| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། ཚིནདྷ་མ་དྷཡ་བཛྲ་ཡོ་གི་ནི་སཱ་དྷན་ནཱ་མ། བོད་སྐད་དུ། རྡོ་རྗེ་རྣལ་འབྱོར་མ་དབུ་བཅད་མའི་སྒྲུབ་ཐབས་ཞེས་བྱ་བ། བླ་མ་དང་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་མ་དབུ་བཅད་མ་སྒྲུབ་པར ་འདོད་པས་ཐོག་མར་།སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྔོན་དུ་སོང་བས། ཨོཾ་ཨཱ(རྒྱུད་འགྲེལ་དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཆོས་འབྱུང་གྲུ་གསུམ་སིན་དྷུ་རའི་མདོག་ཅན། དེའི་སྟེང་དུ་ཧྲི་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་སིནྟུ་རིའི་མདོག་ལྟ་བུ་ཞལ་ཅིག་ཕྱ་གཉིས་མ་སྤྱན་གསུམ་མ་སྐྲ་གྲོལ་བ། ་མི་མགོ་ལྔ་བཅུའི་ཕྲེང་བ། རུས་པའི་རྒྱན་ཅན། ཕྱག་གཡོན་པས་ཀ་པ་ལའི་ནང་དུ་རང་གི་དབུ་བཅད་ནས་ཞལ་རང་ཉིད་ལ་།ཕྱོགས་པས་རྣམས་པའི་ཕྲག་པར་ཁ་ཊཝཾ་ཁ་འཛིན་པ། དཔུང་པའི་མཐར་དབུ་དང་འབྲེལ་པའི་མཚམས་སུ ་རྩ་གསུམ་འབྲེལ་བའི་གཡས་སྔོ་བ། གཡོན་སེར་བ། དབུས་མ་ནི་སྐུ་མདོག་ལྟ་བུ་དམར་བ། རྩ་གསུམ་ནི་སྐུ་གསུམ་སྟེ་བདེ་བ་ཆེན་པོའི་བདག་ཉིད་དོ། །དེས་གཡས་སུ་རྡོ་རྗེ་རྣམ་སྣང་མ་སེར་མོ། །གཡོན་ཏུ་རྡོ་རྗེ་རབ་སྔགས་མ་ལྗང་ཁུ། གཉིས ་ཀ་ཕྱག་མཚན་གཙོ་མོ་དང་འདྲ་ཞིང་གཙོ་བོ་ལ་ལྟབ། སྐྲ་སིལ་བུ་གྲོལ་བ། ཞབས་རྣམས་གཡས་བརྐྱང་བའོ། །བཅོམ་ལྡན་འདས་མ་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྙིང་པོ། །འཇིག་རྟེན་ཐམས་ཅད་ཀྱི་མ་འདྲེན་པ། བླ་མ་མགོན ་སྐྱབས་སུ་གྱུར་པ། ཆོས་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་རེ་བ་སྐོང་བའོ། །དེ་ལྟར་སྐྱེད་ནས་མཆོད་པ་རྒྱས་བསྡུས་གང་རུང་བྱ། མདུན་སྐྱེད་ཀྱི་དཀྱིལ་འཁོར་བྱ་བ་ནི། ཟུར་གསུམ་པའི་དབུས་སུ། ས་བོན་ལས་སྔར་བསྟན་པ ་བཞིན། ལྷ་རྫོགས་པར་སྐྱེད། སྙིང་པོའི་གཤམ་དུ། ཨརྒཾ་སོགས་བཏགས་ཏེ། མཆོད་པ་བྱས་ན། །ཡང་འདི་ལྟར་སྔགས་ནས། ཨོཾ་སརྦ་བུད་དྷ་ཌ་ཌཱ་ཀ་ནི་ཡ་ཧཱུཾ་ཕཊ་སྭཱཧཱ། །གཡས་སུ་ཨོཾ་བཛྲ་བཻ་རོ་ཙ་ན་ཡེ་ཧཱུཾ་ཕཊ། གཡོན་དུ་ཨོཾ་བཛྲ ་?རྞ་ནི་ཡེ་ཧཱུཾ་ཕཊ་སྭཱཧཱ། །ུདཎི་ཡཱ་ན་པུརྟ་གི་རི། ཀཱ་མ་ཀཱ་ཤ་རི་སྭཱཧཱ། ཅེས་པས་ཀྱང་བརྗོད་པས་མཆོད་ལ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནི་ཡེ་བཛེ་ཝརྞ་ནི་ཡེ། བཛྲ་བཻ་རོ་ཙ་ནི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། །སྙིང་པོའོ། །ོཾ་བཛྲ་ཌཱ་ཀི་ནི་བཛྲ་ཝརྞ་ནི་ཡེ་ཧཱུཾ་ཕཊ། ་ཅེས་བཟླས་སོ། །སློབ་མ་ཁྲུས་བྱས་གྲལ་ལ་འཁོང། སློབ་དཔོན་ཁྲོ་བོའི་ང་རྒྱལ་གྱིས་བགེགས་བསྐྲད་དེ?། །བསྲུང་འཁོར་ལོ?་ནས། མཎྜལ་འབུལ་དུ་གཞུག་།བོ་དྷི་བཛྲ་ན། བུད་དྷ་ནཾ། ཡ་ཐཱ་དད་ཏོ། མ་ཧ་མ་ཧ་མ་ཡཱ། པི་ཏྲ་ནཱ་ཐཱ་ཡ ་ཁ་བཛྲ། ཨརྱད་དེ་ཧི་མེ། ཅེས་ལན་གསུམ་བརྗོད་པས་གསོལ་བ་གདབ། དེ་ནས་གཏོར་མ་ཤ་ཆང་དང་བཅས་པ་ལྷར་བསྐྱེད་པ་ཞུ་བ་ལས་ཡེ་ཤེས་ཀྱིས་མཆོད་ནས། སླར་དཔོན་སློབ་གཉིས་ཀས་གཏོར་མ་དང་སློབ་དཔོན་ལྷར ་བསམས་ལ། སློབ་དཔོན་གྱི་ཐུགས་ཁའི་ས་བོན་ལས་འོང་བྱུང་གཏོར་མ་ལ་ཕོག་།ཐུགས་ཁའི་གནས་ནས་བདུད་རྩི་སློབ་མའི་སྤྱི་བོ་ནས་ཞུགས་པས། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས། བདུད ་རྩིས་གང་བར་དཔོན་སློབ་གཉིས་ཀས་བསམས་ནས། ཨ་བྷི་ཥེ་ཀཾ་མཧཱ་བཛྲ་ཏྲི་རྱཱ་ཏུ་ཀཾ་།ནམ(རྒྱུད་འགྲེལ་ཧཱུཾ་ཨཱ(རྒྱུད་འགྲེལ་བྱུང། སློབ་མའི་ཞལ་དང་སྙིང་ཁར། དེ་ནས་བླ་མའི་ཐུགས་ཀར་འཁོར་བར་བསམས་པས། སྔགས་བཟླས་ནས་རྗེས་སུ་བཟླས་པ་སྦྱིན་པ་གསུང་གིའོ། དེ་ནས་ཁྲིད་དུ་གསལ་པའི་རྫོགས་རིམ་གྱི་ཐུགས་ཀྱི་སྣང་བ་སྦྱིན་པ་ནི། བཅོམ ་ལྡན་འདས་མ་ནི་མེ་ལོང་གི་གཟུགས་བརྙན། ཆུ་དང་གི་ཟླ་བ་ལྟ་བུ། སྣང་ལ་རང་བཞིན་མེད་པ། འཇའ་ཚོན་ལྟ་བུ། ཁ་དོག་དབྱིབས?་སོགས་དང་བྲལ་བ་འགྲོ་འོང་གནས་པ་མེད་པ། ཡེ་ཤེས་ཀྱི་གཟུགས་ཅན། །ནམ་མཁའ་ལྟ་བུར ་སྒོམ་པར་བྱའོ། །ཞེས་བརྗོད་པས་དབང་སྦྱིན་ནས་མཎྜལ་མཆོད་བསྟོད། བསྔོ་བ་བཀྲ་ཤིས་བརྗོད། གཏོར་མ་ལས་དངོས་གྲུབ་བླང་ངོ། །རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་རྫོགས་ཤོ།། །།རྡོ་རྗེ་རྣལ་འབྱོར་མའི་སྐྱེད ་རྫོགས། མཆི་མེད་ཀྱི་མན་དག་དང་བཅས་པ། རྒྱ་གར་ཀྱི་པཎྜི་ཏ་ཤ་རི་པུ་ཏྲས་ཞལ་ནས་གསུངས་པ་བཞིན་།བློ་གྲོས་བསྟན་པ་བཞི་པས་བསྒྱུར་ནས་བྲིས་པའོ། །བླ་མའི་ཞལ་གྱི་བདུད་རྩི་ནི། །ཚིམ་པར་འཐུངས་པས་རྣམ་འགྱུར ་ལས། །རང་སེམས་སྐྱེ་བ་མེད་པ་ཡི། །ཟབ་མོའི་གླུ་དབྱངས་ཅི་ཡང་སྒྲོག་།འདིའི་རྒྱུད་པ་ནི། རྣལ་འབྱོར་དབང་ཕྱུག་བྷྲི་ཝ་བ། པཎྜི་ཏ་ཤ་རི་པུ་ཏྲ། ལོ་ཚ་བ་བློ་གྲོས་བརྟན་པ་བཞི་པ། དེས་ཡར་ལུངས་པ་ཚེས་དཔལ་བསམ་གྲུབ་ལ།། ། ་ཕག་དཀར་གྱི་མངོན་རྟོགས་རྒྱ་གཞུང་བཞུགས་སོ། །རྒྱ་གར་སྐད་དུ། བྲཛྙ་ཨཱ་ལོ་ཀ་སཱ་དྷ་ནཾ། བོད་སྐད་དུ། ཤེས་རབ་སྣང་བ་སྒྲུབ་པའི་ཐབས། དཔལ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །བློ་གྲོས་ངན་པ་སྲེག་བར་མཁས་མ། །འཆལ་པའི་དག ་