CLOSE WINDOW

N3450: dpal 'khor lo bde mchog gi mngon par rtogs pa'i 'grel pa
Wyliee-texts based on the ACIP/ALL Input

ཁ་ཆེ་དགོན་བ་པའི་གསུང་བཞིན་ཟངས་དཀར་གྱིས་མཛད། སློབ་དཔོན་དཔའ་ཨོ་རྗོ་རྗེས་མཛད་པ་རྫོགས་ཤོ། །པཎྜི་ཏ་ཁ་ཆེ་རྣམ་གཉིས་ཀྱི་གསུང། ལོཙྪ་བ་ཆེན་པོ་དགེ་སློང་འཕགས་པ་ཤེས་རབ་ཀྱིས་བསྒྱུར་པའོ།། །།བདེ་མཆོག་ལཱུ་ཡི་པའི་ཊི་ཀ་བཞུགས། རྒྱ་གར་སྐད་དུ། ་ཤྲི་ཙཀྲ་སཾ་བ་ར་ཨ་བྷི་ས་མ་ཡ་ཊཱིཀཱ། བོད་སྐད་དུ། དཔལ་འཁོར་ལོ་བདེ་མཆོག་གི་མངོན་པར་རྟོགས་པའི་འགྲེལ་བ། དགོན་པ་པ་དང་ཛྙཱ་ན་ཤྲི། དཔལ་འཁོར་ལོ་བདེ་མཆོག་ལ་ཕྱག་འཚལ་ལོ། །དང་པོ་རེ་ཤིག་དུར་ཁྲོད་དང་རི་བོ་ལ་སོགས་པ་མཐོ་བའི་གནས་སུ། སྐྲ ་གྲོལ་བ་བདུད་རྩི་ལྔའི་རིས་བུ་ཁར་བཅུག་པའི་རྣལ་འབྱོར་པས་ཁ་ལྷོར་མངོན་དུ་ཕྱོགས་པས་རོའི་སྟེང་དུ་འདུག་ནས། ཤྲཱི་ཧེ་རུ་ཀ་ཞེས་པ་ཡི་གེ་བཞིའི་དོན་མངོན་དུ་ཕྱོགས་བར་བྱ་སྟེ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། དུ་ནི ་ཚོགས་པ་དང་བྲལ་བ། །ཀ་ནི་གང་དཱུང་མི་གནས་པའོ། །ཅེས་སོ། །བདག་ཉིད་ཕྱག་གཉིས་པའི་སྡོམ་པར་མྱོས་པར་བྱ་ཞིང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་ཕྱིར། ཤྲཱི་ཧེ་རུ་ཀ་ཨ་ཧཾ་ཞེས་པ་ལན་གསུམ་བརྗོད་པར་བྱའོ། །བརྗོད་པའི ་འདུག་ཐོགས་སུ་དང་པོར་ཨོཾ་དང་ཐ་མར་ཧཱུཾ་ཧཱུཾ་ཕཊ་ཅེས་པ་དང་ལྡན་པའི་ཨཱ་ལིཀཱ་ལིའི་ཕྲེང་བ་འོད་ཟེར་ལྔ་དང་བཅས་པ་ཡོངས་སུ་བསྐོར་ནས་གནས་པ་ལས་འཁོར་ལོ་གསུམ་གྱི་ལྷ་ཚོགས་རྣམས་སྤྲོས་ཏེ། བགེགས་ཀྱི་ཚོགས་རྣམས་བརླག་པར་བསྒོས་ནས་ཅི་ཞིག་བྱ་ཞེ་ན་དེ ་འདིར་གསུངས་པ། དང་པོར་རེ་ཤིག་རྣལ་འབྱོར་གྱི་དབང་ཕྱུག་གིས་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །ཅེས་སོ། །ལན་གསུམ་དུ་བརྗོད་ཟེར། འདི་དག་ཐམས་ཅད་བྱས་ནས་ཚངས་པའི་གནས་བཞི་བསྒོམ་པ་གང་ལས་འཐོབ་ཅེ་ན་འཇོམས་བྱེད་པར། བླ་མའི་མན་ངག་དང ་རྣལ་འབྱོར་གྱི་དབང་ཕྱུག་ཅེས་པའི་ཚིག་ལས་ཀྱང། །སེམས་ཅན་དབང་པོ་རྣོན་པོའི་ཕྱོགས་ཀྱིས་བྱམས་པ་ལ་སོགས་པ་བསྡུས་ཏེ་བསྒོམ་པ་ནི་ཇི་ལྟར་བདག་གིས་སེཾས་ཅན་ཐཾ་ཅད་འཁོར་བའི་སྡུག་བསྔལ་ལས་བཏོན་ཏེ་དེ་བཞིན་ཉིད་དང་རོ་གཅིག་?་བདེ་བ་ཆེན་པོ་ལ་རབ་ཏུ་དགོང་པར་བྱའོ། ་ཞེས་པའོ། །དེ་ལ་སྡུག་བསྔལ་ལས་འདོན་བ་ནི་སྙིང་རྗེའོ། །བདེ་བ་ཆེན་པོ་ལ་རབ་ཏུ་འགོད་པ་ནི་བྱམས་པའོ། །དེ་བཞིན་ཉིད་ཀྱི་རང་བཞིན་གྱི་ཕྱིར་བཏང་སྙོམས་སོ། །བདེ་བ་བརྟན་པའི་ཕྱིར་དགའ་པའོ། །བྱམས་པ་ལ་སོགས་པ་རྒྱས་པར། ་བསྒོམ་པ་ནི་རབ་ཏུ་གྲགས་པ་ཉིད་དོ། །བསྒོམ་པར་བྱའོ་ཞེས་པ་འདི་ཡིས་ནི་འདི་ཐམས་ཅད་བསྒོམ་པར་བྱ་བར་མཚོན་པའོ། །དགོས་ལ་བརྗོད་པར་བྱ་སྟེ། སྟོང་པ་ཉིད་དུ་མོས་པས་ནི་རྣམ་པར་རྟོག་པའི་དྲི་མ་ཐམས་ཅད་ཟད་པར་བྱ་བའི་ཕྱིར་རོ། །ཕྱག་གཉིས ་པའི་སྡོམ་པའི་ང་རྒྱལ་གྱིས་ནི་ལུས་ཀྱི་བྱ་བ་ཐམས་ཅད་རྣམ་པར་དག་པ་དང། འགྲོ་བ་ཐམས་ཅད་ཀྱང་ཐོག་མ་མེད་པ་ནས་གྲུབ་ཅིང། །རང་བཞིན་གྱིས་ཡོངས་སུ་དག་པའི་ཧེ་རུ་ཀའི་གཟུགས་ཉིད་དུ་ཡང་མཚོན་པའོ། །ཱ་ལི་ཀཱ་ལི་བསྒོམ་པས་ནི ་དག་གི་བྱ་བ་ཐམས་ཅད་རྣམ་པར་དག་པའོ། །བྱང་ཆུབ་ཏུ་སེམས་བསྐྱེད་པས་ནི་དགེ་བའི་རྩ་བ་ཐམས་ཅད་འཕེལ་བའོ། །རྣམ་པར་དག་པའི་ཕུང་པོ་ལ་སོགས་པས་ཀུན་རང་བཞིན་ནས་བསླང་བའི་བསྟན་ནོ་མཆོད་པ་ལ་སོགས་པ་ནི་མྱུར་དུ་བྱང ་ཆུབ་པའི་ལཾ་རྒྱུར་འགྱུར་རོ། །ཞེས་འདིར་དེ་ནས་ཕུང་པོ་ལྔའི་ང་རྒྱལ་བསྐྱེད་པར་བྱ་སྟེ་ཞེས་གསུངས་སོ། །དེ་ལ་གཟུགས་ལ་དེ་ནས་སོགས་པ་ནས་རྣམ་པར་ཤེས་པའི་བར་ལ་དབུ་བ་དང། ཆུ་བུར་དང། སྨིག་རྒྱུ་དང། ཆུ་ཤིང་དང། སྒྱུ་མ་ལྟ ་བུ་ཉིད་ཀྱི་ཕྱིར་ངེས་པར་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཉིད་ལ་ནི་དེ་བཞིན་ཉིད་ལས། ཞེས་པའི་དོན་ནོ། །གལ་ཏེ་ཡང་རྣམ་པར་སྣང་མཛད་ལ་སོགས་པའི་ལྷར་མོས་པ་ཁོ་ན་དེ་རྣམས་རྣམ་པར ་དག་པའོ། །ངོ་བོ་དེ་ལ་གཟུགས་དང་ཚོར་ལ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ལ་རང་བཞིན་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པ་དང། རྡོ་རྗེ་སེམས་དཔའ་ཨོ། །གཟུགས་ལ ་སོགས་པའི་དེ་བཞིན་ཉིད་ལ་མི་བསྐྱོད་པའོ། །དྲུག་པོ་དེ་རྣམས་ཀྱི་སྐུ་མདོག་ནི་དཀར་པོ་དང། སེར་པོ་དང། དམར་པོ་དང། ལྗང་ཁུ་དང། །དཀར་པོ་དང། ནག་པོ་རྣམས་སུ་རྟོག་པར་བྱའོ། །རྣམ་པར་སྣང་མཛད་ནི་ཕྱག་གཡས་ཀྱིས་འཁོར? ་ལེ་བསྣམས་པ། ཕྱག་གཡོན་བསྒེགས་པ་དང་བཅས་པས་དྲིལ་བུ་དཀུར་བསྟེན་པའོ། །རིན་ཆེན་འབྱུང་ལྡན་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པ་རྣམས་ནི་ཕྱག་གཡས་ཕ་རོལ་བ་དང་བཅས་པས་བརྐྱང་པ་རིན་པོ་ཆེ་དང ་པདྨ་དམར་པོ་དང་སྣ་ཚོགས་རྡོ་རྗེ་བསྣམས་པ། ཕྱག་གཡོན་པས་ཐུགས་ཀར་དྲིལ་བུ་འཛིན་པའོ། །རྡོ་རྗེ་སེམས་དཔའ་ནི་ཕྱག་གཡས་པ་རོལ་པ་དང་བཅས་པ་ཐུགས་ཀར་རྡོ་རྗེ་འཛིན་པ། ཕྱག་གཡོན་པ་སྒེག་པ་དང་བཅས་པས་དྲིལ་བུ་དཀུར་བསྟེན ་པའོ། །ཧེ་རུ་ཀ་རྡོ་རྗེ་ནི་རྡོ་རྗེ་དང་བཅས་པའི་ཕྱག་གཡས་པས་གནོན་གྱི་ཕྱག་རྒྱའོ། །ཕྱག་གཡོན་པ་སྙེམས་དང་བཅས་པ་དྲིལ་བུ་དཀུར་བསྟེན་པའོ། །རྨིག་དག་ལ་ཞེས་པ་ལ་སོགས་པ་ནི་རྒྱུད་གཞན་དུ་གྲགས་པའི་སའི་སྙིང་པོ་དང། །ཕྱག་ན ་རྡོ་རྗེ་དང། ནམ་མཁའ་ཨི་སྙིང་པོ་དང། འཇིག་རྟེན་དབང་ཕྱུག་དང། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང། ཀུན་ཏུ་བཟང་པོ་རྣམས་ནི་འདིར་གཏི་མུག་རྡོ་རྗེ་ལ་སོགས་པར་གོ་རིམ་བཞིན་རྟོགས་པར་བྱའོ། །སྐུ་མདོག་ནི་དཀར་པོ་དང་ནག་པོ་དང་སེར་པོ ་དབང?་དམར་པོ་དང་ལྗང་ཁུ་དང་དཀར་པའི། །གཏི་མུག་རྡོ་རྗེའི་ཕྱག་གཡས་ན་འཁོར་ལོ་འཛིན་པ། ཕྱག་གཡོན་པ་སྒེག་པ་དང་བཅས་པས་ཐུགས་ཀར་དྲིལ་བུ་འཛིན་པའོ། །ཞེ་སྡང་རྡོ་རྗེ་ཕྱག་གཡས་པས་ཐུགས་ཀར་རྡོ་རྗེ་དང། ཕྱག་གཡོན་པ་སྒེག་པ་དང ་བཅས་པས་དྲིལ་བུ་དཀུར་བསྟེན་པའོ། །ཕྲག་དོག་དང། བརྐྱང་བ་འདོད་ཆགས་དང། སེར་སྔ་རྡོ་རྗེ་རྣམས་ཕྱག་གཡས་ཕ་རོལ་པ་དང་བཅས་པས་རིམ་པ་བཞིན་རིན་པོ་ཆེ་དང། པདྨ་དམར་པོ་དང་སྣ་ཚོགས་རྡོ་རྗེ་བསྣཾས་པ། ཐམས་ཅད་བརྒྱར?་ལོ་ ་ཕྱག་གཡོན་པ་རོལ་པ་དང་བཅས་པས་དྲིལ་བུ་ཐུགས་ཀར་འཛིན་པའོ། །དབང་ཕྱུག་རྡོ་རྗེ་ནི་ཕྱག་གཡས་བ་ཐུགས་ཀར་རྡོ་རྗེ་དང་ཕྱག་གཡོན་པ་གེག?་པ་དང་བཅས་པས་དྲིལ་བུ་དཀུར་བསྟེན་པའོ། །ལྷུང་བྱེད་མ་དང། ་གསོད་བྱེད་མ་དང། །འགུགས་བྱེད་མ་དང། གར་གྱི་དབང་ཕྱུག་རྣམས་ཞལ་གཅིག་ཕྱག་བཞི་མ་སྐུ་མདོག་སེར་མོ་དང། ནག་མོ་དང། དམར་མོ་དང། ལྗང་ཁུ་སྟེ། སྤྱན་མ་དང། མ་མ་ཀི་དང། གོས་དཀར་མོ་དང། སྒྲོལ་མ ་རྣམས་ཀྱི་རང་བཞིན། ཕྱག་གཡས་པ་གཉིས་ཀྱི་འཁོར་ལོ་དང་གྲི་གུག་དང། རྡོ་རྗེ་དང་གྲི་གུག་དང། པདྨ་དང་གྲི་གུག་དང། རལ་གྲི་དང་གྲི་གུག་འཛིན་པ། ཕྱག་གཡོན་པ་གཉིས་ཀྱིས་ཐོད་པ་དང་ཁ་ཊཝཱཾ་ག་འཛིན་པ་རྣམས་སོ། ། ་པདྨ་འབར་མ་ནི་དུ་བ་དང། དཀར་བ་དང་དམར་བའི་ཞལ་གསུམ་མ་ཕྱག་དྲུག་པ་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མའི་རང་བཞིན་དུ་བའི་མདོག་ཅན་གཡོན་པའི་ཕྱག་གསུམ་གྱིས་ཐོད་པ་དང། ཁ་ཊཝཱཾ་ག་དང། ཞགས་པ་འཛིན་པ། ཕྱག ་མའི་དྲ་བ་ཅན་གཡས་པ་གསུམ་ནི་ལྕགས་ཀྱུ་དང་ཚངས་པའི་མགོ་བོ་དང། གྲི་གུག་གིས་མཛེས་པའོ། །རྣམ་པར་སྣང་མཛད་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ནོ། །རྡོ་རྗེ་ཉི་མ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང། ་བཞིན་ནོ། །པདྨ་གར་གྱི་དབང་ཕྱུག་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །རྡོ་རྗེ་རྒྱལ་པོ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ནོ།། སྒྲུབ་ཐབས་འདིར་རྡོ་རྗེ་སེམས་དཔའ་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི ་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཏེ། མི་བསྐྱོད་པ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ།། གཏི་མུག་རྣམ་པར་ཟད་པར་བྱེད་པས། གཏི་མུག་རྡོ་རྗེའོ། །ཞེ་སྡང་འཇོམས་པས་ན་ཞེ་སྡང་རྡོ་རྗེའོ། ། ་ཕྲག་དོག་རྣམ་པར་ཟད་པས་ཕྲག་དོག་རྡོ་རྗེའོ། །འདོད་ཆགས་རྣམ་པར་ཟད་བས་འདོད་ཆགས་རྡོ་རྗེའོ།། སེར་སྣ་རྣམ་པར་ཉམས་བས་ན་སེར་སྣ་རྡོ་རྗེའོ།། དབང་ཕྱུག་ཐམས་ཅད་སྟེར་བས་དབང་ཕྱུག་རྡོ་རྗེའོ། ། ་མིང་གི་རྗེས་སུ་འཐུན་པའི་ལས་སྒྲུབ་པར་བྱེད་པས་ལྟུང་བྱེད་མ་ལ་སོགས་པའོ། །རྣམ་པར་སྣང་མཛད་ལ་སོགས་པ་ནི་ཞབས་གཡས་བརྐྱང་པ་རོལ་བ་དང་ཅོད་པན་ཅན་སྤྱན་གསུམ་པ་ཕྱག་རྒྱ་ལྔ་དང་ལྡན ་བའོ། །ལྷ་མོ་རྣམས་ནི་སྐྲ་གོལ་བ་གཅེར་བུ་ཞབས་གཡས་བརྐྱང་བའོ། །དེ་ནས་ཞེས་པ་ནི་ཕུང་པོ་ལྔ་ལ་སོགས་པ་སྦྱངས་པའི་འཇུག་ཐོགས་སུ་རྡོ་རྗེའི་གུར་རྣམ་པར་བསམ་པར་བྱའོ། །ཤར་ལ་སོགས་པའི་ཕྱོགས་སུ ་དགོད་དོ། །སྟེང་དུ་མངའ་ཨི་དྲ་བ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་རང་བཞིན་དུས་གཞི་བྱིན་གྱིས་བརླབ་བོ། །དེའི་འོད་ཟེར་གྱི་སྣང་བ་ལས་རྡོ་རྗེའི་གུར་དང་རྡོ་རྗེའི་བླ་རེ་ཡང་ངོ། །ཞེས་སོ། །ཚིག་བདུན་པོ་འདི ་རྣམས་མན་ངག་ཇི་ལྟ་བར་རིམ་པ་བཞིན་བྲི་བར་བྱ་སྟེ། གཡོན་པའི་མཐེ་བོ་དང་ཛུབ་མོ་གཉིས་ཀྱི་སེ་གོལ་རྟོག་པ་སྔོན་དུ་འགྲོ་བས། ཨོཾ་སུམ་བྷ་ཞེས་པ་ལ་སོགས་པའི་སྔགས་བཞི་པོ་བརྗོད་དེ་ནག་པོ་དང། ་ལྗང་ཁུ་དང། དམར་པོ་དང། སེར་པོའི་མདོག་ཅན་ཚངས་པའི་གནས་ནས་ས་འོག་གི་བར་དུ་ཁྱབ་པའི་ལུས་ཆེ་ཞིང་འབར་བ་རྣམས་རིམ་པ་བཞིན་དུ་ཤར་དང་བྱང་དང་ནུབ་དང་ལྷོའི་ཕྱོགས་སུ་དགོད་དོ། ། ་སུམ་བྷ་ལ་སོགས་པའི་སྔགས་ཀྱི་འོད་ཟེར་ལས་དེའི་གདོག་ཅན་གྱི་ར་བ་བཞི་དང། །དེ་དང་དུས་མཉམ་པ་ཁོ་ནར་ཡི་གེ་ཧཱུཾ་ལས་བྱུང་ཞིང་དེས་མཚན་པའི་སྣ་ཚོགས་རྡོ་རྗེ་ལས་ས་འོག་གི་མཐར་ཐུག་པ་སྣ་ཚོགས ་རྡོ་རྗེའི་ས་གཞི་དང། རྡོ་རྗེ་དེའི་འོད་ཟེར་ལས་སྟེང་དུ་རྡོ་རྗེ་རྩེ་ལྔ་པའི་རྣམ་པའི་མངའ་ཨི་དྲ་བ་དང། དེའི་འོག་ཏུ་རྡོ་རྗེའི་གུར་དང། རྡོ་རྗེའི་བླ་བྲེ་དག་གནས་ཇི་ལྟ་བར་རྣམ་པར་བསམ་མོ། །དེ་ནས་སུམ་བྷ་ལ ་སོགས་པའི་སྔགས་བཞི་ལས་རྫོགས་པའི་ཁྭ་གདོང་མ་ལ་སོགས་པའི་ལྷ་མོ་བཞི་དང། སྔགས་དེ་ཉིད་གཉིས་གཉིས་ཀྱི་འོད་ཟེར་ཡོངས་སུ་གྱུར་པ་ལས་གཤིན་རྗེ་བརྟན་མ་ལ་སོགས་པའི་ལྷ་མོ་བཞི་སྟེ། །བརྒྱད་པོར ་དེ་རྣམས་ཞལ་གཅིག་ཕྱག་གཉིས་མ། ལྟེ་བའི་འོག་མན་ཆད་ཕུར་བུའི་རྣམ་པ། ཕྱག་གཡས་ན་རྡོ་རྗེའི་ཐོ་བ་འཛིན་པ་གཡོན་ན་བདག་ཉིད་ཀྱི་གཟུགས་ཅན་ཕུར་བུ་འཛིན་པ་སྟེ། འཕྲོ་བའི་སྦྱོར་བ་སོང་ནས་ཕྱོགས ་བཅུ་ན་གནས་པའི་བགེགས་ཀྱི་ཚོགས་རྣམས་བཀུག་སྟེ་ཕྱོགས་རྩེ་གཅིག་ལོ་བརྒྱད་ཀྱི་ར་བའི་མཚམས་ཀྱི་ཧཱུཾ་གི་རྣམ་པ་སྒྲ་རིང་པོར་བརྗོད་པ་ལས་རྫོགས་པའི་ཁྲོན་པར་བཅུག་ལ་གདབ་པའི་སྔགས་བརྗོད་ལ་སྔོན་དུ ་འགྲོ་བས་བགེགས་ཀྱི་ཚོགས་ལ་ཕུར་བུས་གདབ་པ་དང་བརྡུང་བའི་སྔགས་བརྗོད་པ་སྔོན་དུ་འགྲོ་བས་བརྡུང་བར་བྱའོ། །བཏབ་པ་དང་བརྡུང་བ་དག་གིས་ནི་བགེགས་ཀྱི་ཚོགས་རྣམས་དེ་བཞིན་ཉིད་དང་རོ་གཅིག་པའི་བདེ་བ ་ཆེན་པོར་བསམ་པར་བྱའོ། །ཡང་བགེགས་ཀྱི་ལྷག་མ་རྣམས་བསྐྲད་དེ། དེ་རྣམས་རབ་ལ་ཐིམ་པའི་དུས་སུ་ཆུ་ལ་ཆུ་བརྡབས་པས་ཐིགས་པ་འཐོར་བའི་ཚུལ་གྱིས་མཚམས་བཅིང་བའི་དོན་དུ་རྡོ་རྗེ་དང་པདྨ་དང་འཁོར་ལོའི་ར་བ་བླུམ ་མོ་བསམ་པར་བྱའོ། །རྡོ་རྗེའི་ར་བ་ལ་སོགས་པ་མཚམས་མོད་པ་དུམ་བུ་གཅིག་ཏུ་གྱུར་པ་ཁོ་ནའོ། །འགྲོ་བ་རྣམས་ཀྱང་རྣམ་པ་ཐམས་ཅད་དུ་བགེགས་དང་བྲལ་པར་མོས་པར་བྱའོ། །བསྲུང་བའི་གུར་ལ་སོགས་པའི་འཇུག ་ཐོགས་ཁོ་ནར་འདིར་ཅིའི་དོན་དུ་སྟོང་པ་ཉིད་བསྒོམ་ཞེས་རྒོལ་ན་མ་ཡིན་ཏེ་རྒྱུད་འདི་ཤེས་རབ་ཀྱི་དབང་པོ་རྣོན་པོའི་དབང་དུ་བྱས་པ་དང། དེའི་ཡང་སྟོང་པ་ཉིད། །ཁོ་ན་བསྲུང་བའི་མཆོག་ཡིན་པའི་ཕྱིར་རོ། །འོ་ན་ཕྱི་རོལ་དུ་དྲི་བའི ་དཀྱིལ་འཁོར་གྱི་ཕྱིར་རྡོ་རྗེའི་ཕྲེང་བཅིའི་སླད་དུ་ཞེ་ན། གང་གི་ཚེ་བཅོམ་ལྡན་འདས་ཡོངས་སུ་རྫོགས་པ་དེའི་ཆེ་དམ་ཚིག་གི་འཁོར་ལོ་ཡོངས་སུ་བཅད་པའི་སྣན་ཚོགས་རྡོ་རྗེའི་ཕྲེང་བ་ཡང་རྫོགས་པས་སོ། །དེ་ནས་ཅེས་པ་ནི་བསྲུང་བ་བསྒོམ་པའི ་འཇུག་ཐོགས་སུའོ། །རང་གི་སྙིང་གར་ཞེས་པ་ནི་བསྲུང་བའི་གུར་གྱི་དབུས་སུ་གནས་པའི་བདག་ཉིད་ཀྱི་སྙིང་གར་རོ། །ཡི་གེ་ཨ་ལས་ཞེས་པ་ནི་ཐིག་ལེ་དང་ལྡན་པས་སོ། །དེའི་སྟེང་དུ་ཅེས་པ་ནི་ཟླ་བའི་སྟེང་དུའོ།། ཧཱུཾ་གི་རྣམ་པ་ནི་རྡོ་རྗེ ་འཛིན་པའི་རང་བཞིན་ནོ། །རྡོ་རྗེ་འཛིན་པ་ནི་ཟླ་བའི་དཀྱིལ་འཁོར་ཅན་ཉིད་དུ་འཐད་པ་ཁོ་ནའོ། །འོད་ཟེར་སྣ་ཚོགས་པ་རྣམ་པར་འཕྲོ་བ་ནི་འོད་ཟེར་ལྔ་འཕྲོ་བའོ། །ཧཱུཾ་གི་རྣམ་པའི་ངོ་བོ་ཉིད་ཀྱི་ཁ་དོག་ནི་དངུལ་ཆུ་ལྟ་བུ་སྟེ་དབུས་སྔོ་བ་ཉིད་དང་ཕྱི ་དབང་པའི་ཕྱིར་རོ། །ཡང་དག་པར་མཆོད་ཏེ?་དཀར་བས་པ་ནི་པི་ཝང་མ་ལ་སོགས་པའི་ལྷ་མོ་བཅུ་དྲུག་གིས་སོ། །དེ་ལ་པི་ཝང་མ་དང་གླིང་བུ་མ་དང་རྔ་ཟླུམ་མ་དང་རྫ་སྔ?་མ་རྣམས་ཞལ་ཅིག་ཕྱག་བཞི་མ་སྔོན་མོ་དང་སེར་མོ་དང་དམར་པོ ་དང་ལྗང་གུ་གཙོ?། སྐབས་འདིར་གྱི་མཆོད་རྒྱས་པར་མཛད་པོའི་ཕྱག་གཉིས་ཀྱིས་རང་རང་གི་རོལ་མོ་སྒྲོགས་པར་བརྩོན་པ། ཕྱག་གཞན་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པའོ། །བཞད་མ་དང་སྒེག་མོ་དང། གླུ་མ་དང་གར་མ་རྣམས། ཞལ་གཅིག ་ཕྱག་བཞི་མཉམ་དང་སྔོན་མོ་དང་སེར་མོ་དང་ལྗང?་ཁུ་སྟེ། གཞད་མའི་ཕྱག་གཉིས་ཀྱིས་བཞད་པའི་ཚུལ་དང། སྒེག་མོའི་ཕྱག་གཙོ་བོ་གཉིས་ཀྱིས་རྡོ་རྗེ་དྲི་བུ་འཛིན་པས་སྒེག་པ་དན་བཅས་པས་སྙམས་པའི་ཚུལ་དང། གླུ་མའི་ཕྱག་གཉིས་ཀྱིས ་ཏིང་ཏིང་ཅབ་འཛིན་པ་དང། གར་མའི་ཕྱག་གཉིས་པར་སྐོར་གྱི་ཚུལ་ལོ། །འདི་རྣམས་ཀྱི་གཡས་པ་དང་ཅིག་ཤོས་ཀྱི་ཕྱག་གཞན་དག་ན་ཐོད་པ་དང་ཁ་ཊཝཾ་གའོ། །མེ་ཏོག་མ་དང་བདུག་སྤོས་མ་དང་མར་མེ་མ་དང། དྲི ་མཆོག་མ་རྣམས་ཞལ་གཅིག་ཕྱག་བཞི་མ་སྐུ་མདོག་དཀར་མོ་དང། དུད་ཁ་དང། མར་མེའི་རྩེ་མོ་ལྟ་བུ་དང། དམར་མོ་སྟེ་འདི་རྣམས་ཀྱི་གཙོ་བོའི་ཕྱག་རེ་རེ་ན་མེ་ཏོག་གི་འཕྲེང་བ་དང། བདུག་སྦོས་ཀྱི་སྣོད་དང། མར་མེའི ་མཆོད་སྡོང་དང། དྲིའི་དུང་ཆོས་སོ། །ཕྱག་གཞན་གསུམ་པོ་ན་ཌ་མ་རུ་དང། ཐོད་པ་དང། ཁ་ཊཝཱཾ་གའོ། །མེ་ལོང་མ་དང། རོ་མ་དང། རེག་བྱ་མ་དང། ཆོས་མ་རྣམས་དཀར་མོ་དང། །དམར་མོ་དང། ལྗང་ཁུ་དང། ་དཀར་མོས་ཏེ། ཞལ་གཅིག་ཕྱག་བཞི་མ་གཙོ་བོའི་ཕྱག་གཅིག་གིས་མེ་ལོང་དང། རོའི་སྣོད་དང། ན་བཟའ་སྣ་ཚོགས་དང་ཆོས་འབྱུང་འཛིན་པ། ཅིག་ཤོས་གསུམ་གྱིས་ཌ་མ་རུ་དང། ཐོད་པ་དང། ཁ་ཊཝཱཾ་འཛིན ་པའོ། །རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་དེ། དེ་ནས་སེམས་ཅན་རྣམས་འདོན་པར་འདོད་པས་བདག་ཉིད་དེ་རྣམས་ལ་ཕུལ་ནས་སྡིག་པ་བཤགས་པ་ལ་སོགས་པའི་དོན་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ ་མཆི། ཞེས་པ་ལ་སོགས་པ་ལན་གསུམ་བརྗོད་པར་བྱའོ། །ཞེས་པ་བསོད་ནམས་ཀྱི་ཚོགས་གསུངས་ནས། དེ་ནས་ཞེས་པ་ལ་སོགས་པས་ཡེ་ཤེས་ཀྱི་ཚོགས་གསུངས་པ། མཆོད་བྱ་དང་མཆོད་བྱེད་དང་མཆོད་པ ་རྣམས་རྣམ་པར་རིག་པ་ཙམ་ཉིད་དུ་ཉེ་བར་མཚོན་པ་ནི་ཨོཾ་གྱི་རྣམ་པའོ། །སྭ་བྷཱ་བ་ཤུད་དྷཱ(རྒྱུད་འགྲེལ་ནི་སླར་སྟོང་པར་རྣམ་བསམ་ཞིང། །ཞེས་པ་ནི་རྣམ་པར་རྟོག་པ་དེ་ཡང་དོར་བར་བྱའོ། །སེམས་ཙམ་དུ་ཡང་ནི་སེམས་ཙམ་ཉིད་ཀྱང་ངོ། །དེས་གནས་བྱ་ཞེས་བ་ནཱ་དའི་ཚུལ་དུ་གནས་པའོ། །བྱང་ཆུབ་ཚོགས་ནི་བསྒོམས་པ ་ཡིས་ཅེས་པ་ནི་སྙིང་རྗེ་ཆེན་པོ་ནི་བྱང་ཆུབ་དེའི་ལོ་ཀྱི་ཚོགས་ཏེ། དེ་བསྒོམ་པ་དང་བཅས་བར་བལྟའོ། །སྔགས་བརྗོད་པ་སྔོན་དུ་འགྲོ་བས་མིག་བྱོར་གྱི་ཤེས་པའི་མཚན་ཉིད་གཟུག་ལ་ཟེར་བསྒོམ་པ་ཉིད་བསྒོམ་པར་བྱའོ་ཞེས་པའི་དོན་ཏེ། ། ་མིག་ཡོར་ཙམ་གྱིས་ཤེས་པ་ལ་ཅེས་པ་ནི། ཨོཾ་སྭཱ་བྷཱ་བ་ཞེས་པ་ལ་སོགས་པའི་འཛུག་ཐོགས་སུའོ། །དེའི་དོན་འདི་ལྟ་སྣང་བཙམ་གྱི་ཡེ་ཤེས་སྟེ། མཆོད་པ་ལ་སོགས་པའི་རྗེས་ལ་མཆོད་པ་ལ་སོགས་པ་རྟེན་ཅིང ་འབྲེལ་བར་འབྱུང་བ་སེམས་ཙམ་ཉིད་དུ་མོས་པར་བྱ་སྟེ། བདག་ཉིད་ཀྱི་མགོ་བོ་དང་མགྲིན་པ་དང་སྙིང་གར་ཧེ་རུ་ཀ་ཞེས་པའི་ཡི་གེ་གསུམ་བསྒོམ་ཞིང་ཆོས་རྣམས་ཐམས་ཅད་རྒྱུ་དང་བྲལ་བ། དེ་བཞིན་དུ་བརྗོད་པ་དང་བྲལ་བ་གང་དུ་ཡང ་མི་གནས་པ་ཉིད་དོ། །ཞེས་དཔྱད་སྟེ། ཆོས་ཐམས་ཅད་ཀྱི་ཚུལ་འདི་ལྟ་བུར་མ་ཤེས་ནས་སེམས་རྣམས་ཀྱིས་བདག་དང་བདག་གིར་ལ་སོགས་པ་གཟུང་བས་འཁོར་བར་འཁོར་ལོ། །དེས་ན་བདག་གིས་ཧེ་རུ་ཀ་རྟོག་པ་ཉིད་དུ་གྱུར་ཏེ་ཇི་ལྟར་?། ་རྣམས་ཀྱི་ཚུལ་འདི་ཉིད་ཤེས་པར་འབྱུང་དེ་ལྟར་བྱའོ། །ཚུས?་ཆོས་ལ་དམིགས་པའི་སྙིང་རྗེ་བསྐྱེད་ལ། ཨོཾ་སྭཱ་བྷཱ་བ་ཞེས་པ་ལ་སོགས་པའི་སྔགས་བརྗོད་ཅིང་ཁམས་གསུམ་པོ་སྟོང་བར་བལྔའོ། །སྨོན་ལམ་གྱི་དབང་གིས་སེམས་དེ་བོང་ནས ་གོང་དུ་?་པའི་དཀར་པོ་དང་དམར་པོ་དང་ནག་པོའི་ཨོཾ་ཨཱ(རྒྱུད་འགྲེལ་འགྲོ་པས་ཞུ་བར་བྱ་སྟེ་དེ་ཉིད་ལ་གཞུག་པར་བྱའོ། །དེ་ལྟར་ཨཱཾ་འི་རྣམ་པ་ལས་གསུང་གི་འཁོར་ལོའི་ལྷ་དང། ཧཱུཾ་གི་རྣམ་པ་ལས་ཐུགས་ཀྱི་འཁོར་ལོའི་ལྷ་རྣམས་སོ། །དེ་ནས་ཨོཾ་གྱི་རྣམ་པ་ཨཱ(རྒྱུད་འགྲེལ་རྣམ་པ་ལའོ། །ཞབས་ཀྱུ་ཧའི་རྣམ་པ་ལའོ། །ཧའི་རྣམ་པ་མགོ་བོ་ལའོ། །མགོ་བོ་ཟླ་ཚེས་ལའོ། །ཐིག་ལེ་ནཱ་ད་ལ་བསྟིམ་སྟེ་སྐྲའི་རྩེ་མོ་བརྒྱ་སྟོང་གི་ཆའི་ཚད་ཙམ་དུ་གནས་པར་བྱའོ། །སེམས་ཅན་རྣམས་ཀྱིས་ཆོས ་ཉིད་མ་རྟོགས་ནས་འཁོར་བར་འཁྱམ་སྟེ་དེས་ན་བདག་གིས་ཆོས་ཉིད་རྟོགས་ནས་དེ་རྣམས་ཀྱིས་ཁོང་དུ་ཆུད་པར་བྱའོ། །ཞེས་སྙིང་རྗེ་ཆེན་པོ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་རྒྱུར་གྱུར་པ་རྣམ་པར་བསྒོམ་མོ། །ོཾ་ཤུ་ནྱ་ཏཱ་ཞེས ་པ་ལ་སོགས་པའི་སྔགས་བརྗོད་ཅིང་ནཱ་ད་ཙམ་གྱི་རྣམ་པར་རྟོག་པ་ཡང་ཡོངས་སུ་སྤང་དེ་ཞེས་སོ། །དེ་ལས་ཞེས་པ་སྟོང་པ་ཉིད་ལས་སོ། །ལངས་སྟེ་ཞེས་པ་རང་གི་སེམས་ནཱ་དའི་གཟུགས་སུ་ནམ་མཁའ་གཞག་པ་བྱའོ། །རྟེན་དང ་བརྟེན་པའི་ཚུལ་ནི་འཁོར་ལོ་སྟེ། བྷཻ་རཾ་བྷ་ལ་སོགས་པ་ཡང་དག་པར་གནས་པ་རླུང་གི་དཀྱིལ་འཁོར་ལ་སོགས་པ་གོང་ནས་གོང་དུ་སོན་པད་པ?་པར་བསམ་པར་བྱ་སྟེ་འདི་ནི་མདོར་བསྟན་པའོ། །འདི་རྒྱས་པར་བསྟན་པ་ནི་ཡི་གེ་ཡཾ། ་ཞེས་པ་ལ་སོགས་པ་སྟེ། དེའི?་སྟེང་དུ་ཡི་གེ་ཧཱུཾ་ལས་རེས་པར་བྱུང་བའི་སྣ་ཚོགས་རྡོ་རྗེའི་ཞེས་པ་འདིའི་དོན་ནི། །རི་རབ་ཀྱི་སྟེང་དུ་བཾ་ལས་བྱུང་བའི་སྣ་ཚོགས་པདྨའི་ལྟེ་བའི་སྟེང་དུ་ཞེས་པའོ། །སྣ་ཚོགས་པདྨ་འདབ ་མ་བརྒྱད་པ་ལྟེ་བ་དང་གེ་སར་དང་ལྡན་པའོ། ཅེས་པ། །འདིའི་པདྨའི་ཕྱོགས་ལ་སོགས་པའི་ཁ་དོག་རིམ་པས་གསུངས་པ། ཤར་སོགས་ཕྱོགས་གནས་འདབ་མེ་ཉི་འོད་འདྲ། །རླུང་དང་མེར་ཕྱོགས་འདབ་མ་སེར་པོ་ཉིད། ། ་ཡི་དགས་བདག་ཕྱོགས་དབང་ལྡན་དུ་རབ་ལྟར། །ལྗང་དང་སྦྲིན་ནག་སྣ་ཚོགས་པདྨ་ཉིད། །ཅེས་སོ། །འདིའི་དོན་ནི་ཤར་ལ་སོགས། སུ་གོན?་བ་རྣམས་དམར་པོའོ། །རླུང་དང་མེའི་ནི་སེར་བོའོ། །བདེན་བྲལ་གྱི་ནི་ལྗང་ཁུའོ། །དབང་ལྡན་ཀྱི ་ཡཱ?་ལི་ཀཱ་ལིའི་སྦྱོབ?་ཨའི་ལི་དང་ཀཱ་ལིའི་ཕྲེང་བ་གཡོན་སྐོར་དང་གཡས་བསྐོར་དུ་གནས་པ་ཡོངས་སུ་གྱུར་པ་ལས་དེའི་གཟུགས་བརྙན་ཅན་གྱི་རྣམ་པ་ཟླ་བའི་དཀྱིལ་འཁོར་?་བསམས་བྱའོ་ཞེས་བྱ་བར་འགྱུར་རོ། །ཞེས་པ་ནི་རྣལ ་འབྱོར་རོ།། དེའི་དབུས་སུ་ཞེས་པ་ནི་ཟླ་བའི་དབུས་སུའོ། ཡི་གེ་ཧཱུཾ་ཞེས་པ་ནི་སྔར་བཞག་པའི་ནཱ་ད་ལས་རིམ་གྱིས་རྫོགས་པའོ། །རྡོ་རྗེ་སེམས་དཔའ་ཨི་རང་བཞིན་ཞེས་པ་ནི་རྒྱུའི་རྡོ་རྗེ ་འཛིན་པའི་རང་བཞིན་ཅན་ནོ། །འོད་ཟེར་སྣ་ཚོགས་འཕྲོ་བ་ཞེས་པ་སྤྲོ་བ་ན་འོད་ཟེར་ཁ་དོག་ལྔ་པའི་སྒོ་ལས་འཁོར་ལོ་ལྔའི་ལྷ་རྣམས་འཐོན་ཏེ་འགྲོ་བ་རྣམས་དེའི་རང་བཞིན་དུ་བྱས་ནས་སྡུད་པའི་ཚེ་དེས ་?་མ་མེད་པ་ནས་གྲུག་པའི་དཔའ་བོ་དང་རྣལ་འབྱོར་མ་ལ་སོགས་པ་ཕྱོགས་བཅུ་ན་གནས་པ་རྣམས་ཐབས་དང་ཤེས་རབ་ཀྱི་མཉམ་པར་སྐོར་བ་སྔོན་དུ་འགྲོ་བས་ཞུ་བར་གྱུར་ཏེ་མཱ་ད་ལ་གཞུག་གོ། རྣམ་པར་བསྒོམ་པར ་བྱ་འོད?་ཞེས་པ་དེའི་ཚེ་མཆོག་ཏུ་དགའ་བའི་རང་བཞིན་ཅན་ས་བོན་དེ་མངོན་དུ་བྱས་ནས་བསྒོམ་པར་བྱའོ། །དེས་ན་འདི་ཉིད་རྒྱུའི་རྡོ་རྗེ་འཆང་གི?་རང་བཞིན་ཉིད་དོ། །བཅོམ་ལྡན་འདས་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་ཕྱར ་འདྲགས?་བུའི་རང་བཞིན་ཉིད་དོ་ཞེས་པ་རྗེས་སུ་རྣལ་འབྱོར་རོ། །དེ་དག་ཡོངས་སུ་གྱུར་པ་ལས་ཅེས་བ་ཟླ་བ་དང་ས་བོན་ཡོངས་སུ་གྱུར་པ་ལས་སོ། །དཔལ་རྡོ་རྗེ་ཧེ་རུ་ཀ་ནི་དཀྱིལ་འཁོར་དང་བཅས་པའི་བཅོམ་ལྡན་འདས་ལྷན་ཅིག་སྐྱེ ་པའི་རང་བཞིན་ཡོངས་སུ་རྫོགས་པ་བསྒོམ་མོ། །ཡི་གེ་གསུམ་ལ་སོགས་པའི་སྔགས་འདི་གསུམ་བརྗོད་ཅིང་བསྒོམ་པར་བྱའོ།། ཨོཾ་ཨཱ(རྒྱུད་འགྲེལ་སརྦ་དྷརྨཱ་བཛྲ་ཤུདྡྷོ་ཧཾ། ཅེས་སོ་།ཉི་མའི་དབུས་སུ་ཡང་དག་པར་གནས་པ་ནི་ཁྲོ་བོའི་རང་བཞིན་གྱི་ཕྱིར་དང་།ཁྲོ་བོ་རྣམས་ནི་ཉི་མའི་གདན་དང་འོད་ཟེར་ཅན་གྱི་ཕྱིར་རོ། །དཀྱིལ་འཁོར་གྱི་འཁོར་ལོ་དང་ལྡན་པ་ནི་སངས་རྒྱས་ཀྱི་ཆོས ་ཐམས་ཅད་ཡོངས་སུ་རྫོགས་པའོ། །དུར་ཁྲོད་བརྒྱད་ཀྱིས་བརྒྱན་པ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་འདུས་པ་རྣམ་པར་ཤེས་པ་བརྒྱད་བདག་མེད་པའི་རང་བཞིན་གྱི་ཕྱིར་རོ། །རྣམ་པར་ཤེས་པ་བརྒྱད་ཉིད་བརྗོད་པར་བྱ་སྟེ་མིག་རྣམས ་པར་ཤེས་པ་ལ་སོགས་པ་ལྔ་དང། ཀུན་གཞི་རྣམ་པར་ཤེས་པ་དང། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་དང། ཡིད་ཀྱི་རྣཾ་པར་ཤེས་པའོ། །ཞལ་གཞི་པ་ནི་སྟོང་དང་མཚན་མ་མེད་པ་དང། སྨོན་བ་མེད་པ་དང། མངོན་པར་འདུ་མི་བྱེད ་མའི་མཚན་ཉིད་དེ་རྣམ་པར་ཐར་པའི་སྒོ་བཞི་རྣམ་པར་དག་པའོ། །མངོན་པར་འདུ་མི་བྱེད་པ་ནི་མངོན་པར་འདུས་མ་བྱས་པའོ། །སྤྱན་གསུམ་ནི་དུས་གསུམ་གྱི་རྣམ་པ་ཐམས་ཅད་གཟིགས་པའོ། །ཕྱག་བཅུ་གཉིས་ནི་རྟེན་ཅིང་འབྲལ། ་བར་གྱུར་བའི་ཡན་?་བཅུ་གཉིས་འགོགས་པས་སོ། །དཔྲལ་བར་རྡོ་རྗེའི་ཕྲེང་བ་འཛིན་པ་ནི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་ཕྱིར་རོ། །གཡས་བརྐྱང་བས་ཡང་དག་པར་གནས་པ་ནི་འགྲོ་བ་ཐམས་ཅད་སྟོང་པ་ཉིད་ཀྱིས་སྡུད་པའི་ཕྱིར་རོ། །དེ་ཡང་ཞབས ་བསམ་པ་བསྐུན་པ་ནས་མཐོ་ལྔར་?་ཞབས་གཡས་བརྐྱང་བའོ། །འཇིགས་བྱེད་ཆེན་བོ་དང་དུས་མཚན་མདོག་མནན་པ་ནི་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་གྱི་ཕྱིར་རྟག་པ་དང་ཆད་པའི་རྣམ་པར་རྟོག་པ་དག་མནན་པ ་སྟེ་རྟག་པའི་རྣམ་པར་རྟོག་པ་ནི་འཇིགས་བྱེད་ལ་ཆད་པའི་རྣམ་པར་རྟོག་པ་ནི་དུས་མཚན་མའོ། །རྡོ་རྗེ་ཕག་མོ་ལ་འཁྱུད་པ་ནི་སྟོང་པ་ཉི་དང་སྙིང་རྗེ་རོ་མཉམ་པར་གྱུར་པས་སོ། །ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་ཞེས་པ་ནི་ཕྱག་གཡས་ན་ལས ་ལྔ་རོ་མཉམ་པར་གྱུར་པའི་རང་བཞིན་ཅན་རྡོ་རྗེ་དང། །གཡོན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དྲིལ་བུའོ། །གླང་པོ་ཆེའི་པགས་པ་འཛིན་པ་ནི་འགྲོ་བའི་གཏི་མུག་རྣམ་པར་འཇིགས་པས་གླང་པོ་ཆེའི་ཕགས་པ་དཀར་པོ་ཁྲག་དང་བཅས ་པ་འཛིན་པའོ། །ཌ་མ་རུ་ནི་མཆོག་ཏུ་དགའ་བའི་སྒྲས་སངས་རྒྱས་ཐམས་ཅད་སྐུལ་བྱའོ། །དགྲ་སྟ་ནི་ལུས་གཡོན་?་ཏུ་ངག་ཡིད་གསུམ་གྱི་སྐྱོན་གཅོད་པའོ། །གྲི་གུག་ནི་དངོས་པོ་དང་དངོས་མིན་གྱི་རྣམ་པར་རྟོག་ལ་གཅོད་པའི་ཤེས་རབ་བོ།། ་རྩེ་གསུམ་ནི་སྲིད་པ་གསུམ་དུ་སོན་པའི་ཉོན་མོངས་པ་རྣམ་པར་འཇོམས་ཆོས་སྟོན་པར་པའོ། །ཁ་ཊཝཱཾ་ག་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནོ། །ཁྲག་གིས་གང་བའི་ཐོད་པ་ནི་བདེ་བ་ཆེན་པོ་དང་སྙིང་རྗེ་ཆེན་པོའི་ཉམས་ཀྱི་རང་བཞིན་ནོ།། ་རྡོ་རྗེ་ཞགས་པ་ནི་ཡང་དག་པའི་ཡེ་ཤེས་འཛིན་པའོ། །ཚངས་པའི་མགོ་བོ་ནི་དངོས་བོ་དང་དངོས་མིན་གྱི་རྣམ་པར་རྟོག་བཟང་འཛིན་བའི་པའི་ཐར་པའི་རང་བཞིན་ནོ། །རལ་བའི་ཅོད་པན་གྱིས་བརྒྱན་བརྒྱན་པ་ནི་དགེ་བའི་རྩ་བ་མཛའ་ ་དག་བསགས་པའི་ཕྱིར་རོ། །ཐོད་བའི་ཕྲེང་བའི་ཐོད་ཅན་ནི་ཆོས་ཀྱི་དབྱིངས་ནས་ཡང་དག་པར་བཞེངས་བའི་ཕྱིར་རོ། །ཟླ་བ་ཕྱེད་པ་འཕྱང་བ་ནི་བྱང་ཆུབ་མཐོ་གང་གཙུག་ཏོར་སོར་བཞི་པ་ཀྱི་སེམས་འབབ་པའི་རང་བཞིན་གྱི་ཕྱིར་རོ། ། ་སྣ་ཚོགས་རྡོ་རྗེས་མནན་པའི་དབུ?་རྒྱན་ཅན་ནི་འགྲོ་བ་ཐམས་ཅད་ཀྱི་དོན་བྱེད་པ་པོ་ཉིད་ཀྱིས་སོ། །ཞལ་རྣམ་པར་འགྱུར་བ་ནི་ལོག་པར་ལྟ་བ་སྤངས་པས་སོ། །མཆེ་བ་གཙིགས་ཤིང་འཇིགས་སུ་?་རྒྱུན་འབབ་པས་སྐུ་རྒྱས་པར་བྱེད་པ་པོ། །རུང?་བ་ནི ་བདུད་བཞིའི་དགྲ་རྣམ་པར་བཅོམ་པས་སོ། །སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པ་ནི་དེ་བཞིན་གཤེགས་པ་ལྔ་དང་ལྷ་མོ་བཞིའི་རང་བཞིན་ཞི་གནས་དང་ལྷག་མཐོང་དག་གི་ཤིན་ཏུ་དགའ་བའི་སྦྱོར་བས་སོ། ། ་སྟག་གི་པགས་པའི་ཤམ་ཐབས་ནི་འདོད་ཆགས་ལ་སོགས་པ་རྣམ་པར་སྦྱོང་བས་སོ། །མི་མགོའི་ཕྲེང་བ་ནི་ཨཱ་ལི་ཀཱ་ལི་ལ་ཡི་གེ་ལྔ་བཅུའི་རང་བཞིན་གྱི་ཕྱིར་རོ། །ཐལ་བ་ནི་ལུས་ཐམས་ཅད་ལ་བྱུགས་པ་སྟེ་ལུས ་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱབ་པ་མཚོན་པའོ། །མདུན་དུ་ཞེས་པ་ནི་བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པས་འཁྱུད་ནས་གནས་སོ་ཞེས་པའི་དོན་ཏོ། །དུམ་བུས་བརྒྱན་པའི་སྐེ་རགས་ནི་ཐོད་པའི་དུམ་བུས་བརྒྱན་པའི ་སྐུ་སྨད་ཀྱི་རྒྱན་ནོ། །བསྐལ་པའི་མེ་ལྟ་བུ་ནི་སྟོང་པ་ཉིད་ཀྱི་ཚུལ་གྱིས་འགྲོ་བ་མི་དམིགས་པར་མཉམ་པའོ། །གཟི་བརྗིད་ཆེ་བ་ནི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྣང་བའི་སྦྱོར་བས་སོ། །དེ་ལྟ་བས་ན་ཉི་མའི་འོད་ཀྱི་དཀྱིལ་འཁོར་ཅན་ནོ། །ཟླ ་མཚན་དང་ལྡན་པས་འཛེག་པའོ། །ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པར་རྟོགས་པར་བྱའོ། །མཉམ་པར་འཁྱུད་པ་ནི་སྐུ་ལ་འཁྲིལ་བར་བྱས་ནས་གནས་པའོ། །བདེ་ཆེན་ཐུགས་རྗེའི་བདག་ཉིད་ཅན་ནི་ལྷག་མཐོང་གི་རང་བཞིན་གྱིས་བདེ་བ ་ཆེན་པོར་ཐིམ་ནས་ཀྱང་འགྲོ་བའི་དོན་བྱེད་པའོ། །ཅུང་ཟད་རྒོད་དང་ཡོངས་སུ་འཁྱུད། །གཅེར་བུ་ཉིད་དང་སྐྲ་གྲོལ་བ། །སྐུ་ལྡང་བདེ་བ་སྐྱེད་པ་ཡི། །རྟགས་ལྔ་པོ་ནི་ཕྱི་རོལ་དུའོ། །རྟགས་གསུམ་དངོས་སུ་གསུངས་པ་ཡིས། ་དེ་ན་རྟགས་གཉིས་རྟོགས་བྱས་སོ། །འཁོར་ལོ་ལྔར་གནས་ལྷ་མོ་རྣམས། །རྟགས་ལྔ་ཡིS་ནི་ཡང་དག་གནས། །རྡོ་རྗེ་ལ་སོགས་པའི་སྦྱང་བ་བརྗོད་པར་བྱ་སྟེ། ཧཱུཾ་ཡིག་དཀར་པོ་ལས་རྡོ་རྗེ་བྱཱ་ཡིག་དམར་པོ་ལས་ནོར་བུ ་དམར་པོ་རྩེ་མོ་ལ་བྱཱ་ཡིག་སེར་པོས་མཚན་པའོ། ཨཱ(རྒྱུད་འགྲེལ་དེ་ནས་བཅོམ་ལྡན་འདས་ཀྱིས། ཨོཾ་བཛྲ་བཻ་རོ་ཙཱ་ནཱི་ཞེས་པ་ལ་སོགས་པ་དང་ཨོཾ་སརྦ་བུདྡྷ་ཞེས་པ་ལ་སོགས་པ་ལྷ་མོའི་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་དག་གིས་བཅོམ་ལྡན་འདས་མའི་ལྟེ་བ་དང་སྙིང་ག་དང། དེ ་བཞིན་དུ་རང་གི་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་དག་གིས་མགྲིན་པ་དང་དཔྲལ་བར་འོ་བྱའོ། །བཅོམ་ལྡན་འདས་མས་བཅོམ་ལྡན་འདས་ཀྱི་སྙིང་པོ་དང་ཉེ་བའི་སྙིང་པོས་བཅོམ་རྩ་ལྡན་འདས་ཀྱི་མགྲིན་པ་དང ་དཔྲལ་བར་འོ་བྱའོ། །དེ་ནས་ཡི་གེ་གསུམ་གྱིས་དགའ་བ་བརྩམ་མོ། །ཕྱི་རོལ་དུ་ཡང་མཛེས་པའི་དགའ་བ་ལ་ཆོ་ག་འདི་ཁོ་ནའོ། །ལྷ་མོ་རྣམས་ཀྱི་གཡོན་དང་དཔའ་བོ་རྣམས་ཀྱི་གཡས་སུ་ཕྱག་མཚན་དང་པོ་དགོད་པར ་ཤེས་པར་བྱའོ། །རལ་བའི་ཐོར་ཚུགས་དང་དར་དབྱངས་ཅན་ནི་རལ་པའི་ཐོར་ཅོག་དང་དཔའ་བོའི་ཅོད་པན་དང་ལྡན་པ་ཅེས་པའི་དོན་ཏོ། །ནོར་བུ་ནི་གདུ་བུ་བའི་རྣམ་གྲངས་སོ། །ཡིད་འཕྲོག་གཟུགས་ནི་གཉིས་མ་སྟེ་མཚམས་སུ་གནས་པ ་དང?་དོག་གཉིས་གཉིས་པ་མིའི་གདོང་པ་ཅན་ཏེ་ཁྭ་གདོང་ལ་སོགས་པའི་ཞལ་ནི་མ་ཡིན་ནོ། །ཡི་དགས་གདན་ལ་དྲག་ཆེན་མོ་ཅེས་པ་ནི་བརྒྱད་ཅར་ལ་ཡང་རྟོགས་པར་བྱའོ། །དུར་ཁྲོད་དུ་གནས་བའི་ཕྱིར་འདི་རྣམས་ཀྱི་གདན་རོ་ཉིད་དོ། ། ་དཔའ་བོ་རྣལ་འབྱོར་མ་ཀུན་གྱི་ནི་ཕག་མོ་ལ་སོགས་པ་རྣམས་སོ། །ལྷའི་རྣམ་པ་ལ་སོགས་པ་ལ་མངོན་པར་ཞེན་པ་དོར་བ་དང་ཐམས་ཅད་ཤེས་པ་ཉིད་ཐོབ་པར་བསྟན་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སྦྱར་བར ་བྱས་ཏེ། དེ་ལ་ལུས་རྗེས་སུ་དྲན་པ་ཉེ་བར་གཞག་པ་ནི་གཟུགས་ཀྱི་ཕུང་པོ་ཡོངས་སུ་ཤེས་པ་ལ་གཞོལ་བའོ། །ཚོར་བ་རྗེས་སུ་དྲན་པ་ཉེ་བར་བཞག་པ་ནི་ཚོར་བའི་ཕུང་པོ་ཡོངས་སུ་ཤེས་པ་རབ་ཏུ་བརྩོམ་པའོ། །ཆོས་རྗེས་སུ་དྲན ་པ་ཉེ་བར་གཞག་པ་ནི་འདུ་ཤེས་དང་འདུ་བྱེད་ཀྱི་ཕུང་པོའི་ཆོས་རྣམས་སྒྱུ་མ་ལྟ་བུ་ཉེར་བར་འཛིན་པའོ། །སེམས་རྗེས་སུ་དྲན་པ་ཉེ་བར་བཞག་པ་ནི་རྣམ་པར་ཤེས་པའི་ཕུང་པོའི་རང་བཞིན་སོ་སོར་འབྱེད་པའོ། །འདུན་པའི་རྫུ་འཕྲུལ ་གྱི་རྐང་པ་ནི་དམ་པའི་ཆོས་ཐོས་པ་ལ་སོགས་པ་ལ་མངོན་པར་ཞེན་ཅིང་ཤིན་ཏུ་གུས་པའོ། །བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་བརྩོན་འགྲུས་ཀྱི་རྒྱུན་ཉིད་གོམས་པའོ། །སྤྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ནི་ཤིན་ཏུ་རྣམ་པར་སྤྱོད་པའོ ་སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་བྱང་ཆུབ་མངོན་དུ་བྱེད་པ་ལ་མཆོག་ཏུ་གྱུར་པའོ། །དད་པ་ནི་བདེན་པ་དང་དཀོན་མཆོག་གསུམ་དང། ལS་དང་འབྲས་བུ་ལ་མངོན་པར་མི་ལྡོག་པར་བྱའོ་ཡིད་ཆེས་ཏེ། ཐོས་པ་དང་བསམ་པ་ལ་སོགས་པ་རབ་ཏུ་བྱེད་པའོ་དབང་པོ་ནི་ཉེ་བར་གཟུང་བ་ལ་དབང་ཕྱུག་ཏུ་གྱུར་པའོ། །བརྩོན་འགྲུས་ཀྱི་དབང་པོ་ནི་ངེས་པར་བྱ་དགོས་པ་ཉིད་ངེས་པར་གཟུང་བའོ། །དྲན་པའི་དབང་པོ་ནི་དྲན་པ་མི་རྨུགས་པ་ཉིད་ཀྱིས་མ་རིག་པའི་གོ་སྐབས་མེད་པའོ། །ཏིང་ངེ་འཛིན་གྱི ་འདི་ནི་དེའི་ཞེས་དབང་པོ་ནི་སེམས་རྩེ་གཅིག་པ་ཉིད་ཀྱི་མཚན་ཉིད་དོ། །ཤེས་རབ་ཀྱི་དབང་པོ་ནི་སྤང་བྱ་དང་བླང་བྱ་ལ་དེ་ཉིད་ངེས་པར་གཟུང་བའོ། །དབང་པོ་ལྔ་ཉིད་རབ་ཀྱི་མཐར་ཕྱིན་པའི་གནས་སྐབས་ནི་སྟོབས་རྣམས་སོ། །དད་པའི ་དབང་པོ་བརྩོན་འགྲུས་ལ་ཕྱོགས་པ་ཉིད་དང་པོའི་སྟོབས་སོ། །བརྩོན་འགྲུས་ཀྱི་དབང་པོ་ཡང་དག་པར་འཕེལ་བ་ནི་དྲན་པའི་སྟོབས་སོ། །དྲན་པའི་དབང་པོ་རབ་ཏུ་གསལ་བའི་གནས་སྐབས་ནི་ཏིང་ངེ་འཛིན་གྱི་སྟོབས་སོ། ། ་ཏིང་ངེ་འཛིན་གྱི་དབང་པོ་སྟོབས་ཆེན་ཉིད་ནི་ཤེས་རབ་ཀྱི་སྟོབས་ཏེ། ཤེས་རབ་ཀྱི་དབང་པོ་ཕྲ་མོ་ལ་སྤྱོད་པའོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཏིང་ངེ་འཛིན་བྱང་ཆུབ་ཀྱི་རྒྱུ་ཁོ་ནའོ། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི ་ཡན་ལག་ནི་ལེ་ལོའི་གོ་སྐབས་མེད་པའོ། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་དགེ་བ་ཡང་དག་སྤོང་བ་བསྔོ་བཤགས་ཀུན་དུ་འཛིན་པའོ། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་དགེ་བའི་ལས་ལ་སེམས་ལས་སུ་རུང་བའོ། ། ་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་བདག་མེད་པའི་རང་བཞིན་ལ་དེ་ཉིད་དུ་ངེས་པར་འཛིན་པའོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་མི་བརྗེད་པའི་ངང་ཚུལ་ཉིད་དོ། །བཏང་བསྙོམས་ཡང་དག ་བྱང་ཆུབ་ཀྱི་ཡན་ལག་ནི་ཏིང་ངེ་འཛིན་བསྒྲིམ་མི་དགོས་པ་ཉིད་དོ། །ཡང་དག་པའི་ལྟ་བ་ནི་སངས་རྒྱས་ཀྱི་གསུངས་ལ་མཆོག་ཏུ་གུས་ཤིང་ཕྱིན་ཅེ་མ་ལོག་པའི་དོན་རབ་ཏུ་རྟོགས་པའོ། །ཡང་དག་པའི་ཀུན་དུ་རྟོག་པ་ནི་ལེགས་པའི་བྱ་བ ་བརྩམས་པ་ཡོངས་སུ་མི་འདོར་བའོ། །ཡང་དག་པའི་དག་ནི་སེམས་ཅན་མི་བསླུ་བའི་ཚིག་གོ། ཡང་དག་པའི་ལས་ནི་གང་བྱ་བ་ཐམས་ཅད་དགེ་བ་བཅུ་ལས་མི་འད་བའོ?། །ཡང་དག་པའི་འཚེ་བ་ནི་སེམས་ཅན་ལ་འཆོ་བ་མ་ཡིན་པའི ་ཆུ་ལ་གྱིས་འཚོ་བའོ། ཡང་དག་པའི་རྩོལ་བ་ནི་དགེ་བའི་བྱ་བ་བསྒྲུབ་ལ་སྟེ་མཆོད་རྟེན་ལ་ཕྱག་འཚལ་བ་ལ་སོགས་པ་སྔོན་དུ་འགྲོ་བས་གནས་ལ་སོགས་པ་བསྐོར་བའོ། །ཡང་དག་པའི་དྲན་པ་ནི་སངས་རྒྱས་ཀྱི་གསུང་རྗེས་སུ་དྲན་པའོ།། ་ཡང་དག་པའི་ཏིང་ངེ་འཛིན་ཤྲཱི?་?་རུ་ཀའི་ཚུལ་དུ་དམིགས་པའོ། །དེ་ནས་ཞེས་པ་ལ་སོགས་པ་ནི་གོ་སླའོ། །གནས་ཞེས་པ་ལ་སོགས་པ་ན་གོ་རིམ་ཇི་ལྟ་བར་ས་བཅུ་རྣམ་པར་དག་པ་དང་གནས་ལ་སོགས་པ་སྦྱར་ཅེས་པའི་དོན་ཏོ། དེ་ལ ་གནས་དང་ཉེ་བའི་གནས་ལ་སོགས་པ་རིམ་པ་བཞིན་རབ་ཏུ་དགའ་བ་དང། དྲི་མ་མེད་པ་དང། འོང་བྱེད་བ་དྲང། འོད་ཕྲོ་བ་དང། འོད་ཕྲོ་བ་དང། ཤིན་ཏུ་སྦྱན་དཀའ་བ་དང། མངོན་དུ་གྱུར་བ་དང། རིང་དུསོང་བ་དང། མི་གཡོ་བ་དང། ལེགས་པའི་བློ་གྲོས་དང། ཆོས་ཀྱི་སྤྲིན་ནོ། །པུ་ཛཱ་ཞེས་པ་ལ་སོགས་པ་ལ་འདིར་མན་ངག་ནི་པུཾ་ཛཱ་ཞེས་པ་ལ་སོགས་པ་ཐམས་ཅད་ཀྱང་ཐིག་ལེ་དང་བཅས་པར་བརྗོད་པར་བྱའོ། །པཱུཾ་གི་རྣམ་པ་ལ་སོགས་པའི་ཡི་གེ ་ཡོངས་སུ་གྱུར་པ་ལས་གནས་ལ་སོགས་པའི་གནས་རྣམས་མགོ་བོ་ནས་བརྩམས་ཏེ་རྩིབས་མེད་བའི་འཁོར་ལོའི་རྣམ་པར་སྐད་ཅིག་གིས་བལྟ་བར་བྱའོ། །གནས་ལ་སོགས་པའི་གནས་དེ་རྣམས་སུ་གནས་པའི་རྩ་རྣམས ་དེ་དང་དེའི་ལྷའི་ངོ་བོར་ཡོངས་སུ་གྱུར་ཏེ་གནས་པར་བསྒོམ་མོ། །རྣ་བ་ཞེས་པ་ནི་རྣ་བའི་བུ་གའི་ནང་དུའོ། །དེ་ལྟར་ཅི་དང་ལྟེ་བ་དང་རྟགས་དང་བཤད་པ་དང་སྨིན་མཚམས་དང་མིག་དང་སྣ་རྣམས་ལ་ཡང་གོ་བར་བྱའོ། ་མཁའ་སྤྱོད་མ་ཞེས་པ་ནི་མཐོ་རིས་ན་གནས་པ་རྣམས་བསྡུས་པའོ། །ས་སྤྱོད་མ་ནི་ས་སྟེང་གི་རྣམས་སོ། །ས་འོག་ན་གནས་མ་ནི་ས་འོག་ཏུ་སོན་པ་རྣམས་སོ། །ཇི་ལྟར་ཕྱི་རོལ་གྱི་གནས་ལ་སོགས་པའི་དྲུང་ན་གནས་པའི ་ཆུ་དིའི?་རྒྱུན་གྱི་ཆུས་གནས་ལ་སོགས་པ་གསོ་བར་བྱེད་བ་དེ་ལྟར་ལུས་ལ་ཡང་རྩ་རྣམས་ཀྱིས་ཐོད་པའི་དུམ་བུ་སེན་མོ་ལ་སོགས་པ་རྣམས་གསོ་བར་བྱེད་པས་མཉམ་པ?་ཉིད་དོ། །ཕྱི་རོལ་དུ་རྡོ་རྗེའི་གནས་ནི་བྱང་ཆུབ་ཆེན་པོའི་མིང་ཅན་གྱི ་གནས་ལ་ཆུ་བོ་ནི་རཉྫ་ནའོ། །ལུས་ལ་བདེ་བ་ཆེན་པོའི་འཁོར་རོ་ནི་རྡོ་རྗེ་གནས་ཏེ་ཨ་ཧོཾ་གཙོ་བོ་དང་གཙོ་མོ་ཝ་དྷཱུ་ཏཱི་ནི་ནི་རཉྫ་ནའོ། །ཞལ་དང་ལྟེ་བ་དང་སྣ་དང་རྟགས་དང་བཤད་བའི་སྒོར་དང་རྣ་གཡས་རང་ལོ་ནང་དུ་ཡོང་གསུང་རིམ་པ་བཞིན་ཁྭ་གདོང་མ ་ལ་སོགས་པ་སྒོ་སྐྱོང་མ་རྣམས་སོ། །མཛོད་སྤུ་དང་རྣ་བ་དང་མིག་དང་སྣའི་སྒོར་གཤིན་རྗེ་བརྟན་མ་ལ་སོགས་པའོ། །སྙིང་གར་གནས་པའི་འབྱུང་བ་བཞིའི་རང་བཞིན་གྱི་རྩ་བཞིར་ནི་མཁའ་འགྲོ་མ་ལ་སོགས་པའོ། །སྙིང་ག་དང་མགྲིན་པ་དང་ལྟེ་བ་དབང? ་པདྨའི་ལྟེ་བ་རྣམས་ལ་མཁའ་འགྲོ་མ་ལ་སོགས་པ་བཞིའོ། །རྗེ་བཙུན་རྣ་བ་དང་མིག་གཡོན་དང་གཡས་སུ་ཟེར་དང་རྗེ་བཙུན་མཱི་གནས་ནི་མན་ངག་ལས་ལྟ་སྟེ་ཞེས་པ་ཡོངས་སུ་རྫོགས་པའི་ལུས་ཀྱི་དཀྱིལ་འཁོར་ཡང་དང་ཡང་དུ་མོས་པར་བྱའོ། །དེ་ནས་གསུངས་པའི་དོན་ཉིད ་འཇུག་སྟུང་པར་བྱེད་པ་ནི་སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས་ཞེས་པ་ལ་སོགས་པ་སྟེ། མཐོ་རིས་མི་ཡུལ་ས་འོག་དག་སྐད་ཅིག་གིས་ནི་སྐུ་གཅིག་འགྱུར་ཞེས་པ་མཐོ་རིས་ལ་སོགས་པ་དང་དབྱེར་མེད་པའི་སྐུ་དེའི་རང་བཞིན་བཅོམ་ལྡན་འདས་སུ་འགྱུར་ཏེ་བསྐྱེད ་དེ་ཅེས་པའི་དོན་ཏོ། །ཇི་ལྟར་ཞེ་ན་སྨྲས་པ། སྐུ་གསུང་ཐུགས་ཀྱི་དབྱེ་པ་ཡིས། ཞེས་པ་སྟེ། ཕྱི་དང་ནང་དག་འཁོར་ལོ་གསུམ་གྱི་རང་བཞིན་ནོ་ཞེས་པའི་དོན་ནོ། །གང་ལས་ཞེ་ན་ཡི་གེ་གསུམ་གྱི་རང་བཞིན་ལས་ཞེས་ཏེ་ཡི་གེ་གསུམ་ལS ་དེར?་ཡོངས་སུ་གྱུར་པའི་ལྷ་ནས་རང་གི་རང་བཞིན་ཧཱུཾ་གི་རྣམ་པ་གང་བསྐྱེད་པ་དེ་ནི་དེ་བཞིན་ནོ། །དེ་བས་ན་སྐད་ཅིག་ལས་ལྷན་ཅིག་སྐྱེས་བའི་དགའ་བའི་རང་བཞིན་ནོ་ཞེ་པའི་དོན་ནོ། །སྐད་ཅིག་གིས་ཞེས་པ་ནི་ཕྱག་མཚན་ལ་སོགས་པ་ལམ་བལྟས་པའི ་?་རྗེ་སྐད་?་རྣམ་པས་རྣལ་འབྱོར་བདག་ཅེས་པ་བཅོམ་ལྡན་འདས་མ་དང་བཅས་པ་ཉིད་དུ་སྐད་ཅིག་ལ་རྫོགས་པའི་ཕྱིར་རོ། །སྐད་ཅིག་རྣམས་པས་ཕྱག་རྒྱ་ཅན་ནི་བདག་ཉིད་དང་དུས་མཉམ་པ་ཁོ་ནར་ཤེས་རབ་དང་ལྗོན་ཅེས་པའི་དོན་ཏོ ་?་ཐམས་ཅད་ཏེ་ཅེས་པ་ནི་སྐད་ཅིག་གིས་གཞལ་ཡས་ཁང་དང་དཔའ་བོ་དང་དཔའ་མོའི་དབང་ཕྱུག་རྣམས་རྫོགས་བའོ། །སྐད་ཅིག་ལ་ནི་གསང་སྔགས་བརྗོད་ཅེས་པ་རྫོགས་པའི་དུས་ཁོ་ནར་གསང་སྔག་ ་བརྗོད་པའོ། །སྔགས་ཀྱི་ཚིག་གསུངས་པ་ཨོཾ་ཨཱ:ཧཱུཾ་ཞེས་པ་ལ་སོགས་པའོ། །དེ་ནས་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ནི་མདོར་བསྟན་པའོ། །མྱུར་དུ་ཅེས་པ་ནི་མཆོད་ཡོན་ལ་སོགས་པ་ལ་མ་ལྟོས་པར་རོ། །དེ་ནས་ཅེས་པ་ལ་སོགས་པ་ནི་རྒྱས་པར ་བཤད་པའོ། །ོཾ་ཧ་ཞེས་པ་ལ་སོགས་པའི་སྔགས་རྣམས་དང་ལྷ་རྣམས་ཐ་མི་དད་པས་སྔགས་རྣམས་དེ་དང་དེའི་ཁ་དོག་ཏུ་བསྒོམ་མོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་སྐུ་མདོག་ནི་གོ་རིམ་བཞིན་དུ་དཀར་པོ་དང། སེར་པོ་དང། དམར་པོདང།ནག་པོ་དང་།དམར་པོ་དང། ་ལྗང་ཁུའོ། །ཡན་ལག་ཐམས་ཅད་ལ་མཚོན་ཆ་ཅེས་པནི་པགས་པའི་ནང་ན་གནས་པའི་རྡུལ་ཕྲ་རབ་རྣམས་དེའི་རང་བཞིན་དང་ཁ་དོག་ཅན་དུའོ། །དེ་ཁོ་ན་བཞིན་དུ་བཅོམ་ལྡན་འདས་མ་ལ་ཡང་ངོ། །ོཾ་བཾཅེས་པ་ལ་སོགས་པའི་སྔགས་རྣམས་ནི་ཁ་དོག་དམར་པོ་དང་སྔོན་པོ་དང་དཀར ་པོ་དང་སེར་པོ་དང་ལྗང་ཁུ་དང་དུ་བ་འཁྱིལ་བ་ལྟ་བུའོ། །ཡང་ན་སྔགས་དེ་དག་ཡོངས་སུ་གྱུར་པ་ལས་གནས་དེ་དང་དེ་རྣམས་སུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒོམ་པར་བྱའོ། །རྡོ་རྗེ་སེམས་དཔའ་དང། རྣམ་པར་སྣང་མཛད་དང། པདྨ་གར་གྱི་དབང་ཕྱུག་དང། དཔལ་ཧེ་རུ་ཀ་དང། རྡོ ་རྗེ་ཉི་མ་དང། རྟ་མཆོག་རྣམས་ཀྱི་སྐུ་མདོག་དཀར་པོ་དང། ཁ་དོག་དམར་པོ་དང། ནག་པོ་དང་དམར་པོ་དང་ལྗང་ཁུའོ། །རྡོ་རྗེ་ཅན་ནི་ཞལ་གསུམ་པ་ཕྱག་དྲུག་པའོ། །དེ་ལས་གཞན་ནི་ཞལ་གཅིག་ཕྱག་བཞི་པའོ། །རྡོ་རྗེ་ཅན་གྱི་གཡས་ན་རྡོ་རྗེ་དང། ཌ་མ་རུ་དང། མགོ་པོའོ། །གཡས་མིན་ན་དྲིལ་བུ་དང ་ཐོད་པ་དང་ཁ་ཊཝཱཾ་གའོ། །གཙོ་བོ་དང་གཡས་པ་དང་ཅིག་ཤོས་ཀྱི་ཞལ་ནི་དཀར་པོ་དང་དམར་པོ་དང་ནག་པོའོ། །གཞན་རྣམས་ཀྱི་གཡས་དག་ན་འཁོར་ལོ་དང། པདྨ་དང། རྡོ་རྗེ་དང། རིན་པོ་ཆེ་དང། རལ་གྲི་ཁོ་ན་དང་ཌ་མ་རུའོ། །གཡོན་དག་ན་ནི་དྲིལ་བུ་དང་ཐོད་པ་དང་བཅས་པའི་ཁ ་ཊཝཱཾ་གའོ། །ཕག་མོ་ནི་དམར་པོ་དང་སྔོན་པོ་དང་ལྗང་ཁུ་སྟེ་ཞལ་གསུམ་པ། གཡོན་ན་ཐོད་པ་དང་ཁ་ཊཝཱཾ་ག་དང་ཞགས་པ་དང། གཡས་ན་ལྕགས་ཀྱུ་དང་ཚངས་པའི་མགོ་བོ་དང་གྲི་གུག་འཛིན་པའོ། །གཤིན་རྗེ་མོ་དང། །རྨོངས་བྱེད་མ་དང། སྐྱོང་བྱེད་མ་དང། སྐྲག་བྱེད་མ་དང། གཏུམ ་མོ་རྣམས་སྔོན་མོ་དང་དཀར་མོ་དང་སེར་མོ་དང་ལྗང་ཁུ་དང། དུ་བ་འཁྱིལ་བའི་མདོག་ཅན་གཅེར་བུ་སྐྲ་གྲོལ་པ་སྤྱན་གསུམ་མ། ཕྱག་བཞི་མ། གཡོན་དག་ན་ཐོད་པ་དང་བཅས་པའི་ཁ་ཊཝཱཾ་ག་དང་དྲིལ་བུ། གཡས་ན་ནི་ཌ་མ་རུ་དང་གྲི་གུག་འཛིན་པའོ། །འདི་དག་ཐམས་ཅད་ཀྱང་འདིར་གཡས ་བརྐྱང་གིས་གདན་ལ་བཞུགས་པའོ། །འདིར་ཐམས་ཅད་ཀྱང་གང་ཞིག་དཀར་པོ་རྣམས་ཟླ་བའི་འོད་ཀྱི་དཀྱིལ་འཁོར་ཅན་ནོ། །གཞན་ནི་ཉི་མའི་འོད་ཀྱི་དཀྱིལ་འཁོར་ཅན་ནོ། །འཛུབ་མོ་འདུད་པ་ནི་འཛུབ་མོ་གཉིས་འདུད་པ་བྱས་པའོ། །འདི་ལྟར་གསུངས་པ་ཡིན་ཏེ། ཕྱོགས་དང་ཕྱོགས ་མཚམས་ཐམས་ཅད་ན་གནས་པའི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ཡོངས་སུ་གྱུར་པའི་རང་བཞིན་ཡེ་ཤེས་ཀྱི་འཁོར་ལོ་སྔགས་དང་ཕྱག་རྒྱ་དག་གིས་བསྐུལ་པ་སྙིང་གའི་འོད་ཟེར་གྱིས་སྤྱན་དྲངས་པ་པི་ཝང་མ་ལ་སོགས་པའི་ལྷ་མོ་བཅུ་དྲུག་པོ་རྣམས་ཀྱིས་མཆོད ་བཞིན་པ་སྐད་ཅིག་གིས་བདག་ཉིད་ལ་བཞུག་གོ་། །དེ་ནས་ཨོཾ་ཡོ་ག་ཞེས་པ་ལ་སོགས་པའི་སྔགས་བརྗོད་ཅིང་པད་སྐོར་གྱིས་སྙིང་གའི་ཕྱག་རྒྱ་བྱ་ཞིང་སྙིང་གའི་ཕྱག་རྒྱ་སྡུད་པ་ན་འཁྱུང་པའི་ཚུལ་བྱའོ། །ོཾ་ཨཱ:ཧཱུཾ་ཞེས་པ་ལ་སོས་པའི་སྔགས་གསུམ་གྱིས་བྱིན་གྱིས་བརླབ་པོ ་ཅེས་པའོ། །དེ་ནས་དབང་བསྐུར་བར་བྱ་སྟེ། དེ་ལ་འདིའི་མན་ངག་ནི་ཡེ་ཤེས་ཀྱི་འཁོར་ལོ་དང་དུས་མཉམ་དུ་སྤྱན་དྲངས་པའི་རྡོ་རྗེ་རྣལ་འབྱོར་མ་ཡེ་ཤེས་ཀྱི་བདུད་རྩིས་གང་པའི་ཐོད་པ་དང་ཌ་མ་རུ་འཛིན་པ། སྙིང་གའི་ས་བོན་ལས་བྱུང་བའི་པི་ཝང་མ་ལ་སོགས་པའི་ལྷ་མོས་མཆོད་པ ་རྣམས་ཀྱིས་ཇི་ལྟར་ཅེས་པ་ནས་ཁྲུས་གསོལ་བགྱི་ཅེས་པའི་བར་བརྗོད་ཅིང་ཕྱག་གཡོན་པའི་ཐོད་པ་ཅུང་ཟད་ཡོ་བར་བྱས་ཏེ་བླུག་པ་དེའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས་བདེ་བ་ཆེན་པོའི་རང་བཞིན་དུ་བདག་ཉིད་བསམ་མོ། །ལྷ་རྣམས་ཀྱི་སྤྱི་བོར་ཆུ་ལྷག་མ་ལས ་རྫོགས་པའི་དེ་བཞིན་གཤེགས་པ་རྣམས་བལྟ་སྟེ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཅེས་པ་ལ་སོགས་པའི་སྔགས་བརྗོད་དོ། །དེ་ལ་བཅོམ་ལྡན་འདས་ལ་མི་བསྐྱོད་པའོ། །བཅོམ་ལྡན་འདས་མ་ལ་རྣམ་པར་སྣང་མཛད་དོ། །མཁའ་འགྲོ་མ་ལ་སོགས་པ་ལ་རིན་ཆེན་འབྱུང་ལྡན་ནོ། །ཐུགས་དང ་གསུང་དང་སྐུའི་འཁོར་ལོར་གནས་པ་རྣམས་ལ་མི་བསྐྱོད་པ་དང་འོད་དཔག་མེད་དང་རྣམ་པར་སྣང་མཛད་དོ། །དམ་ཚིག་གི་འཁོར་ལོར་གནས་པ་རྣམས་ལ་དོན་ཡོད་གྲུབ་པའོ། །དེ་ནས་མཆོད་པ་སྔོན་དུ་འགྲོ་བས་ལྷ་མོ་རོ་མས་དྲངས་པའི་བདུད་རྩི་མྱང་བར་བྱའོ། །སྙིང་པོ ་ལ་སོགས་པ་ནས་རྐང་པ་བརྒྱད་པའི་བར་གྱི་སྔགས་ཀྱིས་བསྟོང་པར་བྱའོ། །དེ་ནས་དཀྱིལ་འཁོར་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་བདག་ཉིད་གཟུགས་བརྙན་ལྟ་བུར་མོས་པར་བྱའོ། །བཟླས་པའི་རྗེས་ལ་གཏོར་མའི་ཆོགས་གསུངས་པ་ནི་ཕྱིས་བརྗོད་པར་བྱའོ། །སོ་དང་སེན་མོ? ་སོགས་པ་ལ་ཐོད་པའི་དུམ་བུ་ལ་སོགས་པ་ནི་སོ་དང་སེན་མོ་ལ་སོགས་པ་ཐོད་པའི་དུམ་བུ་ལ་སོགས་པའི་རང་བཞིན་ནོ་ཞེས་པའི་དོན་ཏོ། །ཚངས་སྐུད་ལ་སོགས་པ་སྔགས་ལ་སོགས་པའི་ཚུལ་གྱིས་རྣམ་པར་དག་པ་གསུངས་པ་དཔའ་བོ་རྩ་སྔགས་ཅེས་པ་ལ་སོགས་པའོ། ། ་ཡང་དང་ཡང་དུ་བརྗོད་པ་ནི། འདི་ལྟར་མཚོན་པ་སྟེ་ཕྱག་རྒྱ་མ་བཟུང་བར་སྔགས་བརྗོད་པ་ཁོ་ནས་ཀྱང་དེ་དང་མཚུངས་པའི་འབྲས་བུ་འབྱུང་ངོ་ཞེས་པའི་དོན་ཏོ། །དཔའ་བོ་ཅེས་པ་དཔའ་པོའིའོ། །རྩ་སྔགས་ནི་ཕྲེང་བའི་སྔགས་སོ། །དེ་ཁོ་ན་དང་པོས་ཏེ་མཆོག་གོ་།ཁམས་སུ་བརྟགས ་པ་ཡིན་ཅེས་པ་ནི་སེན་མོ་དངོས་ལ་སོགས་པར་བརྟག་ཅེས་པའི་དོན་ཏོ། །དཔའ་བོའི་གོ་ཆ་དྲུག་གིས་དང་ཅེས་པ་བཅོམ་ལྡན་འདས་ཀྱི་གོ་ཆའི་སྔགས་དྲུག་གི་ཅེས་པའི་དོན་ཏོ། །ཕྱག་རྒྱ་འདི་ནི་ཅེས་པ་ཕྱག་དྲུག་གིས་ཅེས་པའི་དོན་ཏོ། །རྡོ་རྗེ་ཕག་མོའི་སྔགས་གང་ཡིན་པ་?་པ ་ནི་ལྟ་མོའི་ཕྲེང་བའི་སྔགས་ཀྱིས་ཅེས་པའོ། །སརྦ་བུདྡྷ་ཌཱ་ཀི་ནཱི་ཅེས་པ་ཨོཾ་སརྦ་བུད་དྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཅེས་པའི་དོན་ཏོ། །རྣལ་འབྱོར་མ་དྲུག་ཞེས་བྱ་བའི་སྔགས་ཀྱིས་ཅེས་པ་ནི་གོ་ཆའི་རྣལ་འབྱོར་མ་དྲུག་གི་སྔགས་སོ། །འཁོར་ལོ་ཀུན་གྱི་རྣལ་འབྱོར་མ ་ཅེས་པ་ནི་མཁའ་འགྲོ་མ་ལ་སོགས་པ་ནས། གཤིན་རྗེ་འཛོམ་མའི་བར་གྱི་ལྷ་མོ་རྣམས་ཀྱི་སྔགས་ཀྱིས་ཅེས་པའི་དོན་ནོ། །སྔགས་ནི་བཏུང་བའི་ཐོད་པ་ཅེས་པ་ནི་འདིར་སྔགས་ནི་སྙིང་རྗེའོ། །བཻ་རོ་ཙ་ན་ཞེས་སྔགས་གང་ཞེས་པ་ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡི་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ ་ཅེས་པའི་འདིའོ། །དེ་ལྟར་ཅེས་པ་ལ་སོགས་པས་ནི་སྤྱོད་པའི་དུས་སུ་གང་བྱ་བ་དེ་གསུངས་པ་སྟེ་རྣམ་པར་བསམ་ཅེས་པ་གོ་ཆ་བགོས་ནས་ཚམ་རྔ་མ་སྔགས་ནི་ཞལ་བཞི་པའི་སྔགས་ཏེ་ངེས་ཤིན་ཏུ་བསྲུང་བ་ནི་ཡང་དང་ཡང་དུ་བརྗོད་པས་སོ། །ཚངས་པར་སྤྱོད་པར་རྟག་གྱུར་ནས་ཅེས ་པ་ནི་སྲིད་པ་ཐམས་ཅད་འཁོར་ལོ་སྡོམ་པའི་རང་བཞིན་དུ་རྒྱུན་མི་འཆད་པར་བལྟ་བར་བྱའོ་ཞེས་པའི་དོན་ཏོ། །རྐང་པ་བརྒྱད་པའི་སྔགས་ཀྱིས་མཆོད་ཅེས་པ་རྐང་པ་བརྒྱད་པའི་སྔགས་ཀྱིས་བདག་ཉིད་ལ་མཆོད་པའོ། །བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཐོང་ན་འཁོར ་ལོ་སྡོམ་པར་མོས་པ་ཉིད་ཀྱིས་རྐང་བ་བརྒྱད་པའི་སྔགས་ཀྱིས་བསྟོད་ནས་ཕྱག་ལ་སོགས་པ་བྱའོ། །སྤྱོད་པའི་དུས་སུ་ནི་བདག་ཉིད་ཁོ་ན་ལའོ། །འཁོར་ལོ་བདེ་མཆོག་སྡོམ་པ་ལ་ཅེས་པ་ཁམས་གསུམ་པའི་རང་བཞིན་གཉུག་མའི་གཟུགས་དང་ཐ་མི་དད་པའི་གཟུགས་ལ་ཅེས་པའོ།། ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་སྦྱར་བས་ཐམས་ཅད་ཤེས་པ་ཉིད་དང་ས་བཅུ་རྣམ་པར་དག་པ་གནས་ལ་སོགས་པ་དང་སྦྱར་བས་ནི་ལམ་ཤེས་པ་ཉིད་དང། གོ་ཆ་ལ་སོགས་པའི་རྣམ་པར་དག་པ་སྦྱར་བའི་མཐར་ཐུག་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གསུངས་སོ ་?་པ་ཤིན་ཏུ་རྣལ་འབྱོར་རོ། །ད་ནི་རྣལ་འབྱོར་ཆེན་པོ་ཡིས་རྡོ་རྗེ་འཆང་ཉིད་གསུངས་པ་ཨཱ་ལི་ཀཱ་ལི་མདུན་བསམས་ནས་ཅེས་པ་ལ་སོགས་པ་སྟེ་མདུན་ནི་དང་པོར་ཟླ་བ་བསྒོམ་པར་བྱ་ཞེས་པའི་དོན་ཏོ། །དེའི་ཅེས་པ་ཟླ་བའི་འོ། །ཡི་གེ་ཅེས་པ་ནི་ཧཱུཾ་གི་རྣམ་པའོ། །མཆོག་གི་གནས་ནི་རྡོ་རྗེ ་?་ས་དོན་ནོ། །ལྷའི་གཟུགས་ནི་བསྒོམ་པར་བྱ་ཅེས་པ་ཧཱུཾ་ཡོངས་སུ་གྱུར་པ་ལས་སོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ཅེས་པ་ནི་རྡོ་རྗེའི་འཛིན་པ་ཅེས་པའི་དོན་ནོ། །དེའི་གོང་བུ་འདས་གྱུར་པ་ཅེས་པ་ནི་བཅོམ་ལྡན་འདས་རིམ་གྱིས་ཞུ་བ་ལས་ནཱ་དའི་གཟུགས་ཉིད་དུ་བསྒོམ་པར་བྱ་ཅེས ་?་དོན་ཏོ། །སེམས་?་ཀྱང་ནི་ནཱ་ད་ཡང་ཅེས་པའོ། །བསམ་གྱི་མེ་ཁྱབ་ཅེས་པ་ལ་སོགས་པ་ནི་སྔར་གསུངས་པ་ཉིད་ངེས་པར་བཤད་པའོ། །དེ་ཡང་ནི་དེ་ལ་ཡན་ངོ། །སེམས་ཉི་དུ་ཡང་མཚོན་པ་མིན་ཅེས་པ་ཇི་ལྟར་བསམ་གྱིས་མི་ཁྱབ་ཅེས་པའི་རྣམ་པར་རྟོག་པར་ཡང་འགྱུར ་བ་མིན་པའོ་ཅེས་པའི་དོན་ཏོ། །འདིའི་ངེས་པར་བཤད་པ་ནི། དེ་ཡང་ཅེས་པ་ལ་སོགས་པ་སྟེ། དེ་ཡང་བསམ་གྱིས་མི་ཁྱབ་ཅེས་པ་ནི་བསམ་གྱིས་མི་ཁྱབ་པ་ཁོ་ན་བསམ་པར་བྱའོ་ཅེས་པའི་དོན་ནོ། །གཟུངས་ནི་ཅེས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ། །འདི་དག ་ཐམས་ཅད་ཀྱིས་འདི་ལྟར་བསྟན་ཏེ། ཨཱ་ལི་ཀཱ་ལིའི་ཕྲེང་བ་འོད་ཟེར་ལྔ་པ་འཁོར་ལོ་གསུམ་གྱི་ལྷ་རྣམས་འཕྲོ་བ་བརྗོད་ཅིང་སྣ་བུག་གཡས་པའི་རླུང་ལ་བརྟེན་ནས་སྤྲོས་ཏེ་འགྲོ་བ་འཁོར་ལོ་གསུམ་དུ་བྱས་ནས་ཐོག་མ་མེད་པ་ནས་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་དང་རོ ་མཉམ་པར་གྱུར་པ་རྣམས་སྣ་བུག་གཡོན་ནས་ཞུགས་ཏེ་ལྟེ་བར་རང་གི་རྣམ་པའི་གཟུགས་བརྙན་ཅན་ཟླ་བའི་དཀྱིལ་འཁོར་དུ་གྱུར་པར་རྣམ་པར་བསྒོམ་མོ། །དེར་སྐད་ཅིག་གིས་ཧཱུཾ་གི་རྣམ་པའོ། །ཟླ་བ་དང་ས་བོན་དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་སྐུ་མདོག་དཀར་པོ? ་གཡས་བརྐྱང་གིས་གདན་ལ་བཞུགས་པ་ནམ་མཁའ་ལ་བྲིས་པའི་རི་མོ་ལྟ་བུ། ཞལ་གཅིག་པ་ཕྱག་གཉིས་པ་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། རྡོ་རྗེ་ཕག་མོ་ཞལ་གཅིག་ཕྱག་གཉིས་མ་རྡོ་རྗེ་དང་ཐོད་པ་བསྣམས་པ་དང་སྙོམས་པར་འཇུག་པ་བལྟས་ནས་སྒྱུ་མའི ་དགའ་བའི་སྒྲས་ཡང་དག་པར་བཀུག་པའི་ཁམས་གསུམ་པའི་བདག་ཉིད་ཀྱི་འཁོར་ལོ་ནི་བདག་ཉིད་ལ་རིམ་པས་ཐིམ་པར་བསྒོམ་མོ། །རིམ་པ་ཡང་འགྲོ་བ་ནི་དུར་ཁྲོད་ལའོ། །དུར་ཁྲོད་ནི་ཕྱིའི་འཁོར་ལོ་ལའོ། །ཕྱིའི་འཁོར་ལོ་སྐུའི་འཁོར་ལོ་ལའོ། །སྐུའི་འཁོར་ལོ་གསུང་གི་འཁོར ་ལོ་ལའོ། །གསུང་གི་འཁོར་ལོ་ཐུགས་ཀྱི་འཁོར་ལོ་ལའོ། །ཐུགས་ཀྱི་འཁོར་ལོ་ནི་ཕྱོགས་སུ་གནས་པ་རྣམས་མཁའ་འགྲོ་མ་ལ་སོགས་པ་ལའོ། །དབང་ལྡན་ལ་སོགས་པའི་ཕྱོགས་མིན་དུ་གནས་པ་རྣམས་གཟུགས་ཅན་མ་ལ་སོགས་པ་ལའོ། །མཁའ་འགྲོ་མ་ལ་སོགས ་པ་ཡང་ཇི་ལྟར་བཞིན་བཅོམ་ལྡན་འདས་རང?་གི་ཞལ་དུའོ། །བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མ་ཡང་ཕྱག་གཉིས་པ་དང་དེའི་ཤེས་རབ་དག་ལའོ། །དེ་ཡན་མཉམ་པའི་དགའ་བས་ཆགས་པ་ཆེན་པོར་ཞུ་བ་དེ་ཡོངས་སུ་གྱུར་པ་ལས་ཧཱུཾ་གི?་རྣམ་པ་སེན་དུངས་ཕྱུག་པའི? ་མུ་ཏིག་ལྟ་བུ་བདེ་བ་ཆེན་པོའི་རང་བཞིན་ནོ། །དེ་ཡང་ཨའུའི་རྣམ་པ་ནི་ཧ་ལའོ། །ཧའི་རྣམ་པ་ནི་མགོ་བོ་ལའོ་མགོ་བོ་ནི་ཟླ་ཚེས་ལའོ་ཟླ་ཚེས་ཀྱང་ཐིག་ལེ་ལའོ་ཐིག་ལེ་ནི་ནཱ་ད་ལའོ་ནཱ་ད་ནི་སྐྲའི་རྩེ་མོ་བརྒྱ་སྟོང་གི་ཆ་ཙམ་གྱི་རང་བཞིན་དུ་བལྟའོ། །དབང་པོ་རྣོན་པོས་ནི་དེ་ཡན་མི་དམིགས ་པར་བྱའོ་ཅེས་པ་རྣལ་འབྱོར་ཆེན་པོའོ། །དལ་བར་གྱུར་ན་སྐད་ཅིག་གིས་དཀྱིལ་འཁོར་གྱི་འཁོར་ལོར་མོས་པར་བྱ་སྟེ་ལྟེ་བར་ཟླ་བ་ལ་ཧཱུཾ་དཀར་དམར་རམ་ནཱ་ད་བལྟས་ལ་ཡི་གེ་གསུམ་བརྗོད་ཅིང་ནཱ་ད་དེ་ལས་རླུན་འབྱུང་བ་ན་འཁོར་ལོ་ལྔ་ཡང་དག་པར་སྦྲོས་ཏེ་འགྲོ་བའི་དོན་བྱས ་ནས་སླབླར་ཡང་བརྗོད་ཅིང་སྔགས་དང་ལྷན་ཅིག་ཁོ་ནར་ཕྲེ་བའི་སྐུད་པ་འཐེན་བའི་ཚུལ་དུ་འཇུག་པའི་རླུང་གིས་ནཱ་ད་དེ་ཉིད་ལ་གཞུག་པར་བྱའོ། །དེ་ལྟར་ཡང་དང་ཡང་དུ་བྱའོ་ཞེས་པ་རྡོ་རྗེའི་བཟླས་པའི་རིམ་པའོ། །དེ་ཁོ་ན་བཞིན་དུ་ནཱ་ད་དེ་ལས་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་བརྗོད ་ཅིང་འཁོར་ལོ་སྡོམ་པའི་ལྷ་ཚོགས་སྔར་བཞིན་སྤྲོ་བ་དང་སྡུད་པ་ན་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་བཟླས་སོ། །ལྷ་སོ་སོའི་སྔགས་བརྗོད་པ་ཡོངས་སུ་རྫོགས་པ་ན་རེ་རེ་ཞིང་སྤྲོ་བ་དང་བསྡུ་བ་བྱ་བ་ནི་དམ་ཚིག་གི་བཟླས་པའོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ང་རྒྱལ་གྱིས་ནཱ་ད ་ལས་སྔགས་ཀྱི་ཕྲེང་བ་གྱེན་དུ་ལངས་ཏེ་ཞལ་ནས་འཐོན་ནས་རང་གི་ལྟེ་བར་ཞུགས་པ་རྡོ་རྗེའི་ལམ་ནས་པདྨར་སོན་པ་ཨ་བ་དྷཱུ་ཏིའི་ལམ་ནས་གྱེན་དུ་སོང་ཞིན་བཅོམ་ལྡན་འདས་མའི་ཞལ་ནས་འཐོན་ཏེ་རང་གི་ཞལ་གྱི་སྒོ་ནས་ནཱ་ད་ལ་ཐིམ་སྟེ་ཡང་དེ་ལས་ལངས་ནས་སྔར་བཞིན ་འཁོར་པར་བསྒོམ་ཞིང་ཕྲེང་བའི་སྔགས་བཟླས་སོ་ཅེས་པ་དོ་ལིའི་བཟླས་?་པའོ། །དེ་ནས་འཆད་པར་འགྱུར་བའི་རིམ་པས་གཏོར་མ་ཕུལ་ནས་སྨོན་ལམ་ཡང་བཏབ་སྟེ་ལྷའི་གཟུགས་ཀྱིས་གནས་པར་བྱའོ། །ཁྲུས་བྱེད་པའི་དུས་སུ་དབང་བསྐུར་པའི་ཆོག་ཡིས་བྱའོ། ། ་བཟའ་བའི་དུས་སུ་ནི་སྐད་ཅིག་གིས་དཀྱིལ་འཁོར་གྱི་རྣམ་པར་བསམས་ཏེ་ཆོ་ག་ཇི་ལྟ་བ་བསམ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པའི་གཏོར་མ་ཕུལ་ནས། ཨོཾ་ཁ་ཁ་ཞེས་པ་ལ་སོགས་པའི་སྔགས་ལན་ཅིག་བརྗོད་པས་ཕྱོགས་སྐྱོང་རྣམས་ལ་གཏོར་མ་ཕུལ་ཏེ ་བཟའ་བ་ལ་སོགས་པ་འབར་ལ་སོགས་པའི་ཆོ་གས་སྦྱངས་ཏེ་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ང་རྒྱལ་སྔོན་དུ་འགྲོ་བས། ཨོཾ་སམ་ཡ་ཤུདྡྷ:སརྦ་དྷརྨཱ:ས་མ་ཡ་ཤུདྡྷོཉཧཾ། ཞེས་པས་མངོན་པར་བསྔགས་པ་ལ་ལྕེ་ཧཱུམ་གི་རྣམ་པ་ལས་རྡོ་རྗེ་དཀར་པོའི་རང ་བཞིན་དུ་བྱས་ཏེ། ཨོཾ་ཨ་མྲི་ཏ་ཨུད་ཀ་ཧཱུཾ་ཧཱུཾ་ཋ་ཋ་ཏྲཱཾ་ཨཱ་ཁཾ་ཧཱུཾ། ཅེས་པ་འདི་དན་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ། ལྟེ་བར་གནས་པའི་ཧཱུཾ་དཾ་ནཱ་དི་ཚིམ་པར་བྱའོ། །གུང་ཐུན་ལ་ན་བསམ་གཏན་གྱི་ཁང་པར་ཞུགས་ཏེ་ཡི་གེ་གསུམ་ལ་སོགས་པའི་སྔགས་གསུམ ་བརྗོད་ཅིང་སྐད་ཅིག་གིས་དཀྱིལ་འཁོར་གྱི་འཁོར་ལོ་མོས་པར་བྱ་ཞིང་ཐམས་ཅད་སྔར་བཞིན་བྱས་ནས་ཇི་ལྟར་བདེ་བར་གནས་པར་བྱའོ། །ཕྱི་དྲོའི་ཐུན་ལ་ཡང་གུང་ཐུན་བཞིན་དུ་ཐམས་ཅད་བྱས་ནས་མཚན་ཕྱེད་ན་དག་གི་བྱ་བ་ཐམས་ཅད་ཨཱ་ལི་ཀཱ་ལིའི་བདག་ཉིད་དུ་ཁོང?་དུ་ཆུད ་པར་བྱས་ལ། ཨོཾ་ཚུར་བྱོན་ཚུར་བྱོན་དཔའ་བོ་ཆེ། །དག་པའི་ཆོ་ག་ནི་སྟོན་པ་པོ། །སྐྱེ་དང་འཇིག་དང་རང་འབྱུང་བ། །སྟོང་ཉིད་ཡེ་ཤེས་འདི་ཁོ་ནའོ། །དང་པོར་ཨའི་ཡི་གེ་དང་ཐ་མ་རཀྵའི་ཡི་གེ་ཧུཾ་ཧུཾ་ཕཊ་དང་བཅས་པ་བརྗོད་ཅིང་འོད་གསལ་མངོན་དུ་ཕྱོགས་པར་བྱས་ལ་གཉིད ་ཀྱང་འོད་གསལ་ཉིད་དུ་མོས་པར་བྱས་ཏེ་ཉལ་ལོ་ཐུན་མཚམས་ཐམས་ཅད་ཀྱི་མཐར་ཡི་གེ་ང་རྒྱལ་བརྗོད་པར་བྱའོ། །ཡང་སྔ་དྲོའི་ཐུན་ལ་བོད་གསལ་ལས་ལངས་ཏེ་དཀྱིལ་འཁོར་ལོ་མོས་པར་བྱས་ཏེ། ཨོཾ་ཚུར་བྱོན་ཅེས་པ་ལ་སོགས་པའི་སྔགས་ཐམས་ཅད་བརྗོད ་ཅིང་འདས་པ་སྔར་གསུངས་པ་ཐམས་ཅད་ལ་རྗེས་སུ་གནས་པར་བྱའོ། །ཁ་ཊཝཱཾ་ག་ནི་ལྷའི་སྐུ་ཅེས་པ་ལ་སོགས་ལ་ནས་གང་དུ་ཐོར?་པ་ལ?་འང་མི་གནས་པའོ་ཞེས་པའི་བར་གྱི་གཞུང་རྣམས། བཻ་རོ་ཙ་ནའི་ཞེས་སྔགས་གང། ཐོད་པས་དབུ་རྒྱན་བྱས་པའོ་ཅེས་པ་འདིའི་འཇུག་ཐོགས་སུ ་སྦྱར་བའོ། །ལྷའི་སྐུ་ཅེས་པ་དཔལ་ཧེ་རུ་ཀའི་སྐུའོ། །ཡང་ན་རུས་པའི་གཞུང་?་དེ་མཁའ་དང་འདྲ་བའི་ལུས་སོ་ཚིགས་ཁ་ཊཝཱཾ་གའི་རང་བཞིན་དུ་བབ?་དུ་རུང་པར?་བྱའོ། །ཉིན་མོ་ནི་དམིགས་པའི་ངོ་བོ་ཉིད་ཀྱི ་ཕྱིར་བཅོམ་ལྡན་འདས་སོ། །མི་དམིགས་པའི་ངོ་བོ་ཉིད་ཀྱི་ཕྱིར་རྣལ་འབྱོར་མ་མཚན་མོའོ། །མྱང་འདས་ལས་བྱུང་དཔའ་བོ་ནི། །དྲུག་པ་སེམས་ཀྱི་སྤྲུལ་པ་སྟེ་ཅེས་པ་མྱ་ངན་ལས་འདས་པ་ནི་འཆི་བ་སྟེ་སྲོག་གི་དབང་པོ་འགགས་པའོ། །མྱང་འདས་ལས་བྱུང་བ་ནི་དྲི་བའི་དེ་མ་? ་ཅན་ནོ། །དེ་ཡང་མངོན་ཤེས་ལྔ་དང་མཚན་གྱིས་བརྒྱན་པའི་ལུས་ཡེ་ཤེས་ཀྱི་རང་བཞིན་ཅན་དུ་བསྔགས་ཏེ་རྣམ་པར་ཤེས་པ་ཙམ་གྱི་གཟུགས་ཀྱི་ཕྱིར་རོ། །དྲུག་པ་ཉིད་དུ་རྗེས་སུ་གཞོལ་བར་བྱ་ཞིང་ངེས་པར་བྱ་པས་དྲུག་པའོ། །དེ་བས་ན་སེམས་ཀྱི་སྤྲུལ་པ་སྟེ་ཞེས་སོ? ་པོ?་ནི་བཅོམ་ལྡན་འདས་ཏེ་དེའི་གཟུགས་ཉིད་དུ་ལྷག་པར་མོས་པས་བསྒོམ་པར་བྱའོ་ཅེས་པའི་དོན་ཏོ། །ལང་ན་ནི་མྱ་ངན་འདས་པ་ཆོས་ཀྱི་དབྱིངས་ཏེ་ཉོན་མོངས་པ་ཞི་བའི་ཕྱིར་རོ། །བྱུང་བ་ནི་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་སེམས་ཅན་གྱི་དོན་བྱེད་པ་པའོ། །དྲུག་པ་ནི་ཆོས་ཀྱི་དབྱིངས་ཏེ ་ཤིན་ཏུ་ཡོངས་སུ་ཆད་པ་མེད་པས་དེ་བཞིན?་ནོ། །སེམས་ཀྱི་སྤྲུལ་པ་སྟེ་ཅེས་པ་གདུལ་བྱའི་སེམས་ལ་བལྟོས་ནས་དེ་ལྟར་སོ་སོར་སྣང་བའི་ཕྱིར་རོ། །དག་པའི་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པའི་ཅེས་པ་ལ་དག་པའི་ཆོས་ནི་སྟོང་པ་ཉིད་དེ་ཕག་མོ་ནི་དེའི་ངོ་བོ་ཉིད་དོ ་ཅེས་པའི་དོན་ཏོ། །སེམས་ནི་ངལ་གསོ་རྣལ་འབྱོར་པ། །མྱང་འདས་བསྟན་པ་མ་ཡིན་ཉིད། །ཅེས་པ་ལ་སོགས་པས་མཐོང་བའི་ཆོས་ཀྱི་ཕན་ཡོན་གསུངས་ཏེ། རྣལ་འབྱོར་པ་ནི་རྣལ་འབྱོར་པའི་འོ། མྱང་འདས་འཆི་བ་བསྟན་པ་མ་ཡིན་ཉིད་དེ་དོད་དམ་པ་མིན་མཁྱིམ? ་?་ཁྱིམ་བཞན་དུ་འགྲོ་པ་ལྟར་སེམས་ངལ་གསོ་བ་ཙམ་པ་འཆི་བ་ཞེས་བརྗོད་དོ། །འཕོ་བའི་དུས་ནི་འཆི་བའི་དུས་སོ། །རྣལ་འབྱོར་རྣམས་ཅེས་པ་རྣལ་འབྱོར་པའོ། །འཆི་བ་ཞེས་འདི་རྣམ་རྟོག་སྟེ། །ཅེས་པ་འདི་འཇིག་རྟེན་པའི་རྣམ་པར་རྟོག་པའོ། །མཁའ་སྤྱོད་གནས་ཅེས་པ་འོད ་གསལ་གྱི་གོ་འཕང་ངོ། །འདི་སྐད་གསུངས་པ་ཡིན་ཏེ་འཆི་བའི་དུས་སུ་དཔལ་ཧེ་རུ་ཀ་དང་ཕག་མོ་ལ་སོགས་པའི་དཔའ་བོ་དང་རྡོ་རྗེའི་རྣལ་འབྱོར་མ་མེ་ཏོག་དང་བདུག་སྤོས་དང་རྒྱལ་མཚན་དང་བདན་ལ་སོགས་པ་རྣམ་པ་སྣ་ཚོགས་པ་ཕྱག་ཏུ་ཐོགས་པ་རྣམས་ཀྱིས་འོད་གསལ་ ་གྱི་གོ་འཕང་ལ་འགོད་པར་བྱེད་དོ་ཞེས་པའི་དོན་ཏོ།། །།ད་ནི་གཏོར་མའི་ཆོ་ག་བརྗོད་པར་བྱ་སྟེ། །དང་པོར་རྣལ་འབྱོར་ཆེན་པོ་ལས་ལངས་ཏེ་དཔལ་སྡོམ་པའི་རྣལ་འབྱོར་དང་ལྡན་པའི་སྔགས་པས་བཟང་བ་ལ་སོགས་པ་མདུན་དུ་བཞག་སྟེ་སྦྱན་བར་བྱའོ། །དེ ་ལ་མདུན་དུ་ཡཾ་གྱི་རྣམ་པ་ལས་རླུང་གི་དཀྱིལ་འཁོར་རོ། །དེའི་སྟེང་དུ་རཾ?་གྱི་རྣམ་པ་ལས་སྐྱེས་པའི་མེའི་དཀྱིལ་འཁོར་རོ། །དེར་ཡི་གེ་གསུམ་ལས་བྱུང་བ་མགོ་བོ་གསུམ་གྱི་སྐྱེད་བུ་ལ་གནས་པའི་ཡེ་ཤེས་ཨཱ:དཀར་པོ་ལས་སྐྱེས་པའི་པདྨའི་སྣོད་དེ། །དེར་བཟའ་བ་ལ་སོགས་པ་ཨོཾ་ཏྲཱཾ ་ཨཱཾ་ཁཾ་ཧཱུཾ་ཧཱུཾ་མཱཾ་ཁཱཾ་ཏཱཾ་བཾ་ལས་སྐྱས་ཤིང་དེ་དག་གིས་བྱིན་གྱིས་བརླབས་པའི་བདུད་རྩི་ལྔ་དང་སྒྲོན་མ་ལྔའི་ཚུལ་དུ་རྫོགས་པར་བྱས་ནས་?་གཡོས་པས་མེ་འགར་བ་འདྲིང་ངོ་ཀྱིས་ས་བོན་གྱི་ཡི་གེ་ལ་སོགས་པ་ཞུ་སྟེ་མངོན་པར་གསར་བའི་ཉི་མའི་མདོག་ལྟ་བུའི་ཁུ་བའི་ཚུལ་དུ་བསྟའོ།། ་དེ་ནས་ཧཱུཾ་དངུལ?་ཆུའི་ཁ་དོག་ལྟ་བུ་ལས་བྱུང་བའི་ཁ་ཊཝཱཾ་ག་དཀར་པོ་བདུད་རྩིའི་རང་བཞིན་ཁ་ཐུར་དུ་བལྟས་པ་ཞུ་བས་བུ་བ་དེ་དག་དངུལ་ཆུའི་མདོག་ཅན་བསིལ་བར་བལྟའོ། །དེ་ནས་དེའི་སྟེང་དུ་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས་ཨོཾ་ཨཱ:ཧཱུཾ་གི་ཡི་གེ་རིམ་པ་བཞིན་གོང་ནས་གོང ་དུ་གནས་པའོ། །དེ་དག་ལས་འོད་ཟེར་དགོས་བས་རྒྱ་མཚོ་ལ་སོགས་པའི་དང། ཕྱོགས་བཅུ་ན་གནས་པའི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ཀྱི་ཡེ་ཤེས་ཀྱི་བདུད་རྩི་དང་འཕྲོ་བ་འཁོར་ལོ་གསུམ་དུ་བྱས་པ་དཔའ་བོ་དང་དཔའ་མོ་རྣམས་མར་མེ་བླང་བའི་ཚུལ་གྱིས ་?་ནས་སྙོམས་པར་འཇུག་པ་སྔོན་དུ་འགྲོ་བས་ཞུ་བར་གྱུར་པ་ས་བོན་དེ་དག་ལ་ཇི་ལྟ་བ་བཞིན་དུ་གཞུག་གོ་།དེ་ནས་ཡི་གེ་ཨོཾ་ལ་སོགས་ཡང་རིམ་པས་རྣམ་པར་ཞུ་བར་བལྟས་དེ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་དཔའ་ཨི་ཕྱག་རྒྱ་དང་དེའི་སྔགས་དག ་གིས་རྣམ་པ་ཐམས་ཅད་ཡོང་སསུ་རྫོགས་པའི་དཀྱིལ་འཁོར་སྤྱན་དྲངས་ཏེ་མདུན་དུ་བཞག་ལ་མཆོད་ཡོན་ལ་སོགས་པ་སྔོན་དུ་འགྲོ་བས་ཡང་དག་པར་མཆོད་དེ། ལག་པ་གཉིས་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས་ཟླ་བ་ཉི་མའི་རང་བཞིན་གྱི་དབུས་སུ་ཡི་གེ་ཧཱུཾ་བལྟས་ཏེ ་ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏ:སརྦ་དྷརྨཱ(རྒྱུད་འགྲེལ་མངོན་པར་འདོད་པའི་དོན་བརྗོད་དེ། ལྷ་མོ་ཆད་མ་དམ་ཚིག་ཚད་མ་དང། །དེས་གསུངས་ཚིག་ཀྱང་མཆོག་ཏུ་ཚད་མ་སྟེ། །བདེན་པ་དེ་ཡིས་ལྷ་མོ་འདི་རྣམས་ཀྱིས། །བདག་ནི་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག་།ཅེས་སོ། །དེ་ནས་མཆོད་བྱ་དང་མཆོད་པ་དང་མཆོད་བྱེད་རྣམས ་ཐ་མི་དད་པར་བལྟས་ནས་བདུད་རྩིའི་སྣོད་དེ། ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོའི་ལྗགས་ཅན་འཁྲོ་ལོ་གསུམ་གྱི་ལྷ་རྣམས་ལ་ཤར་ནས་བརྩམས་ཏེ་ཕྱོགས་གཡོན་སྐོར་དང། མེ་མཚམས་ནས་བརྩམས་ཏེ་མཚམས་གཡས་སྐོར་དུ་བསྐོར་ཏེ། ཨོཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ?་།ད་ན ་དྷཱ་བན་དྷ། ཏྲས་ཡ་ཏྲས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽ་ཀྲོ་ཏྲ་ཏྲ:ཕེཾ་ཕེཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ། བ་ས་རུ་དྷི་རཱ་ན་ཏྲ་མཱ་ལ་ཨ་བ་ལམ་བི་ནེ། བྲིཧྞ་གྲིཧྞ། སཔཏ་པཱ་ཏཱ་ཡ། ག་ཏ་བྷུ་ཛ་ད་གཱཾ་ས་ར་པ་མ་པཱ། ཏརྫ་ཡ་ཏརྫ་ཡ། ཨ་ཀ་ཌཧ་ཨཱ་ཀ་ཌཧ། ཧྲི་ཧཱི། ཛཧོཾ་ཛཧོཾ་།ཀམམཾ?་ཀྵ་ཧཱཾ ་?་ཧཱུཾ་ཧཱུཾ། ཀིཾ་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། ཧཱུཾ་ཧཱུཾ་ཕཊ་ཅེས་པ་འདི་ལན་གཅིག་བརྗོད་པས་བསྟབ་པར་བྱའོ། །བཅོམ་ལྡན་འདས་ཤེས་རབ་དང་བཅས་པ་དང། མཁའ་འགྲོ་མ་ལ་སོགས་པ་རྣམས་དང། ཁ་གདོང་མ་ལ་སོགས་པ་རྣམས་ལ་ཇི་ལྟར་རིགས ་པར་བསྐོར་བར་བྱ་སྟེ། ཨོཾ་ཨཱ:བཛྲ་རལླི་ཧོ:ཛ:ཧཱུཾ་བཾ་ཧོ(རྒྱུད་འགྲེལ་མ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ་བསྟོད་ནས་མངོན་པར་འདོད་པའི་དོན་གྲུབ་པར་བསོལ་བར་གདབ་པར་བྱ་སྟེ། སྲིད་ཞི་མཉམ་པར་ཆགས་པ་ཀུན་ཏུ་རྟོགས་པའི་རླབས་བཅོམ་པ། །དངོས་པོ་མཛའ་དག་ནམ་མཁའ་ལྟ་བུའི་དངོས་པོ་ཉིད་དུ་གཟིགས། །ཤིན ་ཏུ་ཕུལ་བྱུང་ཐུགས་རྗེའི་ཆུས་རྒྱས་ཐུགས་ཀྱི་ཆུ་བོའི་མགོན། །ལྷ་མོ་རྣམས་ཀྱིས་བདག་ལ་ཤིན་ཏུ་རྗེས་བརྩེར་མཛོད་ཅིག་མཛོད། །ཅེས་སོ། །དེ་ནས་དུར་ཁྲོད་བརྒྱད་ན་གནས་པའི་ཕྱོགས་སྐྱོང་བ་རྣམས་ལ་སྔར་བཞིན་དུ་བསྐོར་ཞིང། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ ་ཡཀྵ་རཀྵ་ས། བྷུ་ཏ་བྲེ་ཏ་བེ་ཤ་ཙ་ཨུན་མད། ཡ་བ་སྨར་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ་ཐ་ཨི་མཾ་པ་ལི་གྲིཧྞ་ཏུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་པྲ་ཡཙྪནྟུ། ཡ་ཐེ་བཾ་ཡ་ཐེཥྚཾ་བྷུཉྫ་ཐ་བི་བ་ཐ་ཛི་གྷྲ་ཐ་མ་ཏིཀྲ་མ་ཐ། མ་མ་སརྦ་ཨཱ་ཀཱ་ར་ཏ་ཡཱ་སར་སུ་ཁཾ་བི་ཤུད་དྷ་ཡེ་ས་ཧ་ཡི་ཀཱ་དྷ་བནྟུ ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཅེས་པ་འདི་ལན་གཉིས་བརྗོད་པས་བསྟིབ་པར་བྱའོ། །ཕྱོགས་སྐྱོང་ལ་སོགས་པ་རྣམས་ཀྱིས་བདུད་རྩི་དེ་གསོལ་བས་ལུས་བདེ་བ་ཆེན་པོས་ཚིམ་པར་བསྒོམ་མོ། །དེའི་རྗེས་ལ་སྤྱིར་སོ་རྩི་ལ་སོགས་པ་དབུལ་ཞིང་པི་བང་མ་ལ་སོགས་པ་རྣམས་ཀྱིས ་ཡང་དག་པར་མཆོད་དེ་གང་པ་བརྒྱད་པའི་སྔགས་ཀྱིས་ཀུན་ནས་བསྟོད་པ། བརྡའི་ལག་པས་བཇའ?་ཡང་དག་པར་བྱས་ཏེ་མངོན་པར་འདོད་པའི་ངོན་གསོལ་བ་གདབ་པོ། །ཆོ་ག་ལྷག་ཆད་རབ་ཏུ་བསྐང་བའི་དོན་དུ་དྲིལ་བུ་དཀྲོལ་བ་སྔོན་དུ་འགྲོ་པས། ཨོཾ་བཛྲ་ཧེ་རུ་ཀ་ས ་མ་ཡ། མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། དྲི་ཌཧོ་མེ་བྷ་ཝ། སུ་ཏོ་ཐཡོ་མེ་ཧ་བ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིད་དྷི་མམེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོ(རྒྱུད་འགྲེལ་སཏྭ་ཨཱ:ཧཱུཾ་ཕཊ། ཅེས་པ་ཡི་གེ་བརྒྱ་པའི་སྔགས་བཟླས་སོ། །དེ་ནས་ཨོཾ་ཡོ་ག་ཤུདྡྷཱ:སརྦ་དྷརྨཱ་ཡོ་ག་ཤུད་དྷོཉཧཾ། ཞེས་བརྗོད་ཅིང་བོད་སྐད་གྱི་ཕྱག་གིས་ཡོངས་སུ་མཉེས་པར་བྱས་ལ་ཕྱག་རྒྱ་ཉེ་བར་སྡུད་པ་ན་འཁྱུད་པའི་ཚུལ་བྱ་ཞིང་བ་ཐེ་བོང་དང་སྲིན་ལག་གིས་སེ ་གོལ་གཏོག་པ་སྔོན་དུ་འགྲོ་བས། ཨོཾ་བཛྲ་མུ:ཞེས་བརྗོད་ཅིང་གཤེགས་སུ་གསོལ་ཏེ། འཁོར་ལོ་དེ་བདག་ཉིད་ལ་གཞུག་པར་བྱའོ།། །།ད་ནི་ཕྱི་རོལ་མཆོད་པའི་ཆོ་ག་བརྗོད་པར་བྱ་སྟེ། སྔ་དྲོ་ལངས་ལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་དང་ལྡན་པས་ས་ཕྱོགས་གཙང ་ཡར་ཨོཾ་སུཾ་བྷ་ནི་ཅེས་པ་ལ་སོགས་པ་བརྗོད་ལ། བདུད་རྩི་ལྔ་དང་དྲི་བཟང་ལ་སོགས་པའི་གོང་བུ་འམ། དེ་དག་མེད་ན་རྫས་གཞན་དང་བསྲེས་པའི་བའི་ལྕི་བའི་གོང་བུས་དཀྱིལ་འཁོར་གྲུ་བཞི་པ་བྱུགས་ནས་དེའི་དཀྱིལ་དུ་ལག་པ་བཞག་ལ། པུ་ཛཱ་ཅེས་པ་ལ་སོགས་པའི་ཡི་གེ ་ཉི་ཤུ་རྩ་བཞི་དང་པཱི་ཐ་ཨུ་པ་པཱི་ཐ་ཅེས་པ་ལ་སོགས་པའི་མིང་བཅུས་བཅུར་མོས་པ་སྔོན་དུ་འགྲོ་བས་བརྗོད་པར་བྱའོ། །དེ་ནས་དཀྱིལ་འཁོར་དེར་སྐད་ཅིག་གིས་འབྱུང་བ་ཆེན་པོ་བཞི་ལ་གནས་པའི་རི་རབ་ཀྱི་སྟེང་དུ་སྣ་ཚོགས་པདྨ་ལ་སྙིང་གནས་འཐོན་པའི་ཡི་གེ་ཧཱུཾ་བདག? ་གོ་།ས་བོན་དེའི?་འོད་ཟེར་གྱིས་ཡེ་ཤས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ་ཧཱུཾ་དེ་ལ་གཞུག་གོ་།དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་འཁོར་དང་བཅས་པར་བལྟ་བར་བྱའོ། །དེ་ནས་ཐུགས་ཀའི་ས་བོན་ལས་བྱུང་བའི་ལྷ་མོ་པི་ཝང་མ་ལ་སོགས་པས་མཆོད་ཅིང་དེ་ལམ ་སུམ?་པའི་བདུད?་རྩི་ལྔ་དང་རིན་པོ་ཆེས་སྣ་བདུན་ལ་སོགས་པ་ཕུལ་ཏེ། ལག་པ་གཡོན་པ་ཆོག་ཇི་ལྟ་བ་བཞིན་སྦྱངས་པས་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་གསུམ་གྱི་སྔགས་ཀྱིས་མེ་ཏོག་དབུལ་ལོ། །སླར་ཡན་དེ་ཉྡ་དུ་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མའི་སྙིང་པོ ་དང་ཉེ་བའི་སྙིང་པོའི་སྔགས་ཀྱིས་སོ། །དེ་ནས་མཁའ་འགྲོ་མ་ལ་སོགས་པ་ནས་གཤིན་རྗེ་འཇོམས་མའི་བར་རྣམས་ལ་རང་རང་གི་སྔགས་ཀྱིས་ཕྱོགས་གཡོན་སྐོར་དང་མཚམས་གཡས་སྐོར་གྱི་སྦྱོར་བས་གནས་ཇི་ལྟ་བར་དཀྱིལ་འཁོར་དུ་མེ་ཏོག་དབུལ་ལ། །དེ ་ནས་ལག་པ་ལ་བཀོད་པའི་ལྷ་རྣམས་ལ་གནས་དེ་དང་དེར་ཨོཾ་ཧ?་ཅེས་པ་ལ་སོགས་པའི་སྔགས་དེ་དང་དེས་མེ་ཏོག་ཕུལ་ནས་ལག་པ་གཡོན་ན་གནས་པའི་མེ་ཏོག་དེ་རྣམས་རྐང་པ་བརྒྱན་པའི་སྔགས་བརྗོད་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་དུ་དོར་ལ་སྤྱི་བོར་ཐལ་མོ ་སྦྱར་བ་སྔོན་དུ་འགྲོ་བས་ལྷའི་འཁོར་ལོ་དེ་བདག་ཉིད་ལ་གཞུག་གོ་།དེ་ནས་འདིར་མར་མེ་དང་ཀུ་ཤ་དབ:?བྲས་དང་དྲི་བཟང་དང་རིན་ཆན་དང་སྤོས་དང་ལྷ་བཤོས་སོགས་དབུལ་ལོ་སྙིང་པོ་ལ་སོགས་པ་དང་རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་པ་སྔོན་དུ་འགྲོ་བས་ཇི་ལྟར་གྲགས་པའི་བསྟོད་པ་རྣམས ་ཀྱིས་ཡང་དག་པར་བསྟོད་ལ་ཇི་ལྟར་ནུས་པས་སྡིག་པ་བཤགས་པ་ལ་སོགས་པ་དང་བསམ་གཏན་དང་སྔགས་བཟླས་པ་དང་སྨོན་ལམ་གདབ་པ་ལ་སོགས་པ་རྣམས་བྱས་ཏེ། སྔགས་ཡི་གེ་བརྒྱ་པ་བརྗོད་ལ། ཨོཾ་ཡོ་ག་ཤུདྡྷ:སརྦ?་དྷརྨཱ་ཡོ་ག་ཤུདྡྷོཉཧཾ། ཅེས་པཱི་? ་བརྗོད་པ་དང་བཅས་པའི་པད་སྐོར་གྱི་ཕྱག་རྒྱས་མཉེས་པར་བྱ་སྟེ་ཕྱག་རྒྱ་སྡུད་པ་ན་འཁྱུད་པའི་ཚུལ་སྔོན་དུ་འགྲོ་བས་སེ་གོལ་བརྡབས་ལ་སྲིན་ལག་གིས་ས་ལ་རེག་ནས་ཨོཾ་བཛྲ་མུ:ཞེས་བརྗོད་པས་གཤེགས་སུ་གསོལ་ཏེ་འཁོར་ལོ་དེ་བདག་ཉིད་ལ་གཞུག་པར་བྱའོ། །དེ ་ནས་དཀྱིལ་འཁོར་གྱི་རི་མོ་དབྱིའོ།། །།ད་ནི་ལག་པའི་མཆོད་པའི་ཆོ་ག་བརྗོད་པར་བྱ་སྟེ། དེ་ལ་ཚོགས་ཀྱི་དཀྱིལ་འཁོར་ལ་སོགས་པར་དཔལ་སྡོམ་པའི་མདུན་ནས་བརྩམས་ཏེ་དཀྱིལ་འཁོར་གྱི་དབུས་ཀྱི་བར་དུ་རྣལ་འབྱོར་དང་ལྡན་བའི་སྔགས་པས་ལག་པ་གཡོན་པའི་མཐེ་བོང་དང ་འཛུབ་མོ་དང་གུར་མོ་དང་སྲིན་ལག་དང་མཐེའུ་ཆུང་དང་དེ་རྣམས་ཀྱི་སེན་མོ་ལ་རྡོ་རྗེ་སེམས་དཔའ་དང། རྣམ་པར་སྣང་མཛད་དང། འོད་དཔག་མེད་དང། མི་བསྐྱོད་པ་དང། རིན་ཆེན་འབྱུང་ལྡན་དང། དོན་ཡོད་གྲུབ་པའི་རང་བཞིན་གོ་རིམ་བཞིན་དུ་ཨོཾ་ཧ་ན་མ:ཧི ་སྭཱ་ཧཱ་ཧུ། བཽཥ་ཌ་ཧེ། ཧཱུཾ་ཧཱུཾ་ཧོ་ཕཊ་ཧཾ། ཅེས་པའི་ཡི་གེ་རྣམས་དཀར་པོ་དང་སེར་པོ་དང་དམར་པོ་དང། ནག་པོ་དང། དམར་པོ་དང་ལྗང་ཁུའི་མདོག་ཅན་དུ་རྣམ་པར་དགོད་དོ། །ལག་པའི་མཐིལ་དུ་ཡང་སྐད་ཅིག་གིས་ཡོངས་སུ་རྫོགས་པའི་པད་མ་དམར་པོ་འདབ ་མ་ལྔ་པ་བསྒོམས་ཏེ། དེའི་ཤར་ཕྱགོས་ལ་སོགས་པའི་འདབ་མ་རྣམས་ལ་གཡོན་སྐོར་གྱིས་གོ་རིམ་བཞིན་དུ་གཤིན་རྗེ་མ་དང་རྨོངས་བྱེད་མ་དང་བསྐྱོད་བྱེད་མ་དང་སྐྲག་བྱེད་མ་དང་གཏུམ་མོ་རྣཾས་ཀྱི་བཞིན་ཧཱུཾ་ཡཾ་ཧྲཱཾ་མཾ་ཧྲཱཾ་ཧྲཱི་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་པའི་ས་བོན་གྱི་ཡི་གེ ་རྣམས་སྔོན་པོ་དང་དཀར་པོ་དང་སེར་པོ་དང་ལྗང་ཁུ་དང་དུ་བ་འཁྱེལ་བའི་མདོག་ཅན་དུ་བལྟའོ། །ལྟེ་བ་ལ་རྡོ་རྗེ་ཕག་མོའི་རང་བཞིན་ཨོཾ་བཾ་ཞེས་པའི་ས་བོན་སྐུ་མདོག་དམར་པོའོ། །ལག་པའི་རྒྱབ་ཏུ་ཡང་དེ་རྣམས་ཀྱི་གཟུགས་བརྙན་ནམ་འཁོར་ལོ་གསུམ་ཡོངས ་སུ་གསལ་བར་བལྟའོ། །དེ་ནས་ལག་པར་གནས་པའི་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་ཨི་ཁམས་རྣམས་ལྟུང་བྱེད་མ་དང་གསོད་བྱེད་མ་དང་འགུགས་བྱེད་མ་དང་གར་གྱི་དབང་ཕྱུག་མ་དང་པད་འབར་མ་རྣམས་ཀྱི་རང་བཞིན་དུ་མོས་པར་བྱའོ། །དེ་ནས་ལག་པ་ལ་གནས་པའི། ་ས་བོན་གྱི་ཡི་གེ་དེ་རྣམས་ལ་ཁུ་བའི་རྫས་ཀྱིས་བྱུགས་ནས་ལག་མཐིལ་དེར་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་བྱིན་གྱིས་བརླབས་པའི་འཁོར་ལོ་གསུམ་གྱི་རང་བཞིན་མོས་པར་བྱས་ལ། ཁུ་བ་ལ་སོག་པའི་རྫས་དེ་དག་ཡི་གེ་གསུམ་པའི་སྔགས་དང་རྐང་པ་བརྒྱད ་པའི་སྔགས་ཀྱིས་དབུལ་བར་བྱའོ། །དེ་ནས་ཡང་དག་པར་མཆོད་དེ་ཆོ་ག་ལྷག་ཆད་བསྐང་བའི་དོན་དུ་སྔགས་ཡི་གེ་བརྒྱ་པ་བརྗོད་ནས་ཚོགས་ཀྱི་འཁོར་ལོ་བྱིན་གྱིས་བརླབས་པ་ལ་སོགས་པའི་དོན་གསོལ་བ་བཏབ་ལ་རྫས་དེ་རྫས་གཞན་དུ་འམ་གཞན་དུ ་ཡང་དུད་སྟེ་དང། གནས་ལག་པ་ལ་གོས?་པའི་རྫས་གཡོན་པའི་མིང་མེད་ཀྱིས་བཟུང་སྟེ་སྙིང་ཁ་དང་ལྕེ་དང་མགོ་བོ་རྣམས་སུ་ཧཱུཾ་ཨཱ(རྒྱུད་འགྲེལ་བྱའོ། །ཆོ་ག་འདི་དག་ནི་ཀུན་ཏུ་སྤྱོད་པའི་རྒྱུད་དང་རབ་ཏུ་འབྲེལ་པའི་ལག་པ་ལ་མཆོད་པའི་ཆོ་གའོ། །ཡང་ན་གནས་དང་ཉེ་བའི་གནས་ལ་སོགས་པ་བརྗོད་ཅིང་སྔར་བརྗོད་པའི་ཆོ་གས་དག་པར་བྱས་པའི་ལག་པ་གཡོན་པའི་མིང་མེད་ཀྱིས་ཆོ་ག་ཇི་ལྟ་བས ་དོག་བར་བྱས་པའི་མྱོས་བྱེད་ཀྱིས་འཁོར་ལོ་གྲུ་གསུམ་པ་གཉིས་བྱུག་ཅིང་དེའི་དབུས་སུ་ཟླུམ་པོའི་དཀྱིལ་འཁོར་རོ། །དེར་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་བྱུང་སྟེ་དེའི་འོད་ཟེར་གྱིས་སྤྱན་དྲངས་པའི་རྟེན་དང་རྟེན་པའི་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར ་རྣམ་པར་བསམས་ནས། དེ་ལ་བདུད་རྩི་ལྔ་ལ་སོགས་པའི་ཚུལ་དུ་རྫོགས་པར་བྱས་པའི་བཟའ་བ་དང་བཅའ་བ་དང་བལྡག་པ་དང་བཏུང་བ་ལ་སོགས་པ་རྣམས་ཡི་གེ་གསུམ་དང་རྐང་པ་བརྒྱད་པའི་སྔགས་ཀྱིས་ཕུལ་ནས་པད་མའི་སྣོད་ན་གནས་པའི། ་མྱོས་བྱེད་བདུད་རྩིར་བྱས་པ་ཡང་མཐེ་བོང་དང་སྲིན་ལག་གིས་བླངས་ནས། བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མ་ལ་རང་རང་གི་སྙིང་པོ་དང་ཉེ་བའི་སྙིང་པོ་དག་གིས་སོ།། །།མཁའ་འགྲོ་མ་ལ་སོགས་པ་ནས་གཤིན་རྗེ་འཇོམས་མའི ་པར་རྣམས་ལ་དེ་རྣམས་ཀྱི་རང་རང་གི་སྔགས་ཉིད་ཀྱིས་མཉེས་པར་བྱའོ། །དེ་ནས་ཡང་དག་པར་མཆོད་ལ་ཆོ་ག་ལྷག་ཆད་བསྐད་བའི་དོན་དུ་ཡི་གེ་བརྒྱ་པའི་སྔགས་བརྗོད་ནས་ཚེགས་ཀྱི་འཁོར་ལོ་བྱིན་གྱིས་བརླབ་པཱི་དོན་དུ་གསོལ་བ་བཏབ་སྟེ། ཨོཾ་ཡོ་ག་ཤུདྡྷཱ: ་སརྦ་དྷརྨཱ་ཡོ་ག་ཤུདྡྷོཉ་ཧཾ། ཞེས་བརྗོད་ཅིང་པད་སྐོར་གྱི་ཕྱག་རྒྱས་མཉེས་པར་བྱ་སྟེ་ཕྱག་རྒྱ་དེ་ཉེ་བར་སྡུད་པ་ནི་འཁྱུད་པའི་ཚུལ་སྔོན་དུ་འགྲོ་བས་སྲིན་ལག་གིས་ས་ལ་རེག་ཅིང་རྡོ་རྗེའི་སེ་གོལ་དང་དེ་བཞིན་དུ་ཨོཾ་བཛྲ་མུ(རྒྱུད་འགྲེལ་ཏེ་འཁོར་ལོ་དེ་བདག་ཉིད་ལ་གཞུག་པར་བྱའོ། །དེ་ནས་ས་དེ་ལ་གནས་པའི་མྱོས་བྱེད་གཡོན་པའི་སྲིན་ལག་གིས་བླངས་ཏེ། ཧཱུཾ་ཨཱ(རྒྱུད་འགྲེལ་གནས་པའི་ལྷའི་འཁོར་ལོ་ཡང་བདག་ཉིད་ལ་ཞུགས་པར་བལྟ་བར་བྱའོ། །དེ་དག་ནི་དཔལ་འཁོར་ལོ་བདེ་མཆོ་གི་ལག་པ་ཡིས་མཆོད་པའི་ཆོ་གའོ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་བགྱིའོ། །ཞེས་པས་དབང་བསྐུར་ནས་བཅོམ་ལྡན་འདས་ལ་མི་བསྐྱོད་པའི་དབུ་རྒྱན་ཡིན་ནོ། །རྡོ་རྗེ་ཕག་མོ་ཡང་གལ་ཏེ་ནག་མོ་ཡིན་ན་དེའི་ཚེ་ཐུགས་ཀྱི་དབང་ཕྱུག་གི་དབུ་རྒྱན་ཅན་ནོ། །དམར་མོ་ཡིན་ན་ནི་རྡོ་རྗེ་སེམས ་དཔའ་ཨི་དབུ་རྒྱན་ཅན་ནོ། །མཁའ་འགྲོ་མ་ལ་སོགས་པ་བཞི་ལ་གོ་རིམ་བཞིན་དུ་གཡས་བསྐོར་གྱིས་རྣམ་པར་སྣང་མཛད་དང། རིན་ཆེན་འབྱུང་ལྡན་དང། འོད་དཔག་མེད་དང། དོན་ཡོད་གྲུབ་པའོ། །འཁོར་ལོ་གསུམ་གྱི་ལྷ་རྣམས་ལ་ཐུགས་དང ་གསུང་དང་སྐུའི་དབང་ཕྱུག་གོ་།ཁྭ་གདོང་མ་དང། ཕག་གདོང་མ་དང། ལུག་གདོང་མ་དང། ཁྱི་གདོང་མ་རྣམས་ལ་གོ་རིམ་བཞིན་དུ་རྣམ་པར་སྣང་མཛད་དང། རིན་ཆེན་འབྱུང་གནས་དང། འོད་དཔག་མེད་དང། དོན་ཡོད་གྲུབ་པའོ། །གཤིན་རྗེ་བརྟན་མ་དང། གཤིན་རྗེ་ཕོ ་ཉ་མོ་དང། གཤིན་རྗེ་མཆེ་བ་མ་དང། གཤིན་རྗེ་འཇོམས་མ་རྣམས་ལ་གོ་རིམ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པ་དེ་རྣམས་ཁོ་ནས་རྒྱས་གདབ་པར་བྱའོ་ཞེས་ཀྱང་ངོ། །རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱི་གཙུག་གི་ནོར་བུ་ལྟ་བུ་དཔལ་ལཱུ་ཡི་པས ་མཛད་པའི་འཁོར་ལོ་སྡོམ་པའི་མདོན་པར་རྟོགས་པའི་འགྲེལ་པ་གྲུབ་པ་བརྙེས་པའི་སློབ་དཔོན་ལྭ་བའི་ན་བཟའ་ཅན་གྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།པཎྜི་ཏ་སློབ་དཔོན་ཆེན་པོ་ཉི་མའི་དབང་པོའི་འོད་ཟེར་དང། ལོཙྪ་བ ་དགེ་སློང་ཆོས་རྗེའི་དཔལ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།*། །སློབ་དཔོན་ལྟ?་བུ་ཀུ་རིམ?་དང?་བཞུགས་སོ། རྒྱལ་པོའི་རིགས་ལྡན་ན་ལེན་ཏྲར། །བྱམས་དང་སྙིང་རྗེའི་མེ་ཏོག་ལས། །འཛམ་པའི་མགོན་གྱིས་གེ་སར་གཟིགས། །བྷུ་སུ་སྐུ་ལ་ཕྱག་འཚལ་ལོ?། ་