| Wylie | e-texts based on the ACIP/ALL Input |
རྒྱ་གར་ཤར་ཕྱོགས་གྲོང་ཁྱེར་དམ་པའི་པཎྟི?་ཆེན་པོ་ཤྲཱི་བ་ན་རང་ནའི་ཞལ་མངའ་ནས་དང། ལོཙྪ་བ་འཇམ་དཔལ་ཡེ་ཤེས་ཞེས་བྱ་བས་སྒྱུར་པའོ།། །།*། །དབང་བཞི་པའི་རྣམ་པར་བཞག་པའོ། `་བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ ་ལ་ཕྱག་འཚལ་ལོ། །བླ་མའི་ཞལ་ནས་བྱུང་བའི་དབང་བཞི་པའི་རིམ་པ་བརྗོད་པར་བྱ་བ་འདི་ལྟ་སྟེ། དེའི་རྗེས་སུ་ཇི་སྐད་གསུངས་པའི་ཆོ་གས། མངོན་སུམ་དུ་བྱས་པའི་ཤེས་རབ་ཡེ་ཤེས་ཀྱིས་དབང་ཉིད་ཀྱིས་འབྲས་བུར་གྱུར་པའི་དབང་བསྐུར་བ ་རིན་པོ་ཆེ་བཞི་པ་སྦྱིན་པར་བྱའོ། །དེ་ལྟར་ཡང་གསུངས་པ། ཇི་སྐད་གསུངས་པའི་ཆོ་གས་དབང་བསྐུར་ཞིང། །ཡིད་ཀྱིས་སློབ་མའི་མོས་པ་བརྟགས་ནས་ནི། །ཟབ་ཅིང་རྒྱ་ཆེའི་ཚུལ་ལ་མོས་པ་ན། །དབང་བསྐུར་རིན་ཆེན་ཚིག་གིས་སྦྱིན ་པར་བྱ། །འོ་ན་འདི་རྒྱ་ཆེ་བ་ལ་མོས་པའམ། །ཡང་ན་མ་ཡིན་ཞེས་ཇི་ལྟར་བརྟོགས་པར་བྱ་ཞེ་ན། དུ་བ་ལས་ནི་མེར་ཤེས་དང། །ཆུ་སྦྱར་ལས་ནི་ཆུ་ཤེས་ལྟར། །བྱང་ཆུབ་སེམས་དཔའ་ཨི་རིགས་དག་ནི། །བློ་ལྡན་གྱིས་ནི་མཚན ་མས་ཤེས། །གཞིན་གྱིས་པདྨར་བ་དངས་ཤིང། །དགའ་བ་རྒྱས་པའི་སྦུ་ལོང་ཅན། །མཐོང་ནས་མཁས་པས་དེ་ཉིད་ཀྱིས། །སློབ་མ་དམ་པ་རྗེས་བཟུང་བྱ། །ཅེས་སོ། །བྱང་ཆུབ་ཀི་སེམས་མྱུ་གུར་གྱུར་པ་དེ་ཉིད་ཤེས་རབ་ཡེ ་ཤེས་ཏེ། བསྒོམ་པས་རབ་ཏུ་འཕེལ་བཞིན་པ། །སྒྲིབ་པ་མེད་པ་ཉིད་ཐོབ་པ་ནི། །དེ་ཁོ་ན་ཉིད་དང། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་རང་བཞིན་དང། ཡང་དག་བདུན་དང་ལྡན་པ ་དང། ཕྱག་རྒྱ་ཆེན་པོའི་བདག་ཉིད་དང། །བཞི་པ་ཞེས་བྱའོ། །ཞེས་སོ། ཡང་གསུངས་པ། དེར་ནི་ཐོག་མ་དབུས་མཛའ་མིན། །སྲིང་མིན་མྱ་ངན་འདས་པ་ལོངས་སྤྱོད་རྫོགས་དང་ཁ་སྦྱོར་དང། བདེ་བ་ཆེན་པོ་རང་བཞིན ་མེད། སྙིང་རྗེ་རྒྱུན་ཆད་མད་པ་དང། འགོག་པ་མེད་དང་ཡང་དག་བདུན་ཞེས་པས་སོ་མིན། །འདི་ནི་བདག་རྟགས་གཉིས་ལས་མིན་གཞན་མ་ཡིན། །འོད་དེ་མཆོག་ཏུ་བདེ་ཆེན་པོ། །ཡང་གསུངས་པ་།འགྲོ་བ་རྣམས་ལ་རྟག་ཏུ ་ཤར་ཞིང་རྒྱལ་གྱུར་པའི། །བདེ་པའི་རྒྱལ་པོ་གཅིག་པུ་དེ་ནི་བྱེད་པ་བྲལ། །གང་ཞིག་དུས་སུ་ངེས་པར་གསལ་བར་བརྗེད་པས་ན། །ཐམས་ཅད་མཁྱེན་པ་ཡང་ནི་ཚིག་གིS་དབུལ་བར་འགྱུར། །སེར?་ཧས?་གསུངས་པ ་ཞེས་སོ། །དེ་ནི་བླ་མས་བརྗོད་པར་བྱ་བའམ། །དེ་ནི་སློབ་མས་གོ་བར་བྱ་བ་མིན། །ལྷན་སྐྱེས་བདུད་རྩིའི་བདེ་བ་ཐོབ་པ་དེ། །སུ་ལ་སུ་ཞིག་གིས་ནི་བརྗོད་པར་བྱ། །ཞེས་དང། བློ་ཡིས་སྦྱོད་ཡུལ ་མ་ཡིན་པས་སེར་ཧས?་ན་ཚིག་གིས་སྤྱོད་པ་མེད། །བླ་མའི་བརྗོད་པས་རིང་ནས་གཏམ་གྱིས་དངོས་པོས་འཇུག་པ་སྟེ། །དེ་ནི་རིམས་གྱིས་སྙིང་རྗེ་ལ་སོགས་ཡོན་ཏན་དག་པ་དང། །དད་ལྡན་རྣམས ་ཀྱིས་སྙིང་ལ་རང་གིས་གོ་འཕངས་བྱེད་པ་ཡིན། །ཅེས་གསུངས་སོ།། །།འོ་ན་བྱང་ཆུབ་ཀྱིས་སེམས་སྐྱེས་པའི་མཚན་ཉིད་གང་ཞེ་ན། དབང་པོ་རྣམས་ནི་གཉིད་ལོག་ལྟ་བུ་དང། ་ཡིད་ནི་ནང་དུ་ཞུགས་པ་འདྲ་བ་སྟེ། བྱ་བྱེད་མེད་པ་ལྟ་བུར་སྣང་བ་དང། ལུས་ནི་དམ་པའི་བདེ་བས་རྒྱལ་གྱུར་པའོ། །དབང་པོའི་ཚོགས་རྣམས་འཇུག་པ་མེད་པ་དང། །སྲིད་པའི་ས་བོན་རྣམ་རྟོག་རྫོགས་པར་ཉམས།། ་དགའ་བའི་རང་བཞིན་ནམ་མཁའ་དང་མཉམ་ཡང། །བསིལ་རོ་མྱོང་བ་འདི་ནི་རྨད་དུ་བྱུང། །ཞེས་དང། འདིར་ནི་དབང་པོ་ཐིམ་པར་སོན། །བདག་གིས་རང་བཞིན་ཉམས་པ་དེ། །ངེས་པར་ལྷན་སྐྱེས་དགའ་བའི་སྐུ། །བླ་མའི་ཞལ ་ལས་གསལ་བར་བྲིས། །དེ་ཉིད་གསུངས་པ། གང་ཞིག་ཤར་བས་དུས་མཉམ་དུ་ནི་དབང་པོ་རྣམས། །ཡུམ་དང་མཚུངས་པར་ནུབ་ཅིག་གང་ཡང་མཁས་རྣམས་ཀྱིས། །སྙིང་ལ་མངོན་དགའ་སྤྱི་སྤངས་པད་ཅིང་རྒྱས་གྱུར ་ལ། རྒྱལ་བའི་མཛེས་སྐུ་གཅིག་པུ་དེ་ལ་ཕྱག་འཚལ་ལོ། །དེ་བས་ན། འདིར་ནི་གང་བློ་དམ་པའི་བདེ་བ་ཡིས། །སྟོབས་སུ་གྱུར་པ་རྣམ་རྟོག་མཛའ་དག་འཇོམས། །དེ་ནི་བྱ་བ་བྱས་པའི་མཁས་པ་དེ། །གཞན་པ ་དེ་རྣམས་རྐང་གཉིས་ཕྱུག་ཡིན་ནོ། གང་དུ་དངོས་དང་དངོས་པོ་མེད་པ་འབའ་ཟིག་ཉིད་དང་རྣམ་བྲལ་དང་ཉིད་མཛེས་པ་སྟེ། །སྟུག་པར་གྱུར་པའི་དགའ་བའི་རང་བཞིན་རབ་ཏུ་རྟོགས་པ་ཆེན་པོ་ནམ་མཁའ་ཨི་གནས་ཁྱབ་ཅིང། །རྒྱ ་ཆེའི་རྣམ་པ་སྣ་ཚོགས་ཅན་དང་དྲི་མེད་ཉིད་ཀྱི་མེ་ལོང་དཀྱིལ་འཁོར་འཕྲོ་འདྲ་བ། །བདེ་བ་ཀུན་གྱི་བཞི་གྱུར་ལྷན་ཅིག་སྐྱེས་པའི་དགའ་བ་དེ་ནི་བཞི་པ་ཡིན་པར་བརྗོད། །དེའི་ཕྱིར་ཐེ་ཚོམ་མེད་པ་ལས་སྐུ་གསུན་གྱིས ་རྗེས་སུ་འཇུག་པ། མཆོག་ཏུ་མི་འགྱུར་པའི་བདེ་བ་ཆེན་པོ། ། ཕྱག་རྒྱ་ཆེན་པོ་འདི་ཉིད་ནི་བཞི་པ་ཡིན་པར་ཤེས་པར་བྱའོ། །དབང་བཞི་པའི་རྣམ་པར་བཞག་?། པཎྚི་ཏ་ཆེན་པོ་ཤྲཱི་བ་ན ་རདནའི་ཞབས་ཀྱིས་མཛད་པའོ། །དམ་པ་དེ་ཉིད་ཀྱིས་དྲུང་དུ་ཉེ་བར་བཏུགས་ཏེ་ཞུས་པ་ལས། ཆོས་འཁོར་ལོཙྪ་བ་འཇམ་དཔལ ་ཡེ་ཤེས་ཞེས་བྱ་བས་བསྒྱུར་བ་དགེའོ།། །།འདིའི་རྒྱུད་བ་ནི། རྡོ་རྗེ་འཆང། རྡོ་རྗེ་རྣལ་འབྱོར་མ་། རྣལ་འབྱོར་གྱི་དབང་ཕྱུག་ཤ་ཝ་རི། པཎྚི་ཏ ་ཆེན་པོ་ནགས་ཀྱི་རིན་ཆེན། ལོཙྪ་བ་ཆེན་པོ་འཇམ་དཔལ་ཡེ་ཤེས། དེས་བདག་ལའོ། །།དགེ་ལེགས་འཕེལ།། སརྦ་མངྒ་ལཾ་།། ་