| Wylie | e-texts based on the ACIP/ALL Input |
ཞལ་སྔས་མཛད་པའོ།། །།འདི་བྲིས་པའི་དགེ་བས་སེམས་ཅན་ཐམས་ཅད་བདེ་བ་ཆེན་པོར་གྱུར་ཅིག། །།རྡོན་པའི་མན་ངག་།*། །རྒྱ་གར་སྐད་དུ། ལུཌདྷ?་ཀོ་པ་དེ་ཤ། བོད་སྐད་དུ། རྔོན་པའི་མན་ངག་།རྡོ་རྗེ་འཆང་ལ་ཕྱག་འཚལ ་ལོ། །རབ་དམར་ཆུ་སྐྱེས་ཐེ་འདྲུ་རྒོད་དང་བཅས། །བདེ་བས་ཀུན་དུ་རབ་གང་གཉིས་མེད་པ། །གློག་ཕྲན་འགྱུ་ལྟར་རོལ་པའི་གར་མཛད་པའི། །ལང་ཚོམ་ལ་སྤྱི་བོས་བཏུང་ཕྱག་འཚལ། །ཀ་ལི་ཇ་ཡི་བདེ་འབྱུང་གྲོང་དུ་རབ་སྐྱེས་ནས། །རིགས་དང་འཁྲུལ་འཁོར ་རྣམ་མང་ལེགས་སྦྱངས་རིགས་ཆེན་པོ། །དམན་ལ་རབ་དགའ་འདོད་པའི་གནས་དོན་གཉེར་བ་ན། །དཔལ་ལྡན་གསང་བའི་ཞབས་ཀྱིས་རྗེས་སུ་བསྐྱངས་པ་ལས། །དེ་ནས་འདོད་རྣམས་བོར་ནས་གྲོལ་ལ་མངོན་དགར་གྱུར། །འདོད་པ་སྤངས་ནས་སྲིད་ལ་རྒྱབ་ཕྱོགས ་ཡུལ་གཞན་དུ། །བགྲོད་དང་བགྲོད་ལས་རྗེ་བཙུན་ཚོལ་བར་མངོན་འདོད་གྱུར། །ཇི་ཞིག་ལྟར་ལ་དཔལ་ལྡན་བདེ་བའི་རི་བོང་ཕྱིན། །ཟླ?་བ་དྲུག་ཏུ་མཉམ་པར་གཞག་པ་ན། །དཔལ་ལྡན་བདེ་བའི་མགོན་པོ་རྔོན་པའི་ཞབས། །རྗེ་བཙུན་གདུང་པ་མ་དང ་སིམ་བྱེད་མ། །བདེ་བ་ཆེན་པོའི་ཡུམ་དང་ལྷན་ཅིག་སྣང། །དེ་ནས་ལག་པའི་པདམོ་མཉམ་སྦྱར་བ། །སྟེང་བཅས་མགོ་བོས་བཏུད་ནས་འདི་སྐད་གསོལ། །སྒྱུ་མའི་འཁོར་ལོས་རྣམ་པར་འཁོར་པ་རྣམས། །སྐྱོབ་མཛད་ཚིག་འབྲུ་སྤངས་པ་དངོས་ཀུན་རྟོགས། །མགོན ་པོ་ཁྱོད་ནི་ནམ་མཁའ་ཨི་དཀྱིལ་འཁོར་ཏེ། །འགྲོ་བའི་སྐྱེ་བོ་སྐྱོབ་པ་ཁྱོད་ཀྱིས་སྐྱོངས། །དེ་ནས་པདམོ་དམ་པའི་ཞལ་བཟད་ལས། །རབ་ཏུ་གསལ་བའི་འོད་དང་ལྷན་ཅིག་ཏུ། །ཚངས་པའི་དབྱང་ཀྱིས་ཀུན་ནས་འགེངས་བཞིན་པ། །བཱ་རཱ་ཧཱི་དབང་འཁྲིལ་ལྡེམ་གར་མཛད ་ནས། །དེ་ལྟར་ལེགས་པར་ཁྱོད་སེམས་ཏེ། །དེ་བས་རྩེ་གཅིག་ཡིད་ཀྱིས་ཉོན། །ོཾ་ཛྙཱཾ་ཨཾ་ཧཾ་ཧཱུཾ། དངོས་དང་དངོས་མེད་རྒྱུ་བ་དང། །བརྟན་རྣམས་རང་གིས་གསལ་བ་དང། །དངོས་པོ་ཀུན་ཡང་ཡེ་ཤེས་མཉམ། །ཇི་ལྟར་མཁའ་སྤྲིན་དག་པ་བཞིན། །ོཾ་སྭ་བྷཱ་བ་ཤུདྡྷ: ་སརྦ་དྷརྨ:སྭ་བྷཱ་བ་ཤུདྡྷོཉ་ཧཾ་ཨོཾ་ཡོ་བ་ཤུདྡྷ:སརྦ་དྷརྨ:ཡོ་ག་ཤུདྡྷོཉཧཾ། ཨོཾ་བཛྲ་ཤུདྡྷ:སརྦ་དྷརྨ(རྒྱུད་འགྲེལ་གྱུར་དགར་མཛད་དེ་ཚེ་ཚངས་པ་ཡི། །འཇིག་རྟེན་ལས་ནི་ཆད་ཡང་བབས། །བདེ་བ་རྒྱས་པ་ཉིད་ཀྱིས་ནི། །འོད་ལྔ་རྣམ་པར་སྣང་བར་གྱུར། །ོཾ་ཡོ་རཾ་པཾ་ལཾ་ཧཱུཾ་བཛྲ་སཱ་རཱ་ཧཱི་ཨཱ་བེ་ཤ་ཡ་ཨ:::ོཾ་སརྦ་ཏ་ཐཱ་ག་ཏཱ་ཛྙཱ་ཡ་ཏིཥཐ་བྷ་བཱནདུ། ཏིཥྛ་བཛྲ། རྡོ་རྗེ་ཐིག་ལེ་དངོས ་ཀུན་ཟ་མ་ཏོག་།མ་ལུས་འགྲོ་ལ་བདེ་སྟེར་མིག་འཕྲུལ་ལྟ། །ཀུན་འགྲོ་དཔལ་ལྡན་ཕག་མོ་ཆོས་ཀུན་སྐྱེད། །སྒྱུ་འཕྲུལ་སྙིམ་པའི་མེ་ཏོག་བཞེས་ཤིག་ཧོ། །དེ་ནས་མེ་ཏོག་སྤྱིར་བཅིངས་ནས། །རྒྱས་པས་བཏུད་ནས་གསོལ་བ་བཏབ། །ལྷ་མོ་རྣམ་བཞིའི་རྡོ་རྗེ་ནི། །སྒྱུ ་འཕྲུལ་མི་ཤིགས་བདེ་བ་དང། །ཡེ་ཤེས་རྒྱ་མཚོ་ཕྱག་འཆལ་བསྟོད། །ཁྱོད་ཀྱི་ཡེ་ཤེས་མཉམ་མེད་པ། །བདག་ལ་དེ་རིང་གནད་པར་གསོལ། །དེ་ནས་བདག་ནི་ལྷར་གྱུར་ནས། །སྐུ་ཡིས་བྱིན་རླབས་དབང་བསྐུར་རོ། །ཡེ་ཤེས་འཕོ་བ་འདི་ལ་ནི། །རྡོ་རྗེ་གོ་ཆའི་ཕྱག་རྒྱས ་བཏབ། །ོཾ་བཾ་ཧཾ་ཡོཾ་ཧྲིཾ་མོཾ་ཞེས། དེ་ནི་ཧྲེཾ་ཧྲཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་སརྦ་ཏ་ཐཱ་ག་ཏཱཀཱ་ཡ་བཛྲ་སྭ་བྷཱ་བཱ་ཨཏྨ་ཀོཉཧཾ། སངས་རྒྱས་རྡོ་རྗེ་ཁུ་ཁྲག་རྣམས། །ཆར་བཞིན་ཁ་རུ་དབབ་པ་ན། །དམ་ཚིག་སྤྲིན་གྱི་འོད་འཕྲོ་ཞིང། །ཚངས་པའི་བུ་མོའི་རྒྱུན་ཡང་བབས། །ོཾ་ཨཱ:ཧཱུཾ་ཨོཾ ་སརྦ་ཏ་ཐཱ་ག་ཏ་བཱ་ག་བཛྲ་སྭ་བྷཱ་བཱཏྨ་ཀོཉཧཾ། དེ་ནས་ཡང་གསུངས་པ། ལྷ་མོ་འདི་ནི་ཁྱོད་དང་མཐུན། །འདི་ནི་སངས་རྒྱས་ཀུན་གྱིས་སྔགས། །གཉིས་སུ་མེད་དང་བདག་མེད་པས། །འདོད་པ་ལྔ་ལ་སྤྱད་པར་གྱིས། །ལྷ་མོ་དམ་འཁྱུད་ཙུམྦ་ན། །རྣལ་འབྱོར་གསལ་བའི་རྣམ ་ཤེས་སོ། །འདོད་བཅས་སྦྱོར་བ་གཉིས་པ་སྟེ། རྗེས་སུ་རྣལ་འབྱོར་ཡིན་པར་འདོད། །རྩོལ་བྲལ་ཤིན་ཏུ་རྣལ་འབྱོར་ནི། །ལྷག་པའི་བདེ་བ་གསུམ་པའོ། །རྣལ་འབྱོར་ཆེན་པོ་གསུམ་ལས་གཞན། །མཆན་ཉིད་བྲལ་བའི་སྐད་ཅིག་མའོ། །སྦྱོར་དང་འཇོག་དང་ལྷུང་བ་ལས ་སྐད་ཅིག་བཞི་པོ་མཐོང་ཞེས་གསུངས། །གསང་བ་ལས་བྱུང་རྡུལ་གྱི་ནི་།ཐིག་ལེ་གནད་བའི་བཀའ་དྲིན་སྩལ། །ོཾ་ཨཱ:ཧཱུཾ་ཨཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བཱཏྨ་ཀོཉཧཾ། དེ་ནས་འབྱུང་རྡུབ་ཚུལ་གྱིས་ནི། །དཔལ་དགྱེས་སྒྲོག་མ་བདེ?་ནམ་མཁའ་འཛིན། །གསུངས་པ ་འདིར་ནི་དབང་པོ་ཐིམ་པར་སོན།?་བདག་གི་རང་བཞིན་ཉམ་པ་སྟེ། །ངེས་པར་ལྷན་སྐྱེས་རྒྱལ་བའི་སྐུ། །བླ་མའི་ཞལ་ལ་གསལ་བར་དྲིས། །སྔག་མ་ནམ་མཁའ་ནོར་བུ་དང། །འདུས་བྱས་སྤྲོས་པ་ཀུན་ཟློག་ཀྱང། །དེ་ནི་རྒྱ་ཆེན་ཡིད་ལ་བྱེད། །ཱ་ཧ་འདི་གསལ་མཛེས་མའོ ་ཤེས་རབ་མཛེས་མ་ལ་ཆགས་སྦྱོར་བ་ཡིས། །འདུས་བྱས་འདུས་མ་བྱས་?་གྲོ?་བ། །བསྐལ་པ་འམ་བསྐལ་པ་སྟོང་གི་བར་དུ་ཡང། །ཡེ་ཤེས་འདི་སྦྱོར་བསྒྲུབ་པས་གནས་པར་བྱོས?། ཨཱ་ར་ཨཱ་ཧོཾ?། རིམ་པར་བྱེད་པ་དང་པོ་རྫོགས་སོ།། །། ་གསོལ་པ། རྗེ་བཙུན་ལྷའི་རྣལ་འབྱོར་ནི་ཇི་ལྟ་བུ། སྔགས་ཀྱི་ཚུལ་ནི་གང། ལྷན་ཅིག་སྐྱེས་པ་ཡང་ཅི། ཟབ་པ་དང་རྒྱ་ཆེ་བ་གང་ལགས། །བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་གྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ ་ཀླུ་ཡི་གདན་དང་ལུས་བསྲངས་བཅས། །རྡོ་རྗེ་ཐལ་མོ་གསུམ་བརྡབས་པས། །སྒྲ་ཙམ་ཉིད་དུ་རྣམ་པར་བརྟག་།སེམས་དང་རང་བཞིན་ལྷ་བདེ་ག?་།ོཾ་སྭ་བྷཱ་བ། ཨོཾ་བཛྲ། ཨོཾ་ཡོ་ག་།ང་རྒྱལ་བྱ་སྟེ་འདི་རྣམས་ནི་སྔགས་སོ། །རང་བཞིན་མཚན་ཉིད་འབྲས ་སྟོང་བ། །སྟོང་པ་མཚན་མ་མེད་པ་དང། །གང་ཡང་སྨོན་པ་མེད་པ་ནི། །རང་བཞིན་སྤྲོས་དང་བྲལ་བ་བསྒོམ། །ོཾ་ཤུ་ནྱ་ཏ་ཨ་ན་མི་ཏ། ཨ་པྲ་ཎི་ཏི་ཏ། ཞེས་པའི་སྔགས་སོ། །རླུང་ནི་ཡང་དག་བསྐུལ་བ་ལས། །སྣང་བ་མེད་པར་རབ་ཏུ་བརྟག་།སླར་ཡང ་རླུང་གི་སྦྱོར་བ་ལས། །སྒྱུ་མ་ཙམ་དུ་རྣམ་པར་བསྒོམ། །ཡིད་ཀྱིས་རྫོགས་པ་སངས་རྒྱས་པ་ཀུན། །སྐད་ཅིག་ལྷ་མོའི་རང་བཞིན་བརྟག་།སངས་རྒྱས་ཟླ་བའི་ཁུ་བ་རྣམས། །ནམ་མཁའ་ཨི་དབྱིངས་སུ་རབ་ཏུ་བསྒོམ། །རྣམ་པར་ཤེས་པ་རླུང་དང་བཅས། །བཾ་ཡིག་ཁུ ་བ་གཉིས་མེད་གྱུར། །དེ་ཚེ་བྷ་ག་ཆོས་ཀྱི་དབྱིངས། །ཕྱི་རོལ་སྲུང་བ་ཡང་དག་བཅས། །ཧཱུཾ་ལྷ་མོ་རྡུལ་དུ་གྱུར་པའི་དབུས། །ཟླ་བ་ཁུ་རྡུལ་གཉིས་མེད་ཐིམ། །དེ་ལས་བཱ་རཱ་ཧཱི་དབང་ལང་ཚོ་མ། །འཆར་ཀའི་སྣང་པ་དང་ལྡན་ལུས་ཕྲ་མོ། །ནུ་མ་མཐོ་ཟླུམ་རྒྱས ་ཤིང་པདམོ་ལ། །ཉིན་བྱེད་དང་ནི་ཡི་དགས་སྟེང་ན་རོལ། །སྐུ་ལུས་གསུམ་པ་ཕྱོགས?་ཉིད་ཀྱི་གང་སྟབས་ཅན། །གཅེར་བུ་གཡོན་རྒྱད་ཤ་རྒྱས་འཇམ་ཞིང་མཉེན། །པདྨའི་ཐེའུ་འབྲུ་རྒོད་པས་འོད་འཕྲེང་འཁྲུག་།ཟླ་བ་མེ་ཏོག་རྒྱུན་ལ་རབ་དགྱེས་པ། །ཐོད་པ་དང ་ནི་གྲི་གུག་ལག་ན་བསྣམས། །ཤཱུ་ལམ་སྐུན?་དང་ཅད་ཏེའུ་སྟེང་བཅས་འཛིན། །སྐྲ?་ཚོགས་རྟག་པར་བཅིངས་དང་རབ་གྲོལ་བ། །བན་དྷུའི་སྤྱན་དང་མཆེ་བའི་མྱུ་གུས་སྨྲས། །སྟེང་དུ་གཟིགས་དང་གཉིས་ནི་ཟུར་གྱིས་ལྟ། །རབ་སྔོ་པག་གདོང་གྱེན་ཕྱོགས ་གཡས་སུ་སྟེ། །ཧཱུཾ་ཧཱུཾ་རབ་སྒྲོག?་མཆོག་ཏུ་ཁྲོ་ཞིང་འཁྲུས་།ཁྲོ་དང་ལྟག་པར་རབ་ཆགས་བཞིན་བསྒྱུར་བ། །ཕྱག་རྒྱ་ལྔ་དང་མི་མགོའི་འཕྲེང་བ་ཅན། །ཐོད་བའི་འཕྲེང་བས་སྐྲ་འཚམས་རྒྱས་པ་བརྒྱན། །རང་ཐབས། བ་ཊཝཱཾ་ཡན་ལག་གཉིས་མེད་འདུས། །པདམོ་ཅན་གྱི ་ལྷ་མོ་རབ་ཡིད་འོངས། །འབར་ཞིང་གཡོ་བའི་གཟི་བརྗིད་དཀྱིལ་འཁོར་དབུས། །དེ་འདྲའི་སྒྱུ་འཕྲུལ་ལྷ་མོ་བསྒོམ་བྱས་ནས། །ཕྱག་རྒྱ་དྲུག་དང་རྡོ་རྗེ་གསུམ་གནས་ལ། །འཁོར་ལོ་དཔལ་ལྡན་པདྨ་རྡོ་རྗེའོ། །ོཾ་བཾ་ཧཾ་ཡཾ་ཧྲཾ་མོཾ་ཧྲེཾ་ཧྲིཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ས་བོན་གྱིས ་བསྐོད་ནས་སྐུ་བྱ་སྟེ། བཱ་རཱ་ཧཱི། ཡ་མི་ནཱི། མོ་ཧ་ནཱི། སཉན་ལཱི་ནཱི། སནྟྲ་ས་ནཱི། ཙཎྜི་ཀ་།ཞེས་པ་ནི་མིང་སྟེ། ཡི་གེ་ཨོཾ་དང་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ་ནི་ཐམས་ཅད་དུའོ། །ོཾ་ཨཱ:ཧཱུཾ། མི་འཁྲུགས་པའི་སྤྱི་བོ་མནན་པའི་ལྷ་མོ་དེའི་སྨིན་མ་བསྒྱུར་ཞིང། ལྟེ་བའི་དཀྱིལ་འཁོར་གྱི ་སྣང་བས་?་ཞེས་ཀྱི་འཁོར་ལོ་དགུག་གར་བྱའོ། །ཕཻཾ་ཛ་ཧཱུཾ་བཾ་ཧོ། ཨོཾ་ཡོ་ག་ཤུདྷ:སརྦ་དྷརྨ:ཡོ་ག་ཤུ་ད་དྷོ(རྒྱུད་འགྲེལ་གནྟེ། ཧཱཾ་ལཾ། ནེ་བེ་ཏྱཾ?། །ལམྦ་ནཾ། གྲི་ཧཾ། ཨུདྱ་ན་ཡ། གིརྟི། ནིརྟྱ། ཤཔཏཾ་ཨཱ(རྒྱུད་འགྲེལ་བར་དུ་ཀུན་དྷ་རལ་བྱ་གདོང་ཕྲ་མོ་དབུས་སུ་དང། དེའི་དབུས་ན་སྣང་བྱེད་དང། ལྟེ་བའི་ལྟེ་བར་ཧྲི:ོཾ་ཨཱ:ཧཱུཾ་དང་འཕྲེང་བ་དང་ངོས་གཉིས་དང་ལོགས་གཅིག་ལ་འཁྱིལ་བ་གཉིས་ཏེ་བཞི་བསམ་མོ། །སྨིན་མར་བདུད་རྩིར་བྱེད་པ་ལ་པཾ་ཡིག་གོ་།ཡི་གེ་རྣམས ་ལས་འོད་ཀྱི་སྦུ?་གུའི་རྩེ་མོ་སྣ་བུག་གཡོན་དང། བྱ་གདོང་གི་རྩེ་ལས་བྱུང་སྟེ། བུད་མེད་དང་སྐྱེས་བུའི་གསང་བའི་ལམ་ལས་སྤྱི་བོ་དང། ཤཾ་ཁཱི་དང་ཁ་ཁ་མུ་ཁ་མེས་ཁུ་རྡུལ་དྲངས་ཏེ་ཉི་ཟླ་དང་གཅིག་ཏུ་གྱུར་པ་དེའི་རྒྱུན་གྱི་སྔགས་འཕྲེང་བྱིན་གྱིས་བརླབས་ཏེ་འདི་ ་བྱ་གདོང་གི་ནང་དུ་བྱོན་པ་ལ་བསམ་ཞིང་སྔགས་བཟླ་པར་བྱ་སྟེ་བདེ་བས་མྱོས་པས་འདར་གཡོ་བ་ལ་གཅིག་ཏུ་བསམ་མོ། །ོཾ་བཛྲ་བཱ་རཱ་ཧཱི་ཨཱ་བེ་ཤ་ཡ་ཨཱ(རྒྱུད་འགྲེལ་འཁོར་བ་བསྒོམ་པར་བྱ་སྟེ་གསང་བར་ཐུར་སེལ་བསྡུ་བར་བྱས་ལ། ཨོཾ་སརྦ་བུད་དྷ་ཌ་ཀི་ཞེས་པ་ལ་སོགས་པ་ནི་རྩ་བའི་སྔགས་སོ། །ོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཕཊ་སྭཱཧཱ། ཉེ་བའི་སྙིང་པོའོ། །ོཾ་ཧྲི་བཾ་ཕེཾ?་ཨཱ:ཧཱུཾ། ཉེ་བའི་སྙིང་པོའི་སྙིང་པོའོ། །འགའ་ཞིག་ཏུ ་སྲོག་དང་རྩོལ་བ་བསྡམས་ནས་ཡིད་ཀྱིས་བཟླ་ཞིང། དེ་ལ་རིང་དུ་སེམས་གནས་ན་རླུང་འཇུག་པ་དང་གནས་པ་འབྱུང་བ་ལ། ཨོཾ་ཨཱ(རྒྱུད་འགྲེལ་གསུམ་གྱི་སྒྲ་ཡིས་ནི། །སྟོང་པ་ཉིད་ལ་རྣམ་པར་གཞུག་།སླར་ཡང་སྨིག་རྒྱུ་ལྟ་བུ་དང། །ཁམས་གསུམ་སྒྱུ་མའི་ལུས་སུ་བརྟག་།སྣང་བ་སྒྲ་དང་རྣམ་རྟོག་གང། །ཆུ་ཟླ་ལྟ་བུར་ལྷ་ཉིད་བསྒོམ། །འདི་ལ་བརྟུལ་ཞུགས་ཡོད་མ་ཡིན། །ཐམས་ཅད་དུ་ཡང་རྣམ་པར ་ཐར། །རིམ་བར་ཕྱེད་པ་གཉིས་པ་རྫོགས་སོ་།།ད་ནི་གཞན་ཡང། རྣལ་འབྱོར་ཆེན་པོའི་རྒྱུད་སྡེ་ལས། །དགོན་པ་ཆེན་པོའི་ས་ཕྱོགས་སུ། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན། །རི་བོ་དབེན་པའི་ས་ཕྱོགས་སུ། །དངོས་གྲུབ་ཐམས་ཅད་བསྡུས་པ་འགྲུབ ་ས་ཆ་མཉམ་པ་ཡིད་འོང་བར། །དྲི་མཆོག་གིས་ནི་བསྟར་བར་བྱ། །རྟག་པ་ཉིད་དུ་བདག་ཉིད་དང། །དཔལ་ལྡན་བཱ་རཱ་ཧཱི་ལ་མཆོད། །བུ་བཟང་སྐུ་ཡི་རྣལ་འབྱོར་ཅན། །དེ་ལྟར་སྔགས་ཀྱི་དེ་ཉིད་བསྟན། །ལྷ་མོས་བྱིན་རླབས་བཟླས་པ་ཡི། །རྡོ་རྒྱུས་ཀྱིས་ནི་ཡང་དག་བྲི། །རིག ་བྱེད་རྣམས་ཀྱི་དང་པོ་སྦྱིན། །ས་ཡི་གཡས་དང་ཛཧ་འོག་སྦྱར། །བྷ་འོག་ཛཧ་འོག་སྦྱར་བ་ནི། །འོག་གི་ཆ་ནི་མེ་དང་བཅས། །ཧ་སྟེང་ཉ་འོག་སྦྱར་བར་བྱ། །ཐ་ཡིག་གཡས་དང་ཛཧ་གཡོན་སྦྱར། །མ་སྟེང་ཊ་ཡི་གཡོན་པ་སྦྱར། །དབུས་མའི་མདུན་གྱི་མཛའ་ནས་བླངས། །དབུས་མིS? ་རྒྱབ་དང་ཎ་སྟེང་བླངས། །ཝ་ཡིག་གཡས་དང་ཛཧ་འོག་སྦྱར། །ཛ་འོག་ལ་འོག་དང་ནི་སྦྱར། །ན་ཡི་སྟེང་ནས་བླང་བར་བྱ། །ལན་གཉིས་ཙམ་དུ་བཀླག་པར་བྱ། །ཤ་འོག་ཤར་ཕྱོགས་མཛའ་ཡི་གྲོང། །ཐ་འོག་ཛཧ་འོག་སྦྱར་བ་ནི། །སྟེང་དུ་གཟི་བརྗིད་བརྒྱན་པར་བྱ། །དྷ་ཡི་གཡེམ་རྐ? ་དང་ཌ་འོག་སྦར། །བ་སྟེང་ར་འོག་བརྩེགས་པ་ནི། །དྷ་ཡི་སྟེང་གིས་སྤྱི་བོ་བརྒྱན། །དབུས་མ་ཎ་འོག་བཅས་པ་ནི། །ཊ་ཡི་གཡོན་དང་སྦྱར་པར་བྱ། །རྣམ་པར་བཅད་པས་རབ་ཏུ་མཛེས། །བྷ་སྟེང་ཐ་འོག་ཉ་འོག་བཅས། །ཉ་འོག་དབུས་ཀྱི་ཡུལ་ལ་སྦྱར། །འདི་ནི་རྩ་བའི་རིག་པ ་མཆོག། ཨོཾ་ནི་ཐམས་ཅད་གསང་སྔགས་ཏེ། །དངོས་གྲུབ་ཐམས་ཅད་སྦྱིན་པར་བྱེད། །པ་ཡིག་ཁུ་བ་རེངས་པ་དང། །ཛྲ་ཡིག་རླུང་དང་རྡུལ་འཆིང་བ། །བཱ་ཡིག་སྨྲ་བའི་བདག་པོར་འགྱུར། །རཱ་ཡིག་དབང་དང་དགུག་པར་བྱེད། །ཧཱི་ཡིས་འཇིགས་པ་ཀུན་ལས་ཐར། ། ཡི་མི ་སྣང་འགྱུར་བ་དང། །བེ་ཞེས་བྱ་བས་མཁའ་སྤྱོད་དང། །ས་འོག་རྐང་བྱུག་ཤ་ཡ་ཡིས། །ཱ:འདིས་གཏུམ་མོ་འབར་བར་བྱེད?། །ས་ཡིག་མངོན་ཤེས་ལྔ་རུ་འགྱུར། །རྦ་ཡིག་འདིས་ནི་རྟོག་མེད་པ། །དུ་ཞེས་བྱ་བས་ཐིག་ལེ་འགོག་།ཥྚཾ?་ཡིས་ནི་ཏིང་འཛིན་ཐོབ། །ཧྲི(རྒྱུད་འགྲེལ་གྲིའི་དངོས་གྲུབ་ཐོབ་པར་འགྱུར། །སྭཱཧཱ་ཞེས་པ་ཉིད་ཀྱིས་ནི། །དྲོད་དང་ལྷན་སྐྱེས་དགའ་ཐོབ་འགྱུར། །མཐེ་བོང་བྱིན་པ་བརླ་གསང་པ། །ལྟེ་བ་ལྟོ་དང་ནུ་མ་ལག་།མགྲིན་མཆུ་འགྲམ་པ་མིག་དང་སྣ། །སྤྱི་གཙུག་སྟེང་འོག་ཚིགས་ཀུན་དང། །བྱ་གདོང་སྤྱི་བོ་རྣམས་ལའོ། །དེ ་ནས་གཞན་ཡང་དོན་དམ་པའི་སྔགས་ཏེ། གང་ཡང་འདི་ན་འཁོར་བ་དང། །དེ་བཞིན་མྱ་ངན་ལས་འདས་པ། །འདི་དག་ཀུན་གྱི་གནས་གཅིག་པུ། །འོད་གསལ་ནམ་མཁའ་ལྟ་བུའོ། །སེམས་ཀྱི་རྒྱུད་ལས་རྣམ་གཞན་དུ། །ཐར་པ་ཆོལ་བའི་དལ་བས་ཅི། །ཟླ་བ་མངོན་དུ་མཐོང་གྱུར ་ནས། །རི་མོར་བྲིས་ལ་སུ་ཞིག་ཆགས། །བཅོས་མའི་ལས་དང་ཏིང་འཛིན་དང། །དེ་ཡི་རྩོལ་བ་ཇི་སྙེད་པ། །དེ་ཉིད་རིག་ལ་དགོས་པ་མེད། །སེམས་ཀྱི་རང་བཞིན་རིག?་པ་ནི། །དངོས་དང་དངོས་མེད་རྣམ་པར་དག་།གང་མ་གྱུར་པ་ཞི་བ་དང། །རྣམས་རྟོག་འཁོར་བ་ཉིད་ཅེས་བྱ། །དེ་ཕྱིར ་དེ་ནི་རྒྱལ་བས་མཁྱེན། །དེ་ནས་རྫོགས་པའི་རིམ་པ་ཡང། །འདི་ལྟར་རྫོགས་སངས་རྒྱས་དང་རྒྱལ་སྲས་དང། །ཀུན་གྱི་ཡེ་ཤེས་འདི་མི་བརྗོད། །རང་རིག་རྣམ་པ་ཀུན་དང་བྲལ། །གཞོམ་མེད་སྒྲ་དང་རྣམ་ཀུན་ཅན། །འདི་ནི་དོན་དམ་བཱ་རཱ་ཧཱི། །གང་ནི ་ཆུ་སྐྱེས་དབུས་ན་གནས། །རླུང་དང་ཐིག་ལེ་ལུས་གཅིག་པུ། །རྡུལ་ནི་གཏུམ་མོ་ཉིད་དུ་རིག་།གསང་བར་བྷ་ག་ཟུར་གསུམ་པ། །དེའི་དབུས་ན་རྡོ་རྗེ་ཕག་མོ་གཡོན་སྐོར་དུ་དྲག་ཏུ་འཁོར་བ་བཀོད་ནས་རླུང་གི་སྦྱོར་བས་སྦྱར་བར་བྱའོ། །ལྟེ་བ་ལྔ་པོ་ཡོངས་ཕུག་ནས། །ཐིག་ལེ ་རྒྱུན་ནི་རབ་ཏུ་བསམ། །དེ་ལས་དགའ་དང་མཆོག་དགའ་བ། །བྲལ་དང་ལྷན་སྐྱེས་སྐད་ཅིག་མའོ། །གལ་ཏེ་སྤྱི་བོ་སྙིང་ནང་གདུང། །ལྗོན་པ་དགྱེལ་བའི་ཚུལ་ཉིད་དམ། །གཏུན་ཤིང་གཉིས་ཀྱིས་སྦྱར་བར་བྱ། །བརྒྱལ་ཞིང་སྟེང་ཕྱོགས་འོད་འཕྲོ་བ། །དེ་ཚེ་ལག་གིས་རྡོ་རྗེ ་དབབ། །སྨིག་རྒྱུ་ཟླ་བ་དེ་བཞིན་དུ། །མེ་ཁྱེར་མར་མེ་ནམ་མཁའ་སྟེ། །མཁའ་སྣང་ཐམས་ཅད་དེ་ལ་སྣང། །ཁམས་གསུམ་གྱིས་ནི་གཟུགས་སུ་འགྱུར། །དགའ་ཆེན་ཤིན་ཏུ་གཉིད་ཡུར་ལ། །རླུང་འགོག་སྦྱོར་བས་གནས་གྱུར་པ། །ཁྱོད་ཀྱིས་དེ་སྲིད་འདི་སྒྲུབ་བྱོས། །རིམ་པར་བྱེད ་པ་གསུམ་པ་རྫོགས་སོ།། །།ཡང་གསུངས་པ། ནནད་ཀུཎྜ་ལ་བཱ་རཱ་ཧཱི། རྡུལ་རྒྱས་པ་ལས་བདེ་བ་འཐོབ་འགྱུར་ཏེ། །རྡོ་རྗེ་པདྨ་སྦྱོར་ལས་རྡུལ་ལྷག་རྒྱས། །སྒྱུ་མའི་ལུས་དང་ཐིག་ལེ་བཞི་གཡོ་བ། །སྣ་རྩེ་དག་ཏུ་རླུང་སེམས་ཞུ་ཞིང་འབབ། །མེ་ལོང ་ཤིན་ཏུ་དངས་པ་ལ། །ལེགས་བྲིས་གཟུགས་བརྙན་གསལ་བ་ལྟར། །ལྷ་ཡི་དེ་ཉིད་རབ་ཏུ་དམིགས། །ལུས་འདི་སྒྱུ་མ་ཉིད་དུ་རྟག་།རབ་ཏུ་འཇིགས་པའི་ཡིད་དགའ་བ། །རི་བོ་ནགས་འདབ་ཆུ་རོགས་དང། །དུར་གྱི་ཁྲོད་མ་ཕུག་དག་ཏུ། །རང་གི་རིགས་ཀྱི་ལྷ་མོ་གཟུང། །ཐ ་མ་ལ་ཚུལ་ནི་ཡོངས་བོར་ནས། །རྡོ་རྗེ་སྦྱོར་བས་སྦྱར་བར་བྱ། །སྔགས་དང་ལྷ་ཡི་དེ་ཉིད་བསྟན། །དེ་ནས་དགའ་བ་བརྩོམས་པར་བྱ། །རེག་པ་དང་སྦྱོར་བ་དང་བསྒྲུབ་པ་དང་ལྷུང་བའི་སྐད་ཅིག་ལ་དགའ་བ་དང། མཆོག་ཏུ་དགའ་བ་དང་ཁྱད་པར་གྱི་དགའ་བ་དང་ལྷན་ཅིག ་སྐྱེས་པ་རྣམས་སོ། །བསྙེན་པ་དང་ཉེ་བར་བསྒྲུབ་པ་དང་སྒྲུབ་པ་ཆེན་པོའོ། །དེ་བཞིན་དུ་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་དང། རྡུལ་དང་འདོད་གཡོ་བ་ནི་བསྙེན་པའོ། །འབྱུང་བ་རྣམས་ཞུ་ཞིང་དབང་པོ་ཐིམ་པ་ནི་ཉེ་བར་སྒྲུབ་པའོ ་ཁུ་བའི་རྒྱུན་གྱིས་སྔགས་ཀྱི་བདག་པོ་རྡུལ་ལ་ཐིམ་པ་ནི་སྒྲུབ་པའོ། །ཁུ་བའི་དམ་ཚིག་རིགས་ཀྱི་བདག་པོ་ནི་སྒྲུབ་པ་ཆེན་པོ་ཞེས་བྱའོ། །དེ་ལ་དེ་ཉིད་ལྔ་པོ་རྣམས་ལ་དེ་ཉིད་རྣམས་ཉིད་ཀྱི་དབྱེ་བས་གནས་ཏེ་གཅིག་ཏུ་ནི་ས་དང་རླུང་གཡེ?་ལ་མེ་དང་ཆུ་གཡོ་བའོ། །གཞཎ ་དུ་ནི་རིམ་པར་གཡོ་པ་དང། རེ་རེ་ཡང་ལྔ་དང་ལྔ་དུས་གཅིག་ཉིད་ལ་གཡོ་ཞིང་འཁྲུག་གོ་།ས་གཡོ་བS་ནི་ལྕི་ཞིང་ལྕི་ལ། ཆུའི་དཀྱིལ་འཁོར་འཁྲུག་པས་ནི་ཆུ་ཡི་རྡུལ་གྱིས་གཤེར་བར་འགྱུར་རོ། །མེ་ཡི་དཀྱིལ་འཁོར་འཁྲུགས་པས་ནི་ཚ་བར་འགྱུར་ཞིང། རླུང་གི་ཚོཌ ་གཡོ་བས་འདར་ཞིང་དཀྲུག་སྟེ། ནམ་མཁའ་ཨི་ཁམས་གཡོ་བས་ནི་བདེ་བ་ཉིད་དང། ལྷག་པ་ཉིད་དང། ཚིམ་པ་ཉིད་དང། བྲལ་བ་རྣམས་སུ་འགྱུར་རོ། །འདི་ལ་འདོད་པ་དང། བདེ་བ་དང། བརྒྱལ་བ་དང། རང་རིག་ཅེས་བྱ་བ་དགའ་བཞི་སྟེ། ཐམས་ཅད་ཀྱང་བཅིངས་ཤིང ་བདྲན?་པ་ནི་གྲོལ་བ་དང། གང་འཕོ་བ་དང་འགྱུར་བ་ནི་སྡུག་བསྔལ་བའོ། །བློ་དང་ལྡན་པ་འདི་ལ་གང་དག་དམ་ཚིག་སྦྱོར་བ་ཡང་འདི་ལྟ་སྟེ། དེ་ལ་གང་གི་ཁུ་བ་ཞུ་བ་ལས་དགའ་བ་བཞིར་འགྱུར་བ་དང། རྡུལ་གྱི་ཁམས་རྒྱས་པ་ལས་ཁུ་བ་གཡོ་བ་ཉིད་དུ་འགྱུར་ཏེ། ་བློ་དང་ལྡན་པ་འདི་ལྟ་སྟེ། དཔེར་ན་རྡོ་རྗེའི་འདབ་མ་ཡང་རུང། རྡོ་རྗེའི་རྩ་བ་ཡང་རུང། རྡོ་རྗེའི་མེ་ཏོག་ཀྱང་རུང་སྟེ། བཅུད་ལེན་གྱི་དབུས་སུ་པོར་ན། བཅུད་ཀྱི་དངོས་པོ་རྣམ་པར་གཡོ་ཞིང་ཁོལ་ལ། འཕར་བ་དང། ད་དུང་ཡང་རླུང་གི་ཤུགས་ཀྱིས་མནན་ཅིང་བོར་བ་ན། ་བཅུད་ལེན་སྲ་བ་གཡོ་བ་མེད་པར་བསྟན་ལ། སྣོད་རྣམས་ཉིད་ཞིག་ཅིང། རྡོ་རྗེ་རྩ་བ་ཡང་རུང། རྡོ་རྗེའི་མེ་ཏོག་ཀྱང་རུང་སྟེ། དེ་ཡི་ཚེ་དེ་རྣམས་ཉིད་སྣོད་དུ་འགྱུར་རོ། །འདི་ལ་རྡོ་རྗེའི་རྩ་བ་དང་འདབ་མ་དང་མ་ཏོགས?་གི་འབྲས་བུ་གཅིག་ཏུ་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས ་ཉིད་རང་བཞིན་དང། རོ་དང་ནུས་པ་མཉམ་པའི་ཕྱིར་རོ། །འོན་ཀྱང་གོང་བུ་ཅན་ནི་རྡོ་རྗེའི་རྩ་བ་དང། ཆུ་ཐིགས་ཅན་ནི་རྡོ་རྗེའི་འདབ་མ་དང། གཡོ་བ་ཅན་ནི་རྡོ་རྗེའི་མེ་ཏོག་གིས་མྱུར་དུ་འཆིང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་སྟོབས་མི་མཉམ་པའི་ཕྱིར ་རོ། །བློ་དང་ལྡན་པ་དེ་བཞིན་དུ་རང་བཞིན་གྱི་གཏུམ་མོ་ཡང་རུང། རྣལ་འབྱོར་གྱི་ཡང་རུང། ལས་ཀྱི་ཡང་རུང་སྟེ་ཀུནད་ལ་རེག་པར་གྱུར་ན་ཁུ་བ་གཡོ་ཞིང་ཞུ་ལ་བབས་པ་ནད་དུང་ཡང་རླུང་དང་གཏུམ་མོས་གཡོ་མེད་དུ་བྱས་ནས། ཁུ་བ་རབ་ཏུ་སྲ་བགྱེན་དུ་བཅིངས་པS ་ལུས་ཀྱི་བུམ་པ་རྣམ་པར་འགགས་ནས་དེའི་ཚེ་རང་བཞིན་གྱི་གཏུམ་མོ་ཡང་རུང་སྦྱོར?་གྱི་ཡང་རང། ལས་ཀྱི་ཡང་རུང་སྟེ། དེའི་ཆེ་དེ་རྣམS་ཉིད་སྣོད་དུ་འགྱུར་རོ། །འདི་ལ་རང་བཞིན་གྱི་གཏུམ་མོ་དང། རྣལ་འབྱོར་དང། ལས་ཀྱི་གཏུམ་མོ་གང་གིས་འབྲས་བུ་གཅིག་ཏུ་འགྱུར་ཏེ། ་དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་རང་བཞིན་གཅིག་པའི་ཕྱིར་རོ། །འོན་ཀྱང་རྣལ་འབྱོར་ཅན་ལ་ནི་རང་བཞིན་དང། རྟོག་པ་ཅན་ལ་ནི་རྣལ་འབྱོར་དག་འདོད་པ་ཅན་ལ་ནི་ལས་ཀྱི་གཏུམ་མོས་མྱུར་དུ་བདེ་བ་ཆེན་པོར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནམས་ཡུལ་དང་གནས ་སྐབས་ཐ་དད་པའི་ཕྱིར། །དེ་བས་འདིར་རླུང་གཉིས་ཡང་དག་པར་བསྐུལ་བས་རྣལ་འབྱོར་གྱི་གཏུམ་མོ་བཛྲ་བཱ་རཱ་ཧཱི་བསྐུལ་ནས་དགའ་བ་བཞི་བསྒྲུབ་ཅིང་ཐིག་ལེ་བརྟན་པ་ཡང་སྟེ། དེ་བཞིན་དུ་མངོན་སུམ་གྱི་ཤེས་པ་རྒྱ་མཚོ་ལ་འཕྲོག་བྱེད་ཀྱི་གྲོང་ཁྱེར་ལྟ་བུ། དེ ་ཉིད་རླུང་ཕྲ་མོ་དང་བཅས་བས་ཀྱང་རྣལ་འབྱོར་ཅན་ལ་བདེ་བ་སྟེར་བར་བྱེད་དོ། །རིམ་པར་བྱེད་པ་བཞི་པ་རྫོགས་སོ།། །།ཐོགས་མེད་བ་ནས་འཁོར་བ་ནས་འཁོར་བར་གང་གིས་འཁོར་བ་འདི་ཡང་ཉོན་ལ་བཟུང་ཤིག་།གང་ཡང་སྟེང་དང་འོག་གི་ཕྱོགས ་ལས་དབང་པོ་ལྔ་དང་ཡིད་དང། ང་རྒྱལ་དང། རྣམ་པར་ཤེས་པ་རང་གཟུགས་ཀྱི་ཕུང་པོ་རྣམས་ཀྱི་འོད་ཟེར་སྣ་ལྔའི་ཚོགས་ལས། སྐྱེ་བ་དང་འཆི་བར་བྱེད་ཅིང་གཡས་ཀྱི་ཕྱོགས་ལས་ཕུང་པོ་རྣམས་ཀྱིས་འཁོར་བ་དང། གང་ཡང་ཅིག་ཤོས་ཀྱིས་འབྱུང་བ་ལྔ་རྣམས་འབྱིན ་དང་སྡུད་པས་རྣམ་པར་རྟོག་པ་དང་ཡེ་ཤེས་སུ་འགྱུར་ཞིང། དབང་པོ་རྣམས་ལས་འགྲོ་བ་དང་འོད་བས་ཏེ་གཟུང་བ་དང་འཛིན་པར་སྣང་བས་དང། འཁྲུལ་ཞིང་བག་ཆགས་བགོ་བར་བྱེད་དོ། །ཁམས་གསུམ་པ་འབྱུང་བ་དང། ཟློག་པ་ཡང། འགྲོ་བ་དང་འོང་བས་ཏེ། དེ་ལྟ ་བས་ན་ཐམས་ཅད་རླུང་སྟེ། འོད་ཟེར་སྣ་ལྔ་ཁུ་བ་དང་རྡུལ་དུ་ལྷན་ཅིག་པས་གནས་སོ། །གཞན་ཡང་འདི་ལྟ་སྟེ་ཇི་ལྟར་རླུང་པོ་རྣམས་ནམ་མཁའ་དྲི་མ་མེད་པ་ལ་རིང་དུ་རྒྱུ་བ་ན། མི་སྣང་ཞིང་ཇི་ཞིག་ལྟར་ལ་སྣང་བ་མེད་ཅིང་ཞི་བར་འགྱུར་རོ། །བློ་དང་ལྡན་པ་དེ་བཞིན་དུ། འོད་དང་ལྡན ་པའི་རླུང་རྣམས་བཱ་རཱ་ཧཱི་ཀུནདར་གྱི་དབྱིངས་སུ་ཐིམ་པ་ན་ཇི་ཞིག་ལྟར་ལ་མི་སྣང་ཞིང་ཞི་བར་འགྱུར་རོ། །དེ་ཞི་བས་རྡུལ་དང་ཁུ་བའི་ཚོགས་པ་འཇིག་པར་འགྱུར་ཅིང། དེ་ལ་རླུང་ཐིམ་པས་མི་གཡོ་ཞིང་སེམས་ཀྱི་རྡོ་རྗེ་འགྱུར་ལ། རྡུལ་དག་པས་མི་ཤིགས་པ་དང་བརྟེན་པ ་དང། གཞོམ་དུ་མེད་པར་འགྱུར་ལ། ཁུ་བ་དག་པས་རྡོ་རྗེའི་ལུས་སྲ་བ། ཁོང་སྟོང་མེད་པ་གང་ཡང་ཕྱིན་པ་ཞེས་བྱའོ། །དེ་ལྟར་སྐུ་དང་གསུང་དང་ཐུགས་དག་པ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨོ། །གཞན་ཡང་འོད་ཟེར་བསྡུ་བ་ལ་སོགས་པ་གོམས་པས་ནི། དབང ་པོ་རྣམས་ནུབ་ཅིང་བདེ་བས་གཉིད་ལོག་པ་དང། བ་སྦུ་འགྲོང་ཞིང་གང་གི་དྲུང་དུ་དྲུང་གི་སྒྲ་ཡང་རིང་མོར་སྣང་བ་དེའི་ཚེ། ཤིང་དྲུང་རྣམས་སུ་སྤྱོད་པ་སྤྱད་ལ། དེ་ནས་ཡུལ་ཀུན་ཏུ་རྒྱུ་བ་ན་སྐུད་པའི་གྲོང་གི་ལྷ་མོས་རྗེས་སུ་འཛིན་པར་བྱེད་པས། ཟླ་བ་ཕྱེད་དམ་ཟླ་གཅིག་གམ་ཟླ་བ ་?་ཕྱག་རྒྱ་ཆེན་པོར་འགྱུར་རོ་ཞེས་བྱ་བ་ནི། རིམ་པར་བྱེད་པ་ལྔ་པ་རྫོགས་སོ།། །།དེ་ནས་དགྱེས་པ་ཆེན་པོས་གར་མཛད་ནས། །སླར་ཡང་ནམ་མཁའ་ཨི་དབྱིངས་སུ་མི་སྣང་གྱུར། །དེ་ཚེ་རྗེ་བཙུན་རྔོན་པའི་སྐུ་གསལ་བས། །རྟག་ཏུ་སེམས་ཅན་རྣམས་ལ ་རྗེས་རྩེར་མཛད། །འདིར་སྨྲས་པ། སྒོམ?་དང་རྫོགས?་དང་སྔགས་མཆོག་དང། །གཏོར་མ་གཞོན་ནུ་མ་མཆོད་དང། །ཉལ་དང་ལྡང་བ་བུམ་པ་བསྒྲུབ། །སྤྱོད་དང་སྤྱོད་དམ་བྱིན་རླབས་རྒྱལ། །ཞེས་པ་ཡང་སྨྲས་སོ། །འདིས་ཀྱང་སེམས་ཅན་ཁམས་རྣམས་དྲི་མེད་རང་བཞིན་ལ།། ་བདེ་དང་ཕན་པས་དགའ་བ་མཆོག་ཏུ་འགོད་པར་ནི། །དེ་རིང་གྱུར་ཅེས་དཔའ་བོ་བསྐལ་པ་བརྒྱར་ཡང་སེམས། །འདོད་དང་རྙེད་པས་ཁོ་བོ་ཅི་བགྱི་བདེ་བ་རྒྱས། །རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རིམ་པ་ལྔ་པ་ཞེས་བྱ་བ་རྔོན་པའི་གདམས ་ངག་རྫོགས་སོ།། །།རྗེ་བཙུན་བུང་དྷ་གུཔཏའི་ཞལ་སྔ་ནས་དང། ཀུན་དགའ་སྙིང་པོས་གཡར་ཁྲལ་དུ་འཚལ་བའོ།། །།རྡོ་རྗེ་རྣལ་འབྱོར་མ་སྤས་པའི་སྒོམ་པ། །*། །ོཾ་སྭསྟི། རྒྱ་གར་སྐད་དུ། བཛྲ་ཡོ་གི་ནཱི་ལུ་ག་བྷ་བ། ་