CLOSE WINDOW

N3459: shes rab snang ba'i sgrub pa'i thabs
Wyliee-texts based on the ACIP/ALL Input

ཕག་དཀར་གྱི་མངོན་རྟོགས་རྒྱ་གཞུང་བཞུགས་སོ། །རྒྱ་གར་སྐད་དུ། བྲཛྙ་ཨཱ་ལོ་ཀ་སཱ་དྷ་ནཾ། བོད་སྐད་དུ། ཤེས་རབ་སྣང་བ་སྒྲུབ་པའི་ཐབས། དཔལ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །བློ་གྲོས་ངན་པ་སྲེག་བར་མཁས་མ། །འཆལ་པའི་དག ་གི་ཕྱོགས་བཅོམ་མ། །དུག་གིས་ཟིན་པའི་སྐྱེ་བོའི་ཚོགས་ལ་རྩོན་པས་ཐར་པ་ཉེ་བར་བསྐྱེད་མ། རབ་དུ་ཞི་བའི་བདེ་བ་ཕུན་ཚོགས་ལྷ་མོ་རྡོ་རྗེ་ཕག་མོ་ལ། བཏུང་ནས་འདིའི་རྣམ་པར་འཕེལ་བ་ཀོ་ཀས་སྦྱིན་གྱིས་དྲ་བར་བྱ། །དེ་ལ་མཚན ་མོག་ཐུན་ཕྱེད་ཀྱི་རྗེས་ལ་ཆོ་ག་བཞིན་དུ་ལངས་ཏེ། དུར་ཁྲོད་ལ་སོགས་པ་ཡིད་དང་རྗེས་སུ་མཐུན་པའི་གནས་ཙན་དན་མཆོག་ལ་སོགས་པས་བྱུགS་པ། མེ་ཏོག་སྣ་ཚོགས་པས་ཉེ་བར་མཛེས་པར་བྱས་པ། མངོན་དུ་གྱུར་བའི་རོ་ལའང་རུང་ཏེ་ཇི ་ལྟར་བདེ་བར་འདུག་ནས། བྱམས་པ་ལ་སོགས་པ་སྒྲོམ་པ་སྔོན་དུ་འགྲོ་བས། རང་གི་སྙིང་ཁར་ཨའི་རྣམ་པ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧྲི་དཀར་པོའི་འོད་ཟེར་གྱི་དྲ་བས་རབ་ཏུ་གསལ་བར་བྱས་པའི་རྡོ་རྗེ་ཕག་མོས ་གཙོ་བྱས་པའི་བླ་མ་དང། རྣལ་འབྱོར་མ་དང། དེ་བཞིན་གཤེགས་པ་དང། བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་གནས་ཇི་ལྟ་བར་ཡང་དག་པར་ལྟས་ནས། སྙིང་ཀའི་ས་བོན་ལས་མཐོན་པའི་ལྷ་མོ་རབ་ཏུ་གཏུམ་མོ་དང། གཏུམ་པའི ་མིག་ཅན་མ་དང། འོད་ལྡན་མ་དང། སྣ་ཆེན་མ་དང། དཔའ་བའ་ཨི་བློ་གྲོས་མ་དང། མེའུ་ཐུང་མ་དང། ལང་ཀའི་དབང་ཕྱུག་མ་དང། ཤིང་གྲིབ་མ་སྟེ་ཐུགས་ཀྱི་འཁོར་ལོའི་བརྒྱད་དང། ས་སྲུངས་མ་དང། འཇིགས་བྱེད་ཆེན་མོ་དང། རླུང ་གི་ཤུགས་ཅན་མ་དང། ཆང་འཐུང་མ་དང། ལྷ་མོ་ལྗང་ཁུ་མ་དང། ཤིན་ཏུ་བཟང་མོ་དང། རྟ་རྣམ་དང། བྱ་གདོད་མ་སྟེ་གསུང་གི་འཁོར་ལོའི་བརྒྱད་དང། འཁོར་ལོའི་ཤུགས་ཅན་མ་དང། དུམ་སྐྱེས་མ་དང། ཆང ་འཚོང་མ་དང། འཁོར་ལོའི་གོ་ཆ་མ་དང། ཤིན་ཏུ་དཔའ་མོ་དང། སྟོབས་ཆེན་མ་དང། འཁོར་ལོས་སྒྱུར་མ་དང། བརྩོན་འགྲུས་ཆེན་མོ་སྟེ་སྐུའི་འཁོར་ལོའི་བརྒྱད་པོ། སྐུ་མདོག་སྔོན་པོ་དང། དམར་པོ་དང། ཁཎྜ་ར་ཏོ་དཀར་པོ་།སྤྱི ་བོར་མི་སྐྱོད་པ་དང། འོད་དཔག་མེད་དང། རྣམ་པར་སྣང་མཛད་འཛིན་པ། ཉི་མའི་གདན་ཅན། སྤྱན་གསུམ་པ། ཕྱག་རྒྱ་ལྔ་འཛིན་པ། རྡོ་རྗེ་དང་པདྨ་དང། འཁོར་ལོ་དང་ཐོད་པའི་ཕྲེང་བས་བསྟམས་པའི་ཟུར་ཕུད་གསུམ་གྱིས ་དབུལ་བརྒྱན་པ། ཕྱག་ན་གྲི་ཁུག་དང་ཐོད་པ་དང་ཁ་ཊཝཾ་ཀ་དང་ལྡན་པའི་མཆོད་པས་བྲེལ་བ་རྣམས་ཀྱིས་མཆོད་ཡོན་ལ་སོགས་པ་སྔོན་དུ་འགྲོ་བས་མཆོད་ནས། ཕྱག་འཚལ་བ་དང། སྡིག་པ་བཤགས་པ་དང། སླན་ཆད ་མི་བྱེད་པའི་སྡོམ་པ་དང། བསོད་ནམས་ལ་རྗེས་སུ་ཡིད་རང་བ་དང། གསུམ་ལ་སྐྱབས་སུ་འགྲོ་བ་དང། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། ལམ་ལ་བསྟན་པ་དང། བདག་ཉིད་ཀྱི་དངོས་པོ་དབུལ་བ་དང། བསྐུལ་བ་དང། གསོལ་བ་གདབ་པ ་རྣམས་ཚིག་བཞིན་དུ་བྱས་ལ། བསོད་ནམས་ཡོངས་སུ་བསྔོས་ནས།། སྟོང་པ་ཉིད་ཀྱི་ཡེ་ཤེས་རབ་ཏུ་རྟོག་པར་བྱ་བའི་ཕྱིར་སྤྱི་བོར་ཐལ་མོ་སྦྱར་ལ། ཚིགས་བཅད་བརྗོད་པ་སྔོན་དུ་འགྲོ་བས་དེ་བཞིན་གཤེགས་པ་རྣམས་ལ ་གསོལ་བ་གདབ་པར་བྱའོ། །དེ་ལ་འདི་ནི་ཚིགས་སུ་བཅད་པ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱིས་མངོན་པར་འདོད་པའི་དངོས་གྲུབ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་རྒྱས་པར་མཛད་དུ་གསོལ། །དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་བྱིན་གྱིས་བརླབ་པར་ཡང་མཛད་དུ་གསོལ། ཨོཾ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང། །སེམས་ཅན་ཀུན་གྱི་དོན་བསྒྲུབ་པ། །དེ་བཞིན་གཤེགས་རྣམས་བཞུགས་སུ་གསོལ། །ཅེས་པས་སོ། །ོཾ ་སྭ་བྷ་ཝ་ཤུད་དྷ་སརྦ་དྷརྨ་སྭ་བྷ་ཝ་ཤུད་དྷོ་ཧཾ། དེའི་འཇུག་ཐོགས་སུ་མཆོད་བྱ་དང། མཆོད་པ་དང། མཆོད་བྱེད་རྣམས་དང། ཆོས་ཐམས་ཅད་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་རྣམ་པ་རྨི་ལམ་གྱི་རྟོག་པ་བཞིན་དུས་སོ ་སོ་རང་གི་རིག་པར་བྱ་བར་མོས་པར་བྱ་ཞིང། སྙིང་ཁའི་སྔགས་ཀྱི་འོད་ཟེར་གྱི་དྲ་བས་སྣང་བ་མེད་པར་བྱས་ནས། ཨོཾ་ཤཱུ་ནྱ་ཏ་ཛྙན་བཛྲ་སྭབྷ་ཝ་ཨ་ད་མ་ཀོ?ཧཾ་ཞེས་པས་ང་རྒྱལ་བྱའོ། །དེ་ནས་རང་གི་སེམས་པཾ་དམར་པོའི་རྣམ་པར་བསྐྱེད་ལ། དེ ་ཡོངས་སུ་གྱུད་པ་ལས་པདྨའི་སྟེང་དུ་ཨ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་དཀར་པོ་ལས་རྡོ་རྗེ་དམར་པོ་རྩེ་ལྔ་པ་ཉི་མ་ལ་གནས་པའི་ཡི་གེ་ཧྲི་དཀར་པོས་མཚན་པ་བསྒོམས་ནས་སྤྲོ་བ་དང་བསྡུ་བ་སྔོན་དུ་འགྲོ་བས། དེ ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྡོ་རྗེ་ཕག་མོ་སྟོན་ཀའི་ཟླ་བ་ལྟར་དཀར་བ་ལོ་བཅུ་དྲུག་ལོན་པའི་རྣམ་པ་ཅན། འདི་རཏན་ཤི་ལའི་འགྱུར་ལའང་དམར་པོར་འདུག་སྤྱན་གསུམ་དམར་ལ་ཟླུམ་པ། ཞལ་མཆེ་བ་ཅུང་ཟད་གཙིགས་པ། མེ་ཏོག ་སྣ་ཚོགས་པས་མཛེས་པའི་སྒྲ་ཕྱེད་གྲོལ་ཞིང་ཕྱེད་བཅིངས་པས་མཛེས་པ། རྡོ་རྗེ་ནག་པོའི་ཕྲེང་བ་གཉིས་ཀྱི་དབུས་ན་ཐོད་པའི་ཕྲེང་བ་ཡོད་པ། བཅིངས་པའི་ཟུར་ཕུད་གསུམ་པ་ཅན། འཁོར་ལོ་དང། རྣ་རྒྱན་དང། མགུལ་རྒྱན་དང། ་རིང་བུ་དང། སྐ་རགས་འོད་དཔག་གིས་བརྒྱན་པ། བ་དན་རྣམ་པར་བསྐྱོད་པས་མཛེས་པའི་ཕྱག་གཡས་པ་ན་གནས་པའི་གོང་དུ་བཤད་བའི་རྡོ་རྗེ་མི་ཤེས་པའི་སྐྱེས་བུ་འཇིགས་པར་བྱེད་པ་མོ། གཡས་མིན་ན་ཁ་ཊཝཾ་ཀའི་ཡུ་བ ་དཀར་པོ་བཤམས་རྩེ་གཅིག་པ་སྟེར་ནག་པོ་རྩེ་ལྔ་པ་དང་རྗེས་སུ་འབྲལ་བའི་མགོ་བོ་སྐམ་པོ་དང་།རྙིང་བ་དང། བློན་པ་དང། སྣ་ཚོགས་རྡོ་རྗེ་དང། གསེར་གྱི་བུམ་པའི་རྩ་བ་ལ་བཏགས་པའི་དྲིལ་བུ་ཕྲ་མོ་སྒྲ ་སྒྲོགས་པ་དང་ལྡན་པ་སྣ་ཚོགས་བ་རྡོ་རྗེ་བྱེད་བ་ཟེར། ངན་གྱིས་མཛེས་པའི་ཡུ་བ་དཔུང་པ་ལ་རྟེན་པ་དང། བདུད་བཞིའི་ཁྲག་གིས་གང་བའི་པདྨའི་སྣོད་བསྣམས་པའོ། །ཁྲག་འཛག་ཅིང་རླན་དང་བཅས་པའི་རྒྱུ་མ་ལ་རྒྱུས་པའི་མགོ ་བའི་ཕྲེང་བ་འཕྱང་བ། པདྨ་དམར་པོའི་སྟེང་དུ་ཉི་མ་ལ་གནས་པའི་ཤེས་པ་མེད་པའི་སྐྱེས་བུ་ལ་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ། ན་བཟའ་དང་བྲལ་པ་རབ་ཏུ་གཏུམ་པ། ཉི་མའི་འོད་ཅན་ལ། བ་སྤུའི་ཕྲེང་བ་རབ་ཏུ་འཕྲོ ་བ་ཅན། ལྔ་བཅུ་གཟུགས་བརྙན་དང་མཚུངས་པ། སྒེག་པ་ལ་སོགས་པའི་ཉམས་དགུ་དང་ལྡན་པ། སྤྲུལ་པ་སྣ་ཚོགས་ཀྱི་ཕྱོགས་བཅུའི་འགྲོ་བའི་དོན་ལ་བརྩོན་པ། ཐུགས་ཁར་ཉི་མ་གནས་པའི་རྡོ་རྗེ་ཉི་མ་ལ་གནས་པའི ་ལ་ངེས་པ་ཟེར་ཧྲི(རྒྱུད་འགྲེལ་མ་རྡོ་རྗེ་ཕག་མོའི་ང་རྒྱལ་དུ་བྱའོ། །དེའི་རྗེས་སུ་རང་གི་ལྟེ་བར་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་དམར་ཞིང་དཀར་བ་ལ་ཡི་གེ་ཧྲི(རྒྱུད་འགྲེལ་བའི་སྦྱོར་བས་ཞལ་གྱི་ནང་ནས་འཐོན་ནས་སངས་རྒྱས་ཀྱི་ཡོན་ཏན་གྱི་ཚོགས་དང། ནོར་བུ་དང། སྔགས་དང། སྨན་དང། ཟླ་བ་དང། རྒྱུ་སྐར་དང། བསྟན་བཅོས་དང། སྒྱུ་རྩལ་ལ་སོགས་པའི་ནུས་མཐུ་རྣམས་དྲངས་ནས་ལྟེ་བའི་ནང ་ནས་འཇུག་ཅིང་རང་བཞིན་གྱི་མི་ཤེས་པ་ཐམས་ཅད་སྲེག་པའི་བདག་ཉིད་ཅན་དུ་སྒོམ་པར་བྱའོ། །དེ་ནས་ཐུགས་ཁའི་ས་བོན་གྱིས་ཡང་དག་པར་བསྐུལ་བའི་ཡེ་ཤེས་ཀྱི་ལྷ་མོ་ནམ་མཁའ་ལ་གནས་པ་མདུན་དུ་བལྟས་ནས་སྔར་བཤད? ་བའི་ལྷ་མོའི་ཚོགས་ཀྱི་མཆོད་ཡོན་ལ་སོགས་པ་སྟོན་དུ་འགྲོ་བས་མཆོད་ནས་ཕ?་གི་རྣམ་པའི་སྔགས་བརྗོད་པ་སྔོན་དུ་འགྲོ་བས་ཕྱག་རྒྱ་བཅིངས་ཏེ་དཔྲལ་བའི་ཐད་ཀར་གཡོན་སྐོར་དུ་བསྐོར་ཞིང་དེས་སྤྱན་དྲངས་བར་བྱའོ། །དེ་ནས ་གཅིག་དུ་འདྲེས་པར་གྱུར་པ་ལས། སྔགས་ཀྱི་ང་རྒྱལ་བྱའོ། །དེ་ལ་སྔགས་ནི་འདིའོ། །ོཾ་ཡོ་ག་ཤུདྡྷ(རྒྱུད་འགྲེལ་མཁར་བཞུགས་པ་རྣམས་སྤྱན་དྲངས་ལ། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་བུམ་པ་བདུད་རྩི་ལྔས་བཀང་བ་དང། དེ་ལ་སྤྲུལ་པའི་སིལ་སྙན་སྣ་ཚོགས་པ་དང། དུང་དང། རྫ་རྔ་དང། འཁར་རྔ་དང། པི་ཝང་དང། གླིང ་བུ་དང། གླུའི་སྒྲ་དང། ལྷ་དང་ལྷ་མོ་རྣམས་ཀྱིས་རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག་།ཅེས་མཆོག་དུ་གཞོལ་བ་དང། གུར་གུམ་དང། ག་པུར་དང།། གླ་རྩི་དང། དྲི་ཞིམ་པོའི་མེ་ཏོག་གི་ཆར་འབེབས་པ་རྣམས་ཀྱིས། ཇི ་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་འཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་བགྱི། །ཞེས་པའི་ཚིགས་སུ་བཅད་པ་བརྗོད་ཅིང་བདག་ཉིད་ལ་དབང ་བསྐུར་ནས་།ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷེ་ཤེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཞེས་པ་འདིས་བྱིན་གྱིས་བརླབས་ལ། དེ་ལས་སྤྱོ?་བོར་སྣ་ཚོགས་པར་མ་ཕྱོགས་བཞི་ཀར་མེ་རླུང་སེར་བགེགས་ནག་སྲིན་པོ་སེར་སྣ་སོགས་?། དང་ཉི་མ་ལ་གནས་པའི་མི་བསྐྱོད་པས་བརྒྱན ་པར་བསམ་མོ། །དེ་ནས་དེ་ལས་རྣམ་པར་སྤྲུལ་པའི་རབ་ཏུ་གཏུམ་མོ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་སྤྲུལ་པའི་མཆོད་པ་རྣམ་པ་སྣ་ཚོགས་པས་བདག་ཉིད་ལ་མངོན་པར་མཆོད་ནས། འཆད་པར་འགྱུར ་བའི་རིམ་པས་བདུད་རྩི་མྱང་བ་བྱས་ནས། ཇི་སྲིད་འདོད་པར་བསྒོམས་ཏེ། སྤྲོ་བ་དང་བསྡུ་བ་སྔོན་དུ་འགྲོ་བས། མྱུར་བ་ལ་སོགས་པའི་སྐྱོན་དང་བྲལ་བས་སྔགས་བཟླས་པར་བྱའོ། །དེ་ལ་སྔགས་ནི་འདིའོ། །ཧྲཱི(རྒྱུད་འགྲེལ་ཚེ་ལྡང་བར་འདོད་པ་དེའི་ཚེ་སྔགས་ཀྱི་ཕྲེང་བ་ལྟེ་བར་གནས་པའི་ཡི་གེ་ཧྲཱི(རྒྱུད་འགྲེལ་མོའི་ང་རྒྱལ་དང་ལྡན་པས་ཆོས་ཐམས་ཅད་ཀྱང་དེའི་ཚུལ་དུ་རྫོགས་པར་བལྟ་ཞིང་ཇི་ལྟར་བདེ་བར་གནས་པར་བྱའོ། །དེ་ལ་ཡི་གེ་བརྒྱ་པ་ནི་འདིའོ། །ོཾ་ཨ(རྒྱུད་འགྲེལ་ཌོ་མེ་བྷ་ཝ་། ནུ་རཀྟོ་མེ་གྷ་ཝ། སུ་ཏོ་ཤྱོ་མེ་བྷ་ཝ་། སརྦ་སིདྷི་མེ་པྲ་ཡ་ཚ། སརྦ་ཀརྨ་སུ་ཙ་མེ་ཙི་ཏ་ཤྲི་ཡང་ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོ(རྒྱུད་འགྲེལ་གཞན་ལའང་སྐད་ཅིག་གིས་ལྷ་མོའི་ང་རྒྱལ་སྔོན་དུ་བྱས་ལ། མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས། ཇི་སྲིད་འདོད་པར་རྣམ་པར་བསྒོམས་ཏེ། སྔར་བཞིན་སྔགས་བཟླས་ནས་སྔར་བཞིན་ཐམས་ཅད་བྱའོ། །ནམ་ཕྱེད་ཀྱི་ཐ་མལ་ནི་སྔར་བཞིན ་དུ་ཐམས་ཅད་བྱས་ནས་དུས་སུ་སྔས་སུ་བླ་མ་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བལྟས་ནས་ཡང་དག་པར་མཆོད་ལ། ཡན་ལག་བརྒྱད་པའི་ཕྱག་གི་བསམ་པས་བརྒྱད་ཕྱག་དུ་བསྒོམས་ལ་ཟེར་སེངྒེའི་ཉལ་ཐབས་སུ ་ཉལ་བར་བྱའོ། །དེ་ནས་སྔ་དྲོའི་ཐུན་ལ་ལྷ་རྣམས་ཀྱིས་བསླང་བ་ལས་ལངས་ཏེ་ཐམས་ཅད་སྔར་བཞིན་དུ་བྱའོ། །ཡང་ན་རིམ་པ་འདིས་པའི་ཕྱོགས་འགའ་ཞིག་དུ་སྟན་བདེ་བ་ལ་སེམས་དཔའ་ཨི་དཀྱིལ་ཀྲུང་གིས་འདུག་ཏེ། སེམས་ཅན ་རྣམས་བརྩེ་བས་དམིགས་པར་བྱས་ལ། སྡིག་པ་བཤཌ་པ་ནS་བརྩམ་ནS་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བར་སྔོན་དུ་འགྲོ་བས། རང་གི་ལྟེའི་ཡི་གེ་ཨ(རྒྱུད་འགྲེལ་བསྒོམས་ཏེ་བརྟན་པར་བྱས་ནས། རིལ་བུ་བརྒྱ་ཕྱེད་དུ་བགྲང་བའི་བགྲང་ཕྲེང་གི་ཐུན་གསུམ་མམ། ཐུན་བཞིར་རྣལ་འབྱོར་པས་སྔགས་བཟླས་པར་བྱའོ། །དེ་ལྟར་བཟླས་པ་དང་བསྒོམ་པའི་བདག་ཉིད་ཅན་གྱི་རྣལ་འབྱོར་པ་ཆོ་ག་བཞིན ་དུ་སྣང་བ་ཐོབ་པ། འཇིག་རྟེན་གྱི་ཆོས་བརྒྱད་ལས་རྣམ་པར་གྲོལ་བ། དད་པ་ཅན། དམ་ཚིག་དང་སྡོམ་པ་ལ་གནས་པ། བརྩེ་བ་དང་ལྡན་པ། དགེ་བའི་བཤེས་གཉེན་མཉེས་པ་ལ་བརྩོན་པའི་རྣལ་འབྱོར་པས། འབུམ་ཕྲག་བདུན ་བཟླས་ན་བསྟན་བཅོས་ཐམས་ཅད་དང། སྒྱུ་རྩལ་གྱི་ཚོགས་རྣམས་མངོན་པར་ཤེས་པར་འགྱུར་རོ། །ཡིད་གཞུང་པ་དང། རྟུལ་ཕོད་པ་དང། འཇིགས་པ་མེད་པ་དང། འཁོར་གྱི་ཟིལ་གྱིས་མི་ནོན་པ་དང། སྨྲ་མཁས་པར་འགྱུར་རོ། །འདིར་སྔཌ ་བཟླས་པར་གྱུར་བ་དེས་སྔཌ་མངོན་པར་སྔཌ་པཱི་ས་དཀར་གང་གི་ལག་དུ་ཕྱིན་པ་རྨོངས་པ་ཡིན་ཡང་སྙན་ངག་མཁན་དུ་འགྱུར་རོ། །འདིའི་དྲི་ཙམ་གྱིས་དུག་སྤྲུལ་ལ་སོགས་ཁྲོམ་ཟིལ་གྱིས་གནོན་ཟེར་པ་ཉེ་བར་མི་འགྱུར་རོ། །འདི་རྣམས་ཀྱི་ཉེ་བར ་འཚེ་བས་གཙེས་པ་དང་གཞན་རྣམས་ལ་ཡང་ཕན་པར་ནུས་པར་འགྱུར་རོ། མང་དུ་བརྗོད་པས་ཅི་ཞིག་བྱ་སྟེ། རྨོངས་པའི་བློ་ཅན་བསྟན་བཅོས་ལ་མ་སྤངས་པ། སེམས་ཉིད་ཉོན་མོངས་པས་ཀུན་ནས་དཀྲིས་པ་བདག་གིས་ཀྱང་འདིའི ་བསྔགས་འབུམ་ཕྲག་གཉིས་བཟླས་པས། ཤེS་རབ་སྣང་བའི་སྒྲུབ་ཐབས་འདི་བྱས་སོ། །ཡང་གང་ཞིག་སེམས་བརྟན་པ། བཤད་མ་ཐག་བའི་ཡོན་ཏན་དང་ལྡན་པར་གྱུར་པ་དེ་རྣམས་ཀྱིས་བདེ་བླག་དུ་འགྱུར་རོ། །ཤེས ་རབ་སྣང་བ་ཞེས་བྱ་བའི་སྒྲུབ་ཐབས། བཅོམ་ལྡན་འདས་རྡོ་རྗེ་ཕག་མོས་རྗེས་སུ་བཟུང་བའི་སློབ་དཔོན་ཆེན་པོ་ཀོ་ཀས་སྦྱིན་གྱིས་མཛད་པ། པཎྚི་ཏ་ཆེན་པོ་ནོར་བུ་དཔལ་ཡེ་ཤེས་དང། ལོཙྪ་བ་ཆག་དགེ་སློང་ཆོས་རྗེ་དཔལ་གྱིས་སྒྱུར་ཅིང་ཞུས་ཏེ ་གཏན་ལ་བབ་པ་རྫོགས་ཤོ།། །།*། །མཁའ་སྤྱོད་མ་དཀར་མོ་བཞུགས་ཤོ།། །།*། །རྒྱ་གར་སྐད་དུ་།བཛྲ་ཡོ་གི་ནིས་དན་མ། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས། རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །དོན་མེད་བདག་ལ་བྱ་བཱི ་