CLOSE WINDOW

N3481: he ru ka dran pa gcig pa'i sgrub thabs
Wyliee-texts based on the ACIP/ALL Input

གྱིས་ཞལ་མདའ་ནས་དང་བོད་ཀྱི་ལོ་ཙ་བ་མགོས་ལྷ་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་བརྟན་ལ་ཕབ་པའོ།། །།དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཡིན་དང་ཡིན་པར་བྱེད་པ་དང། །ཤེས་དང་སྒྲུབ་པའི་རྣལ་འབྱོར་པས། །དབེན ་ཞིང་ཉམས་དགའ་ཨི་རང་ཁྱིམ་དུ། །མཚན་དུས་མ་འདལ་ཁྲུ་གང་བར། །དྲི་དང་མེ་ཏོག་ཚོམ་བུ་དགྲམ། །གཏོར་མ་འབྱོར་པའི་ཚང་བྱས་ལ། །དད་པས་ངེས་པར་བསྒོམ་པར་བྱ། །སྙིང་གར་པཾ་རཾ་པད་ཉིའི་སྟོང། །ཧཱུཾ་ལས་ནམ་མཁར་རྗེ་བཙུན་ནི། །ཞལ་ཅིག་ཕྱག་གཉིས ་དམིགས་པ་ནི། །ཕྱི་ནང་གསང་བའི་མཆོད་པས་མཆོད། །སྡིག་བཤགས་སྐྱབས་འགྲོ་ཡི་རང་ནས། །དང་པོ་བྱམས་པ་བསྒོམ་པར་བྱ། །གཉིས་པར་སྙིང་རྗེ་བསྒོམ་པར་བྱ། །གསུམ་པར་དགའ་བ་བསྒོམ་པར་བྱ། །ཐམས་ཅད་ཐ་མར་བཏང་སྙོམས་སོ། །ཡང་ནི ་སྟོང་བའི་བྱང་ཆུབ་སྟེ། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་རྫོགས་ཏེ། །བཞི་པ་ལ་ནི་ཡིག་འབྲུ་དགོད། །མདུན་དུ་རང་ལས་ཉི་མ་བསྒོམ། །ཉི་དེར་ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། །རྡོ་རྗེ་དེ་ཉིད་ཀྱིས་ནི་བསྒོམ་པར་བྱ། །རབ ་དང་ནི་གུར་ཡང་རབ་ཏུ་བཅིང། །བ་ལས་ཆུ་སྐྱེས་འདབ་བརྒྱད་སྟེ། །དང་པོར་ནི་བསྒོམ་པར་བྱ། །ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དམིགས། །དེ་སྟེངས་རྣལ་འབྱོར་པ་ཉིད་ནི། །ཧེ་རུ་ཀ་རུ་རྣམ་པར་བསྒོམ། །སྙིང་ཀར་རཾ་ལས་ཉི་དཀྱིལ་འཁོར། །དེ་ལྟར་དེ་ལ ་ཧཱུཾ་ཉི་དེ། །ཤེས་རབ་ཐབས་ཀྱི་བདག་ཉིད་དོ། །ཁ་དོག་ནག་པོ་འཇིགས་ཆེན་པོ། །ཧཱུཾ་ལས་རྡོ་རྗེ་ཡང་དག་བསྐྱེད། །རྡོ་རྗེ་ལྟེ་བའི་དབུས་གནས་པར། །ཧཱུཾ་གི་དེ་ཉིད་བསྒོམ་པར་བྱ། །ཧཱུཾ་གྱུར་པ་ལས་བལྟ་བར་བྱ། །སྔོ་ཞིང་ཅུང་ཟད་དམར་པའི་མདོག་།བན་དུ ་དམར་པོའི་དམིག་འདྲ་བ། །མགོ་སྐྱེས་གྱེན་དུ་མ་རྗེས་པ་སེར། །འཁོར་ལོ་རྣ་ཆ་མགུལ་འཕྲེང་དང། །ལག་གདུབ་དང་ནི་སྐྱེ་རགས་རྣམས། །ཕུང་པོ་ལྔའི་རྣམ་དག་པ། །སངས་རྒྱས་ལྔའི་དག་པའོ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །བཅུ་དྲུག་ཆའི་གཡོན ་པ་ན། །རྡོ་རྗེས་མཚན་པའི་ཐོད་པ་དང། །ཁ་ཏྲོད་ག་ཡང་བར་ན་གནས། །གཡས་ན་རྡོ་རྗེ་ནག་པོ་འཛིན། །ཧཱུཾ་སྒྲོགས་གསོལ་བ་གཟུགས་རྫོགས་པ། །བསྙེན་པ་ཚང་བར་རོ་མནན་རྗེས། །ཉེ་བའི་བསྙེན་པ་ཡེ་ཤེས་དང། །ཏིང་འཛིན་སེམས་དཔའ་ཧཱུཾ་དང་ལྡན། ་ཨོཾ་མ་ཧཱུཾ་འཕྲོ་འདུ་ལས། །སྐུ་གསུང་ཐུགས་སུ་བྱིན་རླབས་བརྟན། །དམ་ཚིག་འཁོར་ལོ་གསལ་བ་དང། །ཕྱོགས་དུས་ཡེ་ཤེས་འཁོར་ལོ་བསྟིམ། །བསྒྲུབ་པ་དེ་ཉིད་བསྒྲུབ་ཆེན་པོ། །བླ་མ་བདེར་གཤེགས་སྤྱན་དྲངས་ཏེ། །མ་མོར་གྱུར་བའི་མཆོད་པའི་རྗེ།། ་ཨོཾ་ཨ་བི་ཤིན་ཙམ་ཏུན་མཾ་སརྦ་ཏ་ཐཱ་ག་ཏ། ཞེས་བརྗོད་ཧེ་རུ་ཀར་གྱུར་ཏེ། །བདེར་གཤེགས་བདུད་རྩི་ལྔ་གང་བའི། །གསེར་གྱི་སྒོ་ནས་དབང་བསྐུར་དང། །དཔུང་སྩོགས་ཆར་འབེབས་ཧཱུཾ་སྒྲ་སྒྲོགས། །གཟུགས་སོགས་མཆོད་གླུས་བསྟོད་བྱེད། །མཆོད་ནས་རང ་གི་རི་སུ་འགྱུར། །ཐམས་ཅད་གཉིས་མེད་ཡེ་ཤེས་དེ། །དེ་ཉིད་ཧེ་ཏུ་ཀ་བདག་ཉིད། །ཐུན་བཞིར་བྱིན་རླབས་བསྒོམ་པའི་རྗེས། །ཆུ་སྐྱེས་དྲུག་ཅུ་རྩ་བཞིའོ། །ཚངས་པའི་མེ་ནི་ཨ་ཉིད་དེ། །ནིར་མ་ག་ཡའི་གནས་སུ་བསམ། །སུ་གཙག་རའི་གནས་ཉིད་དུ། །ཡེ་ཤེས་ཐིག ་ལེ་ཡི་གེ་ཧཾ། །སུམ་ཅུ་རྩ་གཉིས་ལྟེ་བར་དམིགས། །ལས་ཀྱི་རླུང་གིས་བསྐྱོད་པ་ཡིས། །ཚངས་པའི་མེ་ནི་སུམ་མདོར་འབར། །ཏི་ལ་ཀ་ལས་བྱང་སེམས་རྒྱུན། །རྟ་རྔ་བརྒྱར་གཤགས་ཚད་དུ་ནི། །གཉིས་མེད་ཡེ་ཤེས་བལྟ་པར་བྱ། །རྒྱད་མ་རོ་མ་ཀུན་དར་མ། །བླ ་རྩི་གུར་གུམ་ག་ཕུར་དག་།ལྟེ་བ་མགྲིན་པའི་གནས་ཉིད་དུ། །ལྷན་ཅིག་སྐྱེས་པ་རྟག་ཏུ་ནི། །པའི་བདེ་བ་བཟང་པོ་འབབ། །རང་གི་བདེ་བ་བཟང་པོ་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བཙལ་དུ་མེད། །སྤྱོད་ལམ་ལྷའི་ཏིང་འཛིན་དམིགས། །རང་བཞིན་གནས ་པ་བསྒོམ་པ་ནི། །ནི་རང་སུ་འམ་གཞན་ལས་ནི། །བློ་ལྡན་སྔགས་ཀྱི་བཟླས་པ་བྱ། །ོཾ་ཏྲེ་ལོག་ཀྱ་སྟེ་པ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། །ཁྲུས་དང་ལོངས་སྤྱོད་ཐམས་ཅད་ལ། །དབང་བསྐུར་མཆོད་པའི་རང་བཞིན་དུའོ། །བདག་མཆོད་པའི་རྩོ་བོའི་ཕྱིར་རོ། །རང་གི་ལྷ་ལ་བདུད ་རྩིས་མཆོད། ། ལས་ཀྭ་ལ་དཀྱིལ་དུ། །ཧཱུཾ་ལས་བདུད་རྩི་ལྔ་བྱིན་བརླབ། །ཆོས་ཀྱི་སྐུ་རུ་བྱིན་གྱིས་བརླབ། །འབའ་ཨི་སྔགས་ཀྱིས་བདུད་རྩི་བྱ། །ཛ་ཧཱུཾ་གིས་བྱིན་རྡོ་རྗེ་ཧཱུཾ། ར་ས་ཡན་དྲངས་ཏེ་ཚིམ། །བར་ཆད་ལ་སོགས་ཞི་བྱའི་ཕྱིར། །གཏོར་མ་རྒྱུན་ཏུ་སྦྱིན་པར་བྱ། ་ཨ་ཧཱུཾ་ཕཊ་སྭཱཧཱ། །ཁམས་གསུམ་སེམས་ཅན་ཐམས་ཅད་དམིགས། །ཆོས་ཀྱི་སྐུ་རུ་བྱིན་གྱིས་བརླབ། །འབའ་ཨི་སྔགས་ཀྱིས་བདུད་རྩི་བྱ། །ཛ་ཧཱུཾ་གིས་བྱིན་རྡོ་རྗེ་ཧཱུཾ། །ར་ས་ཡ་ན་དྲངས་ཏེ་ཚིམ། །བར་ཆད་ལ་སོགས་ཞི་བྱའི་ཕྱིར། །གཏོར་མ་རྒྱུན་ཏུ་སྦྱིན་པར་བྱ། ་ཐིམ་པར་བྱེད་དུས་ཏི་ལ་ཀ་།ཆོས་ཀྱི་སྐུའི་རང་བཞིན་ནོ། །ཀྱེའི་རྡོ་རྗེ་རྒྱ་མཚོ་ལྟ་བུ་ལས། །ཁམས་བློ་ཉམས་ཆུང་རྣམས་ཀྱི་དོན་ཆེད་དུ། ཧེ་རུ་ཀའི་དྲན་པ་གཅིག་པ་བྱས། །བློ་ཆུང་བདག་ལ་མཁས་པས་ཉེས་བཟོད་གསོལ། །བླ་མའི་ལུང་ཕོག་དམ་པ་དང། །བཤད ་པའི་རྒྱུད་མང་ཐོས་པ་ཡིས། །བྱས་ལས་བསོད་ནམས་གང་སྐྱེས་པ། །འདི་ལས་སངས་རྒྱས་སར་འགྲོང་ཞོག་།།སློབ་དཔོན་ཆེན་པོ་འགར་པའི་པས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད། ཤི་པར་མ ་