| Wylie | e-texts based on the ACIP/ALL Input |
རང་རིག་དེ་ཉིད་ཐོབ་པར་ཤོག་།དཔལ་དགྱེས་པའི་རྡོ་རྗེའི་གཏོར་མའི་ཆོ་ག་།སློབ་དཔོན་ཆེན་པོ་ཤྲཱི་ཨ་ནན་ད་བཛྲས་མཛད་པ་རྫོགས་སོ།། །།བཀྲ་ཤིས།། །།*། །ཕྱག་རྒྱ་བཞིའི་བསྒྲུབ་ཐབས་བཞུགས། །*། །རྒྱ་གར་སྐད་དུ། ཙ?་ཏུར་མུ་དྲ ་?་བསྟན། བོད་སྐད་དུ། ཕྱག་རྒྱ་བཞིའི་སྒྲུབ་ཐབས་ཞེས་བྱ་བ། ཀྱིའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ལྷན་ཅིག་སྐྱེས་དགའ་ཨི་རང་བཞིན་ཅན། །མགོན་པོ་བདེ་ཆེན་ཧེ་རུ་ཀ་།སེམས་ཅན་རབ་ཏུ་སང་མཛད་པ། དཔའ་བོ་ཆེ་ལ་ཕྱག་འཚལ་ནས། །ཀྱིའི་རྡོ་རྗེའི་རྒྱུད་ཆེན་ལས།། ་མན་ངག་རིམ་འོངས་ཕྱག་རྒྱ་བཞི། །དབང་དང་དགའ་བ་སྐད་ཅིག་མ། །སྐུ་བཞིའི་སྒྲུབ་ཐབས་བཤད་པར་བྱ། །དང་པོ་གོམས་པར་བྱེད་དུས་ཀྱི། །གནས་ནི་གང་དུ་སྔགས་པའི་སེམས། །གཅིག་ཏུ་མཉམ་བཞག་འགྲུབ་འགྱུར་པའི། །གནས་བཟང་པ་ནི་ངེས་པར་རྟག ་རང་གི་ཁྱིམ་དུ་མཚན་དུས་སུ། །བདག་ཉིད་འགྲུབ་པའི་སེམས་ཀྱིས་ནི། །བཅུ་དྲུག་ཕྱག་ཅན་ཧེ་རུ་ཀ། །དམ་པ་དང་བཅས་རྣལ་འབྱོར་སྒོམ། །སྙིང་ཁའི་འོད་ཀྱི་ཧེ་རུ་ཀ་།བཀུག་ནས་ཕྱག་རྒྱ་བཞི་རང་བཞིན། །ཕྱི་ནང་གསང་པ་དེ་ཁོ་ནS ་མཆོད་ནས་རང་གི་ལུས་ལ་བཞུག་།རྣལ་འབྱོར་ཆེ་མཆོག་རང་གི་ལུས། །གྲུབ་པའི་དཀྱིལ་འཁོར་སྐད་ཅིག་ལྟ། །ལྟེ་བར་དྲུག་ཅུ་བཞིའི་རྩ། །སའི་རང་བཞིན་ཅན་མ་སེར། །ལས་ཀྱི་ཕྱག་རྒྱའོ། །སྙིང་ཁར་བརྒྱད་ཀྱི་ཆ་རྣམས་ལ། །རྡོ་རྗེ་བཙུན་མོ་མ ་མ་ཀཱི། །མདོག་སྔོ་གྲི་གུག་ཐོད་པ་འཛིན། །གར་གྱི་ལེགས་རོལ་ཆུའི་ཁམས། །ཆོས་ཀྱི་ཕྱག་རྒྱའོ། །མགྲིན་པའི་ལོངས་སྤྱོད་འཁོར་ལོ་ཆེར། །བཅུ་དྲུག་རྩ་ལས་གོས་དཀར་མོ། །མེ་ཁམས་རྣམ་དག་ཁ་དོག་དམར། །ཞལ་གཅིག་ཕྱག་གཉིས་མཛེས ་པ་ལ། །ཕྱག་རྒྱ་ཆེན་པོའོ། །གསང་བར་པདྨ་སུམ་ཅུ་གཉིས། །སྒྲོལ་མ་ལྗང་སྔོན་རླུང་གི་ཁམས། །སྟེང་གི་བདེ་ཆེན་འཁོར་ལོ་ལ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །སུམ་ཅུ་གཉིས་ལྡན་ཁ་དོག་དཀར། །བདེ་ཆེན་ནམ་མཁའ་ཉིད་བརྗོད། །དམ་ཚིག་གི་ཕྱག ་རྒྱའོ། །རྣམ་སྣང་ལ་སོགས་སངས་རྒྱས་རྣམས། །འཁོར་ལོའི་དབུས་སུ་རོལ་ཞིང་གནས། །ཞལ་མདོག་མཚན་མ་ལ་སོགས་པ། །ཇི་ལྟར་རྒྱུད་ལས་གསུངས་བཞིན་སྒོམ། །བསམ་གཏན་མི་ནུས་རྣལ་འབྱོར་གང། །རྒྱལ་ཆེན་འཁོར་ལོ་བསྒྱུར་བ་ལྔ། །བདེ ་བ་དམ་པའི་ཡུམ་དང་བཅས། །གཡས་བརྐྱང་པའི་རལ་པའི་སྐུ། །འཁོར་ལོའི་མདོག་མཚུངས་ཞལ་གཅིག་པ། །འཁོར་ལོ་པདྨ་རྡོ་རྗེ་དང། །རིན་ཆེན་རལ་གྲི་གཡས་ན་ཏེ། །གཡས་པ་ཡིན་པར་དྲིལ་བུའོ། །ཀུན་གྱི་དབང་བསྐུར་གནས་སུ་ནི། །རྡོ་རྗེ་སེམས་དཔའ་ ་ཟླ་བའི་མདོག་།ཤེས་རབ་མ་དང་མཉམ་སྦྱོར་པ། །རྡོ་རྗེ་དྲིལ་བུ་འཛིན་པ་བསྒོམ། །མིག་དང་རྣ་བ་སྣ་དང་ནི། །ལྕེ་ལུས་ཡིད་ལས་སྙིང་པོ། །རྡོ་རྗེ་འཛིན་དང་ནམ་མཁའ་ཨི་སྙིང། །འཇིག་རྟེན་དབང་ཕྱུག་སྒྲིབ་སེལ་དང། །ཀུན་ཏུ་བཟང་རྣམས་རིགས་དྲུག་གི་།མདོག ་དང་མཚན་མ་ཇི་བཞིན་སྐུ། །ལྔ་པ་སྣ་ཚོགས་རྡོ་རྗེ་སྟེ། །རལ་གྲི་དག་ནི་སྤངས་པའོ། །ལས་ཀྱི་ཕྱག་རྒྱའོ། །དེ་བཞིན་གཟུགས་སྒྲ་དྲི་དང་རོ། །རེག་དང་ཆོས་ཀྱི་ཁམས་རྣམས་ལ། །གཟུགས་ཀྱི་རྡོ་རྗེ་ལ་སོགས་དྲུག་།བདག་པོའི་མདོག་ཅན་ཕྱག་གཉིས་མ། །མེ་ལོང་པི་ཝི?་དྲི་ཡི ་སྣོད། །ནས་ཟ་ཆོས་འབྱུང་འཛིན་པའོ། །ཆོས་ཀྱི་ཕྱག་རྒྱའོ། །ལག་པ་གཡས་པར་གཤིན་རྗེ་གཤེད། །གཡོན་ལ་ཤེས་རབ་མཐར་བྱེད་དོ། །བཤད་སྒོར་པདྨ་མཐར་བྱེད་དེ། །བགེགས་མཐར་བྱེད་པ་གསང་གནས་སུ། །དཔུང་གཡས་མི་གཡོ་གཡོན་འདོད་རྒྱལ། །དབུས་མོ ་གཡས་ལ་དབྱུག་སྔོན་ཅན། །གཡོན་པ་ལ་ནི་སྟོབས་པོ་ཆེ། །གཙུག་ཏོར་ཅན་ནི་སྤྱི་པོར་སྟེ། །རྐང་མཐིལ་དག་ལ་གནོད་མཛེས་སོ། །ཀུན་ཀྱང་ཁ་དོག་ནག་པོ་སྟེ། །གཉིས་དང་གསུམ་པ་དཀར་དམར་རོ། །ཐོ་བ་བཙོན?་པར་?་དང། །རྡོ་རྗེ་རལ་གྲི་ལྕགས་ཀྱུ་དང། །དབྱིག ་པ་རྩེ་གསུམ་ཆོས་འཁོར་ལོ། །བཏུན་ཤིང་རྣམས་ནི་གཡས་ན་སྟེ། །གཡོན་ཀུན་སྡིགས་འཛུབ་མཛད་པའོ། །ཕྱག་རྒྱ་ཆེན་པོའོ། །ཁྲོ་བོ་རྣམས་ལ་འཁྱུད་པའི་ཡུམ། །བདེ་བའི་དང་གཞན་ཁྲོ་མོ་བཅུ། །རང་བཞིན་ཡག་དང་འདྲ་བ་སྟེ། །ལྷ་མོའི་ཆ་ལུགས་འཛིན་པ་མོ། ། ་དམ་ཚིག་གི་ཕྱག་རྒྱའོ། །ཐམས་ཅད་རྩ་ལས་སྐྱེས་པའི་དངོས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་མཆོག་།མཁས་པས་རང་གིས་ལུས་ཉིད་ལ། །དངོས་གྲུབ་རྒྱུན་ནི་དབང་པས་བསྒོམ། །གཞན་ཡང་རྡོ་རྗེས་གཞི་ནི། །རྐང?་འཐིལ་གཉིས་?་རྩིབ་རྒྱུས་རྣམས། །རྡོ་རྗེའི་རྭ་བ ་བརྒྱས་པ་སྟེ། །ཀུན་གཡོགས་རྡོ་རྗེའི་དྲ་པའོ། །མ་ནི་སེར་མོ་ཉི་ཤུ་དང། །ཇི་ལྟར་སྣ་ཚོགས་རྡོ་རྗེ་ནི། །མ་ལུས་བསྐྱེད་ཅིང་སྤྲོ་བྱེད་པ། །སྤྱི་བོར་གནས་པའང་དེ་བཞིན་ནི། །ལས་ཀྱི་ཕྱག་རྒྱའོ། །གཉུམ་དྲག་བཤད་གི་དབྱིབས་ཅན་ཏེ། །གསང་བ་ཚང་ཆིང་ལ་རུའོ། །འབར་བ་ཞེས ་ཕྱིན་དུར་ཁྲོད་ནི། །སྣའི་བུ་ག་གཉིས་ན་གནས། །དམྱལ་སོགས་དེ་བཞིན་མི་ཟད་པ། །མིག་གཉིས་ལ་ནི་གནས་པའོ། །ཧར་ཧར་རྒོད་པ་གཡེར་ཁ་ཅན། །རྣ་བ་གཉིས་ལ་གནས་པའོ། །ཆོས་ཀྱི་ཕྱག་རྒྱའོ། །ནང་པའི་འཐིལ་དུ་རླུང་ཆེན་པོ། །སུམ་མདོར་མེད་ལྟེ་བ་ཆུ། །བྲང་ནི ་ས་རུ་ཤེས་པར་བྱ། །རྒལ་ཚིགས་རི་རབ་ཏུ་བརྗོད་དོ། །ཕྱག་རྒྱ་ཆེན་པོའོ། །ལུས་ཀུན་མཉམ་པ་གྲུ་བཞི་པ། །རྩའི་བུ་ཁ་སྒོ་བཞི་ཡིན། །ཀ་བ་བརྒྱད་པོ་རྐང་རྣམས་དང། །མིག་ནི་རྩིག་པ་ལྔ་རྣམས་སོ། །རྣ་བ་རྟ་བབས་སྣ་ཕ་གུ། །ལྕེ་ནི་མཆོད་པ ་མཆུ་སྣམ་བུ། །སོ་ནི་དྲ་བ་ལ་སོགས་བརྒྱན། །མ་ལུས་པ་རུ་བསམ་པའོ། །དམ་ཚིག་གི་ཕྱག་རྒྱའོ། །སྙིང་ཁའི་འོད་ཀྱི་བདེ་གཤེགས་ལྔའི། །དཀྱིལ་འཁོར་མ་ལུས་སྤྱན་དྲངས་ལ། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །ཁྱེད་ཀྱི་བདག་ལ་དབང་སྐུར་ཅིག། ་དེ་ལྟར་གསོལ་བས་མགོན་དེ་རྣམས། །བུམ་པ་བདུད་རྩི་ལྔའི་ཆུས། །གང་བ་ཐོར་ནས་བདག་ཉིད་ལ། །དབང་བསྐུར་བ་ནི་རྩོལ་པར་མཛད། །སྨིན་འཚམས་བདུད་རྩིས་ཡོངས་གང་བས། །སྤྱི་བོའི་འཁོར་ལོ་གནས་པའི་ལྷ། །དེ་པས་ཚིམས?་པས་དགའ་བ་དང ་བུམ་པའི་དབང་ནི་རྫོགས་པ་ཡིན། །ལས་ཀྱི་ཕྱག་རྒྱའོ། །མགྲིན་པར་བདུད་རྩིས་རྒྱུན་བཅས་ནས། །གསུང་རྡོ་རྗེ་ལ་ཐིམས་པས་ནི། །མཆོག་ཏུ་དགའ་བའི་བདེ་བ་དང། །གསང་བའི་དབང་ནི་རྫོགས་པའོ། །ཆོས་ཀྱི་ཕྱག་རྒྱའོ། །སྙིང་ཁའི་པདྨར་བདུད་རྩིའི་ཆུ། །སངས ་རྒྱས་ལྔའི་རང་བཞིན་གྱིས། །ཁྱབ་པར་གང་པས་ཐུགས་རྡོ་རྗེ། །འཁོར་བཅས་བདེ་བར་བྱས་པ་ནི། །རྣམ་པར་དག་པའི་རྟོགས་པ་དང། །གསུམ་པའི་དབང་སྐུར་རྫོགས་པའོ། །ཕྱག་རྒྱ་ཆེན་པོའོ། །ཡང་ན་བདུད་རྩི་ལྔའི་རྒུས། །ལུས་ཀུན་མ་ལུས་ཁྱབ་པ་ལས།། ་ཡུམ་དང་རྒྱལ་བ་ལྷག་མ་དང། །སེམས་དཔའ་ཁྲོ་བོ་ལྷ་མོར་བཅས། །བདེ་བའི་དངོས་པོར་བྱས་ནས་ནི། །ལྷན་ཅིག་སྐྱེས་དགའ་ཨི་རྟོགས་པ་དང། །བཞི་པའི་དབང་སྐུར་ཐོབ་ནས་ནི། །དྲི་མ་མ་ལུས་དག་པར་བསྒོམ། །དམ་ཚིག་གི་ཕྱག་རྒྱའོ། །སླར་ཡང་བདེན་ཆེན་བྱང ་ཆུབ་སེམས། །དབུ་མར་ཞུགས་ཏེ་ཡར་འོངས་པས། །དགའ་བ་བཞི་དང་ཕྱག་རྒྱ་བཞིས། །རྒྱས་བཏབ་ཤིན་ཏུ་མཉམ་གཞོག་།གང་ཚེ་ཡེ་ཤེས་རླུང་གིས་ནི། །རང་རིག་དག་ནི་སྐྱེས་ནས་སུ། །སངས་རྒྱས་ལ་སོགས་བསྲེགས་པ་ཡིས། །དགའ་བ་ལ་སོགས་ཏིང་འཛིན ་སྐྱེ། །གཞོན་ནུ་མ་ཡི་བདེ་བ་དང། །ལྐུགས་པའི་རྨི་ལམ་ཇི་ལྟ་བར། །རང་གི་སད་པ་ལས་གསལ་བས། །གཉིས་མེད་ཡེ་ཤེས་སྐྱེ་བར་འགྱུར། །ཐོག་མ་ཐ་མ་དབུས་མེད་ཅིང། །འཁོར་མིན་མྱ་ངན་འདས་པའང་མིན། །བདག་མེད་གཞན་ཡང་ཡོད་མ་ཡིན། །དེ་ནི་མཆོག་ཏུ ་བདེ་ཆེན་ཉིད། །བདག་མེད་ཡེ་ཤེས་ཉིད་གྱུར་གང། །བདག་གཞན་ངེས་པར་རིག་པ་ཡང། །མཁའ་མཉམ་སྐྱོན་བྲལ་ལྷན་ཅིག་སྐྱེས། །ཐམས་ཅད་ལུས་ལ་རང་བཞིན་གནས། །དགའ་བ་དང་པོ་སྲིད་རང་བཞིན། །དེ་བཞིན་མཆོག་དགའ་འཁོར་བ་ཉིད། །དགའ་བྲལ ་འཁོར་བའི་བདག་ཉིད་དེ། །གསུམ་པ་ལྷན་ཅིག་སྐྱེས་པ་མེད། །དགའ་བ་དང་ནི་མཆོག་དགའ་ཉིད། །རྣམ་པའི་དགའ་བ་ལ་སོགས་པ། །གསུམ་པོ་སྤངས་པར་འགྱུར་བ་ནི། །བཞི་པ་གང་ལས་སྐྱེ་བར་འགྱུར། །དེ་བས་གསུམ་ནི་ཐབས་ཡིན་ལ། །བཞི་པ་བསྒོམ་པར ་བྱ་བ་ཡིན། །དང་པོ་བུམ་པའི་དབང་ཡིན་ཏེ། །གཉིས་པ་གསང་དབང་བླ་ན་མེད། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །བཞི་པ་ཕྱག་རྒྱ་བཞི་པ་ཡིན། །མཉམ་དང་བར་མ་དུས་སུ་ཡང། །བྱ་བ་གང་ལ་འཇུག་པ་ན། །ལྷན་ཅིག་སྐྱེས་ལས་མ་རྟོགས་པར། །གཞན་པའི ་སེམས་ཀྱི་མི་གནས་སོ། །བདག་གི་གྲུབ་བ་མཆོག་གི་མན་ངག་བཞིན། །ཀྱཻ་རྡོ་རྗེ་ཕྱག་རྒྱ་བཞི་ཡི་ལམ། །ཡང་དག་སྦྱོར་ལས་བྱུང་བཞིན་ཕྱེ་བའི་མཐུས། །འགྲོ་བ་ལྷན་ཅིག་སྐྱེས་དགའ་རྒྱས་པར་ཤོག་།ཕྱག་རྒྱ་བཞི་ཡི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་དགྲ་ལས་རྣམ ་པར་རྒྱལ་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་ག་ཡ་དྷ་བ་དང། བོད་ཀྱི་ལོཙྪ་བ་གྱི་ཅོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ།། བཀྲ་ཤིས་།། *། །རྒྱ་གར་སྐད་དུ། གུ་ཧཡ་ཨ་བྷི་ཥེ་ཀ ་