས་ཀྱི་ཕྱག་རྒྱ་ལ་ཡང་འདི་སྦྱར་ཏེ་དེ་ཁོ་ན་ཉིད་བསྒོམ་མོ། །དེའི་མཚན་མ་ལྔ ་པོ་མཐོང་ཞིང། ཡེ་ཤེས་དེས་བཟུང་བ་དང་འཛིན་པ་བསད་ནས་དེ་ལས་ལངས་པ་ན་ཆོས་བརྒྱད་ནི་རང་བཞིན་མེད་པའི་ཕྱིར་མཉམ་ལ། །ཉོན་མོངས་པའི་ཚོགས་དང། གནོད་པ་ཐམས་ཅད་དང། དགེ་བ་གང་གིས་མི་བརྫི་བར་དེ་ཉིད་བདེ ་བ་ཐོབ་པ་རྒྱུན་མི་ཆད་ན་དྲོ་བ་ཐོབ་པ་ཞེས་བྱའོ། །འདི་ལས་སྨིག་རྒྱུ་ལ་སོགས་པ་ཡང་འབྱུང་བ་ཡིན་ནོ། །ཡེ་ཤེས་འདི་ལ་བསྐལ་པ་འམ། བསྐལ་པ་སྟོང་དུ་ཡང་སྦྲང་བུ་དང་རྔ་བོ་ཆེ་དང། མཆོན་དང་མེ་དང་ཆར་པ་ལ་སོགས་པས་ཀྱང་མི་འཕྲོག ་ཤིང་བདེ་བས་མཉམ་པར་བཞག་གོ་།ཕྱག་རྒྱ་ཆེན་པོའོ། །དེ་དག་ནི་བཟུང་བའི་ཡན་ལག་གོ་།དེ་ལས་ནི་བདེ་བ་ཆེན་པོའི་སེམས་མྱོས་པ་རླུང་དང་ལྷན་ཅིག་པར་དཀྱིལ་འཁོར་འཁོར་ལོ་བསྒོམ་མོ། །བྱིས་པ་རྣམས་ཀྱི་རྨི་ལམ་དང། སྲིད་པ་བར་མ་ཞེས་བྱ ་བ་ཡེ་ཤེས་ཀྱི་སྐུ། མཚན་དཔྱད?་པེ་བྱད་དང་ལྡན་པ་བཅད་དུ་མེད་པ་དེ་བླ་མ་དམ་པས་ཉེ་བར་མ་བཟུང་བའི་ཕྱིར་འཁོར་བ་ཞེས་བྱ་ལ། དེ་ཉིད་བླ་མའི་དྲིན་གྱིས་མགྲིན་པར་ལོངས་སྤྱོད་རྫོགས་པའི་སྐུར་འགྱུར་རོ། །རྗེས་སུ་དྲན་པའོ། །དེ་ནས་སྔ་མ་བཞིན ་དུ་སྟོང་པར་འཇུག་སྟེ། རིག་མའི་ནང་གི་བདེ་བ་ལྔ་པོ་བསྒྲུབས་ནས་ཇི་ལྟར་འདོད་པ་སེམས་མི་འཁྲུག་པ་དེ་ལྟར་ལོངས་སྤྱོད་དེ། ལྷན་ཅིག་དོན་དམ་པ་བསྒོམ་པས་དཔེ་ལས་འདས་པ་ཐོབ་པར་བྱེད་དོ། །སེམས་འཁྲུགས་པས་ནི་གཡེངས་ཤིང་ཉོན ་མོངས་ཏེ། ཉོན་མོངས་སྡིག་པ་དེ་ཡིས་དམྱལ་བར་འགྲོ་གོམས་པ་དེ་ཡི་བག་ཆགས་བགོ་བ་སྟེ། གྲོགས་དག་སེམས་ནི་མི་གཡེང་འཁྲུག་མི་བྱ། རིམ་པ་འདི་ལྟར་གཉིད་སྟུག་པོ་དང། མཐར་དུས་བྱེད་པ་དང། འཁྲིག་པའི་སྦྱོར་བ་དག ་ལ་རླུང་རྣམས་གུ་དྷར་དུ་ཐིམ་ཞིང་ཉི་མ་དང་ཟླ་བའི་འགྲོས་ཟད་པ་དང། ཡེ་ཤེས་གསུམ་རང་བཞིན་ལ་འཇུག་སྟེ། སྲིད་པ་ལྡོག་པ་ཡང་བླ་མའི་མན་ངག་གི་སྙིང་ཁར་ཆོས་ཀྱི་སྐུ་ཞེས་མངོན་དུ་འགྱུར་རོ། །གང་དེ་ལས་ལྡང་བ?་ནི་བར་མ ་ཆོད་པར་ལྷའི་རང་བཞིན་དཀྱིལ་འཁོར་འཁོར་ལོའི་འབྲས་བུ་དེ་ཉིད་ཡེ་ཤེས་གསུམ་གྱི་མཐར་འོད་གསལ་དང་གཉིས་སུ་མེད་པ་སྟེ། རིམ་པ་དེ་ལྟར་གཉིད་སད་པ་དང། སྐྱེས་པ་དང་བུད་མེད་དབང་པོ་གཉིས་སྦྱོར་བའི་བདེ་བ་ལས་ལྡང་སྟེ། ཇི ་ལྟར་གཉུག་མའི་ལྷ་དང། སེམས་ཀྱི་རང་བཞིན་བདེ་བ་དེ་དེ་ནས་ཡང་བློ་བུར་གྱི་ལུས་ལ་འཇུག་སྟེ། བླ་མའི་མན་ངག་གིས་ལྟེ་བར་སྤྲུལ་པའི་སྐུའོ། །ཏིང་ངེ་འཛིན་གྱི་ཡན་ལག་གོ་།བྱིས་རྣམས་རྟག་ཏུ་འདི་ལ་གོམ་བྱེད་ཅིང། །འདི་རྣམས་ཁོ་ནའི ་གཏམ་དང་གཏམ་གྱི་འདའ་། །འོན་ཀྱང་མི་ཤེས་འདོད་ལ་ཆགས་དེ་རྣམས། ཡང་ཡང་རྣམ་པར་སྨིན་པས་འཁོར་བར་འགྱུར། །དེ་ལྟར་བླ་མའི་མན་ངག་བསླབས་པས་རིག་མ་དང་ལྷན་ཅིག་གཉིས་ཀའང་ལྟོས་པ་མེད་པར་མངོན་པར་བྱང་ཆུབ་པ ་ལྡས་འདོད་པའི་དངོས་གྲུབ་ཏུ་འགྱུར་རོ། །རྣམ་པར་རྟོག་པ་ཐམས་ཅད་འདྲོར་བ་ཞེས་རྟོགས་པ་དང། ཡང་ན་དཀྱིལ་འཁོར་དང་དབྱེར་མེད་པ་བསྒོམ་ནས་འདོད་པ་ཐམས་ཅད་ལ་ཅི་འདོད་པར་སྤྱད་ན་ཕྱག་རྒྱའི་དངོས་གྲུབ་དུ་འགྱུར་ཏེ། དེའི་ཕྱིར ་ལུས་ལ་མི་སྨད་ཅིང་མཆོད་པར་བྱའོ། །གནས་གསུམ་གྱི་མི་མོ་དང། ཡེ་ཤེས་སྐུ་ཁ་སྦྱོར་དང། དེ་ཁོ་ན་ཉིད་དང། ཡེ་ཤེས་ཀྱི་སྐུ་ཆེན་པོ་རྣམས་ནི་ཕྱག་རྒྱ་བཞི་སྟེ། ལས་དང་དམ་ཚིག་དང། ཆོས་དང། ་ཕྱག་རྒྱ་ཆེན་པོ་ཞེས་པ་རྣམས་སོ། །འདིར་ད་ནི་རབ་ཏུ་མི་སྤྲོ་སྟེ། བླ་མའི་མན་ངག་གིས་རྒྱུད་སྡེ་རྣམས་མཉམ་པར་བྱའོ། །མང་དུ་སྨྲས་པས་ཅི་ཞིག་བྱ་སྟེ། བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། མན་ངག་གཅིག་པུ་སྒོམ་གྱུར་ན། ་འཕྲལ་དུ་མངོན་དུ་བྱེད་པ་ཡིན། །རྙེད་བཀུར་མེད་པར་རྗེས་སུ་བཟུང་མཛོད་ཅེས་འདོད་དེ་ཉིད་ཐོབ་མ་ཐག་།རྡོ་རྗེའི་རྒྱུད་ཤེས་ད་ལྟ་ད?་ཤེས་སློབ་དཔོན་གྱིས་ཡང་ཐོག་མར་སྨྲ། མཆོག་གི་མི་དམོད་ཆང་དང་བུད་མེད་ནོར་ལ་རབ་ཆགས་བླ་མ་ལ། ་མཉམ་ཞེས་འགྲན་བྱེད་མི་ལ་དཔལ་ཆེན་རྡོ་རྗེ་སེམས་དཔའ་ཨང་འཇིགས་ཞེས་གསུངས། །དེ་འདྲ་དཔའ་ཆེན་རང་གི་བུ། །དེ་ཡི་ཆུང་མ་སྐལ་ལྡན་ན། །ཁྱིམ་གཅིག་ཏུ་ཡང་མནའ་མ་ལ། །སྨྲ་ཡི་དེ་ལ་འབད་ནས་གསང། །སྐལ་བཟང་བླ་མ་རབ ་གུས་ཤིང། །ཟབ་མོའི་ཆོས་དང་སྡོམ་ལ་གནས། །དེ་ནི་ཚོང་འདུས་དབུས་གནས་ན། །ཤུབ་པུར་ཡང་ནི་དེ་ཉིད་བཤད། །གཞན་གྱི་དབང་བྱེད་ལ་བདག་པོ། །ཡུལ་གཞན་སོང་ན་དེ་ཉིད་སྦྱིན། །ངན་པ་དེ་ལ་མིང་ཙམ་ཡང། །བརྗོད་པར་མི་བྱ་གྲོགས་དག ་ཀྱེ། མི་སྲུན་རྗེས་སུ་བཟུང་ན་གཉིས་ཀ་ལྟུང། །བློ་བཟང་ཐམས་ཅད་བདེ་བའི་འབྲས་ལྡན་པས། །འདིས་ནི་རྣལ་འབྱོར་བརྩོན་པར་བསྒྲུབས་པ་ལ། །རྡོ་རྗེ་སེམས་དཔའ་གཞན་དུ་དོན་བཅས་ཡིན། །དགེས་པའི་རྡོ་རྗེའི་མན་ངག་གསལ་བ་ཨ ་སཏི་གྷན་ཞེས་བྱ་བ་དང་པོ་ལོག་པའི་ལམ་ལ་ཞུགས་པའི་སྤྱོད་པ་པ་བྱེད་ལའི་གདམ་པས་འདོད་པའི་དངོས་གྲུབ་བརྙེས་པའི་ཞབས་ཀྱིས་མཛད་པའོ། །ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་དུ་འཁྲུངས་པ། པན་གྲུབ་ཀྱི་བླ་མ་དམ་པ་མང་པོའི་ཞལ ་ལུང་གིས་ཐུགས་སིམ་པ་ལས་རྡོ་རྗེ་འཆང་གིས་གནས་བརྙེས་པ། རྗེ་བཙུན་བུདྷ་གུཔཏནཱ་ཐའི་ཞལ་ལས་བྱུང་བ་ལྟར། དགེས་པའི་རྡོ་རྗེའི་མན་ངག་ཀུསཱ་ལས་མཛད་པ་དང། སྤྲོན་མེ་གཅིག་པ་དང། རྣལ་འབྱོར་ཡན་ལག་དྲུག་པ་རྣམས ་ཀྱང་ཀུན་དགའ་སྙིང་པོས་གཡར་ཁྲལ་དུ་སྒྱུར་བའོ།། །།*། །རྣལ་འབྱོར་མདོར་བསྟན་བཞུགས་སོ། །ོཾ་ན་མོ་བཛྲ་ཌཱཀཱ་ཡ?། །དཔའ་བོ་ཁྱོད་དགའ་མགུ་རངས་པར་བྱོས་ཤིག་།སྲིད་པའི་རབ་རིབ་ཀུན་སེལ ་