CLOSE WINDOW

N3472: rdo rje phag mo mchod pa'i sgrub thabs
Wyliee-texts based on the ACIP/ALL Input

དགའ་བའི་ཚལ་ཞེས་བྱ་བའི་མདུན་ས་དམ་པར་གྲུབ་པར་བགྱིས་པ།། །།ཕག་མོ་སྐོར་གསུམ་བཞུགས་སོ། །*། །ོཾ་ཨ་ཐ། རྒྱ་གར་སྐད་དུ། བཛྲ་བཱ་ར་ཧི་ཨརྩཙ་ནཾ་སདྷ་ན། བོད་སྐད་དུ། རྡོ་རྗེ་ཕག་མོ་མཆོད་པའི་སྒྲུབ་ཐབས། རྡོ་རྗེ་ཕག་མོལ ་ཕྱག་འཚལ་ལོ། །རྡོ་རྗེ་རྡོ་རྗེ་དཔལ་ལྷ་མོ། །རྡོ་རྗེའི་བུ་མོ་བཱ་རཱ་ཏཱི། །ཁྱོད་ལ་ཕྱག་འཚལ་གུས་པས་འདུད། །བདག་གི་སེམས་ལ་ཁྱོད་བསྟན་མཛོད། །སྒྲུབ་པ་པོ་དབང་བསྐུར་བ་ཐོབ་ཅིང། དམ་ཚིག་དང་ལྡན་པས། རྡོ་རྗེ་ཕག་མོའི་མཆོད་པ་བརྩམ་པར་བྱ་སྟེ། དེ་ལ་ཡེ་ཤེས ་འཕོ་བའི་གནང་བསྐོབ་བས་སྔོན་དུ་བསྙེན་པ་བྱའོ། །དང་པོར་ཁྲུས་བྱས་རྡོ་རྗེ་ཡི། །ཡི་གེ་སྲུང་བ་ཆེད་དང་བཅས། །བདེ་བར་གཤེགས་སོགས་སྤྱན་དྲངས་ལ། །ཡན་ལག་བདུན་གྱི་མཆོད་པ་བརྩམས། །ོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་ན་བཛྲ་སྭཱ་བྷ་བ་ཨཱཏྨ་ཀོཉཧཾ། ཆོས་དབྱིངས་ཨེ ་དང་སྣ་ཚོགས་པའི། །ཆུ་སྐྱེས་བདུང་བའི་དབུས་གནས་པ། །མདོག་བཟང་ཡི་དགས་མིག་གསུམ་པའོ། །སྟེང་ཕྱོགས་བཾ་གྱི་འོད་འཕྲོ་བ། །དེ་ལས་དཔལ་རྡོ་རྗེ་ཕག་མོ་མེ་ལྟར་འབར་ཞིང། སྤྱན་གསུམ་གྱེན་དུ་གཟིགས་པ། གྲི་གུག་དང་ཐོད་པ་བདུད་རྩིས་གང་བ ་བསྣམས་པ། ཁྲོ་གཉིད་རིམ་པར་གཙིགས་ཤིང་མཆེ་བ་གཙིགས་པ། གཡས་པ་ཕག་གི་གདོང་ནི་མི་གདུག་པའོ། །ནུ་མ་རྒྱས་ཤིང་ལང་ཚེ་ལ་བབ་པ། འདོད་ཆགས་ཆེན་པོ་ཁ་ཊཝཱཾ་ག་དང་འདུས་པས་བདེ་བརྒྱས་པ། གཡོན་བརྐྱང་བའི་གང་དང་ལྡན་པ། རུས་པའི ་ཕྱག་རྒྱ་དང་མགོ་བོའི་ཕྲེང་བ་དང། ཐོད་པའི་ཅོད་ཕན་དང་དར་དབྱངས་བཅིངས་པ། ཕག་མོ་ལ་སོགས་པས་བསྐོར་བའོ། །དེ་དག་ཐམས་ཅད་ཀེང་རུས་ཀྱི་གནས་ལ་གནས་པ། འཕྲོག་བྱེད་གསོལ་ཀ་དྲག་པོས་བསྟོད། །མེས་པོ་མིག་སྟོང་རྔ་ཡབ་གདུགས། །རོ་ལངས་གར ་མཁན་ཅེ་སྤྱད་རྣམས། །གླུ་ལེན་ཞལ་ཟས་དུར་ཁྲོད་ན། །མཁའ་ལྡིང་གནོད་སྦྱིན་རིག་འཛིན་དང། །མ་མོ་རྣམས་ཀྱིས་བརྗིད་པར་བྱེད། །མ་བསྐྱོད་ལ་སོགས་དབུ་རྒྱན་ནི། །རྣལ་འབྱོར་པ་ཡིས་རབ་ཏུ་བརྟག་།རྐང་པ་མནན་ཅིང་གྱེན་དུ་ལྟ། །སྟེང་དུ་ཕཻཾ་གྱི་སྒྲ་གྲགས་པས།། ་ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་དགུག་།འཛུབ་མོ་འདུད་སོགས་ཕྱག་རྒྱ་དང། །ཛ་ཧཱུཾ་བཾ་ཧོ་གཉིས་མེད་གྱུར། །ོཾ་བཾ་ཧཾ་ཨོཾ་ཧྲི་མོཾ་ཧྲེཾ་ཧྲིཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། འདོད་ཡོན་ཐིམ་པའི་ལྷ་མོ་རྣམས། །མཆོད་པར་བཅས་པ ་གཉིས་མེད་གྱུར། །ས་བོན་སྔགས་དང་འཁྱིལ་བ་དང། །སྙིང་པོ་རྣམ་གསུམ་སྦྱར་བར་བྱ། །དེ་ལྟར་ལྟེ་བ་ལས་བྱུང་བ། །གློག་དང་འོད་ཟེར་རྣམ་ལྔ་ནི། །ཁུ་བ་དང་ནི་ཟེའུ་འབྲུ་གཡོ?། ། བ་དྷཱུ་ཏེ་གང་བར་ལྟ། །ོཾ་ཨོཾ་ཨོཾ་སརྦ་བུད་དྷ་ཌཱ་ཀི་ནཱི་ཡེ་བཛྲ ་བརྞ་ནཱི་ཡེ། བཛྲ་བི་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། རེ་ཞིག་སྙིང་གར་འཕྲེང་བ་བཀོད། །ཕྱི་ནས་ངག་གི་བཟླས་པ་སྤངས། །རླུང་འཇོམས་དེ་བཞིན་སེམས་མེད་པས། །མཆོག་ཏུ་བདེ་བ་ཐོབ་པར་འགྱུར། །ཐིམ་པ་ཡིས་ནི་ཐིམ་པ་དང། །བརྟན་པ་ཡིས་ནི་བརྟན་པ་དང། ་སྤྲོ་བ་ཡིས་ཀྱང་སྤྲོས་བྱས་ནས། །སེམས་ཅན་དོན་ལ་འཇུག་པར་བྱ། །དེ་ལྟར་ཟླ་བ་དྲུག་དགན། །སྤུ་ལྡང་བདེ་བ་བླ་མེད་འགྱུར། །དེ་ནས་ཟླ་བ་ཡར་ངོ་དང། །མར་ངོ་ཡི་ཡང་བཅུ་དག་ལ། །བླ་མེད་མཆོད་པ་ཡང་དག་བྱ། །དབེན་པ་དག་ཏུ་དཀྱིལ་འཁོར་ནི། །སྒྲུབ་བྱ་དང ་པོར་ལག་གི་སོང། །བྱིན་རླབས་ལྷ་ནི་རབ་བསྒྲུབས་ལ། །དཀྱིལ་འཁོར་མེ་ཏོག་མཾ་ས་དང། །ཆང་གིས་རབ་ཏུ་མཆོད་བྱ་བ། །རང་མིང་རྡོ་རྗེ་གསུམ་སྔགས་ཀྱིས། །དེ་ནས་ཡང་ནི་བསྟོད་པ་བྱ། །མདའ་རི་རོ་ཡིས་མཆོད་དངོས་གྲུག་།ཡང་ཡང་བླང་བྱ་དེ་ནས་གཤེགས། །ཤ ་ཆང་བཟའ་བའི་གཏོར་མ་གང། །པདྨའི་སྣོད་ནང་རྫས་བཅུ་པོ། །ཡེ་ཤེས་ཡེ་ཤེས་བདུད་རྩིར་གྱུར། །ོཾ་ཨཱ:ཧཱུཾ་བརྗོད་རང་སྔགས་ཀྱིས། །ལན་བདུན་ཕུལ་ནས་མཆོད་པ་བྱ། །དེ་ནས་ཕྱི་རོལ་བཞི་མདོ་འམ། །ཡང་ན་དུར་ཁྲོད་སོགས་སོང་ནས། །ཤ་ཆང་སྒོག་བཅས་ཁྲག ་གིས་ནི། །དྲག་མོ་རིགས་ཀྱི་མཁའ་འགྲོ་དང། །འབྱུང་བོ་ཀུན་ལ་གཏོར་མ་ནི། །རྣལ་འབྱོར་མ་རྒྱུད་ལས་གསུངས་པའོ། །ཡང་ནི་ཕྱོགས་བཞིར་སྲེག་བླུགས་ནི། །སྟོང་ཕྲག་བརྒྱ་དང་བདུན་ཅུ་དབུལ། །བུམ་པ་ལྷ་མོ་བཟླས་བྱེད་ལ། །མཆོད་ནས་བཟོད་པ ་བྱ་དང་དེ། །དག་བྱེད་བདུད་རྩི་མཆོད་ཉིད་ལ། །བྷ་ག་བུམ་པ་ཉིད་གྱུར་ཅིང། །ལྷ་མོ་ཡང་ནི་བདུད་རྩིར་གྱུར། །ལྷ་སྐུ་སྔགས་ཀྱིས་བྱིན་བརླབས་པ། །ཡི་གེ་འོད་ལྔའི་ཁུ་བ་རྣམས། །འཕུང་ཞིང་ཚོན་རྩིའི་ཐིག་ལེས་བདེ། །དགའ་ཆེན་བཞི་ལ་རྣམ་གནས་པ། །སྤྱི་པོ་རྐང ་པ་ལྟེ་བར་གཞུག་།འོད་ཟེར་གྱིས་ནི་སྣང་བ་ཀུན། །ཐིམ་པས་རྡོ་རྗེའི་ལྷ་ཉིད་བསྒོམ། །སྔགས་དང་ཏིང་འཛིན་ལྷུར་ལེན་བྱ། །དེ་ལྟར་ལན་བདུན་བསྒྲུབ་པས་ནི། །བསོད་ནམས་ཆུང་དཱུང་འགྲུབ་པར་འགྱུར། །ཕྲ་མོས་ལས་ཀྱི་ཆོ་ག་འགའ་། །དེ་ནས་ད་ནི་ཕྱོགས་ཙམ ་སྨོས། །ཏིང་འཛིན་འཁོར་ལོ་བྱ་བ་ནི། །བཾ་ཡིག་ལས་བྱུང་མཆོད་བྱས་ནས། །རིགས་སྔགས་འབུམ་དུ་བཟླས་པ་བྱ། །བརྟན་བྱས་གང་ལ་རྟགས་གྱུར་པ། །འབྱུང་པོ་རོ་ལངས་ཡི་དགS་དང། །ཤ་ཟ་ཡིས་ཀྱང་མཐོང་མི་འགྱུར། །འཁྲུལ་འཁོར་དྲག་པོ་འཇིགས ་དུད?་པ། །ལྷ་རྣམས་སྲེགས་བླུགས་དམ་པ་ནི། །སྟོང་ཕྲག་བརྒྱད་ཀྱིས་དགེས་པར་བྱ། །དེ་ནས་མེ་ཡིས་གྲོང་ཁྱེར་དང། །ཀླུ་ཡི་གནས་སུ་ཕུར་བུ་བཏབ། །རྒྱ་སྐྱེགས་རི་ལུ་བདུན་གྱིས་ནི། །ཟླ་བ་བདུན་གྱིས་གསོད་པར་འགྱུར། །གདོལ་པ་སེངྒེ་ཁྲ་སོགས་ཀྱིས།། ་སངས་རྒྱས་འཛེམས་པ་དེ་བས་དེ། །མགྲིན་པ་མནན་ཅིང་རྡོ་རྗེ་ཡིས། །དྲལ་ཞིང་དྲལ་ནས་འཐུང་བར་བྱ། །རྡོ་རྗེ་འཛིན་པའང་འཇིགས་འགྱུར་ན། །མི་དབང་ལོ་ནི་གདོན་མི་ཟ། །ཕྱིར་ཟློག་སྔགས་དང་ལྷ་ཡི་ཆུ་ལ། །རྩིབས་དྲུག་རྩིབས་བཅུ་དེ་དག་ལ། །དཔལ ་ལྡན་ཕག་མོ་གོ་ཆ་དྲུག་།ཀླག་མ། ?་སྤྱོད་དྷུ?་?། །ཡེ་ཤེས་དང་དབང་བཟླས་པ་བྱ། །སརྦ་དུཥྚཾ་སྟཾ་བྷ་ཡ་པྲ་ཏྱཾ་གཱིར?་ཧྲཱི:རང་སྔགས་སྦྱོར་བ་འདི་ཡིས་ནི། །སྔགས་དང་འཁྲུལ་འཁོར་རྣམ་པར་འཇིག་།རང་སྔགས་རཀྵ་སྤེལ་བ་ཆོ་ག་བཞིན། །རྡུལ་གྱི་རས ་ལ་ཀེ་སར་གུར་གུམ་གྱིས། །དེ་བཞིན་ཙན་དན་དམར་པོས་བྲིས་བྱས་ལ། །མཆོད་པ་སྒྲུབ་བྱ་འདི་ནི་སྲུང་བ་ཆེ། །གཞན་ཡང་མཆོད་པ་རྣམ་པ་མང་པོ་ཡིས། །ལྷ་མོ་དགྱེས་ནས་རྣལ་འབྱོར་རྣལ་འབྱོར་མ། །བཅུ་གཉིས་བླ་མར་བཅས་ལ་མཆོད་པ་བརྩམས། །རང ་སྔགས་རྣལ་འབྱོར་རྣམ་པ་གཉིས་སྒྲུབས་ནས། །ཡོ་བྱད་བསྒྲུབས་ནས་དང་པོར་སློབ་དཔོན་དང། །ལྷ་ལ་མཆོད་ནས་དཔའ་བོ་སོགས་ལ་ཕུལ། །རྣམ་རྟོག་མེད་པས་རྡོ་རྗེ་སེམས་འདྲ་བ། །དེ་དག་རྣམས་ཀྱིས་མ་ཧཱ་བྷཻ་ར་བ། །མཆོད་ནས་ལྷ་དང་ལྷ་མོས་རྣམ་པར ་སྤྱད། །བརྡ་དང་གླུ་གར་ཀུན་དྷུ་ར་མཆོད་པ། །ཏིང་འཛིན་བཅས་པའི་ནང་གི་སྲེགས་བླུགས་བྱ། །དེ་ནས་མ་མོ་དགུ་དང་འབྱུང་པོ་དང། །ཤ་ཟ་མཚན་མོ་རྒྱུ་བའི་སྟོན་མོ་བྱ། །སླེབ་དཔོན་གྱིས་ནི་བྱིན་རླབས་དེ་ལ་སྦྱིན། །སྐྱེ་རེངས་དུས་སུ་འོད་གསལ་ལ་གནས་པས། །མ ་ལུས་རྡོ་རྗེ་འཛིན་པ་རབ་གྲུབ་འགྱུར། །རྡོ་རྗེ་ཕག་མོ་འདིར་མཆོད་པའི། །ཚུལ་འདི་མདོ་ཙམ་བདག་གིས་ནི། །སྦྱར་བ་ཡིས་ཡང་སེམས་ཅན་རྣམས། །སངས་རྒྱས་ཀུན་གྱི་ཡུལ་དུ་གྱུར། །བཱ་རཱ་ཧཱི་མཆོད་པའི་སྒྲུབ་ཐབ་ཞེས་བྱ་བ་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེའི ་ཞལ་སྔས་མཛད་པའོ།། །།འདི་བྲིས་པའི་དགེ་བས་སེམས་ཅན་ཐམས་ཅད་བདེ་བ་ཆེན་པོར་གྱུར་ཅིག། །།རྡོན་པའི་མན་ངག་།*། །རྒྱ་གར་སྐད་དུ། ལུཌདྷ?་ཀོ་པ་དེ་ཤ། བོད་སྐད་དུ། རྔོན་པའི་མན་ངག་།རྡོ་རྗེ་འཆང་ལ་ཕྱག་འཚལ ་