| Wylie | e-texts based on the ACIP/ALL Input |
པས་ཡང་དག་པར་གསུངས་པའི་སྒྲ་དོན་ཇི་ལྟ་བ་བཞིན་དུ་དགེ་སློང་ཆོས་སྨྲ་བ་བསོད་ནམས་རྣམ་པར་རྒྱལ་བ་དབང་པོའི་སྡེ་ཞེས་བྱ་བས་ལེགས་བར་བསྒྱུར་བའོ།། །།གོ?་ར་བྱེད་པའི་སྙིང་པོ་བརྒྱ་བའི་ཚིག་གསལ་བ་ཞེས་བྱ་བའི་འགྲེས་པ། །*། །རྒྱ་གར་སྐད་དུ?། ་པྲ་ཏི་?་ཤ་དག་གྱི?་པར་ཎཾ?་མ། བོད་སྐད་དུ། །གོ་བར་བྱེད་པའི་སྙིང་པོ་བརྒྱ་པ་རྣམ་པར་བཤད་པ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བདེན་པ་གཅིག་ཏུ་ཚད་སྨེ་ལ་སོགས་ཟབ?་མོའི་ཚུལ། །འདི་ནི་བསྒོམས་པས་རྟོགས་པར་སླ་བའི་སྙིང་པོ་སྟེ། །རྫོགས ་པའི་རིམ་པ་ཀུན?་ཏུ་སྤྱོད་པའི་འདི?་དག་ལས། །ཐམས་ཅད་ལ་ནི་གོ་བར་བྱེད་པའི་སྙིང་པོར་གྱུར། །གང་ཞིག་ཤིན་ཏུ་འུལ?་བྱུང་ཆོས་ཀུན་མཉམ་ཉིད་རང་བཞིན་ཡང། །རྡོ་རྗེ་རྣམ་པར་སྒེག་མོ་རྣམས་ཀྱིས་དགྱེས་པར་གྱུར་རྒྱལ་བ། །སྤྲུལ་པའི་གཟུགས་ནི་རྣམ་པ ་མང?་མཛད་དཀྱིལ་འཁོར་འཁོར་ལོའི་དཔལ། །མཉམ་ཉིད་ཧེ་རུ་ཀ་དཔལ་དེ་ཡི་ཞབས་ནི་བསྟེན་པར་བགྱི། །གང་ཞིག་ཅེས་བྱ་བ་ལ་སོགས་པ་ནས། བསྟེན་པར་བགྱ་ཞེས་བྱ་བ་ནི་གུས་པ་དང་བཅས་པས་བར་མ་ཆད་པར་སོ་སོ་རང་གིས་རིག་པའི་བདག་ཉིད་དུ་བྱ་བ་ཉིད་དོ།། ་ཧེ་རུ་ཀ་དཔལ?་ཞེས་བྱ་བ། །བླ་ན་མེད་པ་ཆོས་མཛའ་དག་གི་རང་བཞིན་ཕྱིན་ཅི་མ་ལོག་པའི་ཆོས་ཉིད་འཇིག་རྟེན་གཉིས་པོའི་ཕུན་སུམ་ཚོགས་པ་མཛའ་དག་མངོན་བར་ལ་གསལ་ཞིང་བདེ་བར་གཤེགས་པའི་ཡོན་ཏན་མཛའ་དག་པ་རྗེས་སུ་ཆགས་པས་དཔལ་ཏེ། དེ་ཡིས ་ཡང་དག་པར་བསྟེན་པའོ། །ཧེ་ཞེས་བྱ་བ་ནི་རྒྱུ་ཡིས་སྟོང་པ་སྟེ། སྐྱེ་བ་དང་བྲལ་ཞིང་དམན་པ་ཉིད་ཀྱིས་དེ་བཞིན་ཉིད་ལྷན་ཅིག་སྐྱེས་པ་སོ་སོར་དང་སྣང་བའོ། །རུ་ཞེས་བྱ་བ་ནི་ཕྱི་དང་ནང་གི་དམིགས་པས་སྟོང་པ་ཉིད་དེ། རྨི་ལམ་དང་སྒྱུ་མ ་དང་སྣང་བརྙན་དང་མཚུངས་པའི་སྣང་བ་མཛའ་དག་གཟུང་བའི་མཚན་ཉིད་དང་སྣ་ཚོགས་པའི་རྟོག?་དང་རྣམ་པར་བྲལ་བའོ། །གཞེས་བྱ་བ་ནི་གང་དཱུང་མི་གནས་པ་སྟེ། དཔེར་བྱ་བ་ཐམས་ཅད་དང་བྲལ་ཞིང་དཔྱོད་པ་མེད་པའི་རང་གི་ངོ་བོ་དམིགས་པ་མེད་པ་ཉིད ་དམིགས་པས་ཐམས་ཅད་དུ་གནས་པའོ། །འདི་ཉིད་ནི་ཆོས་མཛའ་དག་གི་གནས་ལུགས་དངོས་པོའི་མཚན་ཉིད་དང་བྲལ་བ་རྣམ་པར་དཔྱད་པར་བྱ་བ་དང་བརྟེན་པ་མེད་པ་ཡང་དག་པར་རྫོཌ་པའི་སངས་རྒྱས་ཀྱི་ཤིན་ཏུ་ཕུལ་དུ་བྱུང་བའི་བདེ་བ་ཆེན་པོའི་རང་བཞིན་གྱི ་སྐུ་དེ་ཉིད་དེ། གང་ཞིག་དེ་བཞིན་དུ་གྱུར་པ་ཞེས་བྱ་བར་འབྲེལ་ལོ། །ཆོས་ཀུན་ཞེས་བྱ་བ་ནི་དག་གི་སྤྱོད་ཡུལ་ལས་འདས་པའི་དག་པའི་རང་བཞིན་གྱི་རང་གི་མཚན་ཉིད་འཛིན་པས་ན་ཆོས་སོ། །དེ་རྣམས་ཉིད་ཀྱི་མཉམ་པ་ནི་འདྲ་བ་སྟེ། འགྱུར་བ་མེད་པའི་དེ་བཞིན ་ཉི་དུའོ། །ཇི་སྲིད་ཉན་ཐོས་ལ་སོགས་པའི་བར་ལས་ཤིན་ཏུ་ལྷག་པས་ཤིན་ཏུ་ཕུལ་དུ་བྱུང་བ་སྟེ། བླ་ན་མེད་པའོ། །རང་བཞིན་ནི་གང་སངས་རྒྱས་ཐམས་ཅད་ཀྱི་ཆོས་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའི་རྟེན་དང་ངས་པའི་གནས་བྱ་བ་སྟེ། ཆོས་ཀྱི ་སྔའོ?། །དེ་ལྟར་འགྱུར་པས་དཔེར་བྱ་བ་ཐམས་ཅད་དང་བྲལ་ཡང་དགྱེས་པ་ཞེས་བྱ་བ་སྟེ། དགྱེས་པ་ནི་དགའ་བ་ཐོབ་པའོ། །དེ་ནི་རྒྱུན་ཆད་པ་མེད་པའི་སྦྱིན་པ་ལ་སོགས་པ་ཕ་རོལ་དུ་ཕྱིན་པ་མཛའ་དག་གི་བདག་ཉིད་མཚན་དང་དཔེ་བྱད་ཀྱིས་རྣམ་པར ་མཛེས་ཤིང་རང་དང་གཞན་ལ་ཕན་པ་ཕུན་སུམ་ཚོགས་པ་ལ་རྫོགས་པར་ལོངས་སྤྱོད་པ་ཡང་དག་པར་འབྱུང་བའི་སྐུའོ། །རྡོ་རྗེ་རྣམས་པར་སྒོག་མོ་རྣམས་ཀྱིས་ཤེས་བྱ་བ་ལ། །བརྟན་པ་དང་སྙིང་པོ་ལ་སོགས་པའི་མཚན་ཉིད་སྟོང་པ་ཉིད་ཀྱི་ཡེ་ཤེས་ནི་རྡོ་རྗེ ་སྟེ། རང་དང་གཞན་ལ་ཕན་པ་ཕུན་སུམ་ཚོགས་པའི་ཆེད་དུ་རོལ་བས་ན་སྒེག་པའོ། །འདི་ནི་འོད་གསལ་པ་ལས་གཞན་མ་ཡིན་པས་མོ་སྟེ། སྒེག་པར་གྱུར་པའི་དང་ཚུལ་གྱིས་ན་དེ་རྣམས་ཀྱི་ཤེས་བྱའོ། །བར་མ་ཆད་པར་རྣམ་པར་མི་རྟོག་པར་སྐྱེ་བ་ཉིད་ཀྱིས་རྣམ་པར་རྟོག ་པ་ཡོངས་སུ་དག་པ་རང་གི་རང་བཞིན་དུ་གྱུར་པས་དགྱེས་པར་གྱུར་པ་ཞེས་སོ། །ཕྱིན་ཅི་མ་ལོག་པའི་ཆོས་ཉིད་སྟོན་པས་ཉན་ཐོས་ལ་སོགས་པས་ཟིལ་གྱིས་མི་ནོན་ཞིང་འཇིགས་པ་མེད་པས་རྒྱལ་བ་ཞེས་བྱ་སྟེ། ལོངས་སྤྱོད་རྫོགས་པའི་སྐུའོ། །སྤྲུལ་པ་ཞེས་བྱ་བ ་ནི་སྙིང་རྗེའི་གཞད་དབང་དུ་གྱུར་པས་རྣམ་པ་མང་པོའི་མཛད་པ་སེམས་ཅན་གྱི་བསམ་པའི་དབང་ལས་སྟོན་ཅིང་འཇུག་པ་ནི་སྤྲུལ་པ་སྟེ། དེའི་གཟུགས་ཀྱི་རང་བཞིན་ནི་ཤིན་ཏུ་རྒྱ་ཆེ་ཞིང་གྲངས་ལས་འདས་པའི་དཀྱིལ་འཁོར་གྱི་འཁོར་ལོ་བརྙེས་པའོ། །དཔལ་ནི་གཉིད་དུ ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་གང་གིས་ཤེས་བྱ་བ་སྟེ། དེ་དང་དེར་གསུངས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་རང་གི་ངོ་བོ་ཐ་མི་དད་པ་རྣམས་ནི་སྤྲུལ་པའི་སྐུའོ། །དེ་ལྟ་བས་ན་གཞན་མ་ཡིན་པའི་ཡོན་ཏན་གྱི་ཚོགས་ཀྱིས་གང་བའི་ཟབ་མོ་ཉིད་གཅིག་པུ་ནི ་སྐུ་གསུམ་པོའོ་གཅིག་པའི་སྐུ་བཅོམ་ལྡན་འདས་ཏེ། བདེ་བ་ཆེན་པོ་རྟོགས་པ་ཞེས་བྱ་བའོ། །དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱི་བག་ཆགས་ཉེ་བར་ཞི་ཞིང་སྡོམ་པས་དེའི་རྗེས་སུ་རྟོགས་པར་གྱུར་ཅིག་པའོ། །མང་པོའི་རྣམ་པར་རྟོག་འདི་ཞེས་བྱ ་?་རང་བཞིན་གྱིས་ཡོངས་སུ་དག་པའི་ཆོས་ཉིད་སྐྱེ་བ་དང་གནས་པ་དང་འཇིག་པས་སྟོང་པ་ཉིད་དེ་ཉིད་ལ། འཇིག་རྟེན་ཀུན་རྫོབ་ཏུ་གཉིས་ཀྱི་རང་བཞིན་དུ་ལྷག་པར་གནས་པ་ལ་དམིགས་པའི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོགས་པའི་ཚོགས་ཏེ། ཇི་ལྟར་ཞེ་ན། ་ཤིན་ཏུ་རྒོམ?་པ་ལྟ་བུ་ཉིད་ཀྱིས་སོ། །གང་གིས་སྤངས་པ་ནི་རོ་གཅིག་ཏུ་མཉམ་པས་རྣམ་པར་དཔྱོད་པ་ནུབ་པའི་ཚེ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དུ་ཡང་དག་པར་སོན་པར་རྟོགས་པའོ། །མཛེས་པའི་དགའ་བ་ཞེས་བྱ་བ་ནི་བར་ཡང་མཉམ་པར་གོ་བར ་བྱེད་པའི་སྙིང་པོ་ནི་དགའ་བ་སྟེ། ཕ་རོལ་ཏུ་ཕྱིན་པ་ལྔའི་དེ་ཁོ་ན་ཉིད་དོ། །དེ་ཡིས་མཛེས་པས་ན་མཛེས་པའོ། །ཡོངས་བསྒྱུར་ཆེད་དུ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་དུ་ཕ་རོལ་རྗེས་སུ་བཟུང་བའི་ཕྱིར་བག་ཆགས་མ ་ལུས་པ་དང་བྲལ་ཞིང་གཡོ་བ་མེད་པའི་ཆོས་ཉིད་ཀྱི་རང་གི་ངོ་བོ་ཉིད་དུ་སྟེ། འདི་ནི་དེ་ལྟ་བུ་ཉིད་དུ་ཞེས་བྱ་བའོ། །ཇི་ལྟའི་དོན་ཞེས་བྱ་བ་ལ་ཇི་ལྟ་བའི་དོན་ནི་མིང་ཇི་ལྟ་བའི་དོན་ཏེ། ཕྱི་ནས་འཆད་པར་འགྱུར་བ་རྟོགས་པའི་དོན་ཏོ། །གོ་བར་བྱེད་པ་ནི་ཤེས་རབ་སྟེ། གཞི་མེད་པ་མཉམ ་པ་ཉིད་དུའོ། །དེ་ནི་འདི་ལྟར་སྟོང་པ་ཉིད་དང་སྙིང་རྗེའི་ངོ་བོ་ཉིད་རྣམ་པ་དེ་དང་དེས་བཅོམ་ལྡན་འདས་སུ་གསུངས་པ་སྟེ། རྣམ་པར་རྟོག་པ་དག་པ་གང་ཡིན་པའོ། །འདི་ནི་སྟོན་པ་སྟེ། ཤྲི་ཧེ་རུ་ཀ་ཞེས་བྱ་བའོ། །ཤྲི་ཞེས་བྱ་བ་ནི། མཛེས་པ་དང་ལྡན་པའོ། །དེ་ཞེས ་བྱ་བ་ནི་ཧཱུཾ་ཡིག་གི་རྒྱུ་ལས་བྱུང་པའོ། །རུ་ཞེས་བྱ་བ་ནི་རང་བཞིན་ཕུན་སུམ་ཚོགས་པའོ། །ཀ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དག་པའི་སྐུའོ། །ཞེས་བྱ་བའི་དོན་ཀྱང་ངོ། །སེམས་ཉིད་ཀྱེའི་རྡོ་རྗེའི་ཞེས་བྱ་བ་ནི། གང་གི་ཕྱིར་དེ་ལྟར་གྱུར་པ་ལས་གཞན་མ་ཡིན ་པའི་སེམས་ནི་ཀྱེའི་རྡོ་རྗེ་སྟེ། དེའི་ཕྱིར་འདི་ཉིད་རྟོག་པར་བྱང་ཞིང་བསྒོམ་པར་བྱའོ་ཞེས་བྱ་བར་དགོངས་པའོ། །དེ་ནི་ཆེན་པོ་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་གཉིས་སུ་མེད་པའི་ལྷག་པའི་རྣམ་པའི་རང་བཞིན་ཅན་ནོ། །ཀུན་ཏུ་རྟོག་མེད་ཅེས་པ་ནི་དམིགས་པ་ལ་ཤེས ་པ་དང་ཤེས་བྱའི་སྒྲིབ་པ་རབ་ཏུ་བསལ་ཞིང་བྲལ་བའོ། །མ་འདྲེས་པ་ཞེས་བྱ་བ་ནི་ལྟོས་པ་མེད་པར་ཕུལ་དུ་བྱུང་བའི་རང་བཞིན་དེ་བཞིན་ཉིད་སྣང་བཞིན་པའོ། །སྐྱེ་བ་མེད་ཅེས་པ་ནི་མ་བྱུང་བ་སྟེ། སྐད་ཅིག་ལས་ཀུན་ནས་མ་སྐྱེས་པར་ངེས་པའོ། །ཐོགས་པ ་མེད་ཅེས་བྱ་བ་ནི་ནང་དང་ཕྱིའི་དམིགས་པ་དང་བྲལ་བས་མི་ཐོགས་པའི་ཆོས་གཅིག་པུར་ངེས་པའོ། །དོར་དང་བསགས་པ་སྤངས་པ་ཞེས་བྱ་བ་ནི་ཇི་ལྟ་བའི་རང་གི་ངོ་བོ་ཉིད་ཀྱིས་རྒྱ་ཆེ་བ་བསལ་བ་མེད་པ་དང། ཕྱིན་ཅི་ལོག་གི་མངོན་པར་ཞེན་པའི་བག་ཆགས ་མ་ལུས་པས་སྟོང་པ་སྟེ། དེ་བས་ན་དེ་དང་དེ་ལྟ་བུར་གྱུར་པའི་སེམས་ནི་ཀྱེའི་རྡོ་རྗེའོ། །དེ་རྣམས་ཀྱིས་འདི་སྐད་སྟོན་ཏེ། རྟེན་མེད་པ་ཉིད་གཟུགས་སུ་ཉེ་བར་སྟོན་པ་ནི་ཀྱེའི་རྡོ་རྗེ་སྟེ། བག་ཆགས་དང་བག་ཆགས་ཅན་དུ་ཡོད་པའི་གཟུགས་སུ་རྟོག་པས་མོས་ཤིང་རློམ་པ་དང ་མངོན་པར་གསལ་བ་དང་འདོད་པ་ནི་ཡང་དག་པར་ཉེ་བར་གྱུར་པ་མ་ཡིན་ནོ་ཞེས་བྱ་བར་བརྗོད་དོ། །སྣ་ཚོགས་སྤྲུལ་པའི་གཟུགས་རྣམས་སུ། །སྣ་ཚོགས་མོས་པས་རྣམ་རྟོག་པ། །ཞེས་བྱ་བ་ནི་རྣམ་པར་རྟོག་པའི་རང་བཞིན་སྣ་ཚོགས་སུ་འཇུག་པའི་རང་གི་ཉམས་ཀྱི་དབང་ལས་ཤེས ་བྱ་བ་སྟེ། སྟོང་པ་ཉིད་བཅུ་དྲུག་ལ་མོས་པས་ཕྱག་བཅུ་དྲུག་པ་ལ་སོགས་པ་རྣམས་སུ་སྟོང་པ་ཉིད་སྐྱེད་པ་ལ་སོགས་པའོ། །རང་གི་རང་བཞིན་རྟོགས་པ་ཡིས། ཤེས་བྱ་བ་ནི་བག་ཆགས་མཛའ་དག་ནུབ་པའི་ལྷན་ཅིག་སྐྱེས་པའི་རང་བཞིན་ནི་སོ་སོར་སྣང་བ་མེད་པ ་སྟེ། དེ་རྟོགས་པ་ཉིད་ཀྱིས་ངེས་པའི་ངོ་བོར་དེ་རྣམས་ལ་མོས་པའང་མེད་པའོ། །འདི་ནི་རང་བཞིན་ཞེས་བྱ་བ་ལ་སོགས་པ་ལ། ལྷན་ཅིག་སྐྱེས་པ་རྣམ་པར་མི་རྟོག་པའི་ངོ་བོ་ཉིད་འདི་ནི་རང་བཞིན་གྱི་དཀྱིལ་འཁོར་ཞེས་བྱ་བ་སྟེ། རྣམ་པ་ཐམས་ཅད་ཀྱི་མཆོག ་དང་ལྡན་པའི་སྟོང་པ་ཉིད་ཀྱི་སྙིང་པོ་ཅན་གྱི་སེམས་འོད་གསལ་པ་རབ་ཏུ་སྣང་བའི་དང་ཚུལ་འཛིན་པ་ལས་སོ། །ཡེ་ཤེས་ལྔ་ཞེས་བྱ་བ་ནི་ཡེ་ཤེས་ལྔའི་བདག་ཉིད་དེ། དེ་ལ་མེ་ལོང་ལྟ་བུ་ནི་རྣམ་པར་དག་པའི་ལྷན་ཅིག་སྐྱེས་པ་ལ་རྣམ་པ་མཛའ་དག་གི་དབྱེ་བ་སྣང་བས ་མེ་ལོང་ཡེ་ཤེས། །རབ་ཏུ་གསལ་བ་ཡང་དམིགས་པ་མེད་པར་གཅིག་པ་ཉིད་ཀྱིས་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཕྱིན་ཅི་མ་ལོག་པར་རྟོགས་པས་སོ་སོར་རྟོག་པའི་ཡེ་ཤེས་སོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལྷག་པར་རྟོགས་པས་བྱ་བ་གྲུབ ་བའི་ཡེ་ཤེས་སོ། །དམིགས་པ་མཛའ་དག་ཉེ་བར་ཞི་ཞིང་ཚོགས་གཉིས་པོ་རྫོགས་པ་དང་ལྷག་པའི་ཐར་པ་སྟེར་བས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སོ། །འདི་རྣམས་དག་པའི་རང་བཞིན་ཏེ། ཡེ་ཤེས་འབའ་ཞིག་པ་ཉིད་ཀྱིས་སོ། །རྦ་རླབས་མེད་པ་ཞེས་བྱ་བ་ནི་ཐ་སྙད་ཀྱི ་བག་ཆགས་ཀྱིས་སྟོང་པའོ། །བླ་ན་མེད་པ་ཞེས་བྱ་བ་ནི་རང་ལས་ལྷག་པར་སྨྲ་བར་སྨྲ་བར་འོས་པ་སྟེ། དེ་ཉིད་ནི་ཉེ་བར་བསྡུས་ནས་བརྗོད་པའོ། །སྤྲོས་པ་མེད་པའི་རང་བཞིན་གྱིས་ཤེས་བྱ་བ་ནི་སྣ་ཚོགས་པའི་བག་ཆགས་ཀྱིས་སྟོང་པའི ་སོ་སོ་རང་གིས་རིགས་པའི་རང་བཞིན་གྱིས་སོ། །ལྷ་ཞེས་བྱ་བ་ནི་ཀྱེའི་རྡོ་རྗེ་སྟེ། དེའི་གཟུགས་ནི་དེ་འདྲ་བའོ། །མ་ལུས་དགའ་བ་ཡང་དག་རྫོགས། ཤེས་བྱ་བ་ནི་གང་གི་ཕྱིར་དགའ་བྲལ་གྱི་དགའ་བའི་ཕྱིར་བྱུང་བ་དེ་ཡིས་ཡང་དག་པར་རྫོགས་པ་ཞེས་བྱའོ། ། ་དེའི་རྗེས་སུ་རང་གི་ངོ་བོ་མངོན་པར་གསལ་བར་གྱུར་པ་ནི་ཐོགས་པ་མེད་ཅིང་ལྟོས་པ་དང་བྲལ་བ་རྨི་ལམ་ལ་སོགས་པའི་སྣང་བ་ལྟ་བུ་རྣམ་པ་ཐམས་ཅད་པའི་མཚན་ཉིད་ཅན་ནོ། །ཞེས་བྱ་བ་ཡང་སྟོན་པར་བརྗོད་དོ། །འདི་ཉིད་ཀྱིས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས ་པ་ཞི་བར་བྱེད་པའོ། །གཟུགས་ལ་སོགས་ཤེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཏེ། དེ་བཞིན་ཉིད་འདི་ལས་བསལ་བ་དང་བཞག་པ་དང་བྲལ་བའོ། །ཇི་ལྟའི་རྣམ་པ་ཞེས་བྱ་བ་ནི་ཇི་ལྟར་བྱུང་བ་སྟེ། ཤིན་ཏུ་གསལ་ཞིང་མ་འདྲེས་པའི་རྣམ་པ ་ཇི་ལྟ་བ་དེ་བཞིན་དུ་རྣམ་པར་གནས་པའོ། །གཟུགས་བྱ་ཞེས་བྱ་བ་ནི་གཉིས་ཀྱི་ངོ་བོ་ཉིད་ཀྱི་ཐ་སྙད་དུ་བྱ་བ་སྟེ། དེ་མ་ཡིན་པར་རོ། །རྟོགས་པར་བྱ་ཞེས་བྱ་བ་ནི་རབ་ཏུ་གསལ་བར་སྣང་བ་སྒྱུ་མ་དང་རྨི་ལམ་དང་མཚུངས་པར་ཡང་ངོ། །དེ་འདི་ཞེས་པ་ནི་འདི་ལྟ་བུའོ་ཞེས ་སྟོན་པའོ། །རྟོགས་པས་ཤེས་བྱ་བ་ནི་ཉམས་སུ་མྱོང་བ་ཉིད་དེ། གཉིས་དང་བྲལ་བའོ། །དཀྱིལ་འཁོར་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ཇི་ལྟ་བ་སྟོན་པ་སྟེ། དེ་ཡང་སྙིང་པོ་ཞེས་བྱ་བ་ནི་བདག་ཉིད་ལས་ལྷག་པ་གཞན་མེད་པའོ། །སྟོང་ཉིད་གཅིག་པུ་ཞེས་བྱ་བ་ནི ་འབའ་ཞིག་པ་གང་གི་ཕྱིར་རོ། །དེ་ལེན་པས་ཤེས་བྱ་བ་ནི་དེ་དང་རྣམ་པར་དབྱེ་བ་མེད་པ་སྣང་བཞིན་པ་སྟེ། དེའི་ཕྱིར་གཉིས་སུ་མེད་པ་ཉིད་དཀྱིལ་འཁོར་རོ། །དེ་ལྟར་ཡང་གསུངས་པ། དཀྱིལ་ན་སྙིང་པོ་ཞེས་གསུངས་སྟེ། །དེ་ཡི་འཁོར་ལོ་རོ་ཞེས་བརྗོད། །དེ ་ལེན་བྱེད་པས་དཀྱིལ་འཁོར་ཏེ། །ཐིམ་པ་ཞེས་བྱར་འདོད་པའོ། །ཞེས་སོ། །དེ་ཉིད་ཅེས་བྱ་བ་ནི་གང་གོང་དུ་གོ་བར་བྱས་པ་དེ་ཉིད་ལས་གཞན་མ་ཡིན་ནོ། །རྣམ་པ་ཐམས་ཅད་མཚན་ཉིད་བྲལ་ཞེས་བྱ་བ་ནི་སྣང་བ་མཛའ་དག་སྒྱུ་མ་དང་མཚུངས་པར་མཚན་ཉིད་ཁྱད་པར ་མེད་པར་ཉམས་སུ་མྱོང་བའོ། །དེ་བཞིན་དུ་དེ་ལས་ཀྱང། རྩ་རྣམས་ཞེས་བྱ་བ་ནི་རྩའི་རྒྱུན་རྣམས་སོ། །ཐམས་ཅད་ཅེས་བྱ་བ་ནི་སུམ་ཅུ་རྩ་གཉིས་པོ་ཉིད་དོ། །མཁའ་འགྲོ་མ་ཞེས་བྱ་བ་ནི་རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་བདག་མེད་མ་ལ་སོགས་པའི་རྣལ་འབྱོར་མ ་རྣམས་སོ། །ཕུང་པོ་ལྔ་ཡང་ཞེས་བྱ་བ་ནི་གཟུགས་ལ་སོགས་པའོ། །དཀྱིལ་འཁོར་ཞེས་བྱ་བ་ནི་སྟོང་པ་ཉིད་ཡང་དག་པར་ལེན་པའི་སེམས་ཡིན་པས་སོ། །དངོས་པོ་ཐམས་ཅད་མཉམ་སྦྱོར་བ་ཞེས་བྱ་བ་ནི་ལུས་པ་མེད་པའི་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་གཅིག ་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་དུ་དབྱེར་མེད་པའི་རང་བཞིན་ཏེ། འདི་ཉིད་ལས་རྣམ་པ་ཐམས་ཅད་སྟེན་པར་བྱེད་པའོ། །བསམ་མེད་ཅེས་བྱ་བ་ནི་སྣ་ཚོགས་པའི་བག་ཆགས་དང་བྲལ་བའོ། །ཐུགས་ཤེས་བྱ་བ་ནི་གཉིས་སུ་མེད་པ་རྟོགས་པའོ། །སྐུ་ཞེས ་བྱ་བ་ལ་སོགས་པ་ནི་རྣམ་པ་ཐམས་ཅད་དུ་ལྷུན་གྱིས་གྲུབ་པར་ཕྱི་དང་ནང་ཡང་དག་པར་རིག་པའི་སྐུ་གཅིག་པུས་ཀྱང་སྟེ། ཕྱག་དང་ཞབས་ལ་སོགས་པའི་ཆ་ཤེས་ཀྱིས་སྟོང་པའོ། །རིགས་རྣམས་ཤེས་བྱ་བ་ནི་རིགས་སུ་སྣང་བ་རྣམས་པ་གཉིས་ཏེ། འགྲོ་བར་སྣང་བའི་རང་བཞིན ་གྱི་དང། ཕྱིན་ཅི་མ་ལོག་པའི་ཆོས་ཀྱི་བདག་ཉིད་ཀྱིས་ཀྱང། །སྐུ་དང་རིགས་ཇི་ལྟ་བ་དེ་བཞིན་དུ་མཚན་མ་དང་ཕྱག་རྒྱལ་སོགས་པ་དེ་ལྟ་བུས་རོལ་པ་ཉིད་དོ། །དེ་ནི་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཏེ། ནང་གི་ཕྱག་རྒྱའི་དྲིན་གྱིས་རྒྱས་བཏབ་པས་གཉིད་འཐུག་དང ་བྲལ་བར་བྱས་པའི་བདེ་བ་ཆེན་པོའོ། །དེ་ལྟ་ཞེས་བྱ་བ་ནི་འདིར་ཐམས་ཅད་དུ་རབ་ཏུ་བཀོད་པ་ལ་བརྗོད་དོ། །དེ་ལྟར་ཞེས་བྱ་བ་ནི་ཕྱི་རོལ་གྱི་ཕྱག་རྒྱ་དང་སྦྱོར་བའི་ངོ་བོས་གཉིས་སུ་མེད་པར་ངེས་པར་སྡོམ་པ་ཡོངས་སུ་རྩོམ་པས་འཕེལ་བ་ཉིད་ཀྱིས་ཟབ་མོར་གྱུར་པའོ།། ་སྙམས་འཇུག་ཅེས་བྱ་བ་ནི་ཀུན་ཏུ་རྣམ་པ་ཐམས་ཅད་པའི་ཡེ་ཤེས་གང་ཡིན་པ་སྟེ། ཐམས་ཅད་དུ་ནི་ཞེས་བྱ་བ་ནི་དུག་དང་ཚེར་མ་ལ་སོགས་པ་རྣམས་སུ་ཡང་ངོ། །བདེ་བ་ཆེན་པོའི་དགའ་སྟོན་ཏོ། །ཞེས་བྱ་བ་ནི་བདེ་བ་ཆེན་པོའི་རྣམ་པས་སྒེག་པས་རོལ ་པ་དང་ལྡན་པ་སྟེ། དེ་ཡིས་སྙོམས་པར་འཇུག་པའོ། །གཟུགས་ཕུན་ཚོགས་ཏེ། མཛའ་ཡས་ཤེས་བྱ་བ་ནི་གདུལ་བྱ་རྣམས་ཀྱི་བསམ་པ་དང་དུས་དང་སྣང་བ་ཇི་ལྟ་བར་ཡང་དག་པར་རྫོགས་པས་ཀུན་ནས་ཆོས་སྟོན་པའོ། །དེ་ནི་རྡོ་རྗེ་ཅན་ཏེ། འགྱུར་བ་མེད ་པའི་ཆོས་ཉིད་ཀྱིS་ཡིན་གྱི། ཞལ་ཕྱག་ལ་སོགས་པར་ཡོངས་སུ་བགྲང་བས་མཛེས་པ་ནི་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ཅི་ཞེས་བྱ་བ་ནི་སོ་སོ་རང་གིས་རིག་པར་བྱ་བ་ཉིད་ཀྱིས་ཚིག་གི་སྤྱོད་ཡུལ་མ་ཡིན་པར་སྟོན་པའོ། །སླར་ཡང་དེ་ཉིད་བསྟན་པར་བྱ་བའི་ཕྱིར།། ་དེ་བཞིན་ཉིད་འབའ་ཞིག་རྣམ་པ་ཐམས་ཅད་དུ་བདག་པོར་གྱུར་པ་ཉིད་གསལ་བ་དང་བཞག་པ་དང་བྲལ་བ་ཇི་ལྟར་བར་རྟོགས་པར་བྱ་བ་ཡིན་པས་ནོ། །ཕུང་པོ་ལ་སོགས་པ་དེ་རྣམས་ཀྱེའི་རྡོ་རྗེའི་རྣམ་པར་འཕྲུལ་པ་སྟེ། དེས་ན་ལྷན་ཅིག་སྐྱེས་པ ་ཉིད་ཀྱིས་འཁོར་གྱི་འཁོར་ལོའོ་ཞེས་གསལ་བར་བསྟན་ཏོ། །གསལ་ཞིང་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟ་བ་བཞིན་ཉེ་བར་དམིགས་ཤིང་ཡོད་པའི་གཟུགས་ལས་མ་འདས་པར་མངོན་སུམ་དུ་ཉམས་སུ་མྱོང་བས་དང། བག་ཆགས་དང་བྲལ་པའི་སེམས་རྟོགས ་པས་དང། དམིགས་པ་མེད་པར་ཉམས་སུ་མྱོང་བར་བྱ་བ་ཡིན་པས་སོ། །གང་དུ་ཞེས་བྱ་བ་ནི་བག་ཆགས་མ་ཡིན་པའི་རོ་ཡིས་བཀྲ་བར་རོ?། །མཛའ་དག་སྣང་ཞིང་ཞེས་བྱ་བ་ནི་དེ་བཞིན་ཉིད་རྒྱ་ཆེ་བ་ཉིད་ཀྱིས་སོ། །གསལ་བ་ནི་མངོན་སུམ་དུ་གསལ་བའོ། །འཕྲོ་བ་ནི་ཇི་ལྟར ་ཡོད་པ་བཞིན་དུ་ཡང་དག་པར་འཕྲོ་བ་སྟེ། དེ་དང་དེ་མ་ལུས་པ་གང་དུ་སྣང་བ་ལ་བསྙད་དོ། །སེམས་དང་སེམས་ལས་བྱུང་བའི་དབྱེ་བ་རྣམ་པར་ཉམས་ལ་ཞེས་བྱ་བ་ལ། སེམས་ནི་རང་བཞིན་རྟོགས་པ་པོའོ། །སེམས་ལས་བྱུང་བ་ནི་བདེ་བ་དང་སྡུག་བསྔལ་པཱི ་སེམས་ཀྱི་གནས་སྒྲུབས་ལས་བྱུང་བའོ། །དེ་གཉིས་ཀྱི་དབྱེ་བ་རྣམ་པར་ཉམས་པ་ནི་ཡོངས་སུ་དོར་བ་སྟེ། སེམས་དང་སེམས་ལས་བྱུང་བའི་མངོན་པར་ཞེན་བས་སྟོང་པ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ཏིང་ངེ་འཛིན་གྱུར་པ་ཞེས་བྱ་བ་ནི་སྣ་ཚོགས་པའི་རྒྱུ་བ་དང་མི་རྒྱུ་བར ་བཅས་པ་ཏིང་ངེ་འཛིན་དུ་གྱུར་པ་སྟེ། མཛའ་དག་གི་ཐ་སྙད་དུ་བྱ་བ་ལས་ཆོས་ཀྱི་དབྱིངས་སོ། །དེར་ནི་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་པའི་དཀྱིལ་འཁོར་དང་དཀྱིལ་འཁོར་པ་ཆེན་པོ་འདི་ཉིད་དུ་སྟེ། ཨེ་བཾ་གྱི་ཡི་གེ་གཉིས་ཀྱིས་ཤེས་བྱ་བའི་དོན་ཏོ། །བདེ་བ་ཆེན་པོ་ཤེས་བྱ ་བ་ནི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའོ། །དེ་ཉིད་བག་ཆགས་དང་བྲལ་བ་དང་མི་འཕོ་བའི་རྣམ་བས་བདུད་རྩི་སྟེ་རོའོ། །དེ་ཡིས་དབང་བསྐུར་བ་ནི་རྟོག་པའི་དྲི་མ་མཛའ་དག་བཀྲུས་པའོ། །དེ་ལས་རང་བཞིན་གསལ་བར་གྱུར་པ་ནི་བདག་ཉིད་རབ་དང་བ་སྟེ། དེ་ཡང ་ཨེ་བཾ་ལྷན་ཅིག་སྐྱེས་པ་མཆོག་གི་དཀྱིལ་འཁོར་དང་དཀྱིལ་འཁོར་ཆེན་པོ་ཉམས་སུ་མྱོང་བ་སྟེ། རྣམ་པར་རྟོག་པ་དང་ཉེ་བའི་རྟོག་པ་དང་བྲལ་བ་ལས་སོ། །དཀྱིལ་འཁོར་དང་ནི་དཀྱིལ་འཁོར་པ་ཞེས་བྱ་བ་ནི་རྟེན་དང་རྟེན་པའོ། །ཆེན་པོ་ནི་མོས་པས་ཡོངས་སུ་གྱུར་པ་མ ་ཡིན་པར་སྟེན་པ་སྟེ། དེ་བཞིན་ཉིད་གཅིག་པུའི་རྒྱུ་ལས་རྣམ་པ་ཐམས་ཅད་པ་དང་ཐམས་ཅད་མཁྱེན་པ་ཉིད་ནི་ཆེན་པོའོ། །སླར་ཡང་སྒྱུ་ཡིས་དེ་རྟོགས་པའོ་ཞེས་བསྟན་པའི་ཕྱིར། རྣམ་དག་རྟོག་པ་ཞེས་བྱ་བ་ནི་གཞལ་ལས་ཁང་ལ་སོགས་པའི་ཡང་དག་པའི་རྟོག ་པའོ། །དེ་ཅི་ལྟར་རྡུལ་ཡིན་ཞེ་ན། ཇི་ལྟར་མེ་ལོང་ལ་ཤིན་ཏུ་ཕྲ་བའི་རྡུལ་གྱིས་ཡུན་རིང་པོར་མཉེས་པ་ན་དྲི་མ་རྣམས་བླངས་ནས་མེད་པར་འགྱུར་རོ། །དེ་བཞིན་དུ་དེ་ཡང་དག་པའི་རྟོག་པས་མཉེས་ཤིང་རྣམ་པར་དག་པ་ལས་ཐམས་ཅད་དུ་དྲི་མ་མེད་ཅིང་ཕུལ་དུ་བྱུང་བའི ་སྣང་བར་འཆར་བའོ། །མཛའ་ཡས་པ་ཡིན་སྣང་བ་གཟུགས་བརྙན་ཞེས་བྱ་བ་ནི་རང་བཞིན་མེད་པ་ཉིད་ཀྱིས་སྣང་བརྙན་དང་མཚུངས་པའོ། །དེ་རྣམས་ཀྱི་ཚོགས་ནི་ཟབ་པའོ། །སེམས་ཀྱི་མེ་ལོང་ཞེས་བྱ་བ་ནི་རང་བཞིན་གྱིས་གཉིས་ཡོངས་སུ་དག་པའི་སེམས་ཉིད་མེ་ལོང་ངོ། །མཛེས ་ཤེས་བྱ་བ་ནི་ཁྱད་པར་དུ་གྱུར་པའི་དེ་བཞིན་ཉིད་ཀྱི་རང་བཞིན་གྱི་སྣང་བས་སོ། །དེ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་གོ་།ཅི་ཞེས་བྱ་བ་ནི་ཚིག་གི་སྤྱོད་ཡུལ་མ་ཡིན་པའོ། །འོན་ཀྱང་ཡང་དག་པའི་རྟོགས་པ་དག་པ་ལས་ཀྱང་ལྷན་ཅིག ་སྐྱེས་པ་མཆོག་ཏུ་གསལ་བར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་མེ་ལོང་ལ་སིན་དྷུ་རའི་རྡུལ་གྱིས་ཐམས་ཅད་དུ་གོས་པ་ལས་ཡུལ་ཡོད་པའི་གཟུགས་ཀྱི་སྣང་བརྙན་འཛིན་པ་ཐོབ་པར་མི་འགྱུར་བ་དེ་བཞིན་དུ། ལྷའི་དམིཌ་པས་བསྒྲིབས་པ་སེམས་ཀྱི་རང ་བཞིན་འོད་གསལ་བ་རབ་ཏུ་རྟོགས་པ་རིང་བ་ཉིད་དུ་བྱེད་པའོ། །དེ་ཡང་དམིགས་པ་ལས་རྩོལ་བས་དེ་རྟོགས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏེ། རང་བཞིན་གྱིས་ཡོངས་སུ་དག་པའི་སེམས་འདི་རང་གི་གཟུགས་ལས་གཞན་གྱིས་མི་རྟོགས་པས་ན་ཕྱི་རོལ་གྱི་དམིགས ་པ་ནི་ངལ་བར་བྱེད་པའོ་ཞེས་བརྗོད་པ་ཡིན་ནོ། །རང་གཞན་ཉིད་དུ་མངོན་པར་ཞེན་པས་རྒྱུག་པ་ནི་ཞེས་བྱ་བ་ནི་བདག་དང་གཞན་གྱི་ཐ་སྙད་སྒྲོ་འདོགས་པར་བརྩོན་པས་ཉེ་བར་གནས་པའི་སེམས་སོ། །ཀུན་ཏུ་བྱས་ནས་ཤེས་བྱ་བ་ནི་གཉིས་ཀྱི་བག་ཆགས་ལྷག་པར་བརྟན ་པར་བྱས་པས་ན་ཀུན་ཏུ་བྱས་ཤེས་བྱ་བའོ། །ཡང་དག་འཕེལ་ཞེས་བྱ་བ་ནི་རྣམ་པ་སྣ་ཚོགས་པའི་བརྫུན་པའི་ཀུན་ཏུ་རྟོག་པ་འཕེལ་བའོ། །དུབ་པ་ནི་ལྷན་ཅིག་སྐྱེས་པའི་གནས་སྐབས་ན་བདག་དང་གཞན་མེད་ཀྱང་རང་གིས་ཐ་སྙད་དུ་བྱས་པས་སྣ་ཚོགས་སུ ་སྣང་བ་ཐོབ་པས་སོ། །དེའི་ཕྱིར་གཉིས་ཉིད་རང་བཞིན་གྱིས་དག་པར་རྟོགས་པ་ན་རྣལ་འབྱོར་པ་འཁོར་བར་གནས་ཀྱང་འཆིང་བར་མི་འགྱུར་རོ། །ཞེས་བསྟན་པའི་ཕྱིར། ཇི་ལྟར་འདོད་པའི་ཀུན་སྤྱོད་དེ་ཇི་ལྟར་སོ་སོའི་སྐྱེ་བོ་རྣམས་མངོན་པར་འདོད་པའི་ཐ་སྙད་སྣ་ཚོགས་ལས ་རོལ་བར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་འཁོར་བར་གནས་པ་ན་མཆོག་ཏུ་གཉིས་ཀྱིས་དབང་བྱས་པའི་སེམས་པ་སྣ་ཚོགས་པའི་རྣམ་པར་སྒེག་པས་རོལ་པར་བྱེད་ཀྱང་གོས་པར་མི་འགྱུར་པ་དང། དེ་བཞིན་དུ་གང་ཡང་རུང་བའི་རིགས་ལ་གང་ཅི་ཡང་རུང་བའི་མི་ཕན ་པའི་བྱ་བས་ཀྱང་གཉིས་སུ་མེད་པར་སྤྱོད་པ་ཅན་གྱིས་རྫོགས་པའི་རྣལ་འབྱོར་པ་ངལ་བར་མི་འགྱུར་བའོ། །མཚར་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་མཐོང་བའི་དགའ་བ་ཐོབ་པ་ལས་སོ་ཞེས་མཚར་བའོ། །དེ་ནི་གཉིས་སུ་མེད་པ་གསལ་བར་ཉམས་སུ་མྱོང་བར་བརྗོད་པར་བྱ་སྟེ། གཉིས་ཀྱིས ་རྣམ་དོར་རབ་གསལ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་རྣམ་པར་དང་བྲལ་བར་མངོན་སུམ་དུ་ཉམས་སུ་མྱོང་བའི་བདག་ཉིད་དོ། །མཁས་པ་ནི་ནུས་པ་ལ་སོགས་པའི་སྐྱོན་གྱིས་སྟོང་པའོ། །ཡང་དག་རིག་པ་ནི་རྣམ་པར་འགྱུར་བ་མེད་པ་ཡང་དག་པར་རིག་པའོ། །སྐལ་བཟང ་ནི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །འདི་ཉིད་ཡོན་ཏན་འདི་རྣམས་ཀྱི་རྟེན་དུ་གྱུར་པ་ཞེས་བྱ་བ་ནི་རང་གི་སྒྲའི་དོན་ཏེ་དེ་ལའོ། །སྟུག་པོའི་དགའ་བས་ཤེས་བྱ་བ་ནི་འདི་ལས་དམིགས་པ་དང་བྲལ་བ་ཉིད་ཀྱིས་བར་མ་ཆད་པར་འདོད་པ་ལ་མངོན་དུ་ཕྱོགས ་པའི་མཚན་ཉིད་ཀྱིས་དགའ་བ་དང་པོའོ། །དེ་ཡིས་གང་པ་ནི་སྟོབས་ཆེན་གྱུར་པའོ། །དེ་ལ་མངོན་དུ་ཕྱོགས་པ་ལས་རབ་ཏུ་སྟོབས་སུ་གྱུར་པའི་བདེ་བ་འབའ་ཞིག་ཡང་དག་པར་རིག་པ་མཆོག་ཏུ་དགའ་བའོ། །རོ་ནི་དེ་ཉམས་སུ་མྱོང་བ་གོམས་པས་རྣམ་པར་བརྩོན་པའོ། །དེ ་ཡིས་ཡོངས་སུ་རྫོགས་པ་ནི་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱིས་དེ་དམིགས་པ་མེད་པ་ཉིད་དུ་གྱུར་པ་སྟེ། རྣམ་པ་ཐམས་ཅད་ཀྱི་མཆོག་ཉིད་དུའོ། །དེ་ལྟ་མོད་ཀྱི་དང་པོ་དང་གཉིས་པ་ནི་འདོད་པའི་བདེ་བ་ཡང་དག་པར་རིག་པའི་མཚན་ཉིད་ཀྱིས་ཡོངས་སུ་མ་རྫོགས་པའོ་ཞེས་དེ་དང ་དེ་ལྟ་བུར་གསུངས་པ་ཡིན་ནོ། །ནམ་མཁའ་ཨི་མཐིལ་དུ་ནི་སྟོང་པ་ཉིད་ཀྱི་རང་བཞིན་དུའོ། །རྣམ་པ་སྣ་ཚོགས་འཕྲོ་བ་ཞེས་བྱ་བ་ནི་ཇི་ཞིག་ལྟར་འབྱུང་བ་ཉིད་ཀྱིས་སྣང་བཞིན་པའི་རྣམ་པ་སྣ་ཚོགས་འཕྲོ་བ་གང་ཡིན་པའོ། །དེ་རྣམས་བསགས་པ་ནི་ཡོངས་སུ་རྫོགས་པའི་སྣང་བ་མ་ལུས ་བའོ། །ནང་གི་དེ་ཁོ་ན་ཉིད་དོ། །སོན་པ་ནི་གང་གི་གནས་སྐབས་ཏེ། དེ་ཡང་འདི་ལྟར་གཉིས་སུ་མེད་པ་ཉམས་སུ་མྱོང་བའི་མན་ངག་སྒོམ་པ་འདི་ཉིད་ལས་སོ། །ཡིད་ལ་ཞེས་བྱ་བ་ནི་རང་བཞིན་རྟོགས་པའི་བདག་ཉིད་ཀྱི་སེམས་ལའོ། །འཇིག་རྟེན་གསུམ་པོ་འདི་དེ་ཞེས་བྱ་བ་ནི་ཁ་དོག ་དང་དབྱིབས་ལ་སོགས་པའི་ཐ་སྙད་ཀྱི་ཚོགས་རྣམ་པ་མང་པོ་དེ་དང་དེ་སྟེ། འདི་ལྟ་བུའི་རང་བཞིན་གྱི་འཇིག་རྟེན་གསུམ་པོ་ནི་འཇིག་རྟེན་གསུམ་མོ། །སྣང་བ་ཞེས་བྱ་བ་ནི་ཡོངས་སུ་དག་པའི་རང་བཞིན་གྱིས་སྣང་པའོ། །ཐིམ་པ་ལྟ་བུར་གནS ་པ་ཞེས་བྱ་བ་ནི་ཕྱི་རོལ་དུ་མངོན་པར་ཞེན་པ་དང་བྲལ་ཏེ་ནང་དུ་སོན་པ་ཉིད་ལས་སྐྱོན་དེ་དང་དེ་ལྟ་བུར་མི་འབྱུང་བའི་སྣང་བ་མཛའ་དག་མངོན་སུམ་དུ་ཉམས་སུ་མྱོང་བས་ཡིན་གྱི། དེ་ལ་ཐིམ་པ་ཉིད་ནི་མ་ཡིན་ནོ། །དེ་ནི་རྣམ་པར་འགྱུར་བ་མེད་པའི་རང་བྱིན་གྱིས་བརླབ་པའི ་རིམ་པ་བསྟན་པ་བརྗོད་པར་བྱ་སྟེ། རང་བདག་ཉིད་ཀྱིས་ཤེས་བྱ་བ་ནི་རྟོགས་པའི་དོན་ཏེ། རང་བྱིན་རླབས་པ་ཞེས་བྱ་བ་ནི་རང་ལྷག་པར་གནས་པར་ནུས་བའོ། །དེ་ཡང་རྒྱུ་གཞན་ལ་ལྟོས་པ་མེད་པ་སྟེ། ལྷན་ཅིག་སྐྱེས་པ་གསལ་བར་རབ་ཏུ་གྲུབ་པའི་མཚན་ཉིད ་ནི་རང་བྱིན་གྱིས་བརླབ་པའོ་ཞེས་སོ། །རིམ་པ་ནི་ཡེ་ཤེས་ཏེ། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རིམ་པ་ཉིད་ཀྱིས་སོ་ཞེས་བྱའོ། །དེ་ལྟར་ན་གཉིས་དང་རྣམ་པར་བྲལ་བ་ཉིད་ཡང་དག་པར་རིག་པ་ལ་རང་གི་སྒྲའི་ཟོལ?་གྱིས་བསྟན་པ་སྟེ། དེའི་ཕྱིར་མངོན་པར་ཞེན་པ་མ་ལུས ་པས་སྟོང་ཞིང་འགྱུར་བ་མེད་པའི་ཆོས་ཉིད་རབ་ཏུ་གསལ་བ་གཡོ་བ་མེད་ཅིང་བརྟན་པ་མེད་པ་ལྷན་ཅིག་སྐྱེས་པ་ཉིད་ནི་རང་བྱིན་གྱིས་བརླབ་པའི་རིམ་པར་བརྗོད་བསྟེ། གཞན་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །སྔགས་མེད་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ ་བཅད་པའི་དོཎ?་ནི?་གོ་བར་སྒྲའོ། །རང་བྱིན་གྱིས་བརླབ་པའི་རིམ་པ་དེ་ཉིད་རྒྱས་པར་བསྟན་པའི་ཕྱིར། གང་དུ་ཞེས་བྱ་བ་ནི་རང་བྱིན་གྱིས་བརླབ་པའི་རིམ་པའོ། །དངོས་རྣམས་ཤེས་བྱ་བ་ནི་ཆོས་ཐམས་ཅད་དོ། །རང་བཞིན་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་སྟེ། རང ་བཞིན་མེད་པ་ཉིད་ཀྱི་རང་བཞིན་ནོ། །རང་བཞིན་ཉིད་ཀྱིས་ཤེས་བྱ་བ་ནི་དཔེ་ཐམས་ཅད་དང་བྲལ་བ་སྟེ། དེ་ཡིས་མཚོན་པར་བྱེད་པ་ལ་གསུམ་པའོ། །རྟོག་པར་བྱ་ཞེས་བྱ་བ་ནི་ཇི་ལྟར་བྱུང་བ་རྟོགས་ཤིང་རྟོགས་པ་ཐོབ་པ་སྟེ། སླར་མངོན་པར་ཞེན་པར་བྱ་བ་མ ་ཡིན་པར་བསྟན་ཏེ་ཞེས་བྱ་བའི་དོན་ཏོ། །དགའ་བ་ཞེས་བྱ་བ་ནི་གང་དུ་བག་ཆགས་ཉེ་བར་ཞི་བས་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། རང་འབྱུང་བ་ཉིད་ཀྱིས་རང་ཉིད་མངོན་པར་གསལ་བའི་རང་བཞིན་ནོ། །འདི་ཞེས་བྱ་བ་ནི་སོ་སོ་རང་གིས་རིག་པའི་སྤྱོད་ཡུལ་ལོ། །འཆར ་ཞེས་བྱ་བ་ནི་གསལ་བར་གྱུར་པའོ། །དེ་བཞིན་དུ་དེ་ཉིད་བསྟན་པའི་ཕྱིར་འདིས་རྟོགས་པས་ན་རྣམ་པར་རྟོག་པ་སྟེ། གཉིས་ཀྱི་རང་བཞིན་དུ་གཟུང་བ་ལས་སོ། །བདེ་སྡུག་ཅེས་བྱ་བ་ན་རྟག་ཏུ་ཉོན་མོངས་པ་སྟེ། །དེ་སྦྱིན་པར་བྱེད་པའོ། །གཉིས་ནི་དེ་ཡིས་ཟླས་དབྱེ་བའོ། །རྣམ ་པར་མི་རྟོག་པ་ནི་རྟོག་པ་མེད་ཅིང་དཔྱོད་བ་མེད་པའོ། །དམིགས་མེད་ནི་དེར་ཏེ། བདེ་བ་ཆེན་བོའོ། །དེ་བཞིན་དུ་སྣང་བ་མེད་ཅེས་བྱ་བ་ནི་རྣམ་པ་མཛའ་དག་ལ་མངོན་པར་ཞེན་པ་ཉེ་བར་ཞི་བའོ?། །གསལ་བ་མེད་ཅེས་བྱ་བ་ནི་དམིགས་པ་ཉེ་བར་ཞི་བ་སྟེ། ཆོས་ཐམས ་ཅད་སྟོང་པ་ཉིད་ཀྱི་སོ། །འཇུག་པ་མེད་ཅེས་བྱ་བ་ནི་སྒྲོ་བཏགས་པ་དང་བྲལ་བ་ཉིད་དོ། །བསམ་པ་མེད་ཅེས་བྱ་བ་ནི་ཀུན་ཏུ་སྦྱོར་བས་སྟོང་པ་ཉིད་ཀྱིས་སོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ན་འཕྲོ་བའི་རྣམ་པའི་ཚོགས་ཤེས་བྱ་བ་ནི་ཡང་དག་པའི་ཚོགས་བསགས་པ ་སྟེ། དེ་ནི་ཤེལ་ལྟ་བུའོ། །འདིས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པར་བསྟན་པར་བརྗོད་པ་ཡིན་ནོ། །ཅིའི་ཕྱིར་འགྲོ་བ་འདི་དག་རང་བཞིན་གྱིས་ཡོངས་སུ་དག་པ་ཡིན་ཞེ་ན། དེ་མདོང་བསྟན་པས་གསུངས་པ། ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་རང་གི་མཚན་ཉིད་ཀྱིས ་སྒྱུ་མ་ལ་སོགས་པ་དང་མཚུངས་པར་གནས་སྐབས་ཐམས་ཅད་དུ་ཉམས་སུ་མྱོང་བར་བྱ་བས་ན་རྣམ་པར་དག་པའོ། །དེའི་ཕྱིར་དེ་ཨོརྟོགས་པས་གཅིག་ཏུ་རིག་པའི་རྣལ་འབྱོར་བྱ་བར་སྟོན་པ་སྟེ། ལྷུན་གྱིས་གྲུབ་པ་ནི་མངོན་པར་ཞེན་པ་མེད་པའོ། །དེ་མངོན་པར་གསལ་བར ་བྱ་བའི་ཕྱིར། དངོས་པོ་ཞེས་བྱ་བ་ལ་དེའི་སྒྲ?་འཇུག་པའི་རྒྱུ་མཚན་ནི་གྱུར་བས་དངོས་པོ་དང། རང་གི་མཚན་ཉིད་འཛིན་པའི་ཆོས་ཡིན་བས་དང། དེར་མངོན་པར་ཞེན་པར་བྱ་བས་ཀྱང་དངོས་པོ་ཞེས་སོ། །དེའི་གནས་སྐབས་མི་འཇུག་ཅིང་འཇུག་བཞིན་པ་མ་ཡིན་པ་ནི་ ་དངོས་པོ་མེད་པ་སྟེ། འདི་དག་དང་འབྲེལ་པ་མེད་པའི་ཕྱིར་ཡོད་པར་དམིགས་པས་སྟོང་པའི་དངོས་པོའོ། །འདི་མཐོང་བ་ཡང་འདིས་ཀུན་ནས་མཚུངས་པར་ཐམས་ཅད་ལ་སྒྲིབ་པར་བྱེད་པས་ན་འཇིག་རྟེན་གྱི་ཐ་སྙད་ནི་ཀུན་རྫོབ་ཡིན་ལ། ་དེ་ལ་འདིར་མཐོང་བ་ནི་དེ་ལས་མཆོག་ཉེ་བར་དམིགས་པའོ། །ཉེ་བར་དམིགས་པ་མེད་པ་ཉིད་དམིགས་པ་ལས་དོན་དམ་ཞེས་པ་ཡང་སྟེ། འདི་ནི་ཞེས་བྱ་བ་ནི་རྗེས་སུ་སྟོན་པའོ་ཚིག་ལས་སོ། །འོ་ན་ཅིའི་ཕྱིར་འདི་ལྟ་བུ་ལ་འདི་ཞེས་བྱ་ཞེ་ན། སྲིད་པ་ཡོངས་སུ ་ཤེས་པ་ཉིད་ལས་མྱ་ངན་ལས་འདས་པ་གཞན་མ་ཡིན་པ་གང་ལས་ཏེ། དེ་ལྟར་ཡང་སྲིད་པ་ཡོངས་སུ་ཤེས་པ་ཉིད། མྱ་ངན་འདས་ཤེས་བརྗོད་པར་བྱ། ཞེས་སོ། །དོན་དམ་པ་དེ་ཉིད་ཀྱི་རང་བཞིན་བསྟན་པར་བྱ་བའི་ཕྱིར་གསུངས་པ། མཛའ་གསུམ ་ཞེས་བྱ་བ་ནི་རྟོགས་པར་བྱ་བ་དང་རྟོག་པ་དང་རྟོགས་པ་པོ་སྟེ། རྟོགས་པའི་འཁོར་གསུམ་དང་བྲལ་བའོ། །རྟོགས་པའི་ངོ་བོ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་མཛའ་དག་དང་བྲལ་བས་བླུན་པའི་རང་བཞིན་མ་ཡིན་པའོ། །གཞི་མེད་པ་ནི་ཇི་ལྟར་གྱུར་པའི་ཡུལ ་རྟོགས་པའོ། །དོར་དང་ཞེས་བྱ་བ་ལ་སོགས་པ་ནི་གསལ་བ་དང་བཞག་པ་དང་བྲལ་བ་མཉམ་པར་མི་འཕྲོགས་བའོ། །ཞི་བ་ཞེས་བྱ་བ་ནི་གཉིས་ཀྱི་འདྲིད་པ་དང་བྲལ་ཞིང་བརྫུན་པ་མ་ཡིན་པ་ཉིད་ཀྱི་ཀུན་ནས་ཉོན་མོངས་པ་ཞི་བའོ། །དབང་ཕྱུག་མིན་པ་ཞེས་བྱ ་བ་ནི་འཇུག་པའི་རྣམ་པར་ཤེས་པ་བསྐྱེད་པ་པོའི་རང་བཞིན་མ་ཡིན་པའོ། །དབང་ཕྱུག་ཅེས་བྱ་བ་ནི་ཆོས་རྣམས་ཆོས་ཀྱི་དབྱིངས། ཀྱི་གཞན་དབང་དུ་གྱུར་པས་ན་དེ་ཐམས་ཅད་དུ་འདི་བདག་པར་གྱུར་པའོ། །དབང་ཕྱུག་མིན་ཞེས་བྱ་བ་ནི་ཆོས་རྣམས་དེའི་དབང་ལས་ཤེས་པ ་ཡང་སྟོང་པ་ཉིད་དེ་དོར?་བ་ལས་མ་ཡིན་པ་ཉིད་ཀྱིས་སོ། །གནས་ཤེས་བྱ་བ་ནི་དེ་རྣམས་ལ་ཡོངས་སུ་གྲུབ་པའི་རྣམ་པ་དབྱེར་མེད་པར་རོ། །དེ་བཞིན་དུ་གནས་ལ་སོགས་པ་ཞེས་བྱ་བ་ནི་གནས་དང་གནས་པ་དང་གནས་བ་པོའི་དབྱེ་བ་དང་ངོ། །བྲལ་ལས་ཤེས་བྱ་བ་ནི ་བག་ཆགས་ཀྱིས་མ་གོས་པའོ། །བློ་ནི་བདག་པོར་གྱུར་པ་སྟེ། རྣམ་པ་གཅིག་ཉིད་གྱུར་པ་ནི་རང་བཞིན་གྱིས་ཡོངས་སུ་དག་པ་འཛིན་པའི་ཆོས་སྣང་བར་མཚུངས་པ་ཉིད་ཀྱིས་སོ། །ཐོག་པ་མེད་བ་ནི་མཚོན་པར་བྱ་བའི་འོ། །རྣམ་པར་འགྱུར་བ་དང་བྲལ་བ་ནི་ལྷན་ཅིག་སྐྱེས ་པས་སོ། །ལེགས་པར་གནས་པ་ནི་གཡོ་བ་མེད་པ་ཉིད་ཀྱིས་སོ། །དེ་བཞིན་དུ་དེ་ཉིད་མངོན་པར་གསལ་བར་བྱ་བའི་ཕྱིར་ཡང་གསུངས་པ། དེ་བཞིན་སེམས་ཉིད་ཀྱིས་ནི་སེམས། །གཅིག་ནི་སྣ་ཚོགས་པར་རྟོགས་པ། །དེ་ཡང་གཟུགས་བརྙན་བདག་ཉིད་ཀྱི། །རྣམ་པ ་སྣང་བ་མཚུངས་པའོ། །གཟུགས་བརྙན་གྱི་བདག་ཉིད་དང་མཚུངས་བ་ཞེས་བྱ་བ་ནི་ཇི་ལྟར་གཟུགས་བརྙན་རང་བཞིན་གྱིས་དོན་དང་ལྡན་པས་སྟོང་པ་སྟེ། དེ་བཞིན་དུ་རྣམ་པའི་ཆོས་དེ་རྣམས་ཀྱང་ངོ། །དེ་ཉིད་རྒྱས་པར་བསྟན་པའི་ཕྱིར། རྣམ་པ་ཞེས་པ་ནི་དེ་དང་དེ་ལྟ་བུར ་ཡང་དག་པར་རིག་ཅིང་སྣང་བ་ནི་རྣམས་པ་སྟེ། དམིགས་པ་ལས་གཞན་པའི་རྣམ་ལ་ནི་མེད་དོ། །འོན་ཀྱང་རྣམ་པ་མེད་ཅེས་བྱ་བ་ནི་ཉམས་སུ་མྱོང་བའི་རྣམ་པ་མེད་བ་ཡང་སྟེ། བག་ཆགས་སྤངས་པ་ལས་གཞན་དུ་ཉེ་བར་དམིགས་ཤིང་ཡོད་པ་མ་ཡིན་པའི་རང ་འབྱུང་གི་དངོས་པོ་ཉམས་སུ་?་བ་གང་ཡིན་པ་དེས་ན་ཅུང་ཟད་ཀྱང་སྐྱེ་བ་དང་འཇིག་པ་མེད་པའི་ཚེས་ཅན་དུ་གྲུབ་པའོ། །དེ་ལྟར་ན་རྣམ་པ་དང་བཅས་པ་དང་རྣམ་པ་མེད་པའི་ཆོས་གཉིས་སུ་གནས་པར་གྱུར་པ་འདི་ནི་རྣམ་རྟོག་འཕེལ་བ་སྟེ། ཞེས་པ་ནི་དེ་ཉིད་ལ་དོན ་གཞན་དུ་གསལ་བར་བྱེད་པས་སོ། །རྣམ་སུ་མེད་ན་ཞེས་སོགས་ནི་རྟོགས་པར་སླའོ། །དེ་བཞིན་དུ་ཕུལ་དུ་བྱུང་བའི་རང་བཞིན་གྱི་ལྷན་ཅིག་སྐྱེས་པ་སྤྱོད་ཡུལ་མ་ཡིན་ཞིང་གཡོ་བ་མེད་པ་ལས་དེ་ལྟ་བུ་ཉིད་ཀྱི་རང་བཞིན་དུ་ཉེ་བར་སྟོན་པ་གསུངས་ནས། བློ་བཟང ་གི་བདེ་བས་གཞན་དུ་ཡོངས་སུ་རྟོག་པ་ནི་སྒྲིབ་པར་བྱེད་བ་ཉིད་ཀྱིས་ཤེས་སྟོན་པ་ཡིན་ནོ། །འདི་རྣམས་ཤེས་བྱ་བ་ནི་སྲིད་པ་འདི་རྣམས་སོ། །ཀྱེ་མ་ཞེས་པ་ནི་སྐྱོ་བ་སྟེ། གཉིས་ཀྱི་བག་ཆགས་ཀྱིས་ཐ་སྙད་དུ་བྱས་པ་དེ་ལྟར་འཁོར་པ་ཉིད་དུ་འཆིང་བར་འགྱུར་བས་སོ། །དེ ་ལྟ་བུའི་བག་ཆགས་དང་བྲལ་བ་ཉིད་བསྟན་པའི་ཕྱིར། རང་གི་སེམས་ཀྱི་ཀུན་ཏུ་རྟོག་པ་སྤངས་པ་ཉིད་ནི་ཐར་པ་སྟེ་གྲོལ་བའོ། །དེ་ཡང་ཡུལ་གཞན་རྟོགས་པ་ལས་མ་ཡིན་པ་ཉིད་ཀྱིས་རང་གི་མཚན་ཉིད་ཀྱི་དོན་ལ་ཙམ་གྱི ་སྒྲའོ། །ད་ནི་ཤིན་ཏུ་ཕུལ་དུ་བྱུང་བ་མ་ཡིན་པའི་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་པ་འབྲེལ་པའི་དབང་གིས་དད་པ་ལ་སོགས་པས་བསྒོམ་པའི་བྱ་བ་ལ་མངོན་དུ་ཕྱོགས་པ་ལས་ཐམས་ཅད་དུ་དེ་འདི་ལྟ་བུ་ཉིད་དོ་ཞེས་ཕྱག་རྒྱའི་སྦྱོར་པ་ལས་རྗེས་སུ་རྟོགས ་པའི?་མན་ངག་གསུངས་པ། ཀཀྐོ་ལ་ནི་ལུས་ཀྱི་ཚོགས་པའོ། །ཀ་པུར་ནི་ཀ་པུར་དང་འདྲ་བས་སོ། །ཞུ་བ་ནི་ཇི་ཞིག་ལྟར་བྱུང་བ་ཉིད་ཀྱིས་ཏེ། གཅིག་དང་དུ་མའི་སྦྱོར་བས་རྣམ་པར་མ་སྤྱད་པར་མངོན་པར་གསལ་པར་གྱུར་པའོ། །དྲི་མེད་ཅེས་བྱ་བ་ནི ་འདི་ཉིད་རང་བཞིན་གྱིས་ཡོངས་སུ་དག་ཅིང་ཤིན་ཏུ་དགའ་བའི་ཡིད་ཡིན་པ་ཉིད་ཀྱིས་བག་ཆགས་བསྒོ་པར་བྱེད་པའི་རབ་རིབ་དང་བྲལ་བ་སྟེ། ཆོས་ཀྱི་དབྱིངས་རྟོགས་པའོ། །དེ་ནི་བཟང་པོའི་རོ་སྟེ། ལྷན་ཅིག་སྐྱེས་པའི་བདེ་བ་གཞི་མེད་པའི་སྤྱོད་ཡུལ་? ་འོན་ཀྱང་ཀཀྐོ་ལའི་དང་འདྲ་པའི་ཞེས་བྱ་བ་ནི་ཕྱག་རྒྱའི་སྦྱོར་བས་རྣམ་པར་རྟོག་པ་ཉིད་མ་ཡིན་པའོ། །བརྩེ་དགའ་ནི་དེ་གཅིག་ཏུ་རྗེས་སུ་ཆགས་པའོ། །ལོངས་སྤྱོད་ནི་རྣམ་པ་ཐམས་ཅད་དེ་ཉམས་སུ་མྱོང་བའོ། །རྣམ་པ་མཛའ་དག་དང་བྲལ་བའི་ཆོས་ཉིད ་རྣམ་པར་དཔྱོད་པ་ཉིད་ཀྱིས་ཤེས་རབ་ནི་རབ་ཏུ་གསལ་བར་གྲགས་སོ། །སྐལ་བཟང་ནི་དེ་ཡིས་སོ། །འོན་ཀྱང་བོ་ལ་ཡི་དང་འདྲ་བའང་མིན་ཞེས་བྱ་བ་ནི་རྣམ་པར་འགྱུར་བ་མེད་པའི་ཡེ་ཤེས་ཡིན་བ་ཉིད་ཀྱིས་སོ། །ཅིར་ཡང་ཞེས་བྱ་བ་ནི་ཡུལ་མི་འདོར་བ་ལ ་ཆེད་དུའོ། །བསམ་བྱ་མིན་པའི་དགའ་བྲལ་གྱི་དགའ་བས་སྟོང་པ་སྟེ། དྲན་པས་གོ་བར་བྱ་བའི་ཡུལ་མ་ཡིན་པའི་རང་བཞིན་གྱིས་སོ། །འདི་ནི་ཞེས་བྱ་བ་ནི་སོ་སོ་རང་གིས་མངོན་སུམ་དུ་རིག་པའོ། །མཛའ་དག་ཀུན་ཏུ་རྟོག་པའི་ཚོགས་ནི་བདེ་པའི་ལོང་སྤྱོད་ལ ་མངོན་པར་ཞེན་པའི་ཀུན་ཏུ་རྟོག་པའི་བག་ཆགས་ཀྱི་ཚོགས་སོ། །ཟད་པ་ནི་དུམ་བུར་བྱས་པའོ། །དམིགས་པ་མེད་པ་ནི་འདི་ལྟར་ཀཀྐོ་ལ་དང་བྲལ་བས་ཀྱང་སྟེ། ལྷན་ཅིག་སྐྱེས་པ་ནི་རྟེན་མེད་པ་ཉིད་ཀྱིས་སོ། །དེ་བཞིན་དུ་ཡང་དག་པ་གསལ་བ་ལྷག་པར་རྟོགས་པས ་ཆེན་པོ་ཉིད་ཀྱང་སྟེ། དེ་ཡང་རྣམ་པར་རྟོག་པ་ནི་སྒྲིབ་པ་དང་གནོད་པར་བྱེད་པས་མུན་པ་དང་འདྲ་ལ། དེ་དག་ནི་རབ་ཏུ་གསལ་བའི་ཕུལ་དུ་གྱུར་པ་གང་གིས་སོ། །དགའ་བ་ཡིས་ཤེས་བྱ་བ་ནི་མཆོག་དགའ་དང་དགའ་བྲལ་དང་བྲལ་བའི་ལྷན་ཅིག་སྐྱེས་པའི་རང ་བཞིན་འདི་ཙམ་ཉིད་དེ་དང་དེ་ལྟ་བུར་སྣང་བས་ཆེན་པོ་ཡང་ངོ། །ནམ་མཁའ་ཞེས་བྱ་བའི་སྟོང་པ་ཉིད་དོ། །དེ་གང་བ་ནི་རྣམ་པ་ཐམས་ཅད་པའི་བདག་ཉིད་ཀྱི་སྟོང་པ་ཉིད་དེ། འདི་ལྟར་ཐམས་ཅད་དུ་དེ་རྟོགས་ཤིང་ཡང་དག་པར་འཆར་བ་ཡིན་ནོ། །ཞེས་བྱ་བའོ། །དེ་བཞིན་དུ ་དང་པོ་དང་གཉིས་པ་ཡང་ཉེ་བར་བསྟན་པའི་ཕྱིར་གསུངས་པ། རྣམ་པར་མི་རྟོག་བདེ་བ་ཆེ། །འདོད་པའི་མཚན་ཉིད་བདག་ཉིད་ཅན། །དགའ་འདི་བདེ་བའི་ཁྱིམ་གྱི་ནི། །སྒོ་ཡི་ཐེམ་སྐས་ལྟ་བུའོ། །ེ་མའོ་བདེ་བ་ཨེ་མའོ་བདེ་ཆེན་ཉིད། །ེ་མའོ་ཇི་ལྟ་ཇི་ལྟར ་ལོངས་སྤྱོད་བགྱི། །འདོད་པ་ཞེས་བྱར་རྩོལ་བའི་སེམས་ཀྱི་ནི། །དགའ་དེ་སྔོན་དུ་འགྲོ་བ་ལྟ་བུ་ཡིན། །ཚིགས་སུ་བཅད་པ་གཉིས་པོ་འདི་དག་གིས་དགའ་བའི་མཚན་ཉིད་གསུངས་པ་ཡིན་ལ། ཡང་མཆོག་ཏུ་དགའ་བའི་མཚན་ཉིད་བསྟན་པའི་ཕྱིར་གསུངས་པ། ་དངོས་པོ་རྣམས་ལ་ངོ་བོ་ཉིད་བཏགས་པ། །སྟོང་པ་ཉིད་ཀྱིས་རྣམ་པར་འཇོམས་པར་བྱེད། །རང་བཞིན་མེད་པ་ཉིད་དུ་སྦྱིར་བ་ལས། །མཆོག་ཏུ་དགའ་བ་ཡི་ནི་རང་བཞིན་ཅན། ཨེ་མའོ་ཡེ་ཤེས་ཨེ་ཡེ་ཤེས། །ཡེ་ཤེས་གསལ་བ་འདི་ངོ་མཚར། །ཞེས ་བྱར་ལོངས་སྤྱོད་རྩོལ་པའི་སེམས། །མཆོག་ཏུ་དགའ་བ་འདི་ངོ་མཚར། །ཡེ་ཤེས་འདི་དག་ནི་བག་ཆགས་ལོང་སྤྱོད་པ་ཉིད་ཀྱིས་མཛེས་པ་མ་ཡིན་པ་སྟེ། དེ་ལས་འདིར་གཉིས་ཀྱི་མཚན་ཉིད་རྗེས་སུ་དམིགས་པས་མཚོན་པར་བྱ་བ་མ་ཡིན་པའི་ལྷན་ཅིག་སྐྱེས་པ ་མི་བླུན་པ་ཉིད་བསྟན་བའི་ཕྱིར་གསུངས་པ་དངོས་པོ་ཞེས་བྱ་བ་ནི་ཡོད་པ་ཉིད་དེ་མཆོག་ཏུ་དགའ་བའོ། །དངོས་པོ་མེད་པ་ཞེས་བྱ་བ་ནི་མེད་པ་ཉིད་དགའ་བྲལ་ལོ། །མཁའ་ཞིག་ཉིད་དང་རྣམ་བྲལ་ནི་དེ་གཉིས་ཀྱི་དབྱེ་བ་དང་བྲལ་བར་རྟོགས་པའོ ་དེ་ཡིས་རང་ཉིད་དེ་བླུན་བའི་ལྷན་ཅིག་སྐྱེས་པ་ལ་ལྟོས་པ་མེད་པ་ཉིད་དོ། །མཛེས་པ་ནི་བག་ཆགས་དང་བྲལ་བའི་སྣང་བ་མ་ལུས་པའོ། །སྟུག་པོར་གྱུར་པའི་དགའ་བ་ཞེས་བྱ་བ་ནི་སྟུག་པོ་སྟེ་ཕ་རོལ་ཏུ་ཕྱིན་པ་ལྔའི་དེ་ཁོ་ན་ཉིད་ཀྱི་དངོས་པོའོ། །རབ་ཏུ་རྟོགས་པ ་ཞེས་བྱ་བ་ནི་ཀུན་ཏུ་འདོད་པའི་ལོངས་སྤྱོད་ཀྱི་ཡུལ་དྲན་པའི་རང་བཞིན་གྱི་དགའ་བ་གསུམ་བོ་རྣམས་ལས་ཤིན་ཏུ་ལྷག་བ་རྟོགས་པ་སྟེ། གཞི་མེད་ཅིང་ཐོགས་པ་མེད་པའི་རང་བཞིན་ཇི་ལྟར་ཡོད་པ་ལྷག་པར་རྟོགས་པའི་བདག་ཉིད་ཀྱིས་སོ། །ཆེན་པོ་ཞེས ་བ་ནི་གང་དུ་ཉེ་བར་བསྟན་པའི་མཚན་ཉིད་བཞི་པོ་དག་གི་ནང་ནས་དེ་ཡང་དག་པ་རྟོགས་པར་བྱེད་པ་ཉིད་ཀྱིས་ཆེན་པོའོ། །ནམ་མཁའ་ཨི་ནང་ཁྱབ་བ་ནི་སྟོང་པ་ཉིད་བཅུ་དྲུག་གི་རང་བཞིན་ནོ། །རྣམ་པ་སྣ་ཚོགས་ནི་སྣང་བ་སྣ་ཚོགས་པའོ། །དེ་རྣམས་ཀྱི་རྒྱ་ཆེ་བ་ནི་དང་ཚུལ་རྒྱ་ཆེ ་བའོ། །དྲི་མེད་ནི་དྲི་མ་དང་བྲལ་ཉིད་ཀྱིས་སོ། །དེས་ན་དེའི་དཔེ་གསུངས་བ་སྟེ། མེ་ལོང་ནི་མེ་ལོང། །དཀྱིལ་འཁོར་ནི་གཟུགས་བརྙན་ནོ། །འཕྲོ་བ་ནི་སྣ་ཚོགས་པའི་རྣམ་པ་འཛིན་པས་མཛེས་པ་སྟེ། འདྲ་བ་ནི་མཚུངས་པའོ། །བདེ་བ་ཀུན་གྱི་གཞི་ནི་ཕུན་སུམ་ཚོགས ་པའི་བདེ་བ་མ་ལུས་པའི་ས་ཡིན་པས་སོ། །དེ་ཉིད་མི་འདི་ལྟར་གཟུགས་བརྙན་དང་མཚུངས་པའི་རྣམ་པ་ཐམས་ཅད་པའི་དངོས་བོ་རང་བཞིན་གྱིས་འོད་གསལ་བ་རང་གཞན་དང་བྲལ་བའི་དེ་ཁོ་ན་ཉིད་གཅིག་བུ་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། སྟོང་པ་ཉིད་དང་སྐྱི་? ་གཉིས་སུ་མེད་བའི་གནས་སྐབས་ཀྱི་དམ་པའི་གཟུགས་ཇི་སྙེད་པའི་རང་བཞིན་རང་དང་གཞན་ལ་ཕན་པ་ཕུན་སུམ་ཚོགས་པའི་མཚན་ཉིད་སྐུ་གསུམ་གྱིས་ཕྱེ་བའི་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྩ་བའོ། །བཞི་པ་ཡིན་པར་བརྗོད་ཅེས་པ་ནི་གསུམ་པ་འདི་ལའོ།། ་དེ་བཞིན་དུ་ནི་ཞེས་པས་ཀྱང་སྟེ། རྣམ་པར་རྟོག་པ་མ་ལུས་པ་སྐྱེ་བ་བཅོམ་པས་རྣམ་པ་ཐམས་ཅད་ཀྱི་མཚན་དང་ལྡན་པ་ཉིད་ཀྱིས་ལུས་པ་མེད་པའི་རང་བཞིན་དུ་གྱུར་པའི་དགའ་བའོ། །ད་ནི་ལྷན་ཅིག་སྐྱེས་པ་སྣང་བཞིན་པ་ཡང་དག་པར་རིགས་པའི་རྣལ་འབྱོར ་པ་ཉམས་སུ་མྱོང་བ་གཅིག་དུ་སྦྱོང་པ་ཉེ་བར་བསྟན་པའི་ཕྱིར་གསུངས་པ། ཨེ་མའོ་ཞེས་པ་ནི་བདེ་བ་ཡང་དག་པར་རིག་པ་ལས་ཉམས་སུ་མྱོང་བ་གཞན་མེད་པ་ལ་ངོ་མཚར་བ་སྟེ། ཕུལ་དུ་བྱུང་བའི་ཡིད་དགའ་བའོ། །བདེ་ཆེན་ཞེས་པ་ནི་རང་བཞིན་མེད་པ་ཉིད་ལས ་རྣམ་པ་ཐམས་ཅད་པར་སྣང་བཞིན་པའིའོ། །དེའི་རོལ་པ་ནི་ངལ་བ་མེད་བར་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་དེ་དང་དེ་ལྟ་བུར་སྣང་བར་གྱུར་བའོ། །སྲིད་པ་གསུམ་ནི་འཇིག་རྟེན་དུ་གདགས་པ་གསུམ་ཉིད་ངམ་ལུས་ཡིད་གསུམ་མོ། །གང་བ་ནི་ཁྱབ་པའོ། །གང་གིས ་ནི་རོལ་པ་གང་གིས་སོ། །རང་གཞན་དབྱེ་བ་ནི་བདག་དང་གཞན་གྱི་དབྱེ་བའོ། །འདི་ཞེས་བྱ་བ་ནི་བག་ཆགས་ཀྱིས་དབང་བྱས་བཞིན་པའི་མངོན་སུམ་མོ། །སྐད་ཅིག་ནི་ལྷན་ཅིག་སྐྱེས་པའི་སྐད་ཅིག་འདིའོ། །དབྱེར་མེད་ནི་རོ་གཅིག་པ་ཉིད་བའོ། །འགྲོ་བ་ནི་རྟོགས་པའོ།། ་དེ་ཡང་འདི་ལྟར་ཡིད་ལྷན་ཅིག་སྐྱེས་པ་ལ་མཉམ་པར་བཞག་བཞིན་པའི་རྣལ་འབྱོར་པ་ནི་རང་དང་གཞན་དུ་དམིགས་པའི་རྒྱུའི་དབྱེ་བས་སྟོང་པས་དེ་བཞིན་ཉིད་དུ་རོ་གཅིག་པ་ཉིད་ཀྱིས་དབྱེ་བ་མེད་པ་དེ་ཉིད་སླང་ཡང་གསལ་པར་བྱ་བའི་ཕྱིར་གསུངས་པ་ནི་རྟོགས ་པར་སླའོ། །དེའི་ཕྱིར་འདུ་བྱེད་པ་མེད་པར་ཤིན་ཏུ་གསལ་བ་ཉིད་གཉིས་སུ་མེད་པར་རྟོགས་སོ་ཞེས་བསྟན་པའི་ཕྱིར་གསུངས་པ། དངོས་པོ་རྣམས་ནི་ཆོས་རྣམས། །དབྱེ་བ་མེད་པ་ཡང་ཞེས་པ་ནི་དེ་བཞིན་ཉིད་ཀྱི་རང་བཞིན་གྱིས་དབྱེར་མེད་པ་མིན་པ་ཡོ་ངོ། །སླང ་ཡང་ཞེས་བྱ་བ་ནི་གཉིས་སུ་མེད་པ་ཉིད་ཀྱི་གནས་སྐབས་ན་ཡང་དབྱེ་བ་མེད་པར་འགྱུར་བ་སྟེ། འགྱུར་བ་མེད་པའི་ཆོས་ཉིད་བླང་དོར་དང་བྲལ་བ་རྟོགས་ཤིང་ཁོང་དུ་ཆུད་པས་སོ། །ཅིའི་ཕྱིར་འདི་དེ་ཁོ་ན་ཉིད་རྟོགས་བ་ཡིན་ཞེ་ན། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན ་པའི?་སྟོང་པ་ཉིད་ཀྱི་དངོས་པོ་རྟོགས་པ་ལས་ཏེ། དེའི་ཕྱིར་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའོ། །དེ་ལ་རྣམ་པ་མཛའ་དག་སྤངས་ནས་ནམ་མཁའ་ལ་སྟོང་པ་ཉིད་སྣང་བས་མཛོས་པ་ཉིད་ནི་ཀུན་ཏུ་འདོད་པའི་རང་བཞིན་གྱི་སྐད་ཅིག་མ་གསུམ ་ལས་ཕུལ་དུ་བྱུང་བས་ཆེན་པོ་ཉིད་ཡིན་པ་གང་གི་ཕྱིར་བདེ་བ་ཆེན་པོའི་སྒྲས་བརྗོད་པ་ཡིན་ནོ། །དེ་ཡང་འདི་ལྟར་རང་དང་གཞན་ལ་ཕན་པ་ཕུན་སུམ་ཚོགས་པས་རྣམ་པར་རྒྱལ་བའི་རྣལ་འབྱོར་པའི་ཡིད་གཉིས་གྱིས་རྣམ་བ་དང་བྲལ་ཞིང་རོ་གཅིག་ཏུ་གྱུར ་པས་དབང་བྱས་པ་ལས་དེ་འདི་ལྟ་བུ་ཉིད་དུ་ཁྱད་པར་དུ་སྣང་བའོ་ཞེས་བྱ་བ་སྟེ། དེ་ཉིད་ལ་བདེ་བ་ཆེན་པོ་ལེགས་པར་རྟོགས་པ་ཞེས་ཀྱང་བསྟན་པ་ཡིན་ནོ། །ད་ནི་རང་བཞིན་ལྷན་ཅིག་སྐྱེས་པ་དང་རྗེས་སུ་འཐུན་པའི་མོས་པས་ཞི་གནས་སུ་བྱ་བའི་ཕྱིར་ཤིན་ཏུ་ཕྲ་བའི ་གཏམ་མོའི་སྦྱོར་བ་ཁྱད་པར་དུ་བྱ་བ་གསུངས་པ། དངོས་པོའི་ཚོགས་རྣམས་ནི་ཆོས་ཀྱི་ཚོགས་རྣམས་སོ། །རྣམ་པར་དཔྱོད་པས་ནི་དེའི་སྐྱེ་བ་མེད་པ་ལ་སོགས་པ་རྣམ་པར་དཔྱོད་པ་དྲི་མ་མེད་པའོ། །འཕེལ་བ་ནི་དེ་རབ་ཏུ་གྱུར་པའོ། །ཤེས་རབ་ནི་དེ་ཁོ་ན་ཉིད་དུ་སྐྱེ་པ ་དང་བྲལ་བས་འགྱུར་བ་མེད་པའི་ཆོས་ཉིད་རྟོགས་པ་སྟེ། བག་ཆགས་དང་བྲལ་བའི་རིག་པའོ། །རླུང་ནི་མེའི་གྲོགས་ཉིད་དེ། དེས་བསྐུལ་བས་དང། ཡང་དག་པར་རྣམ་པར་དཔྱོད་པའི་རྒྱུན་ཡོངས་སུ་ཤེས་པས་ཀྱང་ངོ། །གཏུམ་མོ་ནི་བར་མ་ཆད་པར་ཇི་ལྟར་ཡོད་པ་རབ ་ཏུ་གསལ་བ་ཉིད་གྱིས་རྣམ་པར་རྟོག་པའི་དྲ་བ་མཛའ་དག་སྲེག་པའི་བདག་ཉིད་དོ། །འབར་བ་ནི་བག་ཆགས་མཛའ་དག་བསྲེགས་པས་མངོན་པར་གསལ་བར་གྱུར་པའོ། །རབ་ཏུ་གསལ་བ་ནི་རབ་ཏུ་དངས་པའོ། །རྒྱ་ཆེ་བ་ནི་རྒྱ་ཆེར་འཕེལ་བཞིན་པ་ཉིད་ཀྱིས་སོ། །ཡང ་དག་ཡེ་ཤེས་ཏེ། བག་ཆགས་ནི་བླུན་པ་ལས?་གཞན་མ་ཡིན་པ་ཉིད་ཀྱིས་སོ། །དྲི་མ་མེད་པ་ནི་སྒྲིབ་པ་ཐམས་ཅད་རབ་ཏུ་བཅོས་པས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ལྔར་མོས་ཤིང་མཚོན་པར་བྱ་བ་གཟུགས་ལ་སོགས་པ་རྣམས་སུ་རྣམ་པར་རྟོག་པ་སྟེ་མངོན་པར ་ཞེན་པའི་ཕུང་པོ་བསྲེགས་ཤིང་ཉམས་པར་བྱས་པས་སོ། །བདུད་རྩི་ནི་སྐྱེ་བ་དང་འཇིག་པས་སྟོང་པའི་ཆོས་ཐམས་ཅད་དེ་སྟོང་པ་ཉིད་དོ། །ཞུ་པ་ནི་རབ་ཏུ་གསལ་བར་བྱེད་པ་སྟེ། འབར་བ་འབའ་ཞིག་གིས་མ་ཡིན་པར་འཛག་པས་ཀྱང་ངོ་ཞེས་བྱ་བའི་དོན་ཏོ། །དམིགས་མེད་ཡང་དག ་རིག་བྱེད་བ་ནི་རྟེན་མེད་པར་རྟོགས་པའོ། །ནམ་མཁའ་ཡང་ནི་ཁྱབ་པ་ཞེས་བ་ནི་སྟོང་པ་ཉིད་ཀྱི་ཚུལ་གྱིས་སོ། །དངོས་བོ་མཛའ་དག་མཉམ་པ་ཉིད་ནི་དེས་འཐོབ་པ་སྟེ། མངོན་པར་སྦྱོར་བ་ལས་དང་ཡིན་ཕྱིས་པའོ། །དེ་ཡང་འདི་ལྟར་མོས་པའི་འབྲས་བུ་གཞི་མེད་བ་ཉིད་ཀུན་ཏུ་ཚིངས ་པར་མངོན་དུ་གྱུར་པ་ནི་རྫོགས་པ་སྟེ། མཆོག་ཏུ་ལྷན་ཅིག་སྐྱེས་པའོ། །རྩ་རྣམས་ཀྱང་ཉེ་བར་བཏགས་པ་དང་བྲལ་བའི་ལྷའི་གཟུགS་དེ་བཞིན་ཉིད་ལྷན་ཅིག་སྐྱེས་པའི་བདག་ཉིད་ཞེས་ཉེ་བར་བསྟན་པའི་ཕྱིར་གསུངས་པ། རང་བཞིན་གྱིས་ནི་རྩ་རྣམས་ནི། །དེ་ཕན?་ལས ་ལྷ་ཉིད་མིན། །འདི་རྣམས་ཀྱི་ནི་ཤིན་ཏུ་དག་།རང་བཞིན་མེད་འདི་དང་ངོ་བོ། །དེ་བཞིན་དུ། ཤེས་རབ་ཐབས་དག་གཅིག་ཉིད་གང། །རྣམ་པ་ཐམས་ཅད་སྡོམ་པ་གཅིག་། བ་དྷུ་ཏཱི་རྣམ་སེལ་བདག་།དེ་ནི་དབུ་མའི་རྟོགས་པར་འདོད། །གཅིག་པུ་ཨ་བ་དྷཱུ་ཏཱི་ཉིད་ཅེས་བྱ་བའི ་?་དུའོ། །གང་དུ་ཞེས་བྱ་བ་ཅི་ཡང་དག་པར་རིག་པ་གང་དུ་སྟེ་དགའ་པའོ། །ཡང་དག་པར་རྟོགས་པ་ནི་གཉི་སུ་མེད་པར་རྟོགས་པའོ། །དེ་ནི་དག་པ་སྟེ། སྟོང་པ་ཉིད་ཀྱི་ཕྱིར་དག་པའི་དངོས་པོར་ཡོང་པའོ། །ནམ་མཁའ་ཆེ་ཞེས་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་པS ་ཆེན་པོ་ཉིད་དེ། །དེ་ལས་ལྷག་པ་མེད་པ་གཉིས་སུ་མེད་པའི་དོན་ཏོ། །འདི་ཉིད་ཀྱི་ཕྱིར་གང་དུ་ཕྱིན་པ་ལྔའི་རང་གི་ངོ་བོ་ཉིད་ཤེS་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་གཉིས་སུ་མེད་པ་ཉིད་ནི་ཡོངས་སུ་དག་པའོ། །རྣམ་ཀུན་ཉེ་བར་བསགས་པས་མཛའ་དད་ཐོགས་པར་རྟོགས་བྱ་ལོང་སྤྱོད ་རྫོགས་ཤེས་བྱ་བ་ནི་ཡོངས་སུ་རྫོགས་ཤེས་བྱ་བ་ནི་ཡོངས་སུ་རྫོགས་པ་ལ་ལོངས་སྤྱོད་པས་ལོངས་སྤྱོད་རྫོགས་པ་སྟེ། དེའི་རྟོགས་བྱ་ནི་ཐོབ་པར་བྱ་བའོ། །དངོས་པོའི་ཚོགས་ནི་ཐ་སྙད་དུ་སྣང་བཞིན་པ་རྣམས་ཏེ། དེ་བཞིན་ཉིད་དུ་རོ་མཉམ་པ་ཉིད་ཀྱིས་རྨི་ལམ་ལྟ་བུ་ནི་སྤྲུལ་ ་བའོ། །སྒྲིབ་པ་བྱུང་བའི་ཡེ་ཤེས་ཡུལ་དེ་རྣམ་དག་ཨ་བ་དྷུ་ཏཱིའོ་ཞེས་བྱ་བ་ནི་སླར་ཡང་སྒྲོ་བཏགས་པ་མ་ཡིན་པ་ཐོབ་པ་ཉིད་དོ། །ད་ནི་འཁོར་ལོ་བཞིའི་ལྷག་པའི་བྱེད་པ་གསུངས་པ། སྙིང་ཁ་དང་མགྲིན་པ་དང་བྷ་ག་དང་སྤྱི་བོ་རྣམས་ལ ་འཁོར་ལོ་བཞི་རྣམས་ཏེ། རིམ་པ་ནི་ཡོངས་སུ་བསྟར་བའོ། །དེ་ལ་བླུན་པའི་རང་བཞིན་གྱི་འགྲོ་བ་འགྱུར་བ་མེད་པའི་དེ་བཞིན་ཉིད་རྟོགས་པ་འཛིན་པར་བྱེད་པས་ཆོས་དང། ངག་གི་ཐ་སྙད་ཀྱིས་རང་དང་གཞན་ལ་ཕན་པ་ཡང་དག་པར་ཉམས་སུ་མྱོང་བར་བྱེད་པས། ་ལོངས་སྤྱོད་རྫོགས་པ་དང། སེམས་ཅན་གྱི་བསམ་པའི་དབང་བཞིན་དུ་སྐུ་སྤྲོ་བ་སྟོན་པར་བྱེད་པས་སྤྲུལ་པ་དང། འཁོར་ལོ་གསུམ་ལས་ཁྱད་པར་དུ་གཡོ་བ་མེད་པའི་དགའ་བ་ཕུན་སུམ་ཚོགས་པ་རྟོགས་པར་བྱེད་པས་བདེ་བ་ཆེན་པོའོ། །དེ་ཡང་འདི་ལྟར་འཁོར་ལོ ་བཞི་པོ་ཡང་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་བདག་ཉིད་ཀྱིས་དེ་བཞིན་ཉིད་དུ་མཚུངས་བའོ། །འོན་ཏང?་དགའ་བའི་ཡིད་འགྱུར་བ་མེད་པའི་ཆོས་ཉིད་རྟོགས་པ་ལ་ནི་རྣམ་པར་དཔྱོད་པ་མེད་པའི་ཕྱིར་དབྱིབས་ཀྱིས་དབྱེ་བས་གྲངས་སུ་བྱ་བ་ཡང་མེད་དོ་ཞེས་གསུངས་ནས། དེ་བཞིན་ཉིད་འདི་ལ ་ནི་ཁྱད་པར་གྱི་དབྱེ་བའི་རྣམ་པའང་མེད་པ་སྟེ། དེ་ལྟར་ཡང་སྣ་ཚོགས་པའི་རྩཝ་དང་ཤིང་གི་ནགས་བསྲེགས་པ་ན་ནམ་མཁའ་ལ་དབྱེ་བ་མེད་པ་དེ་བཞིན་དུ་མ་ལུས་པའི་བག་ཆགས་ནུབ་པ་ན་དེ་བཞིན་དུ་དབྱེ་བ་མེད་པའོ། །དེ་ལྟར་ན་ཀུན་རྫོབ་དང་དོན་དམ་པ་ཡང་རང་བཞིན ་ཉིད་འོད་གསལ་བར་རོ་གཅིག་པ་ཉིད་ཀྱིས་དབྱེར་མེད་པའོ། །འོན་ཀྱང་ཀུན་རྫོབ་ཏུ་ཇི་ལྟར་ཡོད་པའི་ཆོས་རྟོགས་པས་དང། དེ་མེད་པ་ཉིད་ལ་སོགས་པས་ཀུན་རྫོབ་དང་དོན་དམ་པའི་དབྱེ་བ་བལྟ་བར་བྱ་བའོ། །དངོས་པོ་རྣམས་ཉིད་ཅེས་བྱ་བ་ནི་ཐ་སྙད་དུ་ཡོད་པའི་དོན ་གྱིས་དངོས་པོ་ཉིད་དོ། །རང་བཞིན་ཞེས་པ་ནི་སྔར་བསྟན་པ་བཞིན་ཏེ། གཞན་ནི་རྟོགས་པར་སླའོ། །འདི་ལས་ན་གང་ཤིན་ཏུ་ཕྲ་བར་དམིགས་པས་ཀྱང་དེ་ཁོ་ན་ཉིད་དུ་མི་འགྱུར་རོ་ཞེས་མདོར་བསྡུས་ནས་གསུངས་པ། ཕྲ་མོའི་རང་བཞིན་ཞེས་པས་ནི་དམིགས་པ་བརྗོད་པ་སྟེ། ་སྔར་ཉེ་བར་བསྟན་པ་ལས་གཞད་བ་ཡིན་ནོ། །ངེས་པར་ནི་ངེས་པ་ལས་ཏེ། དེ་ཁོ་ན་ཉིད་ནི་ཡང་དག་པའི་མཛའ་ཨོ། །དེ་ལྟར་ན་འདི་ཉིད་དུ་བཤད་པ་ཙམ་ལས་དེ་ཁོ་ན་ཉིད་མ་ཡིན་པར་བརྗོད་པའོ། །དམིགས་པས་སྟོང་པས་ན་མཆོག་གི་བདེ་བར་རོ་གཅིག་པ་སྟེ། བར་མ ་ཆད་པའི་བདག་ཉིད་འབའ་ཞིག་པས་སོ། །དང་བ་ནི་རྣམ་པར་དག་པའོ། །རྒྱུན་ནི་དེ་ལྟ་བུར་རྒྱུན་ཆགས་པའོ། །སྣང་བ་ནི་གང་གི་སྟེ། དེ་དང་དེ་ལྟ་བུར་གསུངས་པ་རྣམས་སོ། །ཉམས་སུ་མྱོང་བའི་སྙིང་པོ་ཞེས་པ་ནི་སོ་སོ་རང་གིས་རིག་པར་བྱ་བའི་ངོ་བོའོ། །དམིགས་པས་སྟོང ་ཞེས་པ་ནི་ཐ་སྙད་སྣ་ཚོགས་ཀྱི་དམིགས་པ་མི་འཇུག་པའོ། །དེ་ཉིད་ནི་དོན་ཇི་ལྟ་བའི་ལྷན་ཅིག་སྐྱེས་པ་བདེ་བ་ཆེན་པོ་ཞེས་བྱ་བའོ། །དེ་བཞིན་དུ་བདེ་བ་ཆེན་པོའི་སྐུ་སྟེ། ངེས་པར་གཅིག་ཏུ་ཡུལ་གྱི་འདོད་པ་མེད་ཅིང་མཆོག་ལ་བརྟེན་པ་འབའ་ཞིག་བའི་སེམས། ། ་མཆོག་ནི་རྣམ་པ་དང་ལྷ་སྟེ། དེའི་ཕྱིར་དེ་ལ་ཡང་དག་པར་བརྟེན་པ་ནི་མ་འཁྲུལ་བ་ཡིན་ལ། གང་འཁྲུལ་པ་མེད་པ་ནི་ནམ་མཁའ་ཨི་རང་བཞིན་ཤིན་ཏུ་འོད་གསལ་བ་དམིགས་པ་མཛའ་དག་ལས་འདས་ཤིང་མི་ཉམས་པ་བདེ་བ་ཆེན་པོའི་སྐུའོ། །རང་བཞིན་མེད ་པའི་ངོ་བོ་ཉིད་ནི་དངོས་པོ་རྣམས་ཀྱི་རང་བཞིན་ཡིན་ལ། རང་བཞིན་མེད་པ་ཉིད་ལས་བར་མ་ཆད་པར་རྣམ་པ་སྟོན་པ་ཡང་སྟེ། རྟོག་པའི་རང་བཞིན་ཅན་ཞེས་བྱ་བ་ནི་བཏགས་པའི་ངོ་བོ་ཉིད་དོ། །རང་བཞིན་གྱིས་རྣམ་པར་རྟོག་པ་ལས་མ་བྱུང་ཞིང་སྟོང་བས་ན་རང་བཞིན ་མེད་པ་སྟེ། དེ་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བས་ན། རང་གི་འདོད་པས་འཇུག་བ་ཡིས། །བག་ཆགས་སྟོབས་ཀྱི་གཡོས་པ་ལས། །རྣམ་པར་རྟོགས་པ་སྐྱེས་གྱུར་པ། །ཕྱི་རོལ་དོན་འབྲས་ཉིད་ལྟ་བུ། །ཞེས་ཏེ། རང་གི་འདོད་པས་ཤེས་བྱ ་བ་ནི་རང་ཉམས་ཀྱི་གཞན་དབང་གིས་ཏེ། ཡང་དག་པར་སྒྲོ་བཏགས་པའི་བག་ཆགས་བརྫུན་བའི་སྟོབས་ཀྱིས་བྱས་པ་ལས་རྣམ་པར་རྟོག་པའི་ཤེས་པ་སྐྱེས་པ་ན་ཕྱི་རོལ་གྱི་དོན་གྱི་འབྲས་བུ་ཉིད་ལྟ་བུ་སྟེ། བར་མ་ཆད་ཅིང་དབྱེར་མེད་པའི་བག་ཆགས་ཀྱི་དབང་ཉིད་ཀྱིས ་ཞེས་པའོ། །གྱེ་ཧོ་ཞེས་བྱ་བ་ནི་ཆེད་དུ་ངོ་མཚར་བ་ལ་ངོ་མཚར་བའོ། །རྣམ་བཀྲ་ཞེས་བྱ་བ་ནི་སྣ་ཚོགས་པ་ཉིད་དོ། །རྣམ་རྟོག་རྗེས་སུ་སོང་གྱུར་པ་ཞེས་པ་ནི། ཀ་དམྦ་སྟེ་གླིང་བུ་གོ་ལ་ཀའི་རོལ་མོའི་སྒྲ་ལྟ་བུར། རང་གི་ཉམས་ཀྱིས་དབང ་གིས་ཡུལ་གཅིག་ཉིད་ལ་དུས་གཅིག་ཏུ་རྣམ་པ་མར་བོར་ཉེ་བར་རྟོགས་པའོ། །དེ་བཞིན་དུ་གཅིག་གི་དངོས་པོ་ཉིད་ལ་ཞེས་བྱ་བ་ལ་དངོས་པོ་ནི་ཡུལ་ཏེ་ཡང་ཞེས་པའི་དོན་ཅན་ནོ། །ནི་ཞེས་བྱ་བ་ནི་ཡང་ཡིག་ཕྱིས་བའོ། །རྣམ་པ་སྣ་ཚོགས་དོན་དུ་རྟོགས་པ་ནི། ལྷན ་ཅིག་ཏུ་འབྱུང་བ་མེད་པས་དེ་དང་དེའི་བདག་ཉིད་དུ་མེད་ཀྱི། རང་གི་འདོད་པས་ཉེ་བར་བཏགས་པ་ཙམ་མོ། །དེ་བཞིན་དུ་ཡུལ་ལ་ལྟོས་པ་མེད་པར་ཡང་འདོད་པ་སྐྱེ་བ་ནི་ཞེས་བསྟན་པ་གསུངས་བ་ནི་གོ་བར་སླའོ། །འོ་ན་ཇི་ལྟར་རང་བཞིན་གྱིས་ཡོངས་སུ་དག་པའི་སེམS ་ལས་ཀུན་ཏུ་རྟོག་པ་འབྱུང་ཞེ་ན། དེ་བསྟན་པའི་ཕྱིར་གསུངས་པ། །རིགས་ཀྱི་བུ་གང་བྱིས་པར་གྱུར་པས་རང་བཞིན་ཡོངས་སུ་མ་ཤེས་པར་ནS?་ལྡུམ་ལ་རེག་པས་སྡུག་བསྔལ་བར་འགྱུར་རོ། །དེ་བཞིན་དུ་སེམས་འདིའི་ཡང་ཡོངས་སུ་དག་པའི་རང་བཞིན་མ་རྟོགས ་པ་ལས། ཕྱི་རོལ་དུ་དམིགས་པས་སྡུག་བསྔལ་བར་འགྱུར་རོ། །དེའི་ཕྱིར་སེམས་ཀྱི་ཕྱི་རོལ་དང་དོན་དམ་པའི་གནས་སྐབས་བསྟན་པར་བྱ་སྟེ། སེམས་དེ་རྟོག་པའི་རྣམ་པ་སྟེ། །ཕྱི་རོལ་དོན་དཱུང་བརྟགས་པ་ཉིད། །རྟོག་པ་འདི་དག་སྤངས་པ་ན། །གཅིག ་བུ་ནམ་མཁའ་ཨི་བདག་ཉིད་དོ། །འོན་ཀྱང་མི་ཤེས་པས་ནི་དངོས་རྣམས། །རང་བཞིན་རང་བཞིན་བཅས་པ་ཉིད། །དངོས་པོ་རྣམས་ནི་ཡོངས་ཤེས་པས། །རང་བཞིན་རང་བཞིན་མེད་པའོ། །ཞེས་པ་སྟེ། མི་ཤེས་པ་འདི་ཡིས་ཇི་ལྟར་ཡོད་པ་ཉིད་དོན་དུ་རྣམ་པར་དཔྱོད ་ལ། དངོས་པོ་རྣམས་ཀྱི་རང་བཞིན་ཏེ་ངོ་བོ་ཉིད་རྣམ་པར་དཔྱད་པ་གང་གི་ཚིག་འདི་རྣམས་ཤེས་པའི་རྣམ་པ་ཉིད་དང་དེའི་ཚེ་དེ་རྣམས་རང་བཞིན་མེད་པའི་དངོས་པོ་ཡིན་པ་ཉིད་ཀྱིས་རང་གི་ངོ་བོ་རང་བཞིན་མེད་པའོ། །དེ་བས་ན་རྣལ་འབྱོར་པས་ལྟོས་པ་མེད་པར་རྣམ་པ ་ཐམས་ཅད་བྱེད་དོ་ཞེས་བསྟན་ཏེ། བྱ་བ་དེ་རྣམས་དབྱེ་བ་དང། བྱེད་པ་པོ་ཡང་དེ་བཞིན་དུ་འགྱུར་བ་མེད་པའི་དེ་བཞིན་ཉིད་དུ་རོལ་ཞིང་ལོངས་སྤྱོད་པར་བྱེད་པ་དང། །འདི་ལྟ་བུར་རྒྱ་ཆེ་བའི་སྐུའི་ཕུན་སུམ་ཚོགས་པའི་འབྲས་བུ་ལ་ལོངས་སྤྱོད་པའི་བར་དུ་འགྱུར་བ ་དང། དེ་ཉིད་སྦྱིན་པར་མི་བྱེད་པ་ལ་སོགས་པའི་ངན་པའི་བསམ་པའི་དྲི་མས་དྲི་མར་བྱས་པ་ལས་དེའི་འབྲས་བཱུང་དྲི་མ་དང་བཅས་པ་ཉིད་དེ། གཞན་གསོད་པ་ལ་འཇུག་ཅིང་རྗེས་སུ་ཡི་རང་བའི་ཁྲོ་བའི་མེས་བསྐོར་བའི་སེམས་ཀྱིས་འདི་ཉིད་དུ་དམྱལ་བར་ཉོན་མོངས ་པར་བྱེད་པ་ལ་སོགས་པའོ། །དེ་ཡང་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་རྣམས་ཀྱི་དགའ་བ་ནི་དེ་ཁོ་ན་ཉིད་དེ། འདི་ལྟར་དེ་ཡོངས་སུ་རྟོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་སོ། །དེ་ཉིད་ནི་མཆོག་སྟེ་དབྱེར་མེད་པའི་བདག་ཉིད་དུ་བསྟན་པ་རྒྱས་པར་གསུངས་པ། དགའ་བ་ཞེS ་བྱ་བ་ལ་སོགས་པ་ལ། འདི་རྣམས་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིའོ། །འབྲས་བུ་དགའ་བ་ཞེས་བྱ་བ་ནི་དགའ་བ་ཕ་རོལ་ཏུ་ཕྱིན་པའི་འབྲས་བུར་ཉེ་བར་སྟོན་པའི་དོན་ཏོ། །དེ་ནི་འདི་སྟེ་དངོས་པོ་ཉིད་ཡིན་ལ། རྟོགས་པ་ནི་དེའི་དེ་བཞིན་ཉིད་ཁོང་དུ་ཆུད་པ་སྟེ། ་དེ་ནི་རང་བཞིན་མེད་པ་ཉིད་དོ། །གཉིས་པོ་ཞེས་པ་ནི་བར་མ་ཆད་པར་དགའ་བ་དང་རྟོག་པ་དག་ངེས་བར་སྡོམ་པ་སྟེ། དབྱེར་མེད་པ་ནི་དབྱེ་བས་སྟོང་པའོ། །དགའ་བ་ཉིད་ཅེས་པ་ནི་གཉིས་སུ་མེད་པ་ལ་རྗེས་སུ་ཆགས་པའོ། །བདེ་བ་ཆེ་ནི་དེ་ལས་གཞན་མ་ཡིན་ཏེ་དེ་ཡང་འདི ་ལྟར་སྟོང་པ་ཉིད་དང་སྙིང་རྗེ་དག་དབྱེ་བས་སྟོང་པར་རྟོག་པ་ནི་བདེ་བ་ཆེན་པའོ། །འོ་ན་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ནི་སེམས་ཀྱི་ངོ་བོ་ཉིད་རང་བཞིན་གྱིས་ལྷན་ཅིག་སྐྱེས་པ་ཡིན་ན། དེ་ལ་སྟོང་པ་ཉིད་ནི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དེ་རང་བཞིན་མངོན་པར་གསལ་བ་རབ་ཏུ ་རྟོགས་བཞིན་པ་ཉིད་ཡིན་ལ། སྙིང་རྗེ་ནི་བྱེད་པ་པོའི་འདོད་པའི་དབྱེ་བས་སྨོན་ལམ་གྱི་རྣམ་པར་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ལྷན་ཅིག་སྐྱེས་པ་མ་ཡིན་ནོ། །དེའི་ཕྱིར་དེའི་དགའ་བ་དེ་ཡང་ཐེ་ཚོམ་མེད་པར་ལུས་ལ་ལྟོས་པ་བཅོས་མ་ལ་སོགས་པ་མཚན་མའི་རྒྱུན་ལ ་ལྷག་པར་ཞེན་པའི་བདེ་བ་ཡིན་པས་ན་དེ་ཁོ་ན་ཉིད་དུ་མི་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། ལྷན་ཅིག་སྐྱེས་པ་ནི་ཀུན་ནས་ཉོན་མོངས་པ་ལ་བརྟེན་པའི་འདོད་ཆགས་ལ་སོགས་པས་སྟོང་པ་མཆོག་ཏུ་ཞི་བའི་དངོས་པོ་སྟེ། དེ་ནི་ཉོན་མོངས་པ ་འཇོམ་པར་བྱེད་པ་དང་རང་བཞིན་གྱིས་དགའ་བ་ཉིད་དེ། དེ་བས་ན་འདི་ལྟར་སྟོང་པ་ཉིད་དང་དབྱེར་མེད་པའི་སྙིང་རྗེ་ནི་བྱང་ཆུབ་ཀྱི་སེམས་སོ་ཞེས་བྱ་བར་གནས་པས་སོ། །དེ་ལྟར་ན་དེ་ཉིད་དབྱེར་མེད་པའི་རང་བཞིན་དུ་རྒྱས་པར་བསྟན་པ་ནི་སྒྲོན་མ་དང་ནི་སྣང་བཞེས ་སོགས་ཏེ། རྟོགས་པར་སླའོ?། །གཉིས་པོ་འདི་དག་གི་ཆེ་བའི་བདག་ཉིད་ཀྱང་གསུངས་པ་ནི་འདི་ནི་ཞེས་བྱ་བ་སྟེ། རང་གི་བདག་ཉིད་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པར་ཡོད་པ་གང་ཡིན་པའོ། །འདི་ནི་སེམས་གཅིག་པུའི་རང་བཞིན་ཏེ། སེམས་ཤེས་རབ ་དང་ཐབས་ཀྱི་བདག་ཉིད་ཡིན་པ་དེའི་ཕྱིར། ཧེ་ཡིག་གིས་ནི་སྙིང་རྗེ་ཆེ། །བཛྲ་ཤེས་རབ་བརྗོད་པར་བྱ། །ཞེས་བྱ་བ་ཀྱེའི་རྡོ་རྗེའོ། །རིམ་པ་འདིའི་དེ་མཛའ་དག་ཀྱེའི་རྡོ་རྗེའི་རང་བཞིན་ཡིན་པ་ཉིད་ཀྱིས་རྣམ་པར་དབྱེ་བ་མེད་པའོ་ཞེ་སྟོན་པ་ནི་དགའ་བ་ཞེས་བྱ་བ་ལ ་སོགས་པ་སྟེ། རྟོགས་པའི་དོན་ཀྱང། །འཇིག་རྟེན་གྱི་ཐ་སྙད་མཛའ་དག་ཡོངས་སུ་དག་པའོ་ཞེས་བྱ་བ་ཡང་བསྟན་པའི་ཕྱིར། རྣལ་འབྱོར་མ་ཞེས་པ་ལ་སོགས་པ་སྟེ། རྣམ་པར་རྟོག་པ་ཐམས་ཅད་ཀྱི་རང་བཞིན་ཡོངས་སུ་དག་པ་རྣམས་ནི་དཀར་མོ་ལ་སོགས་པའི ་རྣལ་འབྱོར་མ་རྣམས་སོ། །སྲིད་པ་གསུམ་ནི་ལུས་ངག་ཡིད་གསུམ་སྟེ། སྟོང་པ་ཉིད་ཀྱི་སྙིང་པོ་ཅན་ཉིད་ཀྱི་ཕྱིར་དཀྱིལ་འཁོར་རོ། །བདེ་བ་ཆེན་པོ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་དེ་ཁོ་ནའི་དགའ་བའོ། །དེར་ནི་དགའ་སྟོན་ཏེ་རང་དང་གཞན ་ལ་ཕན་པ་ཕུན་སུཾ་ཚོགS་པས་སོ། །དེ་བས་ན་འདི་ལྟར་འགྲོ་བ་མ་ལུས་པའི་དོན་བྱེད་པར་ནུས་པའི་རྣལ་འབྱོར་པ་སྐྱོ་བ་མེད་བཞིན་དུ་ཡང་དེ་དང་དེ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དང་དེ་ནི་ཐ་སྙད་རྣམས་སོ། །ལྷན་ཅིག་སྐྱེས་པ་བདེ་བ་ཆེན་པོ་ལ་ཡིད་མཉམ་པར་བཞག ་པས་གཉིས་སུ་མེད་པའི་དེ་བཞིན་ཉིད་ཀྱི་ངོ་བོར་དབྱེར་མེད་པའི་སྣང་བ་ཡང་དག་པར་རིག་པའི་རྣལ་འབྱོར་པ་ནི། ཡང་དག་པར་ལྷུན་གྱིས་གྲུབ་པའི་རྒྱུན་གྱི་ཏིང་ངེ་འཛིན་ལས་ཀྱེའི་རྡོ་རྗེ་མཆོད་པར་བྱེད་པ་པོ་སྟེ། དེའི་ཕྱིར་རྣམ་པ་ཐམས་ཅད་དུ་ཏིང་ངེ་འཛིན་ལ་མངོན་དུ་ཕྱོགས ་པའི་རྣལ་འབྱོར་པས་ཇི་ལྟར་མངོན་པར་འདོད་པའི་ལོངས་སྤྱོད་ལ་སོགས་པ་ཁྱད་པར་དུ་སྤྱོད་པ་ནི། ལྷག་པར་མོས་པ་བསྒོམ་པ་འབའ་ཞིག་གིས་མ་ཡིན་པར་ཕུན་སུམ་ཚོགས་པའི་བྱ་བས་སོ་ཞེས་བྱ་བར་དགོངས་སོ། །རྒྱུ་མཚན་དེས་ན་ཏིང་ངེ་འཛིན་ཕུན་སུམ་ཚོགས་པའི ་རྣལ་འབྱོར་པས། ཐམས་ཅད་དུས་སུ་ཞེས་པ་ཇི་ལྟར་མངོན་པར་འདོད་པའི་རྣམ་པར་རོལ་པ་སྣ་ཚོགས་ཀྱི་དུ་སུའོ། །ཆོས་ཐམས་ཅད་ལ་དགོས་མེད་དེ?་མངོན་པར་ཞེན་བས་སྟོང་པས་ཀུན་ཏུ་སྤྱད་པར་བྱ་བའོ། །དེ་དགོས་པ་དང་གཉིས་ཀྱི་ཐ་སྙད་འཁོར་བའི་དབུས་སུ་གནས ་ཀྱང་དེ་ལས་བྱུང་བའི་སྐྱོན་གྱིས་གོས་པར་མི་འགྱུར་ཏེ། མངོན་པར་ཞེན་པས་སྐྱོ་བའི་རྒྱུ་མཚན་གྱིས་འདི་ཉིད་དུ་མྱ་ངན་ལས་འདའ་བར་འགྱུར་བ་ཡིན་ནོ། །དེ་ཉིད་མདོར་བསྡུས་ནས་གསུངས་པ་ནི་ཇི་ལྟར་སྒྱུ་མ་ཞེས་བྱ་བ་ལ་སོགས་པ་སྟེ། རྟོགས་པར་སླ་འོ།། ་དེ་ཉམས་སུ་མྱོང་བའི་རང་གི་ངོ་བོ་ཉིད་ཉེ་བར་བསྟན་པ་གསུངས་པ། བསྒོམ་བྱ་མེད་ཅེས་བྱ་བ་ནི་འདིར་ལྷན་ཅིག་སྐྱེས་པ་བསྒོམ་པ་ན་མངོན་པར་འདོད་པའི་སེམས་ལས་གཞན་པའི་ཕྱི་རོལ་གྱི་དངོས་པོ་མེད་པ་སྟེ། དམིགས་པ་མེད་པ་ལས་གཞན་རིག་པར ་བྱ་བའི་བསྒོམ་བྱ་མེད་པའོ། །དེ་སེད་པས་ན་བསྒོམ་པ་པོ་ཞེས་པ་སེམས་ཏེ་དེ་ཡང་མེད་ལ། དེ་གཉིས་པོ་མེད་པའི་ཕྱིར་དྲན་པ་འབའ་ཞིག་དག་ཏུ་སྐྱེ་བའི་བསྒོམ་པ་ཡང་སེད་དོ། །དེ་བས་ན་འདི་ལྟར་བསྒོམ་པར་བྱ་བ་དང་སྒོམ་པ་པོ་དང་བསྒོམ་པ་དང་བྲལ་བ ་ནི་གཉིས་སུ་མེད་པའི་དེ་བཞིན་རྟོགས་པ་སྟེ། དེ་ཡང་སེམས་ཉིད་དོ། །དེ་ཉིད་རྒྱས་པར་བསྟན་པའི་ཕྱིར་གསུངས་པ། གཉིས་ཀྱི་རྣམ་པ་ཡོངས་དོར་བས། །དབྱེ་བ་དབྱེ་བ་མེད་པ་སྤངས་པ་ནི་དེ་ལས་སྐྱེས་པ་སྟེ། དེ་དེ་བཞིན་དུ་གནས་པས་ཉམས་ཤིང་དུབ་པ་མེད ་པ་ན། དེ་བཞིན་ཉིད་ཀྱི་དངོས་པོར་ཡོད་པའི་དེ་ཁོ་ན་ཉིད་ཡེ་ཤེས་འབའ་ཞིག་པ་ཙམ་ནི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་དེ་བསྒོམ་པ་ལ་སྐྱོན་ཡོད་པ་མ་ཡིན་ནོ། །ད་ནི་གཉིས་སུ་མེད་པའི་རང་བཞིན་གྱིས་སྔགས་བཟླས་པ་ལ་སོགས ་པ་ཡང་ཡོངས་སུ་དག་པའོ་ཞེས་ཉེ་བར་བསྟན་པའི་ཕྱིར། གསལ་བར་དག་ཏུ་ཐན་པའོ། །ལ་སོགས་ཞེས་པ་ནི་དཀའ་ཐུབ་ལ་འཇུག་པ་ལ་སོགས་བའོ། །འདི་རྣམས་ཤེས་བྱ་བ་ནི་མངོན་དུ་ཕྱོགས་ཤིང་མ་བཀག་པའི་བྱ་བ་རྣམས་ཏེ། ལྷག་པའི ་བསམ་པའི་རྒྱུན་ལས་ཁ་ཐོན་དང་དབྱུང་བ་དང་འཇུག་པ་གསུམ་ལ་སོགས་པའི་དམིགས་པ་ལ་བརྩོན་པ་ཉིད་ཀྱང་ངོ། །དེ་ཡང་གཉིས་ཀྱི་ཐ་སྙད་མངོན་པར་གསལ་བས་སྔགས་བཟླས་པ་ལ་སོགས་པ་མ་བཀག་པ་ནི་མ་ཡིན་གྱི་གཉིས་སུ་མེད་པའི་གནས ་སྐབས་དག་པ་ཡང་དག་པར་རིག་པས་འདི་རྣམས་ཐམས་ཅད་དུ་བྱ་བའོ། །རྣམ་པར་དག་པ་ཉིད་འདི་ལས་ནི་དེ་ཐམས་ཅད་བྱས་ཀྱང་བཀག་པ་མེད་པ་སྟེ། གང་གི་ཕྱིར་འགྲོ་བ་ལྷན་ཅིག་སྐྱེས་པའི་རྣམ་འཕྲུལ་ཡིན་པས་སོ། །དེ་ཉིད་སླར་ཡང་རབ་ཏུ་རྟོགས ་པར་བྱ་བ་ནི། ཡི་གེ་ཕྱིས་པས་སྐུ་གསུམ་གྱི་རང་བཞིན་ནི་ཡི་གེ་ཧཱུཾ་སྟེ། དེ་ལྟར་ན་རྡོ་རྗེ་གསུམ་གྱི་དབྱེ་བས་གསུངས་པའང་ཡང་དག་པའི་ཐ་སྙད་དོ། །དོག་མེད་ཅེས་པ་ནི་ལྷན་ཅིག་སྐྱེས་པའི་ཆོས་ཉིད་ཀྱིས་དོགས་པ་དང་བྲལ་བའོ། །ཧེ་རུ་ཀ་ལྟ་བུ་ཞེས ་བྱ་བ་ནི་རྒྱུས་སྟོང་པ་དང་སྣ་ཚོགས་པའི་རྟོག་དང་བྲལ་བ་དང་བརྟེན་པ་མེད་པ་ཉིད་ཀྱིས་ཀྱང་ངོ། །ཀུན་རྟོག་ཀུན་ཏུ་རྨོངས་པ་འཇོམས་པ་ནི་དགོས་པར་དབྱེ་བའོ། །དེས་ནི་འདི་ལྟ་བུ་བསྔགས་བཟླས་པ་ལ་སོགས་པ་ལ་སྐྱོན་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ནི ་སྔགས་མ་ལུས་པའི་རང་བཞིན་ནི་ལྷན་ཅིག་སྐྱེས་པ་རྟོགས་པའོ་ཞེས་བསྟན་པའི་ཕྱིར། རྟོག་པ་ཞེས་པ་ནི་གཉིས་ཀྱི་ཐ་སྙད་དེ་སྒྲིབ་པ་ཡིན་ལ། དེ་དག་ཀུན་སྤངས་ནས་བརྟགས་པ་མ་ཡིན་ལ་ཉམས་སུ་མྱོང་བ་གང་ཡིན་པ་ནི། གསང་བ་དེ་ཉིད་ཅེས་པ་ཚིག ་ཏུ་བརྗོད་པར་བྱ་བ་མ་ཡིན་པས་གསང་བའི་སྐད་ཀྱང་དེ་ཉིད་ཡིན་ལ། སྔགས་དེ་རྣམས་ཤེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པ་བསྒོམ་པ་དེ་ཉིད་སྔགས་ཏེ། སྟོང་པ་ཉིད་མཆོག་ཉིད་ཀྱིས་སོ། །དེ་བཞིན་དུ་དེ་ཉིད་བསྲུང་བ་མཆོག་དང། འདི་ལྟར་མ་ལུས་པའི ་སྔགས་ཀྱིས་བསྒྲུབ་པར་བྱ་བ་ཐམས་ཅད་ཀྱང་དེས་འགྲུབ་པར་བྱེད་པའོ། །རང་བཞིན་སྟོང་པ་ཉིད་ཡིན་ཀྱང་སྣ་ཚོགས་པའི་དོན་གྱི་བྱ་བ་བྱེད་དོ་ཞེས་བསྟན་པའི་ཕྱིར། རྨི་ལམ་ལྟ་བུའི་ཆོས་རྣམ་ཤེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་རྨི་ལམ་ན་དོན་གྱིས ་དངོས་པོ་མེད་ཀྱང་དོན་གྱི་སྣང་བ་མངོན་སུམ་དུ་ཉམས་སུ་མྱོང་བས་བླང་དོར་ལ་སོགས་པའི་རང་བཞིན་གྱི་བྱ་བ་དེ་དང་དེ་བསྐྱེད་བར་བྱེད་དོ། །དེ་བཞིན་དུ་རྣམ་པར་དཔྱད་པ་ལས་སྟོང་པ་ཉིད་ཡིན་ཀྱང་ཁུ་བྱུག་ལ་སོགས་པས་བདེ་བར་དང། བོང་བུ་ལ་སོགས ་པའི་བོང་བུའི་སྐད་ཀྱིས་སྡུག་བསྔལ་བར་བྱེད་པ་དེ་བཞིན་དུ་ཞི་བ་དང་རྒྱས་པ་ལ་སོགས་པའི་ངེས་པར་སྦྱོར་བ་རྣམས་སུ་སྔགས་ཀྱིས་ཀྱང་དེ་དང་དེའི་བྱ་བ་སྐྱེད་པར་བྱེད་པའོ། །དེ་ཡང་འདི་ལྟར་ཡིད་ཐོགས་པ་མེད་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་སེམས ་ན་སྔགས་ཏེ་དེ་བཟླས་བར་འགྲུབ་པ་ཡིན། །དེ་ཡང་འདི་ནི་དངོས་པོའི་ནུས་པ་ལས་སོ་ཞེས་སྟོན་པ་ནི། དངོས་པོའི་ནུས་པའི་རང་བཞིན་འདི་ཀུན་རྫོབ་ལས་ནི་ཉེ་བར་འཐོབ་ཅེས་བྱ་བ་སྟེ། འོན་ཀྱང་སྔགས་ནི་དོན་དམ་པ་ལས་ཀྱང་དངོས་གྲུབ་ཏུ་འགྱུར་བ་ནི། འདི་དག ་ཀྱང་རང་བཞིན་རབ་ཏུ་རྟོགས་པ་ཉིད་ཀྱིས་ན་ཀུན་རྫོབ་རྣམ་པར་སྤངས་ནས་དོན་དམ་པར་མི་འགྱུར་བ་ལས་སོ། །ད་ནི་ལྷ་མ་ལུས་པའི་རང་བཞིན་ལྷན་ཅིག་སྐྱེས་པ་ཡང་དག་པར་རིག་པའི་རྣལ་འབྱོར་བས་ལྷ་ལ་ཕྱག་བྱས་ཀྱང་སྐྱོན་དུ་མི་འགྱུར་རོ་ཞེས་ཤེས ་པར་བྱ་བ་ནི། ཤིང་ལ་སོགས་ལས་བྱུང་ཉིད་ཀྱིས། སངས་རྒྱས་གཟུགས་བརྙན་ཏེ་རྣམ་པར་བཀྲ་བའི་ལྷ་རྣམས་ལ་ཞེས་བྱ་བའི་!ཐ་ཚིག་གོ་།དོར་མི་བྱེ་བ་སྟེ། དོན་གྱི་དབང་ལས་ཐམས་ཅད་དམིགས་པ་མེད་པའི་ཆོས་ཉིད་ལྷན་ཅིག་སྐྱེས་པའི་རང་བཞིན་དུ་རྟོགས་པ་ན་ཞེན་པ་ཡང་ ་དེ་ལྟ་བུར་ཡང་དག་པར་རིག་པ་དེས་སྒྱུ་མ་དང་རྨི་ལམ་ལྟ་བུའི་ཕྱག་བྱས་པ་ལ་སྐྱོན་འཐོབ་པར་འགྱུར་བ་ཡོད་པ་མ་ཡིན་པའོ། །ས་སོགས་ཏེ་ཤིང་དང་རྡོ་ལས་བྱུང་བ་ལ་སོགས་པའི་ལྷ་འདི་རྣམས་ལ་རབ་ཏུ་རྟོགས་པས་ཕྱག ་མི་བྱ་སྟེ། དེ་ནི་དེ་ལ་དམིགས་པའི་རྩོལ་བ་འགོག་པའོ། །ཕྱག་མ་བྱས་ཀྱང་ལྷན་ཅིག་སྐྱེས་པ་རྟོགས་པར་གྱུར་པ་ནི་དེ་ཉིད་ཕྱག་ཡིན་ནོ་ཞེས་སྟོན་པ་སྟེ། དམིགས་པ་དང་བྲལ་པའི་ཆོས་ཉིད་ལྷག་པར་ཤིན་ཏུ་གསལ་བར་མངོན་སུམ་དུ་ཉམས་སུ་མྱོང་བས ་ཕྱི་དང་ནང་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ཕུན་སུམ་ཚོགས་པས་བརྫུན་པ་མ་ཡིན་པའི་ཆོས་ཉིད་རྟོགས་པ་ཉིད་ནི་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐཾས་ཅད་ལ་ཕྱག་བྱས་པ་ཡིན་ལ། དེ་ལྟར་ན་གང་དམིགས་པ་དང་བྲལ་བའི་རང་གི་ངོ་བོ་ཉིད་རྟོགས་པ་འདི ་ཉིད་ནི་གུས་པ་དང་བཅས་པའི་ཡིད་ཀྱི་ཕྱག་འཚལ་པ་བླ་ན་མེད་པ་ཡང་ངོ། །དེ་བཞིན་དུ་གཏོར་མ་དང་ཉེར་སྤྱོད་ཀྱི་མཆོད་པའི་རིམ་པ་ཡང་རྨི་ལམ་དང་སྤྲུལ་པ་ལྟ་བུ་ཉིད་ཅེས་པ་སྟེ། གང་བརྫུན་པ་མ་ཡིན་པའི་ཆོས་ཉིད་རང་བཞིན་གྱི་སྐྱེ་བ་ལ་སོགས ་པའི་མཚན་ཉིད་དང་བྲལ་ཞིང་མཚན་ཉིད་མེད་པའང་ནུབ་པ། ཀུན་ནས་ཐམས་ཅད་ཀྱི་རྟེན་དང་ཀུན་ནས་ཉོན་མོངས་པ་མཛའ་དག་ཉེ་བར་ཞི་བ། ངོ་བོ་ཉིད་ཀྱིས་དྲི་མ་མེད་པ་འབའ་ཞིག་ཏུ་ལྷག་པར་གནས་པ་མཆོག་ཏུ་མྱ་ངན་ལས་འདས་པའི་རང་བཞིན་གྱི ་སེམས་ཉིད་གཅིག་པུ་ནི་ཆོས་ཀྱི་དབྱིངས་ཏེ། དེ་ལ་གསལ་བར་སྣང་ཞིང་དག་གི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱིས་དོགས་པ་མེད་པའི་རང་བཞིན་འཛིན་པས་ན་ཆོས་དང། དེ་ལྟ་ནའང་ལྷག་པར་གནས་པ་ཉིད་ཇི་ལྟར་གྱུར་པའི་གནས་སྐབས་དེ་ལྟ་བུའི ་སྣང་པར་འབྱུང་བས་དབྱིངས་སོ། །དེ་བས་ན་འདི་ལྟར་གཞི་མེད་ཅིང་མངོན་པར་གསལ་བའི་སེམས་ཉིད་ནི་ཆོས་ཀྱི་དབྱིངས་ཏེ། སྦྱིན་པ་པོ་ལ་སོགས་པའི་འཁོར་གསུམ་པོ་དེ་ནི་དེའི་རང་བཞིན་དུ་མཉམ་པ་ཉིད་ཡིན་པ་དེའི་ཕྱིར་འགྱུར་བ་མེད་པའི་འབྲས་བུ ་འཐོབ་པའོ། །དེ་དང་དེ་ལྟ་བུ་ཉིད་དུ་ཕྱི་རོལ་ཉེར་སྤྱོད་ཀྱི་མཆོད་པ་དགའ་བ་ཡང་ངོ་ཞེས་བསྟན་པའི་ཕྱིར་གསུངས་པ། ཇི་ལྟར་གྱུར་པ་ཉིད་ཀྱིས་ན་དེ་བཞིན་ཉིད་དེ། ངོ་བོ་ཉི་རང་བཞིན་ནོ། །དེར་དབྱེར་མེད་པ་ནི་རྣམ་པའི་དབྱེ་བས་སྟོང་པ་སྟེ། གཞི་མེད་པའི་ཆོས་ཉིད་ཀྱིས་སོ། ། ་ཁམས་གསུམ་པོ་ནི་ལུས་དང་ངག་དང་ཡིད་དོ། །གཅིག་པར་ཡང་དག་རིག་པ་ནི་གང་འབའ་ཞིག་ཏུའོ། །རྣལ་འབྱོར་རྣམས་ཀྱི་རྒྱུན་ཆད་མེད་པ་ཡི་ཞེས་བྱ་བ་ནི་འདི་ལྟར་ཏིང་ངེ་འཛིན་ལ་བརྟན་པར་མངོན་དུ་ཕྱོགས་པར་བྱས་པ་རྣམས་ཀྱི་གཞི་མེད་པ་འབའ་ཞིག་པའི ་བློ་ཇི་སྲིད་པར་མ་ཆད་པར་འཇུག་པ་དེ་སྲིད་དུའོ། །དགའ་འདི་ནི་མཆོད་པའི་སྙིང་པོ་སྟེ་ཆོས་ཀྱི་དབྱིངས་ཉིད་ཀྱིས་གནས་པ་མངོན་སུམ་དུ་ཡང་དག་པར་རིག་ཅིང་ཉམས་སུ་མྱོང་བས་དེ་བཞིན་གཤེགས་པ་ལ་ཉེ་བར་སྤྱོད་པའི་མཆོད་པ་ཆེན་པོ་ཉིད་དུ་གྱུར་པའོ། །དེ་ནི་ཤེS ་རབ་དང་ཐབས་ཀྱི་བདག་ཉིད་བློ་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་ལ་གནས་པས་དུས་ཐམས་ཅད་པ་དང་རྣམ་པ་ཐམས་ཅད་པའི་གཏོར་མ་ཆེན་པོའོ། །དེ་ལ་འདི་ལྟ་བུར་རྒྱ་ཆེན་པོའི་ཚོགས་གཉིས་ཀྱང་རྣམ་པར་དག་པའོ་ཞེས་སྟོན་ཏེ། བྱང་ཆུབ་ནི་ཡོན་ཏན ་ཕུན་སུམ་ཚོགས་པ་ཡང་དག་པར་གསལ་བའི་སྐུ་གསུམ་མོ། །སྦྱིན་པ་ལ་སོགས་པ་ཡོངས་སུ་གྱུར་པས་ལོངས་སྤྱོད་ཆེན་པོ་ལ་སོགས་པ་དང་མཆོག་གི་དབང་ཕྱུག་གི་སྐུ་ཡང་དག་པའི་འབྲས་བུ་བྱེད་པ་ནི་བསོད་ནམས་ཀྱི་ཚོགས་དང། དེ་ཉིད་ཀྱང་ཆོས་ཀྱི ་དབྱིངས་ཀྱི་རང་བཞིན་གྱི་དངོས་པོ་ཉིད་ཀྱིས་ཇི་སྲིད་དུ་འོད་གསལ་བ་དང་དབྱེར་མེད་པའི་དེ་བཞིན་ཉིད་དུ་གནས་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །དེ་དང་དེ་ལྟ་བུའི་ཚོགས་གཉིས་པོ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྣམ་པར་དག་པས་ཕུལ་དུ་བྱུང་བའི་ངེས་པའི་འབྲས་བུ ་བྱེད་པ་སྟེ། གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་ཚོགས་ཐམས་ཅད་ཀྱང་དྲི་མ་མེད་པའི་ལྷན་ཅིག་སྐྱེས་པ་སྲིད་པ་དང་ཞི་པ་ལ་མི་གནས་ཤིང་ཉོན་མོངས་པ་མ་ལུས་པ་སྤངས་པས་རྣམ་པར་དག་པ་ཉིད་དུ་གྱུར་པ་ལ་བརྟེན་པ་ཡིན་ནོ། །དེ་བཞིན་དུ་ཡོན་ཏན་ཤིན་ཏུ་གསལ ་བར་ཡིད་ལ་བྱེད་བས་ཆེན་པོ་ཉིད་དུ་བྱེད་པ་རབ་གནས་དང། སྔགས་དང་བཅས་པས་བཀུག་ནས་བསྲེག་ཟ་བསྲེག་བྱས་སྲེག་གླུགས་བྱེད་པ་སྦྱིན་བསྲེག་དང། དེང་ཇི་ལྟར་མངོན་པར་འདོད་པའི་ལྷ་ལ་ཇི་ལྟར་རིགས་པའི་མཆོད ་པའི་སྦྱོར་བ་དང། ལ་སོགས་པའི་སྒྲས་སློབ་མ་བསྡུ་བ་དང་དེ་ལ་དབང་བསྐུར་བ་སྦྱིན་པ་ལ་སོགས་པའོ། །བྱ་བ་ནི་ཡུལ་གྱི་ཐ་སྙད་ཀྱིས་ཇི་ལྟར་བྱས་པ་སྟེ། སྣ་ཚོགས་པའི་ཐ་སྙད་ཉེ་བར་བཏགས་པ་ལ་མངོན་པར་ཞེན་པ་བརྒྱུད་མར་འབྱུང་བ་ཀུན་ཀྱང ་མི་སྤོང་བར་ཏིང་ངེ་འཛིན་གྱིས་ཏིང་ངེ་འཛིན་དུ་བྱེད་པས་རྣཾ་པར་སྦྱོད་པས་ན་དྲི་མ་མེད་པའོ། །ཤེས་རབ་ནི་ཆོས་མཛའ་དག་འགྱུར་བ་མེད་པར་རྟོགས་པའོ། །ཐབས་ནི་དེ་གཞི་མེད་པར་སྣང་ཞིང་བདེ་པའི་རང་བཞིན་དུ་རྟོགས་པ་སྟེ། གཉིས་པོ་དེ་དག་སྦྱོར་བ་ནི་ཡང་དག་པར ་ཀུན་ནས་དབྱེར་མེད་ཅིང་ཐ་སྙད་དུ་འབྲེལ་བར་བྱས་པའོ། །རྫོགས་པའི་བྱང་ཆུབ་ནི་ཕུན་སུམ་ཚོགས་པའི་ཡོན་ཏན་མཛའ་དག་ཡང་དག་པར་རྟོགས་པ་སྟེ། དེ་སྒྲུབ་པར་བྱེད་པ་ནི་དེ་དང་དེ་ལྟ་བུའི་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་འདི་མཛའ་དག་ལས་ཐ་སྙད་དུ ་རྫོགས་པའི་བྱང་ཆུབ་སྒྲུབ་པར་བྱེད་པའོ། །ད་ནི་རབ་ཏུ་གནས་པའི་དེ་ཁོ་ན་ཉིད་གསུངས་པ། ཕྱི་རོལ་གྱི་རྣམ་པར་ཡོངས་སུ་གཟུང་ཞིང་ཡིད་ལ་བྱས་པའི་ཡུལ་དང་ཡིད་ལ་བྱེད་པ་ཐམས་ཅད་ནུབ་པ་ནི་ཉེ་བར་ཞི་བའི་དམ་ཚིག་པ་དང་ཡེ་ཤེས་ཀྱི་འཁོར་ལོ་སྦྲོ་ཞིང ་བསྡུ་བ་དང་གཞུག་པ་ལ་སོགས་པ་སྟེ། དེའི་ཚེ་སྣང་བ་མཛའ་དག་སྒྱུ་མ་དང་རྨི་ལམ་དང་མཚུངས་པར་སྣང་བཞིན་པ་དྲི་མ་མེད་ཅིང་གསལ་ཙམ་འབའ་ཞིག་པ་ཡང་དག་པར་རིག་པ་ལའོ། །རྡོ་རྗེ་སེམས་དཔའ་ནི་སྟོང་པ་ཉིད་དང་སྙིང་རྗེའི་རང་བཞིན་ཡང་སྟེ། གང ་གནས་པ་ཞེས་པ་ནི་གང་དབྱེར་མེད་པར་གནས་པའོ། །དེ་ཉིད་ནི་མཛའ་དག་སངས་རྒྱས་རྣམས་ཀྱིའང། རབ་ཏུ་གནས་པ་སྟེ་བླ་ན་མེད་པ་ནི་ཇི་ལྟར་ཡོད་པ་རྟོགས་པ་ཉིད་ཀྱིས་སོ། །འདི་དག་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མཆོག་ཏུ་གསང་བ་ཆེན་པོ་ལས་གཞན་མ ་ཡིན་ལ། །དེ་ཡང་དེ་བཞིན་གཤེགས་པ་ཡང་དག་པར་མཆོད་པའི་ཆེད་དུ་འདི་ལྟར་ཆོ་ག་ཇི་ལྟ་བས་ཁྲུས་ལ་སོགས་པ་དེ་རྣམས་བྱ་བ་དེ་ལ་ནི་རྣམ་པར་དག་པའི་དད་པའི་སྟོབས་དང་ལྡན་པ་ལས་འདི་རྣམས་སུ་དེ་བཞིན་གཤེགས་པ་ཉིད་རབ་ཏུ་གནས་པ་དང་བྱིན་གྱིས་བརླབ? ་པ་ཡང་དེ་དང་མཚུངས་པར་འགྱུར་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདི་ལྟར་དེ་བཞིན་གཤེགས་པའི་སྐུའི་རྣམ་པར་རོལ་པ་ནི་ལུས་པ་མེད་པའི་རོལ་པ་སྣ་ཚོགས་པས་རྣམ་པར་བརྩན་པ་འདི་ཉིད་ཡང་དག་པར་རིལ་པ་ལས་ཚོགས་མ་ལུས་བ་སྒྲུབ་པར་བྱེད་པའོ་ཞེས ་སྟོན་པ་ནི།། གཉིས་སུ་མེད་པའི་དག་པ་ཡང་དག་པར་རིག་པས་ཚེས་མཛའ་དག་ལྷའི་བདག་ཉིད་དུ་རབ་ཏུ་སད་པ་རྟོགས་པའི་རྣམ་པར་རོལ་པའི་ཚོགས་ཀྱི་རྒྱུར་གྱུར་པའི་རོལ་པ་ལ། བཅོས་མ་མ་ཡིན་པའི་ང་རྒྱལ་རབ་ཏུ་བྱེད་པས་མཆོག་གི་བདེ་བའི་ཚོགས་ཉམས་སུ ་མྱོང་བ་ལས་རྣལ་འབྱོར་པས་ཚོགས་གཉིས་པོ་རྫོགས་པར་བྱེད་པའོ། །དེ་བཞིན་དུ་མཆོད་པའི་དེ་ཁོ་ན་ཉིད་ནི་དགའ་བ་སྟེ། དེ་ཡང་འདི་ལྟར་ལྷའི་རང་བཞིན་གྱིས་རོལ་པས་ན། འདི་ཉིད་སྐྱོ་བ་མེད་པར་རྣམ་པ་ཐམས་ཅད་པའི་ཏིང་ངེ་འཛིན་གྱི་བློས་རང་གི་འདོད་པའི་རོ ་རབ་འབྱམ་དུ་གྱུར་པ་ལས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཉིད་དེ། བསམ་གྱིས་མི་ཁྱབ་སྦྱོར་པའི་བདག་ཉིད་ཀྱིས་ཤེས་བྱ་བ་ནི་ཀུན་ཏུ་རྟོག་པ་མ་ལུས་པས་སྟོང་པའི་རང་བཞིན་གྱི་ཏིང་ངེ་འཛིན་ཏེ། གཉིས་ཀྱི་དངོས་པོར་ཡོངས་སུ་དམིགས་པའི་དམིགས་པ་བཅོམ་ནས་སྒྱུ་མ་? ་ལམ་དང་མཚུངས་པའི་སྦྱོར་བ་བཅོམ་པའི་རིམ་པའི་རིམ་པ་མངོན་པར་འཕེལ་བ་ལས་བདེ་བའི་རོལ་པ་ཡང་ང་དང་མཚུངས་པར་རབ་ཏུ་གསལ་བའོ། །རྡོ་རྗེའི་དབང་ཕྱུག་ཅེས་བྱ་བ་ནི་བཅད་ཅིང་གཞིག་ཏུ་མེད་པ་ལ་སོགས་པའི་མཚན་ཉིད་ཀྱིས་རྡོ་རྗེ་དང་རང་དང་གཞན ་ཕུན་སུམ་ཚོགས་པའི་བདག་པོ་ཉིད་ཀྱིས་དབང་ཕྱུག་སྟེ། སྐུ་གཉིས་སུ་ནུས་པ་འདི་ཉིད་ལས་ཀྱེའི་རྡོ་རྗེ་ཉིད་དོ། །མཆོད་པར་བྱ་ཞེས་བྱ་བ་ནི་རྗོཌ?་པར་བྱ་བ་སྟེ། རྟོཌ་པར་བྱས་པ་ལས་རང་ཉིད་མངོན་པར་འཕེལ་བར་འགྱུར་བ་ཉིད་ཀྱིས་སོ། །གཟུགས་ལ་སོགས་པ་ལྔ་ནི་གཟུགས་དང ་ཚོངས་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ལྔ་ཞེས་པའོ། །བཏགས་པ་ནི་དེ་ལ་གཉིས་ཀྱི་རྣམ་པས་མངོན་པར་ཞེན་པའོ། །ཟ་བ་ནི་འཇོམས་པའོ། །དམ་ཚིག་ནི་ཀུན་ཏུ་པའི་ཡེ་ཤེས་ཏེ། དེ་ལྟར་ན་གཉིས་སྤངས་ནས ་རང་བཞིན་གྱིས་ཡོངས་སུ་དག་པ་ཉིད་གོམས་པ་ལས་ཀྱང་ཀུན་ནས་མཛའ་དག་གསལ་ཞིང་གཏུགས་པ་མེད་པར་མ་ལུས་པའི་ཆོས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གནས་སྐབས་ཐོབ་པར་འགྱུར་བ་འདི་ཉིད་ནི་འདིར་དམ་ཚིག་ཆེན་པོ་ཡིན་ནོ། །གང ་གི་ཕྱིར་དམ་ཚིག་དེ་ནི་རྣམ་པར་དག་པ་སྟེ། རྣམ་པར་དག་པས་ནི་ཐམས་ཅད་དུ་ཇི་ལྟར་འདོད་པའི་ཀུན་ཏུ་སྤྱོད་པས་གནས་པར་བྱ་བའོ། །དེའི་ཕྱིར་རྣམ་པར་དག་པ་ནི་རྫོགས་པའི་བྱང་ཆུབ་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ལྟ་བས་ན་ཇི་ལྟར་འདོད་པའི་ཀུན་ཏུ ་སྤྱོད་པས་གནས་པ་ཙམ་ཉིད་ཀྱིས་རྣམ་པར་དག་པར་འགྱུར་བ་ནི་མ་ཡིན་པས། འདི་ལྟར་རྣམ་པར་དག་པའི་ཡེ་ཤེས་ལ་བརྩོན་པར་བྱ་བའོ། །ད་ནི་འདིའི་ཕན་ཡོན་གསུངས་པ། རྣམ་པར་རྟོག་པ་དངས་པ་ཡིས། །ལྷག་པར་མོས་པ་མི་འབྱུང་བ། ། ་གསལ་བར་སྣང་བ་འདི་དེ་ནི། །རང་རིག་བདེ་བ་ཆེན་པོའོ། །འགའ་ཞིག་བདུད་རྩི་ཞེས་བྱ་བའི། །གཏམ་ཉིད་ཀྱིས་ནི་ཚིམ་མོད་ཀྱང། །མངོན་སུམ་ཉམས་མྱོང་བདག་ཉིད་ནི། །རོ་ལ་བརྩོན་པའི་རྣམ་སྨིན་ནོ། །སུ་ཞིག་གཟུགས་ཀྱི་ཚོགས་བསྡུས་པ། །དམིགས ་དང་བཅས་མ་ཆགས་མེད་དང། །དམིགས་པ་མེད་པར་རྩེ་གཅིག་པའི། །མཆོག་དེ་རྣམས་ནི་དཀོན་པ་ཉིད། །འགའ་ཞིག་སྟོང་པ་ཉིད་ལ་དང། །ལ་ལ་སྦྱོར་བའི་རིམ་པར་རྨོངས། །སུ་ཞིག་བདེ་བ་ཆེ་སྤྲོ་བའི། །རང་བཞིན་ཅན་འདིར་རྣལ་འབྱོར་པ། །ཞེས་སོ། གོ ་?་བྱེད་པའི་སྙིང་པོ་རབ་ཏུ་དད་པས་གསལ་བྱས་ལ། །བསོད་ནམས་ཕུང་པོ་རིམ་མེད་པ་བདག་གིས་གང་ཐོབ་པ། །དེས་ནི་འཇིག་རྟེན་རྣམ་པར་རྟོག་པའི་དྲ་བ་ཡོངས་བསལ་ནས། །རྫོགས་པའི་བྱང་ཆུབ་ཚོགས་མཆོག་སྙིང་པོ་གོ་བར་བྱེད་གྱུར་ཅིག་།དཔེ་ལ་ཤིན་ཏུ ་དངོས?་པ་རོ་གཅིག་གྱུར་པའི་ཡིད་ཅན་རྣམས་ཀྱི་དཔེར?་བྱ་རབ་གསལ་བ། །གསལ་བར་རིག་པ་བླ་མའི་བླ་མར་གྱུར་ལ་གལ་ཏེ་ཤེས་རབ་རང་བཞིན་ཅན་ཡིན་ཀྱང། །གཞན་ལས་རྟོགས་པའི་འདྲས་མིན་རྡོ་རྗེ་ཅན་གྱི་བཀའ་ལུང་ཐོབ་པ་རྒྱུད་དང་རྗེས་མཐུན་པ།། ་དེ་རིག་པ་ལ་གོ་བྱེད་སྙིང་པོ་བརྒྱད་དཔལ་ལྡན་ཧེ་རུ་ཀ་ཡིས་བརྗོད་པ་ཡིན། །དངོས་པོའི་ཡིད་ཀྱི་རོལ་པ་མང་པའི་ཚོགས་ཀྱིས་ཕལ་ཆེར་བརྩེ་བའི་རོ་ཡིས་ནི། །བསྙེམས་པའི་བརྩོམ་པས་རྣམ་པར་བསྒྱིངས་པའི་གུས་པས་འཇུག་པ་ཅི་ཡང་རུང་བ་སྨོས།། ་རྣམ་པ་ཐམས་ཅད་དོན་ནི་ཇི་ལྟའི་ཉམས་ཀྱིས་ཀུན་ཏུ་རྟོགས་པས་གཟུང་བ་ལས། །བདག་ལ་ཆེས་སྔར་དད་ཅེས་སྨྲ་བ་འམ་ཇི་ལྟར་བྱ་བ་དེ་བཞིན་བགྱིས། །གང་ཞིག་ནད་པ་ཤིན་ཏུ་སྒོམ་པའི་གདུང་བ་ཡིས་བྱང་ཆུ། །མཐོང་ནས་དང་བས་དེར་ནི་བསྙེན་ཀྱང ་རྣམ་པར་དཔྱོད་པ་ཡིས། །རྨོངས་པས་འདིར་ནི་འཐུང་དང་བསྟེན་པར་ཡང་ནི་མི་བྱེད་པ། །དེ་ལ་བདེ་བ་གཅིག་ཀྱང་གླ?་ལ་སྒོམ་པ་ཉིད་ཅེས་བྱ། །གོ་བར་བྱེད་པའི་སྙིང་པོ་བརྒྱ་པ་རྣམ་པར་བཤད་པ་ཞེས་བྱ་བ་དཔལ་ཧེ་རུ་ཀ་དེ་བའི་ཞལ་སྔ་ནས་མཛད་པ ་རྗེས?་སོ།། །།རྒྱ་གང་ཤར་ཕྱོགས་བརྣག་པའི་པིཎ་ཏ་ཆེན་པོ་ཤྲཱི་བ་ན་རཏནའི་ཞལ་སྔར། དགེ་སློང་ཆོས་སྨྲ་བ་བསོད་ནམས་རྒྱ་མཚོའི་སྡེ་ཞེས་བྱ་བས་དཔལ་དམ་རིང་གི་ཡང་རྩེར་མཉམ་ཞིང་བསྒྱུར་བ་ལས། ཕྱིས་ལེགས་པར་བརྟགས་ཤིང་ཞུས་ཏེ ་གཏན་ལ་རང་པའོ། །འདིར་ནི་ཇི་བཞིན་དོན་?་དམར། སྦྱངས་པར་བློ་ཞན་?་དེ་མཁས་ལ་འཆགས། །རྩི་བཞིན་བསྒྱུར་གང་དཔལ་ལྡན་བླ་མའི་དྲིང། །དགེ་དེས་འགྲོ་ཀུན་སྙིང་པོའི་དོན་རྟོགས་ཤོག། །།*། གྲུབ་ཆེན་རྣལ་འབྱོར་ཅན་ཀྱི་དབང ་