CLOSE WINDOW

N3440: bcu gsum gyi bdag nyid dpal 'khor lo sdom pa'i dkyil 'khor gyi cho ga
Wyliee-texts based on the ACIP/ALL Input

རྫོགས་སོ།། །།ཐིི།། །།བཅུ་གསུམ་བདག་ཉིད་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་བཞུགས་སོ། །རྒྱ་གར་སྐད་དུ། ཏྲ་ཡེ་ད་ཤཱཏྨ་ཀ་ཤྲཱི་ཙཀྲ་སམྦར་མཎྜ་ལོ་པཱ་ཡི་ཀཱ། བོད་སྐད་དུ། ་བཅུ་གསུམ་གྱི་བདག་ཉིད་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་།དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དང་པོའི་སངས་རྒྱས་དུས་གསུམ་ཡང་དག་རིག་མཛད་པ། །དཔལ་ལྡན་རྡོ་རྗེ་སེམས་དཔར་སྤྱི་བོས ་ཕྱག་བྱས་ནས། །བཅུ་གསུམ་བདག་ཉིད་ཅན་གྱི་སྡོམ་པ་དེ་ཡི་ནི། །དཀྱིལ་འཁོར་གྱི་ནི་ཆོ་ག་འདིར་ནི་བཤད་པར་བྱ། །དཀྱིལ་འཁོར་ཆེན་པོ་སྤངས་ནས་མཆོག་གྲུབ་མི་འགྱུར་ཞེས། །ངེས་པར་བསམས་ནས་གཞན་གྱི་དོན་གྱི ་བློ་ཡིས་ནི། །དབང་བསྐུར་རབ་གནས་ཆོ་ག་སྒྲུབ་ཐབས་སོགས་རྣམས་ཀྱི། །ཆོ་ག་ཉིད་ནི་སྔགས་པས་འདི་ལས་ངེས་པར་བྱེད། །བརྟན་ཞིང་ཟབ་མོའི་ཆོས་ཤེས་པ། །རབ་གནས་གཏོར་མའི་ཕ་རོལ་སོན། །སྦྱིན་སྲེག་དཀྱིལ་འཁོར ་དེ་ཉིད་ཤས། །རིག་གནས་ཀུན་ལ་ཤིན་ཏུ་མཁས། །གསང་སྔགས་ཚུལ་གྱིས་རིམ་པར་གུས། །གཟུགས་བཟང་ལྟ་ན་སྡུག་པ་དང། བླ་མ་ལ་གུས་སྙིང་བརྩེར་ལྡན། །སྡོམ་པ་འབྱུང་བའི་སྟོན་པ་པོ། །ལྷ་ཁང་མཆོད་རྟེན་གནས་དང་ནི། ། ་འཁོར་གྱི་ཁྱམས་དང་གཙང་མའི་ས། །གདོད་ནས་གྲུབ་པའི་དུར་ཁྲོད་དུ་འང། །དེང་ནི་དཀྱིལ་འཁོར་བརྩམས་པར་བྱ། །ཡོངས་སུ་བརྟགས་པའི་ས་ཡི་ཆར། །རྐོ་པ་ལ་སོགས་མི་བྱ་སྟེ། །ལག་པས་རེག་ནས་ཧཱུཾ་ཡིག་གི། སྔགས་བཟླས ་པ་ཡིས་ས་སྤྱད་བྱ། །སྣ་ཚོགས་པ་རྣམས་སྟོང་ཉིད་དུ། །རོ་གཅིག་པར་ནི་བརྟན་མོས་ན། །དེ་ཡིས་ས་ནི་དག་འགྱུར་ཏེ། །དེ་བཞིན་ཉིད་དག་རྒྱུ་ཕྱིར་རོ། །དཀྱིལ་འཁོར་གྱི་ནི་ས་ཡི་ཆའི། །ཉིས་འགྱུར་གྱིས?་ནི་ས་སྦྱོང་བྱ། །རང་གི་སེམས་ནི་ཡོངས ་དག་ན། །དེ་ཉིད་ཀྱིས་ནི་ས་དག་འགྱུར། ཞེས་བྱའོ་ས་སྦྱང་བའོ། །དེ་ནས་འདིར་སློབ་དཔོན་གྱིས་དཀྱིལ་འཁོར་བྱ་བའི་དང་པོ་ཉིད་དུ་ཡིད་དང་མཐུན་པའི་གནས་སུ་རེ་ཤིག་སྔོན་དུ་བསྙེན་པ་བྱ་སྟེ། དེའི་རྗེས་སུ་རྡོ་རྗེ་སློབ་དཔོན་གྱིས་དཀྱིལ་འཁོར ་གྱིས་ལ་མེ་ཏོག་བཀྲམ?་ཞིང་དབུས་སུ་འདུག་ནས་དེ་བཞིན་གཤེགས་པ་ཐམས་ཅད་དུ་སྡུས་པར་གྱུར་པའི་བཅུ་གསུམ་གྱི་བདག་ཉིད་ཅན་དཔལ་འཁོར་ལོ་སྡོམ་པའི་རང་བཞིན་གྱི་བསྲུང་བའི་འཁོར་ལོ་ལ་སོགས་པ་བྱས་ནས། ་བགེགས་གཞོམ་པའི་ཕྱིར་སྤོས་ཀྱི་སྣོད་ཐོགས་ཤིང་ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེར་བྱས་ཏེ། རྡོ་རྗེ་དང་རྡོ་རྗེ་དྲིལ་བུར་གསིལ་བར་གྱུར་པས། མ་ལུས་ཕྱོགས་མ་བཞུགས་པ་ཡི། །སངས་རྒྱས་རྣམས་ནི་བདག་ལ་དགོངས།། ་བདག་ནི་ཆེ་གེ་རྡོ་རྗེ་ཅན། །འདིར་ནི་དཀྱིལ་འཁོར་བྲི་བར་བགྱི། །སངས་རྒྱས་ལ་སོགས་ཀུན་བྱོན་འཚལ། །བདག་ལ་དངོས་གྲུབ་སྩལ་དུ་གསོལ། །ཞེས་རྫོགས་པའི་སངས་རྒྱས་ལ་སོགས་པ་རྣམས་ལ་སྙན་མནན་ལ་མཆོད་པར ་བྱའོ། །དེ་ནས་སྔགས་པ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་འཛིན་པ་ཁྭ་གདོང་མ་ལ་སོགས་པ་སྒོ་མའི་རྣལ་འབྱོར་དང་ལྡན་པའི་སློབ་མ་བཞི་རྣམས་ཀྱིས་སམ། གཅིག་གིས་ཀྱང་རུང་སྟེ་གཡོན་བསྐོར་གྱིས། དེ ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག་།དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་ཉིད་མིན་པ ་ཐམས་ཅད་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག་།དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་མཆོག་ལས་བྱུང་བ། །ཡེ་ཤེས་སྤྱོད་པ་རྣམ་སྤྱོད་མཛད། །ཀུན་ཏུ་བཟང་པོ་གསུང་གི་མཆོག་།དཀྱིལ་འཁོར་དམ ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །དག་ཅིང་རང་བཞིན་དྲི་མ་མེད། །ཀུན་དུ་བཟང་པོ་ཐུགས་ཀྱི་མཆོག། དཀྱིལ་འཁོར་ཁ་ལོ་སྒྱུར་བ་གསུངས། །ཤེས་ཚིགས་སུ་བཅད་པ་བཞིས་གསོལ་བ་བཏབ་པར ་གྱུར་པ་དང། །ད་ནི་སངས་རྒྱས་བྱང་ཆུབ་སེམས། །རྡོ་རྗེ་ཉི་མ་ད་ཉིད་དེ། །དོན་ཡོད་རྡོ་རྗེ་ཆོས་ཀྱང་ང། །སངས་རྒྱས་ཐམས་ཅད་ཉིད་ཀྱང་དང། །ཞེས་བརྗོད་ཅིང་ང་རྒྱལ་བྱའོ། །དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་སྡིགས་མཛུབ་གཉིས ་བརྐྱང་སྟེ་སྦྱར་བའི་རྩེ་མོ་འོག་ཏུ་ཕྱོགས་པ་སྤྱི་པོར་འཛིན་པས་ཧཱུཾ་བཛྲོཏྟཥྛ་ཞེས་བརྗོད་ཅིང་མདུན་དུ་བསྒོམས་ཤིང་སྤྲོས་པའི་དཀྱིལ་འཁོར་གྱི་འཁོར་ལོ་བཏེག་སྟེ་ནམ་མཁའ་ཨི་མཐིལ་ན་གནས་པ་ལ་འདས་ཏེ། ཤར་དུ་མངོན་པར ་ཕྱོགས་པས་སེམས་ཅན་རྣམས་མ་རིག་པའི་མུན་པར་ཆུད་ཅིང་བདུད་ཀྱིས་བྱིན་གྱིས་བརླབས་པོ་རྣཾས་ལ་ངེས་པར་བལྟས་ནས་སྙིང་རྗེ་དང་ལྡན་ཞིང་ང་རྒྱལ་བའི་ཐུགས་ཅན་གྱིས་བདུད་རྣམས་བསྐྲད་པར་བྱ་བའི་ཕྱིར་འཁོར་ལོའི་དབང ་ཕྱུག་གི་རྣལ་འབྱོར་དང་ལྡན་པའི་མིག་གཡས་པ་མ་ལས་ཉི་མའི་དཀྱིལ་འཁོར་གྱི་རྣམ་པ་དང། མིག་གཡོན་ཕཊ་ལས་ཟླ་བའི་རྣམ་པ། མིག་འབྲས་གཉིས་ལས་ཧཱུཾ་ལས་བསྐལ་པའི་མེའི་རྣམ་པས་འཇིག་རྟེན་འདི་ལ་ཀུན་ནས་རྣམས་? ་བརྟག་པར་བྱའོ་ཞེས་བསྒྱིངས་པ་དང་བཅས་པའི་གཡོ་བ་དང་རྐང་མཐིལ་བར་བས་རྡོ་རྗེ་དང་སྒེག་པས་གསོར་བཞིན་དུ་སྣ་ཚོགས་རྡོ་རྗེའི་རྐད་སྟབས་བྱས་ཏེ་གནས་རྣམས་སུ་དྲིལ་བུ་དཀྲོལ་བར་བྱའོ། །གདུག་པའི་ཚོགས་རྣམས་གཞོམ ་པའི་ཕྱིར། །ཁ་ནས་ཧཱུཾ་ཡིག་འདོན་པའི་ཞལ། །འཁོར་ལོའི་ས་ལ་གཡོན་བསྐོར་དུ། །སྔགས་པ་ཡིས་ནི་བཅག་པར་བྱ། །གཟའ་དང་འབྱུང་པོ་ཤ་ཟས་སོགས། །ལུས་དག་ཡིད་ལ་གནས་པ་རྣམས། །ཚིགས་སུ་བཅད་པ་འདི་བརྗོད ་ཅིང། །དེ་ཚེ་བགེགས་ཀྱི་ཆོ་གས་རྣམས་བསྐྲད། །སུ་ཡང་རུང་བའི་ལུས་སྲུལ་བོ་རྣམས་དང། །བགེགས་ཀྱི་ཚོགས་རྣམས་གཞན་དུ་འབྱེད་བར་བགྱིས། །ང་ནི་དཔལ་ལྡན་སྙིང་རྗེའི་སྟོབས་ཡིན་ཏེ། ། ་། །སྲུང་བའི་འཁོར་ལོ་རབ་ཏུ་སྦྱོར་བ་པོ། །ཀུན་ནས་འབར་བའི་རྡོ་རྗེ་ཡིས། །ལུས་སྐྱེས་རྣམས་ཀྱི་ལུས་དགས་བྱ། །གལ་ཏེ་ཁ་ཅིག་བདག་ལས་འདའ་?། །འདིར་ནི་འཇིག ་?་གཞན་དུ་མིན། །ཞེས་བྱ་བས་བསྐྲད་པ་དེ་ལས་བགེགས་མ་ལུས་པ་ཞིག་པར་བལྟའོ། །དེ་ནས་དཀྱིལ་འཁོར་གྱིས་ལ་དྲི་བཟངས་ཉེ་བར་བྱུགས་ཏེ་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་སྣ་ཚོགས་པའི་ཉེར་སྤྱོད་དང། གར ་?་གླུ་དང། གིས་སྙན་གྱི་སྒྲ་ལ་སོགས་པ་རྣམས་ཀྱིས་མཆོད་དེ་ལག་པས་རེག་ནས་འཁོར་ལོའི་དབང་ཕྱུག་གི་སྔགས་བརྒྱ་རྩ་བརྒྱད་དང་ཡི་གེ་བརྒྱ་པ་ཡང་ལན་བདུན་དུ་?་ནས་དེང་ལྷའི་འཁོར་ལོ་སྤྲོ་ཞིང་བསྡུ་པས་ཉལ་བར་བྱའོ་ཞེS ་བྱ་བ་ནི་ས་ཡོངས་སུ་གཟུང་པའོ། །དེ་ནས་སྔ་བར་ལངས་ལ་འགྲོ་བ་རྣམས་མངོན་པར་རྫོགས་པའི་བྱང་ཆུབ་ལ་དགོང་པར་བྱ་བའི་ཕྱིར་སྐད་ཅིག་གིས་སྟོང་པ་ཉིད་ཀྱི་རྗེས་ལ་རམ་དམར་པོ་ལས་བྱུང་བཱི? ་ཉི་མ་ལ་གནས་པའི་ཧཱུཾ་ཡིག་ནག་པོ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་འོད་ཟེར་ལྔ་པ་ལ་གནས་པའི། །ཧཱུཾ་གི་ཡི་གེ་ལས་ནས་ཀྱི་འབྲས་བུའི་ཚད་ཙམ་གྱི་རྡོ་རྗེ་ཕྲ་མོའི་གཟུགས་ཀྱིས་ཀུན་ཏུ་ཁྱབ་ཅིང་དུཾ?་བུ་གཅིག་ཏུ་གྱུར་པའི་རྡོ་རྗེའི་ར་བ ་དང་གུར་དང་མདའི་དྲ་བ་དང་བླ་རེ་དང་འོག་ཏུ་སྣ་ཚོགས་རྡོ་རྗེའི་རང་བཞིན་ཅན་གྱིས་ས་བསྒོམས་ནས་ཉི་མ་། སྣ་ཚོགས་རྡོ་རྗེ་དང་བཅས་པ་ཡོངས་སུ་གྱུར་པའི་འོད་ཟེར་གྱི་ཚོགས་ཀྱིས་ཀུན་ནས་ཕྱོགས་བཅིངས་པར་བསམ་མོ། །དེའི ་དབུས་སུ་རང་གི་སྙིང་གའི་ས་བོན་ལས་ཕྱོགས་དང་ཕྱོགས་བྲལ་དུ་ཁྭ་གདོང་མ་ལ་སོགས་པ་དང་གཤིན་རྗེ་གཙིགS་མ་ལ་སོགས་པའི་མཁའ་འགྲོ་མ་རྣམས་དང་སྟེང་དུ་དུམ་སྐྱེས་མ་དང། འོག་ཏུ་དུམ་སྐྱེས་མ་གཉིས་པ་རྣམ་པར ་སྤྲོས་ཏེ། དེ་ནས་རང་གི་སྙིང་གའི་ས་བོན་ལས་སྤྲོས་པའི་འོད་ཟེར་རྣམས་ཀྱིས་ཕྱོགས་བཅུའི་བགེགས་རྣམས་བཀུག་ནས་དེ་རྣམས་ལ་གཏད་པར་བྱའོ། །མཁའ་འགྲོ་མ་དེ་རྣམས་ཀྱང་ཡུངས་ཀར་དང་ཙན་དན་དམར་པོས ་བྱུགས་ཤིང་ཁ་དོག་ལྔའི་སྐུད་པས་དཀྲིས་པའི་ཕུར་བུ་མེ་ཏོག་དམར་པོའི་ཕྲེང་བ་བཏགས་པ་བཅུ་པོ་རྣམས་སུ་སྤོས་པ་ལས་རེ་རེ་ཞིང་གིས་ཕྱག་གཡོན་པས་གནོད་མཛེས་རྒྱལ་པོའི་ཕུར་བུ་ལྟེ་བ་མན་ཆད་མདུང་གི་རྣམ་པ། ་སྟོད་བདག་ཉིད་ཀྱི་གཟུགས་ཅན་བཟུང་ནས་གཡས་པ་གྲི་གུག་ཡོངས་སུ་གྱུར་པའི་རྡོ་རྗེའི་ཐོབ་ཐོགས་ཏེ་ཧཱུཾ་ལས་སྐྱེས་པའི་ཁྲོན་པ་བཅུར་བགེགས་དེ་རྣམས་བཅུག་པའི་མགོ་བོར་ཕུར་བུ་རྣམས། ཨོཾ་གྷ་གྷ་།གྷཱ་ཏ་ཡ་གྷཱ་ཏ ་ཡ་སརྦ་དུཥྚཱན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པ་པཱ་ན་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨཱཛྙ་པ་ཡ་ཏི་སརྦ་བིགྷྣཱ་ནཱཾ་ཀཱ་ཡ་བཱཀ་ཙིཏྟཾ་ཤཱི་ལ་ཡ་ཧཱུཾ་ཧཱུཾ་ཞེས་བརྗོད་ཅིང། །ོཾ་བཛྲ་མུད?་ག་རཱ་ཀོ་ཊ་ཡ་ཧཱུཾ་ཞེས་འདོན་བཞིན་པས་གདབ་པར་བྱའོ། ། ་བགེགས་ལྷག་མ་རྣམས་རིང་དུ་བྱེར་བར་ལྟས་ནས་བགེགས་ཀྱི་ཚོགས་རྣམས་བདེ་པ་ཆེན་པོར་རོ་གཅིག་ཏུ་གྱུར་པའི་མོས་པ་བྱའོ་ཞེས་བྱ་བ་ནི་བགེགས་ལ་བུར་བུས་གདབ་པའོ། །དེའི་རྗེས་སུ་སྔགས་པས་དཀྱིལ་འཁོར་གྱི ་ས་གཞི་དྲི་བཟངས་ཀྱིས་བྱུག་པའི་དབུས་སུ་པཾ་ལས་བྱུང་བའི་སའི་ལྷ་མོ་བསྒོམ་པར་བྱ་སྟེ། ལག་པ་གཡས་པར་ཟླ་བ་ལ་ཧཱུཾ་གསུམ་བཀོད་ལ་སོར་མོ་གསུམ་གྱིས་བསྣུན་པའི་སྒྲའི་ཚོགས་རྣམས་ཀྱིས་སླང་པའི་ཡེ་ཤེས་སེམས་དཔའ་དང ་རོ་གཅིག་པར་གྱུར་པའི་ལྷ་མོ་སེར་མོ་ཕྱག་གཡོན་པས་གསེར་གྱི་བུམ་པ་བཟང་པོ་དང་ཅིག་ཤོས་ཀྱི་དམ་བཅའ་ཁས་ལེན་པའི་ཚུལ་ཅན་ཟླ་བ་ལྟ་བུའི་ཞལ་གཅིག་མ་ལྷའི་རྒྱན་གྱིས་བརྒྱན་པ་མདུན་ན་གནས་པར་བལྟས ་ནས་མཆོད་ཡོན་ལ་སོགས་པ་སྦྱིན་པ་སྔོན་དུ་འགྲོ་པས་ལྷག་པར་གནས་པར་བྱ་སྟེ། མ་རིན་ཆེན་སྣ་ཚོགས་འཛིན། །སྡོམ་པ་ཁོར་བོ་མཆོད་པ་ལ། །ལྷ་མོ་ཁྱོད་ནི་དབང་གྱུར་པས། །ཆེ་གེ་བདག་ནི་དཀྱིལ་འཁོར་བྲི། །དེ་སྐད་ས་ལ་ལན་གསུམ ་དུ། །གསོལ་བཏབ་གསང་གཏོར་ལ་སོགས་བྱ། །དེས་ཀྱང་བྱ་བ་ཉིད་དོ་ཞེས། །དེ་སྐད་གསུངས་ནས་ཐིམ་པར་བསམ། །དེ་ནས་རྡོ་རྗེ་བཅིངས་པ་ནང་དུ་བྱས་ནས་སྔ་ལ་གནན་ཏེ། །ོཾ་བཛྲ་བྷི་བ་ཧཱུཾ་ཞེས་བྱ་བ་ལན་གསུམ་གྱིས་མངོན་པར ་བསྔགས་པས་རྡོ་རྗེ་བཅིངས་པ་ལས་བྱུང་བའི་འབར་བའི་ཧཱུཾ་གི་ཚོགས་ཀྱིས་ས་འོག་གི་བར་དུ་རྡོ་རྗེར་བྱས་པར་བལྟས?་ཏེ། བཛྲ་དྲི་ཌཧ་ཏིཤཐ?་ཞེས་གསུམ་གྱིས་བྱིན་གྱིས་བརླབ་ཅིང་རང་གི་དབང་དུ་གྱུར་པས་མོས་པ་བྱའོ་ཞེས་བྱ་བ་ནི་ས་ལྷག ་པར་གནས་པའོ། །དེ་ནས་དཀྱིལ་འཁོར་གྱི་སའི་དབུས་སུ་ཡེ་ཤེས་གསུཾ་གྱིས་དྲི་བཟང་དང་བདུད་རྩི་ལྔས་ཉེ་བར་བྱུགས་ལ། དྲི་བཟང་པོའི་མེ་ཏོག་གཅལ་དུ་དགྲམ་ཞིང་སྔགས་པས་ཁྲུས་དང་དྲི་བཟང་པོས ་བྱུགས་ཏེ་ཇི་ལྟར་རྙེད་པའི་གོས་དང་རྒྱན་དང་གཙུག་ཏོར་བཅིང་པའི་བར་གྱིས་འཁོར་ལོའི་དབང་པོའི་རྣལ་འབྱོར་དང་ལྡན་པས་བདུད་རྩི་ལྔ་དང་ཙན་དན་དང་གུར་གུམ་ལ་སོགས་པ་རྣམས་ཀྱིས་མཎྜལ་བཅུ་གསུམ་དུཾ་བྱུགས་ནས་དེར་ཇི་ལྟར ་བའི་རང་གི་དམ་ཚིག་གི་འཁོར་ལོ་ལྷག་པར་མོས་ཤིང་ནམ་མཁའ་ཨི་མཐིལ་ན་བཞུགས་པའི་ཡེ་ཤེས་ཀྱི་འཁོར་ལོ་བློས་བཀུག་སྟེ་བཅུག་ལ་ཕྱི་དང་གསང་བའི་མཆོད་པ་རྣཾས་ཀྱིས་མཆོད་ཅིང་སྟོད་ནས་བདུད་རྩི་མྱང་བར་བྱའོ། །དེ་ནས ་སློབ་དཔོན་བསྒོམས་པའི་དཀྱིལ་འཁོར་ལས་ཕྱི་རོལ་དུ་ལྷོའི་ཕྱོགས་སུ་འདུག་ཅིང་བྱང་དུ་མངོན་པར་ཕྱོགས་པས་འཆད་བར་འགྱུར་བའི་དཀྱིལ་འཁོར་གྱི་ལྷ་སོ་སོ་ལ་བུམ་པ་རེ་རེའི་ཚུལ་གྱིས་སམ། བུམ་པ་གཅིག་གི་ཚུལ ་གྱིས་ཀྱང་རུང་སྟེ། ལས་ཐམས་ཅད་པའི་བུམ་པ་ལྷག་པོར་བྱས་ལ། བླ་རེ་དང། འོག་ཏུ་སོ་སོར་དྲི་བཟང་པོའི་དཀྱིལ་འཁོར་གྱི་སྟེང་དུ་ཀུ་ཤ་སར་པའི་སྟེགས་ལ་གཞག་གོ་།སྟོང་པ་ཉིད་ཀྱིས་རྗེས་སུ་བཾ་ཡིག་གི་ས་བོན ་ལས་བྱུང་པའི་གསེར་ལ་སོགས་པའི་བུམ་པ་ནག་པོ་དང་རྩ་བ་མེད་ཅིང་མཆུ་འཕྱང་བ་མགྲིན་པ་མཐོ་བ་གསུས་པ་ཆེ་བ་རྣམས་ལེགས་པར་བཀྲུས། ཤིང་སྣ་འདུགས། ནས་དང། གྲོ་དང་མོན་སྲན་གྲེའུ་དང་སོ་བ་དང་ཏིལ་ཏེ་འབྲུ་ལྔ ་དང། བྲི་ཧ་ཏི་དང་ཀཎྜ་ཀ་རི་དང་གཞན་གྱིས་མི་ཐུབ་པ་དཀར་པོ་དང་ས་ཧ་དེ་བ་དང་དཎྜོ་དཔལ་སྟེ་སྨན་ལྔ་དང། གུར་གུམ་དང་ཨ་ཀ་རུ་དང། རྟ་འཁུན་དང་ཙན་དན་དང་བླ་རྩི་སྟེ་དྲི་ལྔ་དང། གསེར་དང་དངུལ་དང་མུ་ཏིག་དང་བྱི་རུ་དང། མུ ་མེན་ཏེ་རིན་པོ་ཆེ་ལྔའོ། །དེ་རྣམས་བུམ་པའི་ལྟོ་བར་བཅུག་ནས་གླང་པོ་ཆེ་དང་རྟ་དང་བ་ལང་དང་བུད་བུ་ལ་སོགས་པས་མ་རྙོགས་པའི་ཆུ་ཀླུང་ལ་སོགས་པ་ལས་བླངས་པའི་ཆུ་ཆགས་ཀྱིས་བཙགས་ཤིང་སྣོད་གཞན་གྱིས་མ་རིག་པ་བདུད ་རྩི་ལྔའི་སྙིང་པོ་དང་བཅས་པ་བླུག་པའི་ཁལ་ཙཱུ་ཏ་དང་ཛམྦུ་དང་ནྱ་གྲོ་དྷ་དང་ཨ་ཤྭཏྠ་དང་ཨུ་དུམ་བ་ར་རྣམས་སཾ་གཞན་གང་ཡང་རུང་པ་བ་དན་དང་གདུགས་དང་བཅས་པས་རྣམ་པར་མཛེས་པ་མེ་ཏོག་དང་ཕྲེང་བ་དང་ལས་པའི་རས་བཟང་པོ་ཟུང་གི་མགྲིན་པར ་བཀྲིས་ནས། ཆོས་འབྱུང་དང་པདྨ་དང་ཉི་མ་ལ་གནས་པའི་རང་རང་གི་མཚན་མས་མཚན་པ་རྣམས་འབྲས་ཀྱི་ཕྱེ་མ་ལ་སོགས་པས་དཀར་པོར་བྱས་ཏེ་གཞག་པར་བྱའོ། །དེ་ནས་དེ་རྣམས་ལ་གཞོན་ནུ་མས་བཀལ་པའི་སྐུད་པ་དཀར་པོ ་བདུད་གྱིས་སམ། ཁ་དོག་ལྔའི་སྐུད་པས་ཀྱང་རུང་སྟེ་ཧཱུཾ་ལན་བདུན་བཟླས་པས་ཨོཾ་བཛྲ་ཤེ་ཁ་ར་རུཊཊ་མཊཊ་དི་ཤཱཾ་བནདྷ་བནདྷ་ཧཱུཾ་ཞེས་པ་གསུམ་མམ་བདུན་གྱིས་ཡོངས་སུ་དཀྲི་བར་བྱའོ། །དེ་ནས་རྣཾ་པར་རྒྱལ་བཱི་བུཾ་པའི་སྟེང་དུ། ཨོཾ་བཛྲ་མྲི་ཏོ ་ད་ཀ་ཋ(རྒྱུད་འགྲེལ་སྭཱཧཱ། ཞེས་བྱ་བ་འདིས་ལྷའི་ཆུ་པོ་འབབ་པ་དང་གཉིས་སུ་མེད་པར་གྱུར་པའི་ཚུལ་སྐད་ཅིག་གིས་ཞེས་བྱ་བས་ལྷའི་འཁོར་ལོ་དང་དེ་ཁོ་ན་བཞིན་དུ་མཚན་མ་ལའང་དམིགས་ནས་སྙིང་གའི་ས་བོན་གྱི་འོད་ཀྱིས་བཀུག་པའི་ཡེ་ཤེས་ཀྱི ་འཁོར་ལོ་མཆོད་པ་སྔོན་དུ་འགྲོ་བས་གཞུག་པར་བྱའོ། །སྙིང་པོར་གནས་པའི་འཁོར་ལོ་ནི་འདོད་ཆགས་ཆེན་པོས་ཞུ་བར་གྱུར་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་སྔོན་གྱི་ཆུ་དང་རོ་གཅིག་ཏུ་གྱུར་པས་གང་བར་བསམ་མོ། །དེ་ནས་སློབ་ ་དཔོན་གྱིས་རྡོ་རྗེ་ལ་དཀྲིས་པའི་མེ་ཏོག་གི་ཕྲེང་བ་དེ་རྣམས་ལ་ཧཱུཾ་བརྗོད་ཅིང་ལག་པ་གཡོན་པས་སྲད་བུ་བཟུང་ཞིང་གཡས་པས་ཕྲེང་བ་གཟུང་སྟེ་འཁོར་ལོའི་དབང་ཕྱུག་གི་སྔགས་མངོན་པར་བཟླས་ནས ་དེར་ལས་ཐམས་ཅད་པའི་སྔགས་ཀྱིས་ཀུན་དའི་མེ་ཏོག་གསུམ་གཞུག་པར་བྱའོ། །བུམ་པ་གཞན་རྣམས་ལ་ཡང་རང་རང་གི་ལྟ་བཀུག་ཅིང་རང་རང་གི་སྔགས་བརྒྱ་རྩ་བརྒྱད་དམ་ཉི་ཤུ་རྩ་གཅིག་གིས་མངོན་པར ་བསྔགས་པ་རྣམས་ལ་དེ་ཁོ་ན་བཞིན་དུ་ཀུན་དའི་མེ་ཏོག་གསུམ་གཞུག་པར་བྱའོ། །སྔགས་ནི་ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་སྭཱཧཱ། འཁོར་ལོའི་དབང་ཕྱུག་གིའོ། །ོཾ་ཌཱ་ཀི་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ་ཨོཾ་ལཱ་མེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཏ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རུ་པི་ཎཱི་ཡེ་ཧཱུཾ་ཧཱུཾ་ཕཊ་། ཨོཾ་ཀཱ་ཀཱ་སྱེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨུ་ལུ་ཀ་སྱེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཤྭཱ་ནཱ་སྱེ་ཧཱུཾ་ཧཱུཾ་ཕཊ་།ོཾ་ཤཱུ་ཀ་རཱ་སྱེ་ཧཱུཾ་ཧཱུཾ་ཕཊ་། ཨོཾ ་ཡ་མ་དཱ་དྷཱི་ཡི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱ་ཏཱི་ཡེ་ཧཱུཾ་ཧཱུཾ་ཕཊ་། ཨོཾ་ཡ་མ་དཾ་ཥྚི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་མཱ་ཐཱ་ནཱི་ཡ་ཧཱུཾ་ཧཱུཾ་ཕཊ་། དཔའ་མོའི་དབང་ཕྱུག་མ་རྣཾས་ཀྱིའོ། །ོཾ་ཁཎྜ་རོ་ཧེ ་ཧཱུཾ་ཧཱུཾ་ཕཊ་།དུ་མ་སྐྱེས་མའི་སྟེ་ལས་ཐམས་ཅད་པའི་སྔགས་སོ། །དེ་ནས་རྣཾ་པར་རྒྱལ་བ་ལ་སོགས་པའི་བུམ་པ་རྣམས་མེ་ཏོག། ལྔ་སོགས་པས་མངོན་པར་མཆོད་ནས་། ལས་ཐམས་ཅད་པ་ལས་ཡིས་འདས ་ཀྱིས་སླངས་པའི་ཆུས་བསངས་ཏེ་ཇི་སྲིད་དཀྱིལ་འཁོར་གྱི་བྱ་བ་མ་རྫོགས་པ་དེ་སྲིད་དུ་སོ་སོའི་བགེགས་རྣམས་ཕྱིར་ཟློག་པར་མཛོད་ཅིག་ཅེས་བརྗོད་ནས་གཏེར་མ་ཕུལ་ཏེ་ཉེ་རེག་བྱས་ནས་སླར་ཡང་མེ་ཏོག་ལ་སོགས་པS ་མཆོད་དེ། རྡོ་རྗེ་མཁའ་འགྲོ་མའི། འཁོར་ལོའི་སྦྱར་བ་ཁྱོད་ཕྱག་འཚལ། །ཁམས་གསུམ་པ་ནི་གཅིག་པའི་སྐུ། །འཁོར་ལོའི་ནམ་མཁའ་འགྲོ་ཁྱོད་ཕྱག་འཚལ། །རིན་ཆེན་མཁའ་འགྲོ་ཁྱོད་ཕྱག་འཚལ། །རྡོ་རྗེ་ཆོས་ཁྱོད ་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་མགོན་པོ་སྟེ། །ལས་ཀྱི་རྡོ་རྗེ་ཁྱོད་ཕྱག་འཚལ། །ཞེས་བསྟོད་ཅིང་དྲིལ་བུ་གསིལ་པར་བྱའོ། །དེ་ལྟ་བུའི་སྔགས་དང་མཆོད་པ་ལ་སོགས་པ་ཉི་མ་སོ་སོ་ལ་ཐུན་གསུམ་མ་མཐུན ་མཚམས་གཅིག་ཏུ་བུཾ་བ་རྣམས་ལ་བྱའོ། །ཞེས་བྱ་བ་ནི་བུམ་པ་ལྷག་པར་གནས་པའོ། །དེའི་རྗེས་སུ་སློབ་དཔོན་གྱིས་དྲིའི་དཀྱིལ་འཁོར་བཅུ་གསུམ་བཀོད་པར་མེ་ཏོག་བཀྲམ་པ་ལ་དཀྱིལ་འཁོར་བ་དང་དཀྱིལ་འཁོར་གྱི་བདག་པོར་དམིགས ་ཏེ་རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་དྲངས་ཡེ་ཤེས་ཀྱི་འཁོར་ལོ་བཅུག་ནས་མཆོད་ཡོན་ལ་སོགས་པ་སྔོན་དུ་འགྲོ་བས་མཆོད་ཅིང་བསྟོད་ལ་བདུད་རྩི་མྱངས་ནས་པུས་མོ་གཡས་པའི་ལྟ་བ་ས་ལ་བཙུགས་ཏེ། ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ ་གཅིག་པ་ལ་ཧཱུཾ་ཡིག་བཀོད་ནས་ལག་པ་གཡས་པས་སྤོས་ཀྱི་སྣོད་ཐོགས་ཤིང་གཡོན་པས་དྲིལ་བུ་གསིལ་བར་བྱའོ། །བཅོམ་ལྡན་ཁྲོ་མཆོག་རྡོ་རྗེ་ཅན། །དེ་བཞིན་གཤེགས་པ་གསོལ་བ་ནི། །སློབ་མ་རྣཾས་ལ་བརྩེ?་བ་དང། །ཁྱེད ་རྣམས་ལ་ཡང་མཆོད་པ་དང། །མགོན་པོ་ལྷན་ཅིག་སྐྱེས་འབྱུང་བའི། །དཀྱིལ་འཁོར་བྲི་བར་འཚལ་ལགས་ན། །དེ་?་བཅོམ་ལྡན་གུས་བདག་ལ། །བཀའ་དྲིན་སྣང་བ་མཛད་པར་རིགས། །སངས་རྒྱས་གང་གཞན་སྔགས་ཀྱི་ལྷ། ། ་ལྷ་དང་འཇིག་རྟེན་སྐྱོང་བ་དང། །འབྱུང་པོ་བྱང་ཆུབ་བསྟན་གནས་དང། །གང་སུ་རྡོ་རྗེའི་སྤྱན་མངའ་བའི། །བསྟན་ལ?་མངོན་པར་དགའ་བ་ཀུན། །བདག་ལ་ཡང་དག་དགོངས་སུ་གསོལ། །མཆོག་ཏུ་སྡོམ་པ་འབྱུང་བ་ཡི། །དཀྱིལ ་འཁོར་ཡང་ནི་བྲི་པར་བགྱི། །བདག་དང་སློབ་མར་བཅས་ལའང་དེར། །རྗེས་སུ་བརྩེ་བ་བསྐྱེད་དུ་གསོལ། །ཞེས་ལན་གསུམ་བརྗོད་ཅིང་མངོན་པར་འདོད་པའི་དོན་གསོལ་ལོ་ཞེས་བྱ་བ་ནི་ལྷ་ལྷག་པར་གནས ་པའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་ལེགས་པར་ཡོངས་སུ་བརྟགས་པའི་སློབ་མ་རྣམས་ལྷག་པར་གནས་པར་བྱ་སྟེ། །ཤེས་ལྡན་ཚུལ་ཁྲིམས་ཡོན་ཏན་ལྡན། །བརྟན་ཞིང་གཏོང་ལ་རྒྱུད་རིག་པ། །བཅོམ་ལྡན་དེ་ཉིད་རིག་སེམས ་བརྟན། །རྡོ་རྗེ་སློབ་དཔོན་བླ་ཆེན་ལའོ། །རིགས་ལྡན་དུལ་ཞིང་ཆོས་ཤེས་པ། །སྦྱིན་དང་ཚུལ་ཁྲིམ་བརྩེ་རྗེས་འཐུན། །གཡོ་མེད་བླ་མར་གུས་སློབ་མ། །དེ་འདིར་བླ་མས་བསྡུ་བར་བྱ། །མེད་པར་གྱུར་ན་དམན་པ་ཡང། །ལྷག ་པར་གནས་པར་བྱའོ། །དེ་ནས་སློབ་མ་གཅིག་གམ་གཉིས་སམ་མང་པོའང་རུང་མཎྜལ་བྱས་ཤིང་པུས་མོ་ས་ལ་བཙུགས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་བའི་སློབ་མ་རྣམས་ལ། ཁ་ཅིག་གསང་སྔགས་གྲུབ་དོན་གཉེར། ། ་དཀྱིལ་འཁོར་འདིར?་ནི་འཇུག་པར་བྱེད། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་དག་འཇིག་རྟེན་ཕ་རོལ་གཉེར། །འཇིག་རྟེན་ཕ་རོལ་ལ་བལྟ་བའི། །དད་པ་ཕྱིར་ཞིང་བྱས་ནས་ནི། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་སྟེ། ་འདི་ཡི་འབྲས་བུ་སྤང་པར་བྱ། །འདི་ནི་འབྲས་བུ་འདོད་གྱུར་ན། །འཇིག་རྟེན་ཕ་རོལ་དེ་ལྟ་མིན། །འཇིག་རྟེན་ཕ་རོལ་དོན་གཉེར་བས། །འདི་འབྲས་རྫོགས་པར་འགྱུར་བ་ཡིན། །ཞེས་དང་པ་བསྐྱེད་ནས་སློབ་དཔོན་དཔལ་སྡོམ་པའི ་སྐུ་རྡོ་རྗེ་ཕག་མོ་ལ་སྙོམས་པར་འཇུག་པས་སློབ་མ་དེ་རྣམས་རང་གི་ལུས་ལ་ཁ་ནས་བཅུག་སྟེ། རྡོ་རྗེ་ལས་འཐོན་ནས་ཤེས་རབ་ཀྱི་པདྨར་གནས་པ་ལ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་ཤེས་རབ་དང་བཅས་པའི ་དེ་བཞིན་གཤེགས་པ་རྣམས་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ཞུགས་འདོད་ཆགས་ཆེན་པོས་ཞུས་སྟེ་ཨ་བ་དྷུ་ཏཱི་ནས་རྡོ་རྗེ་ལས་མཐོན་པས་མངོན་པར་དབང་བསྐུར་བ་རྣམས་དཀྱིལ་འཁོར་གྱི་ཤར་སྒོར་གཞག་ནས་འཇུག་པའི་ཕྱིར་གསོལ་བ ་གདབ་ཏུ་གཞུག་སྟེ། རྣལ་འབྱོར་མ་མཆོག་ཡང་དག་སྦྱོར། །དཔའ་ཆེན་ཁྱོད་བདག་སྟོན་པ་བས། །བྱང་ཆུབ་ཆེན་པོའི་ཚུལ་བརྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག ་ལ་སྩོལ། །དཔའ་པོ་དཔའ་མོ་དབང་མོ་དང། ཕག?་མོ་ཧེ་རུ་ཀ་ཉིད་ཀྱིའང། །གསང་བའི་གནས་སོགས་ཡང་བདག་པ། །ཇི་ལྟར་ལུས་ལ་ཡང་དག་གནས། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་པོ་ཡང་བདག་ལ་སྩོལ། །ཐར་པ ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་སོ། །དེའི་རྗེས་སུ་སློབ་མ་གཅིག་གཙོ་བོར་བྱས་ནས། །བུ་ཚུར་ཤོག་གཅིག་ཐེག་ཆེན་པོའོ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག ་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད ་པ། །གང་གིས་ཤཱཀྱ?་སེང་གེ་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་བཟད་ཆེན་པོ་སྟོབས་ཆེན་བཅོམ། །འཇིག་རྟེན་རྗེས་འཐུག་རྩོགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར།། ་བུ་མིས་བློ་གྲོས་འོད?་ཀྱིས་ཤིག་།ཅེས་ཡང་དག་པར་འཛིན་དུ་གཞུག་གོ་།དེ་ནས་དཀོན?་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས ་གཟུང། །ཞེས་ལན་གསུམ་བརྗོད་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གཞུག་པར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས ་གཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་ན་མེད་པའི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་ཅམཛ་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས ་བསྐྱེད་པར་བགྱི། །ཚུལ་ཁྲིམས་གསུམ་སྟེ་བསླབ་པ་དང། །དགེ་བའི་ཆོས་ནི་སྡུད་པ་དང། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་ནི། །བདག་གིས་སོ་སོར་བརྟན་པོར?་གཟུང། །སངས་རྒྱས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག ་གསུམ། །སྡོམ་པ་སངས་རྒྱས་རྣལ་འབྱོར་འབྱུང། །དེ་ནས་བརྩམས་ཏེ་བཟུང་བར་བགྱི། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང། །དེ་ཉིད་ཀྱིས་ནི་རབ་ཏུ་གཟུང། །སློབ་དཔོན ་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ནི་ལན་དྲུག་ཏུ། །སྦྱིན་པ་རྣམ་ཞི་རབ་ཏུ་སྦྱིན། །པདྨ་ཆེན་པོའི་རིགས་ངག་པ། །བྱང་ཆུབ་ཆེན་པོ་འབྱུང་བ་ལ། །ཕྱི་དང ་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ཡང་དག་ལྡན། །མཆོད་པའི་ལས་ནི་ཅི་ནུས་བཞིན། །ཀུན་ན་སོ་སོར་གཟུང་བར་བགྱི། རྩ་བའི་ལྟུང་བ་སྤང ་བགྱི་ཞིང། །དེ་བཞིན་སྦོམ་པོའི་ལྷུང་བ་ཡང། །སེམས་ཅན་རྣམས་ལ་བསྙེན་བཀུར་བགྱི། །བྱམས་པའི་སེམས་ནི་ཐམས་ཅད་དུའོ། །ལུས་ཀྱི་ལས་ནི་རྣམ་པ་གསུམ། །དག་གི་རྣམ་པ་བཞི་དག་དང། །ཡིད་ཀྱི་རྣམ་པ་གསུམ་དག ་གི་།དགེ་བའང་བདག་གིས་བརྐྱང་བར་བགྱི། །མྱོས་པའི་བཏུང་བ་སྤང་བགྱི་ཞིང། །བྱ་བ་མ་ཡིན་དེ་བཞིན་སྤང། །ཐེག་པ་དམན་ལ་དགའ་བ་ཡང། །རབ་ཏུ་འབད་པས་མི་བྱའོ། །ལྷ་སོགས་དེ་བཞིན་གཙོ་བོ་ལ། །མགུས་པར་ཡང ་མི་བགྱིའོ། །ཕྱག་རྒྱལ་སོགས་ཁྱད་པར་རྣམས། །འགོང་བར་ཡང་ནི་མི་བྱ་ཞིང། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་དག་ནི་བསྐྱེད་བགྱིས་ན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སྡོམ་པ་མཛའ་དག་བཟུང་བར་བགྱི། །མ་སྒྲལ་བ་རྣམས ་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་བརྗོད་དུ་གཞུག་གོ་།དེ་ནས་ཁཎྜ་རོ་ཧོའི་སྔགས་ཀྱིས་བསྲུངས་ལ། །དེ་རྣམS ་ཀྱི་སྙིང་ག་དང་མགྲིན་པ་དང་མགོ་བར་གནས་པའི་རྡོ་རྗེ་དང་པདྨ་དང་འཁོར་ལོའི་སྟེང་དུ་ཉི་མ་དང་ཟླ་བ་ལ་གནས་པའི་ཧཱུཾ་ནག་པོ་དང་ཨཱ(རྒྱུད་འགྲེལ་སྙིང་ག་དང་མགྲིན་པ་དང་སྤྱི་བོ་རྣམས་སུ་ཧཱུཾ་ཨཱ(རྒྱུད་འགྲེལ་པའི་སོ་ཤིང་སོར་བཅུ་གཉིས་པ་ལྷུང་བ་མ་ཡིན་ཞིང་དྲང་ལ་སྲོག་ཆགས་དང་རྨ་མེད་བ་དྲིའི་ཆུས་བཀྲུས་ཏེ་རྩེ་མོར་མེ་ཏོག་བཅིངས་པ་སློབ་མ་རྣམས་ཁ་སྟེང་དུ་ཕྱོགས་པའི་སྙིམ་པར་སྦྱིན་ཏེ། དེས་ཀྱང་བ་གླང་གི་ཀོ་བ་ཙམ་དུ་བྱུགས ་པའི་སའི་ཆ་ལ་ཤར་དུ་མངོན་པར་ཕྱོགས་པས་ཨོཾ་བཛྲ་ཧཱ་ས་ཧ:ཞེས་བརྗོད་ཅིང་སོ་ཤིང་གི་རྩེ་མོ་འཆོས་ནས་ལྟོས་པ་མེད་པར་སྟོང་དུ་ལྟ་བས་དོར་བར་བྱའོ། །སོ་ཤིང་དེ་དག་ལྟུང་བ་དང་རྗེས་སུ་འཐུན་པའི་དངོས་གྲུབ་ཏུ་འགྱུར ་ཡང་བརྗོད་པར་བྱའོ། །ཤར་དང་བྱང་དང་ནུབ་དང་ལྷོ་དང་སྟེང་དང་འོག་ཏུ་ཕྱོགས་པར་ལྷུང?་ན་ཞི་བ་དང་རྒྱས་པ་དབང་དང་མངོན་སྤྱོད་དང་རིག་པ་འཛིན་པ་དང་ས་འོག་རྣམས་འགྲུབ་ལ། །ཕྱི་རོལ་ཏུ ་ལྟུང་ན་དངོས་གྲུབ་མེད་དོ། །དེ་ནས་བཾ་ལས་སྐྱེས་པའི་ཆུ་དེ་བཟླས་པ་ཁ་བཀྲུ་པའི་དོན་དུ་བྱིན་ནས་ལས་ཐམས་ཅད་པའི་སྔགས་ཀྱིས་ལན་བདུན་མངོན་པར་བསྔགས་པའི་དྲིའི་ཆུ་ཁྱོར་བ་གསུམ། ཨོཾ་ཧྲཱི་བི་ཤུདྡྷ་དྷརྨ་སརྦ ་པཱ་པཱ་ནི་ཙཱ་སྱ་བི་ཤོ་ཡ་སརྦ་བི་ཀལྤཱ་ན་པ་ན་ཡ་ཧཱུཾ་ཞེས་བརྗོད་དེ་མཐུང་དུ་གཞུག་གོ་།དེ་ནས་དེ་རྣམས་ཀྱི་ཕྱི་རོལ་དུ་འདུག་ཏུ་བཅུག་ནས་ཧཱུཾ་ལས་བྱུང་བའི་ཀུ་ཤ་མང་པོ་རྩེ་མོ་མ་ཉམས་པ་ལས་ཐམས་ཅད་པས་མངོན ་པར་བསྔགས་པ་རྣམས་མལ་སྟན་གྱི་དོན་དང། དེ་བཞིན་དུ་དྷཱི་ཡིག་ལས་སྐྱེས་པའི་ཀུ་ཤ་ཅིག་སྔས་ཀྱི་དོན་དུ་ཨོཾ་བཛྲ་ཏཱིཀྵྞ་བཾ་ཞེས་པའི་སྔགས་ཀྱིས་སྦྱིན་ནོ། །དེ་ནས་ཧཱུཾ་ལས་སྐྱེས་པའི་སྐུད་པ་དམར་པོ་སློབ་མའི་ཡུལ ་ཀྱི་ཚང་སུམ་བསྒྲིལ་དུ་བྱས་ནས་མདུང་པ་གསུམ་བྱས་ཏེ་ལས་ཐམས་ཅད་པས་མངོན་པར་བསྔགས་པ་དེ་རྣམས་ཀྱི་དཔུང་པ་གཡོན་པ་ལ་བཅིངས་ཏེ་ཨོཾ་བུདྡྷ་མཻ་ཏྲཱི་རཀྵ་རཀྵ་སརྦཱ་ན་སྭཱ་ཧཱ་ཞེས་བརྗོད་ཅིང་བསྲུངས ་ནས། སྤྲོ་བ་བསྐྱེད་པར་བྱ་བ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག་།ུ་དུམ་བ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རས་འགའ་ཞིག་།འབྱུང་འགྱུར་ཡང་ནི་མཾ་འབྱུང་སྲིད། གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ།། ་དེ་བས་ཀྱང་ནི་ཤིན་ཏུ་དཀོན། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་དང། །དཀྱིལ་འཁོར་འདི་ཉིད་མཐོང་བ་ཡིས། །དེ་དག ་ཐམས་ཅད་ཟད་འགྱུར་ན། །གྲགས་པ་མཛའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་པས་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །སྤྱོད་མཆོག་འདི་ལ་གང་རྣམས་ཀྱི། །བློ ་གྲས་ཤིན་ཏུ་དྲིན་མ་མེད། །དེ་རྣམས་ཀྱིས་ནི་སྡུག་བསྔལ་ཀུན། །འབྱུང་བའི་ངན་འགྲོ་ཡང་དག་ཞི། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །དེ་རིང་རྙེད་པ་མཉམ་མེད་རྙེད། །གང་གིས་ཁྱེད་རྣམས་རྒྱལ་བ་ཀུན། བདག་ཉིད་ཆེན་པོ ་སྲས་བཅས་ཀྱི། །བསྟན་འདི་ཀུན་ལ་ཡོངས་སུ་བཟུང། །གནས་པ་སྐྱེ་བར་འགྱུར་བ་ནི། །དེ་ཡིས་ཁྱེད་རྣམས་ཐེག་ཆེན་ལ། །ལེགས་པར་སྐྱེ་བ་ཉིད་དུ་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང ་ལྡན། །གང་གིས་ཁྱེད་རྣམས་འགྲོ་འགྱུར་བས། །དེ་བཞིན་གཤེགས་པར་འགྱུར་བ་ཡིན། །ཞེས་བྱ་བ་ཉན་དུ་བཅུག་ནས་དེའི་རྗེས་ལ་དེ་རྣམ་ལ་ལས་ཐཾ་ཅད་པའི་སྔགས་ཀྱིས་ཡང་དག་པར་བསྲུངས་ཏེ་བཟླས་པའི་དོན་དུ་ལས་ཐམས་ཅད? ་པའི་སྔགས་བྱིན་ནས་ནང་པར་སྔ་བར་ང་ལ་རྨི་ལམ་སྨོས་ཤིག་ཅེས་བརྗོད་དེ་དཀྱིལ་འཁོར་གྱི་མཛའ་མར་ཡོལ་བས་བཅད་པ་འམ་ཕྱི་རོལ་གྱི་གནས་གཞན་དུ་ཡང་རུང་སྟེ་སེང་གེའི་ཉལ་སྟབས་ཀྱིས་ཉལ་དུ་གཞུག་གོ་།ཞེས་བྱ་བ་ནི ་སློབ་མ་ལྷག་པར་གནས་པའོ། །དེ་ནས་སློབ་དཔོན་གྱིས་སློབ་མ་ལྷག་པར་གནས་པའི་ཆེད་དུ་བཀོད་པའི་ལྷའི་དཀྱིལ་འཁོར་མངོན་པར་མཆོད་དེ། །ཡེ་ཤེས་ཀྱི་ཐིག་ལ་སོགས་པའི་དོན་དུ་ནམ་མཁར་བཏེག་ཅིང། བཀོད་ནས་ཤར ་དུ་མངོན་པར་ཕྱོགས་ཤིང་དཀྱིལ་འཁོར་གྱི་བདག་པོའི་རྣལ་འབྱོར་དང་ལྡན་པས་དཔའ་བོའི་རིན་གྱིས་ཉོས་པ་འམ་དུར་ཁྲོད་ནས་རྙེད་པ་ཡང་རུང་སྟེ་གཞོན་ནུ་མ་མ་ཉམས་པས་བཀལ་བ་དྲི་བཟང་པོ་དང་ཡུངས་ཀར་གྱི་ཕྱེ་མ་དང་བདུད་ ་རྩི་ལྔ་དང་བཅས་པའི་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་ཁུ་དང་ནག་པོའི་ཁ་དོག་རྣམས་ཀྱིས་སོ་སོ་སོ་སོར་ཁ་སྒྱུར་བའི་ཐིག་རྣམས་བུཾ་ཨཱཾ་ཛཱིཾ་ཁཾ་ཧཱུཾ་གི་ས་བོན་ལས་རྫོགས་པའི་རྣམ་པར་སྣང་མཛད ་ལ་སོགས་པའི་རང་བཞིན་རྣམས་ལག་པ་གཡོན་པའི་མཐིལ་དུ་སོར་མོའི་རྩེ་མོ་ནས་བརྩམས་ནས་སོར་མོའི་རྩ་བའི་བར་དུ་བཀོད་ལ། །ནམ་མཁའ་ལ་བཞུགས་པའི་དེ་བཞིན་གཤེགས་པ་ལྔ་རང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས ་པ་རྣམས་སྡུད་པར་གྱུར་པའི་ཐུགས་ཀ་རྣམས་སུ་བུམ་ཡིག་ལ་སོགས་པ་ལས་གྲུབ་པའི་ཡེ་ཤེས་ཀྱི་ཐིག་འོད་ཟེར་གྱི་རང་བཞིན་དུ་བལྟས་ཏེ། ཨོཾ་ཨཱ:ཤཱ་ཤྭ་ཏ་བཛྲ་སཱུ་ཏྲཾ་མེ་པྲ་ཡཙྪ་མཧཱ་མཎྜ་ལ་སཱུ་ཏྲ་ཎཱ་ཡ་ཧཱུཾ། ཞེས་པ་འདིས ་རང་རང་གི་མཚན་བཅུག་པའི་རྣམ་པར་སྣང་མཛད་ལ་སོགས་པ་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་ཛ:ཡིག་ལས་བྱུང་བའི་མིག་གཉིས་ཟླ་བ་དང་ཉི་མ་སེར་པོར་སྣང་བས་ཨོཾ་དཱིསྟ་དྲིཥྚཡངཀུ?་ཤི་ཛ(རྒྱུད་འགྲེལ་ཏུ་མྱུར་བར་གཡོ་བའི་མིག་གི་རྫི་མས་འགུགས་པའི་མིག་གི་ལྕགས་ཀྱུའི་ལྟ་སྟངས་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པའི་མངག་གཞུག་པ་རྣམས་བཀུག་ནས་ལག་པ་ན་གནས་པའི་ཐིག་ལ་གཞུག་པར་བྱའོ། །དེ་ཉིད་ཀྱི་ཕྱིར་དེ ་རྣམས་ཀྱི་མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔའི་རང་བཞིན་རྣམས་སོ་སོར་ཡེ་ཤེས་བཞི་དང་རྗེས་སུ་འབྲེལ་བའི་ཕྱིར་ཉི་ཤུ་རྩ་ལྔར་ཕྱེ་བར་གྱུར་པ་ཡིན་ནོ། །དེའི་རྗེས་ཁཎྜ་རོ་ཧེའི་བདག་ཉིད་ཅན་གྱི་ལས་རྡོ་རྗེ་ཅན་ཐིག་སྐུད་འཛིན་པ་དང ་ལྷན་ཅིག་ཏུ་ཐིག་ལྔ་ལྔ་པ་རྣམས་ཐིག་རེ་རེར་བསྒྲིལ་ལ། དེ་ནས་དེ་བཞིན་དུ་ཐིག་ལྔ་པོ་དེ་རྣམས་ཐིག་གཅིག་ཏུ་སྒྲིལ་ཏེ། ཨོཾ་ཨཱ(རྒྱུད་འགྲེལ་དྷརྨཱ་ཨོཾ་ཨཱ(རྒྱུད་འགྲེལ་གྱི་འཛུབ་མོ་རྒྱབ་ཀྱི་ས་ལ་སྦྱར་བས་མནན་པའི་མཐར་ཐུག་པའི་ལྷག་པོ་དོར་ནས། དཀྱིལ་འཁོར་ཇི་ལྟ་བ་ལས་ཉིས་འགྱུར་གྱིས་རི་བ་སྦོམས་སུ་སྒོའི་ཉི་ཤུ་ཆའི་ཚང་ཡེ་ཤེས་ལྔའི་རང་བཞིན་གྱི་ཉི་ཤུ་རྩ་ལྔར་དབྱེ་བ་རྣམས་དྲིའི་ཆུ་དང་འདུད?་རྩི་ལྔ ་དང་བ་བྱུང་ལྔས་སྤངས་པ་ཡི་གེ་གསུམ་གྱི་ནང་དུ་ཆུད་ཅིང་དྲིས་ཉེ་བར་བྱུགས་ནས་གསེར་ལ་སོགས་པའི་སྣོད་དུ་བཞག་ལ་ལས་ཐཾས་ཅད་པའི་ཆུ་དང། །དེའི་སྔགས་དང་ཨོཾ་ཨ་ཨཱ་ཨཾ་ཨ(རྒྱུད་འགྲེལ་སོགས་པས་མཆོད་ཅིང་ལག་པས་རེག་ནས་ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུང་བར་བྱའོ། །དེ་ནས་སྔགས་པས་གཡས་དང་གཅིག་ཤོས་ཀྱི་མིག་དག་མ་དང་ཊ་ལས་སྐྱེས་པའི་ཉི་མ་དང་ཟླ་བ་སྟེ་འདི་དག་དྲིཥྚ་མཊ་ཞེས་པས་བརྟན་པར་བྱས་ནས ་ཧཱུཾ་བཟླས་པའི་བདུད་རྩིའི་ཆུ་དང་ཡུངས་དཀར་དང་དྲིའི་ཆུས་བྲན་པའི་ཐིག་ལ་ལག་པ་གཡས་པའི་རྡོ་རྗེ་རེག་སྟེ་ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མཱ་ཧཱུཾ་ཨོཾ་ཨཱ:ཧཱུཾ་ཞེས་བརྒྱ་རྩ་བརྒྱད་བཟླས་པས་བྱིན་གྱིས་བརླབ་པར་བྱའོ། །དཀྱིལ་འཁོར་གྱིས་ཡང་ཨོཾ་སརྦ ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ་ཞེས་བྱ་བ་འདིས་བུམ་པ་ཐམས་ཅད་ཀྱི་ཆུས་གཙང་བྱེད་བྱས་ནས་དྲིས་ཉེ་བར་བྱུགས་ལ་མེ་ཏོག་ཕྱི་རོལ་དུ་དགྲམ་ཞིང་ནམ་མཁའ་ཨི་མཐིལ་ན་བཞུགས་པའི་སྡོམ་པའི་དཀྱིལ་འཁོར་ལ་མཆོད་ཡོན་ལ་སོགས་པ་དབུལ?་བ་སྔོན་དུ ་འགྲོ་བས་མཆོད་དེ་ཕྱག་བྱས་ནས་རང་ཉིད་དཔལ་སྡོམ་པའི་བདག་ཉིད་ཅན་དང་ལས་ཀྱི་རྡོ་རྗེ་ཅན་ལས་ཐམས་ཅད་པའི་གཟུགས་ཅན་གྱི་མིག་དག་ལ་ཛ:ཡིག་ལས་སྐྱེས་པའི་ཉི་མ་དང་ཟླ་བ་སེར་པོ་འདི་དག་བསམས་རྡོ་རྗེའི་རྐང་སྟབས་ཀྱི ་ཚུལ་ཀྱིས་ཐིག་སྐུད་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་གཟུང་བ་ལྟེ་བར་གཟུང་ཞིང། སྒྲུབ་པའི་གྲོགས་པོས་ཀྱང་ཐིག་སྐུད་དེ་བཞིན་དུ་གཟུང་ནས་ཛཛ(རྒྱུད་འགྲེལ་ཛཛ(རྒྱུད་འགྲེལ་སེམས་ཅན་གྱི་དོན་དུ་ཁྱེད་རྣམས་ཀྱི་དུས་དེ་ཡིན་གྱི་འདིར་གཤེགས་སུ་གསོལ་ལོ་ཞེས་བྱ་བའི་བརྡའི་དོན་ཅན་གྱི་ཐིག་གི་སྒྲ་རྣམས་ཀྱིས་ནམ་མཁའ་ཐམས་ཅད་ཁྱབ་པའི་དེ་བཞིན་གཤེགས་པ་རྣམས་ལ་ཡང་དག་པར་སྐུལ་ཞིང་བཀུག ་ནས་ཐིག་ལ་གཞུག་པར་བྱའོ། །ོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ་ཧཱུཾ་སྭཱ་ཨཱ(རྒྱུད་འགྲེལ་དེ་ཁོ་ན་བཞིན་དུ་འོག་ཏུ་ཚངས་པའི་ཐིག་གཉིས་ཀྱང་སྟེ། དེ་ལྟར་ཐིག་གདབ་པ་ཐམས་ཅད་ལ་ཐིག་གི་ཆོ་ག་ཤེས་པར་བྱའོ། །དེ་ལ་སློབ་དཔོན་ནུབ་ཀྱི་ཕྱོགས་སུ་གནས་ནས་ཤར་དུ་བལྟ་ཞིང་ལྷོའི་ཕྱོགས་སུ་གནས་པས་བྱང་དུ ་བལྟས་ཏེ་རྐང་པ་གཡོན་པ་སྐྱིལ་ཀྲུངས་ཕྱེད་པ་དང་གཡས་པ་ས་ལ་གཙུག་པས་འདུག་པ་ལས་ཀྱི་རྡོ་རྗེ་ཅན་དེ་ལས་བཟློག་པས་འདུག་ཏེ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཐིག་སྐུད་གཟུང་ནས་རྗེས་བཞིན་དུ་གཡོན་བསྐོར་དུ་འགྲོ་ཞིང ་ལྷན་ཅིག་པས་ཚངས་པའི་ཐིག་གཉིས་འོད་ཟེར་གྱི་ཕྲེང་བའི་མཛའ་ཨི་བར་དུ་གདབ་པར་བྱའོ། །མེའི་མཚམས་སུ་གནས་པས་རླུང་གི་མཚམས་ཀྱི་ཐིག་དང། བདེན་བྲལ་དུ་གནས་ནས་དབང་ལྡན་གྱི་མཚམས་ཀྱི་ཐིག་གདབ་སྟེ། གཏི ་ག་ཡང་སྒོའི་ཚད་བཅུ་བདུན་ནོ། །མེའི་མཚམས་སུ་གནས་ནས་བྱང་དུ་བལྟས་ཏེ་ཤར་གྱི་རྩ་བའི་ཐིག་དང་རླུང་གི་མཚམས་སུ་གནས་ནས་ལྷོར་བལྟས་ཏེ་ནུབ་ཀྱི་རྩ་བའི་ཐིག་དང་དེ་ཉིད་དུ་གནས་ནས་ཤར་དུ་བལྟས་པས་བྱང་གི་རྩ་བའི་ཐིག ་དང་མེའི་མཚམས་སུ་གནས་ནས་ནུབ་ཏུ་བལྟས་པས་ལྷོའི་རྩ་བའི་ཐིག་གདབ་པར་བྱ་སྟེ། ཁྲུ་ལ་སོགས་པའི་ཚད་དུའོ། །དེའི་ཡང་རྩ་བའི་ཐིག་གཅིག་གི་བརྒྱད་ཆ་ནི་སྒོ་ཡིན་པའི་ཕྱིར་སྒོསི?་བཞི་ཆའི་གཅིག་ནི་ཆ་ཆུང་གི་ཚད་དོ། དེས་ན་ཚངས་ཐིག་གི་གཡས ་དང་ཅིག་ཤོས་ཀྱི་ལོགས་སུ་ཆ་ཆུང་གཉིས་གཉིས་ན་རྩ་བའི་ཐིག་གི་སྒོའི་གནས་སོ། །ཞེས་ཤེས་པར་བྱས་ནས་སློབ་དཔོན་བཅོམ་ལྡན་འདས་ཀྱི་སྐུས་དཀྱིལ་འཁོར་གྱི་དབུས་སུ་གནས་ཏེ་ཐར་པའི་སྒོའི་བགེགས་སུ་གྱུར ་པའི་སྒྲིབ་པ་མཛའ་དག་དབྱི་བར་བྱའོ་ཞེས་མོས་ལ་ཧཱི(རྒྱུད་འགྲེལ་པར་འགྱུར་བའི་ཕུར་བུའི་ཚུལ་གྱིས་གཙོ་པོའི་པདྨ་ལ་སོགས་པའི་ཐིག་བྱའོ། །ཚངས་ལས་ཆ་ཆུང་བཞི་ཡི་མཐར། །ཟེའུ་འབྲུའི་ཐིག་ནི་སྐོར་བྱ་སྟེ། །དེ་ལས་ཆ་ཆུང་བརྒྱད་རྣམས་ཀྱིས། །འདབ་བརྒྱད་རྩེ་མོར་བྲི་བར་བྱ། །རྩ་བའི་ཕྱི་རོལ་གཅིག་དང ་གཉིས། །གཅིག་གཉིས་གཅིག་དང་གཅིག་གི་མཐར། །ཐིག་དྲུག་ཟུར་ནས་ངོས་སུ་སྟེ། །ཚངས་ལས་རིམ་གྱིས་རིང་བར་ནི། །ཆ་ཆུང་གསུམ་དུ་དང་པོ་གཉིས། །ཆ་ཆུང་གཉིས་ཐིག་རྩེར་རིག་པའོ། །གསུམ་ནི་ཆ་ཆུང་བདུན་དུའོ། །སྟེགས ་བུའི་ཐིག་ལས་དྲང་པོའི་ཐིག་།གསུམ་པོ་ཆ་ཆུང་ལྔ་པ་སྟེ། །སྣམ་བུ་སོ་སོ་སོ་སོ་ཡི། །ཞེང་དུ་ཆ་ཆུང་རེ་རེ་ཡིན། །རྩ་བའི་རྩེ་ནས་འཐོན་པའི་ཐིག། ཆ་ཆུང་བཞི་སྟེ་ཆ་ཆུང་གཉིས། །ཐད་ཀ་དང་ནི་སྟེང་དུ་ཡང། །ཐད་ཀར་ཆ་བརྒྱད་འཁྱོགས་པོ་གསུམ ་གདུང་གི་ཐིག་གི་ཆ་ཕྲན་མཐར། །ཐད་ཀར་ཆ་ཆུང་བཅུ་པའོ། །ཀ་བའི་རྩེ་ལས་སྒོ་ཚད་ཀྱིས། །རྟ་བབས་སྣམ་བུ་སྟེང་དུའོ། །ནོར་ལྷ་ནོར་ལྷ་ཉི་མ་དང། །རྒྱལ་བ་ནོར་ལྷ་རྒྱལ་བ་དང། །ཉི་མ་ནོར་ལྷ་ཉི་མ་རྒྱལ། །ནོར་ལྷ་ཡི་ནི་རིས ་པས་སོ། །སྒོ་ཡི་ཆ་ཡིན་སྟེང་དུ་ནི། །འདི་རྣམས་ཐད་ཀའི་ཚད་བཤད་པ། །ཚངས་ལས་གཡས་དང་གཡོན་དུ་ནི། །ཆ་ཆུང་ཕྱེད་བཅས་ཆུ་གཏེར་མཐར། །སྣམ་བུ་ཆ་ཆུང་ཕྱེད་དང་གསུམ། །ཐིག་ནི་ཆ་ཆུང་ཕྱེད་དང་བཞི། །ཆ་ཆུར་ལྔ་ནས་གཉིས ་པ་དང། །གསུམ་པ་ཡང་ནི་ཆ་ཆུང་གསུམ། །ཆ་ཆུང་བཞི་ནས་བཞི་པ་གསུམ། །ཆ་ཆུང་ཕྱེད་དང་བཞི་ནས་མདའ། །ཕྱེད་དང་བཞི་གསུམ་ནས་དྲུག་པ། །ཆ་ཆུང་ལྔའི་ད་ནས་གསུམ། །ཆ་ཆུང་བརྒྱད་དེ་གཅིག་ནི་བདུན། །ཆ་ཆུང་དྲུག་ནི་ཐ་མའོ?། ། ་སྣམ་བུ་རྣམ་མཐར་སོན་པའི་ཐིག་།གཞན་གྱི་མཛའ་དང་ལྷན་ཅིག་སྟེ། །སྐྱོག་པོ་གཅིག་གོ་འདི་ནང་དཱུང། །ཆ་ཆུང་ཕྱེད་ཀྱི་དེ་བཞིན་གཞན། །དེའི་ཕྱི་རོལ་ཆོས་འཁོར་དང། །རྭ་རྩེ་ཆ་ཆུང་གཉིས་པའོ། །དེ་ནས་ཀ་བའི་རྩ་ལས་ཐད་ཀར་ཅུང་ཟད ་སེང་བ་ནས་མ་ཀ་རའི་ཁ་ནས་འཐོན་ཏེ་ཕྱིར་བྱུང་བའི་དབུས་སུ་ཆ་ཕྲན་གསུམ་པ་ཇི་ལྟར་མཛེས་པར་རྭ་དབུས་མའི་བར་དུ་སོང་བའོ། །སྣ་ཚོགས་རྡོ་རྗེ་རྭ་ལྔ་པའི་ཕྱོགས་ལ་ནི་དེའི་གློ་དག་ཏུ་གཞན་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྟེ་བར་འོག་ཏུ་རྩེ? ་གཅིག་པ་སྟེང་དུ་རྩེ་མོ་ལྔ་པའི་རྡོ་རྗེ་ཕུར་བུ་ཧཱུཾ་ལས་སྐྱེས་ཤིང་རང་གི་སྔགས་བརྒྱ་རྩ་བརྒྱད་དུ་བཟླས་པ་རྡོ་རྗེ་ཐོབས་བརྡུངས་པའི་སྔགས་བརྗོད་ཅིང་བརྡུངས་ཏེ་བཏབ་པ་ལ་ཐིག་སྐུད་ཉིས་ལྟབ་ཏུ་བྱས་པ་དབུས་སུ་བསྐོན་ནས་རྭ་རྩེའི་ཕྱི་རོལ་དབང ་ལྡན་གྱི་ཕྱོགས་ནས་བརྩམ་ནས་གཡོན་བསྐོར་དུ་ཆ་ཕྲན་གཅིག་དང་གཉིས་པའི་བར་གྱི་འཁོར་ལོ་ཟླུམ་པོའི་ཐི་?་གདབ་པོ། །ཞེས་པའོ། །འདོད་པར་གྱུར་ན་སྟེང་དུ་སྒོ་ལས་གསུམ་གྱུར་གྱི་རྟ་བབས་དང། དེའི་ཀ་བའི་གློར་མུན་པའི་སྣམ་བུ་དང ་སྒྲོ་བཞིའི་ཆར་སྣ་ཚོགས་རྡོ་རྗེའི་རྭ་རྩེ་ལྔ་པ་བྱས་ནས། དེའི་ཕྱི་རོལ་ཆ་ཕྲན་གཉིས་དང་གཉིས་དང་བཞིས་པདྨ་དང་རྡོ་རྗེ་དང་འོད་ཀྱི་ཕྲེང་བ་ཡང་བྱས་ལ་ཆོ་ག་བཞིན་དུ་གཏོར་མ་ཕུལ་སྟེ་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པའི་ཐུགས་ཀར་? ་ཀྱི་ཐིག་གཞུག་ཅིང། ཨོཾ་བཛྲ་མུ:ཞེས་པས་གཤེགས་སུ་གསོལ་ནས་ཐིག་ལྔ་པོ་དབེན་པར་གཞག་པར་བྱའོ། །ཞེས་བྱ་བ་ནི་ཐིག་གདབ་པའོ།།ཕྱི་ནས་རིན་པོ་ཆེའི་ལྔའི་རང་བཞིན་ནམ་སཱ་ལའི་ཕྱེ་མ་དང་རང་བཞིན་པ་ཡང་རུང་དཀར་པོ་དང་སེར་པོ་དང། ་དམར་པོ་དང། ལྗང་ཁུ་དང་ནག་པོས་ཁ་བསྒྱུར་བ་གསེར་ལ་སོགས་པའི་སྣོད་སོ་སོར་བཞག་པ་རྣམས་བུམ་པའི་ཆུས་བསང། བུམ་པ་ཨཾ་ཛྲཱི?་ཁཾ་ཧཱུཾ་གི་ས་བོན་ལས་རྫོགས་པའི་རྣམ་པར་སྣང་མཛད་ལ་སོགས་པའི ་རང་བཞིན་རྣམས་ལ། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པའི་ཐུགས་ཁ་ནས་ཐིག་འདུ་བྱེད་པར་བཤད་པའི་ཚོགས་ཡེ་ཤེས་ཀྱི་ཚོན་བཀུག་ཅིང་བཅུག་སྟེ་ལྷན་ཅིག་?་ཏུ་གྱུར་བ་ལས་ཡེ་ཤེས་ཀྱི་རང་བཞིན་དུ་བལྟས་ནས། རེ་རེ་ཞིང ་ཚོན་དཀར་པོ་ལ་ཨོཾ་བུཾ་བཛྲ་ཙི་དྲ་ས་མ་ཡ་ཧཱུཾ་ཞེས་བྱ་བ་དང། ཚོན་གཞན་རྣམས་ལ་འོད་དཔག་མེད་ལ་སོགས་པ་དང་སྤེལ་བའི་སྔགས་སྟེ། བརྒྱ་རྩ་བརྒྱད་ཀྱིས་སོ་སོར་མངོན་པར་བསྔགས་པར་བྱའོ། །དེ་བཞིན་དུ་འབར་བའི་བལྟགས?་ཡང་དག ་བར་སྐར་ཞིང་སོ་སོ་ལ་ཧ?་ཡིག་བཀོད་ལ། བདེན་པ་གང་གི་རྡུལ་ཚོན་མང་ཞིང་སེམས་དཔའ་དང་སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་ལ་རྗེས་སུ་ཆགས་པའི་བདེན་པ་ངེས་རྡུལ་ཚོན་འབར་བར་གྱུར་ཅིག་ཅེས་བདེན་པས་བྱིན་གྱིས་བརླབས ་ལ། འབར་བའི་རྡུལ་ཚོན་རྣམས་ལ་དྲི་དང་མེ་ཏོག་ལ་སོགས་པས་མངོན་པར་མཆོད་དེ། ཨོཾ་བཛྲ་བ་གཱ་ཀྲ་མ་ཧཱུཾ་ཞེས་བརྗོད་ཅིང་ཡེ་ཤེས་ཀྱི་ཐིག་གི་འོག་ནས་འཛུལ་སྟེ་ནང་དང་ཕྱི་རོལ་དུ་འགྲོ་འོང?་བྱའོ། །ཕུར་བུ་ཧཱུཾ་བཞི་པའི་སྔགས་ཀྱི་བཏོན ་ནས་རང་གི་ལག་པ་ནས་གནས་པའི་རྡོ་རྗེ་ལ་ཐིམ་པར་བསྒོམ་ལ་ཁུང་བུ་ཚོན་སྣ་ལྔས་དགང་ཞིང་དྲིལ་བུའི་སྒྲ་དང་བཅས་པའི་རྡོ་རྗེའི་གླུས་མཚན་མ་ངན་པ་བསལ་བར་བྱ་སྟེ། འདི་ནི་ཆོས་དབྱིངས་དག་པ་སྟེ། སེམས་ཅན ་ཁམས་ནི་རབ་གྲོལ་མཛད། །རང་ཉིད་དཔལ་ལྡན་སྡོམ་པའི་རྒྱལ། །དེ་བཞིན་གཤེགས་པ་ཀུན་གྱིས་གནས། །ཉེས་པ་ཀུན་ལས་རྣམ་གྲོལ་ཞིང། །འཁོར་ལོའི་ནང་དུ་ཡང་དག་གནས། །ཤེས་བྱ་བ་འདིས་ཆོས་ཀྱི་དབྱིངས་སུ་མོས་པར་བྱའོ། །དེ་ནས ་དཀྱིལ་འཁོར་གྱི་ནང་དུ་གནས་ལ་ལག་པ་རྡོ་རྗེས་མཚན་པས་ཨོཾ་བཛྲ་རང་ག་ས་མ་ཡ་ཧཱུཾ་ཨོཾ་ཨཱ:ཧཱུཾ། ཨོཾ་བཛྲ་ཙི་དྲ་ས་མ་ཡ་ཧཱུཾ་ཞེས་བརྗོད་ཅིང་གཡོན་པའི་ཁུ་ཚུར་གྱིས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་ཤར་ཕྱོགས་སུ་གཡས་བསྐོར ་གྱིས་ནང་ནས་བརྩམས་ཏེ་ནག་པོ་དང་ལྗང་གནས?་པ་ཁུ་དང་དམར་པོ་དང་སེར་པོ་དང་དཀར་པོའི་ཁ་དོག་ཅན་གྱི་པཎ་ཙ་རེ་ཁ་བྲིས་ནས་དེའི་རྗེས་སུ་གཞན་རྣམས་ཀྱི་དྲི་བར་བྱའོ། །དེ་ནས་སྙིང་པོའི་དཀྱིལ་འཁོར་དུ་ཐིག་གི་མཐར་ཐུག་པར་དཀོར?་དང་སེར ་པོ་དང་དམར་པོ་དང་ལྗང་ཁུ་དང་ནག་པོ་རྣམས་ཤར་དང་ལྷོ་དང་ནུབ་དང་བྱང་དང་དབུས་ཀྱི་སའི་སྣམ་བུ་རྣམས་སོ། །འཁོར་ལོའི་ལྟེ་བར་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ཟེའུ་ལྗང་ཁུ་ལ་གནས་པའི་ཉི་མ་ལ་དཔལ་སྡོམ་པའི་རྡོ་རྗེ་རྩེ་ལྔ་པ་ཁ་གྱིས་པ་སྔོན ་པོའོ། །ཤར་ལ་སོགས་པའི་ཕྱོགས་སུ་འདབ་མ་དམར་པོ་རྣམས་ལ་གཡོན་བསྐོར་གྱིས་མཁའ་འགྲོ་མ་དང་ལཱ་མ་དང་དུམ་སྐྱེས་མ་དང་གཟུགས་ཅན་མ་རྣམས་ཀྱིས་གྲི་གུག་སྔོན་པོ་རྣམས་སོ། །མེ་ལ་སོགས་པའི་ཕྱོགས་བྲལ་གྱི་འདབ་མ་སེར་པོ ་དང། །ལྗང་བུ་དང་སེར་པོ་དང་ནག་པོ་རྣམས་ལ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་ཐོད་པ་རྣམས་སོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་གཡོན་བསྐོར་གྱིས་ཁྭ་གདོང་མ་དང་ཁྱི་?་འདོང་མ་དང་གདོང་མ་དང་པག་གདོང་མ་རྣམས་ཀྱི་དང། མེ ་ལ་སོགས་པའི་ཕྱོགས་བྲལ་རྣམས་སུ་གཤིན་རྗེ་གཙིགས་མ་དང། ཤིན་རྗེ་ཕོ་ཉ་མ་དང་གཤིན་རྗེ་མཆེ་བ་མ་དང། གཤིན་རྗེ་འཇོམས་མ་རྣམས་ཀྱི་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པའི་གྲི་གུག་སྔོན་པོ་རྣམས་སོ། །དེའི་ཕྱི་རོལ་གྱི་སྟེགས་པུའི་སྣ ་བུ་ནི་པདྨ་རཱ་གའི་མདོག་གོ། རྣམ་པར་བཀྲ་བའི་རིན་པོ་ཆེ་སྣ་ཚོགས་རྣམས་གསེར་གྱིས་བཅིངས་པ་ནི་རིན་པོ་ཆེའི་སྣམ་བུའོ། །སྣམ་བུ་སྔོན་པོ་ལ་ནི་མ་ཀ་རའི་ཁ་ནས་འཐོན་པའི་རྣམ་པར་བཀྲ་བའི་རིན་པོ་ཆེའི་རྣམ་པ་སྣ་ཚོགས་པའི་ངོ?་ཤལ?་དབང? ་ཤལ་ཕྱེད་འཕྱང་བ་པ་རྣམས་སོ། །སྣམ་བུ་སྔོན་པོ་ལ་བ་ཀུ་ལི་དང་ཀྲ་མ་ཤྲཱི་ཥ་ནི་དཀར་པོ་རྣམས་སོ། །ཀ་བའི་སྟེང་དུ་བ་ཀུ་ལི་དང་རིན་པོ་ཆེ་དང། རྨིག་པ་དང་གསེར་དང་ཆུ་སྲིན་དང་གསེར་དང་རྨིག་པ་དང་རིན་པོ་ཆེ་དང་རྨིག་པ་དང། གསེར་དང ་འདའ་ཡང་ཀྱི་སྣམ་བུ་སྟེ། དེ་ལ་རྟ་མིག་དང་ཆུ་སྲིན་དང། རྨིག་པ་གཉིས་ཇི་ལྟར་མཛེས་པའི་ཁ་དོག་དང་གཞན་རྣམས་ནི་སྔར་བཤད་པའོ། །མངའ་ཡབ་ནས་འཁོར་ཡུག་གི་བར་དང་མུན་པའི་ས་རྣམས་ནི་སྔོན་པོ་ལྟེ་ནམ་མཁའ་ཨི་རང་བཞིན་ཡིན་པ ་ཉིད་ཀྱི་ཕྱིར་རོ། །རྟ་བབས་ཀྱི་ཀ་བ་དང་སྣ་ཚོགས་རྡོ་རྗེའི་རྭ་རྣམས་རང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་ཁ་དོག་གོ་།ཆོས་ཀྱི་འཁོར་ལོ་ནི་རྩིབས་བཅུ་གཉིས་པ་གསེར་གྱི་རང་བཞིན་ལ་བར་དང་བར་རྣམས་ནི་རིན་པོ་ཆེའོ། །རི་དགས་དང་རིང་ལ ་མོ་ནི་གསེར་དང་མཚུངས་པའི་བར་རྣམས་སུ་རིན་པོ་ཆེས་སྤྲས་པའོ། །པདྨའི་འདབ་མ་རྣམས་ནི་ཁ་དོག་སྣ་ཚོགས་པ་སྟེ་གེ་སར་རྣམས་ནི་གསེར་རོ། །ས་གཞི་ནག་པོ་ལ་རྡོ་རྗེ་རྣམས་ནི་གསེར་གྱི་རང་བཞིན་སྟེ། དེ་བཞིན་དུ་ས་གཞི་ནག་པོ་འོད་ཟེར་གྱི ་ཕྲེང་བ་རྣམས་ནི་དེ་བཞིན་གཤེགས་པ་ལྔའི་ཁ་དོག་གོ། དེའི་ཕྱི་རོལ་དུ་དུར་ཁྲོད་བརྒྱད་པོ་རྣམས་བྲི་བར་བྱའོ། །དེ་ལ་ཤར་དུ་འཚིག་ཅིང་འཁྲུགས་པ་སྟེ་གཏུམ་དྲག་ཅེས་བྱ་བའི་དུར་ཁྲོད་དེ། །བྱང་དུ་དུམ་བུར་འཁྲུགས་པ་སྟེ་ཀེང་རུས་ཞེས་བྱ་བའི་དུང ་ཁྲོད་དོ། །ནུབ་ཏུ་དུམ་བུར་མ་གྱུར་པ་འཁྲུགས་པ་སྟེ་རྡོ་རྗེ་འབར་བ་ཞེས་བྱ་བའི་དུར་ཁྲོད་དོ། །ལྷོར་ཤི་བ་དོར་འཁྲུགས་པ་སྟེ་ལྷག་མ་ལེན་པ་ཞེས་བྱ་བའི་དུར་ཁྲོད་དོ། །དབང་ལྡན་དུ་མདུང་གི་འབིགས་པ་འཁྲུགས ་པ་སྟེ་དྲག་ཏུ་རྒོད་པ་ཞེས་བྱ་བའི་དུར་ཁྲོད་དོ། །མེར་ཕྱེད་ཚིག་པ་འཁྲུགས་པ་སྟེ་དཔལ་མོའི་ནགས་ཤེས་བྱ་བའི་དུར་ཁྲོད་དོ། །བདེན་བྲལ་དུ་ཤི་བའི་ནང་དུ་བརྐོས་པ་འཁྲུགས་པ་སྟེ་མུན་པ་མི་ཟོད་པ་ཞེས་བྱ་བའི་དུར་ཁྲོད་དོ། །རླུང་དུ་སྟེང་དུ ་བཅིངས་པ་འཁྲུགས་པ་སྟེ་ཅ་ཅོ་སྒྲོག་པ་ཞེས་བྱ་བའི་དུར་ཁྲོད་དོ། །རྒྱ་ཆེན་པོས་སྐྲག་པར་འགྱུར་བ་ལས་ཉུང་ངུར་བྱས་པའོ། །ཇི་ལྟ་བར་གདུགས་དང་རྒྱལ་མཚན་དང་བ་དན་དང་དཔག་བསམ་གྱི་ཤིང་དང་བུམ་པ་བཟང་པོ་དང་རྡོ་རྗེ་རིན་པོ་ཆེ ་ལ་སོགས་པ་རྣམ་པར་བཀྲབ་དཔལ་བཅུ་གསུམ་གྱི་བདག་ཉིད་ཀྱི་སྡོམས་པའི་དཀྱིལ་འཁོར་དུ་རྣམ་པ་ཐམས་ཅད་ཡོངས། ད་ནས་གནས་སུ་གསལ་བ་ལས་ཐམས་ཅད་དཔལ་ལན་བདུན་བཟླས་པའི་བདུད་རྩི་ལྔ་དང་བཅས་པའི་དྲིའི་ཆུས་དཀྱིལ ་འཁོར་གྱི་ཕྱི་རོལ་ཉེ་བར་བྱུགས་ཏེ་ཆུ་དེས་འཁོར་ལོ་བསང་ཞིང་རྡུལ་ཆེན་ལྷག་མ་མཆོད་དེ། ཨོཾ་ཨཱ(རྒྱུད་འགྲེལ་པ་ནི་རྡུལ་ཚོན་གདབ་པའོ།། །།དེའི་རྗེས་སུ་སྔར་ལྷག་གནས་བྱས་པའི་བུམ་པ་རྣམས་ལས་རྣམ་པར་རྒྱལ་བའི་བུམ་པ་ནི་འོད་ཟེར་གྱི་ཕྲེང་བའི་ཕྱི་རོལ་གྱི་ཤར་གྱི་སྒོ་ལས་ཅུང་ཟད་གཡས་སུ་ཏེ། གཡོན་དུ་བསྐོར་བ་བྱས ་ནས་སྔར་བཤད་པའི་སྟན་ལ་འཁོད་པར་བྱའོ། །དེ་བཞིན་དུ་ལས་ཐམས་ཅད་པའི་བུམ་པ་ནི་ཤར་གྱི་སྒོ་ལས་ཅུང་ཟད་གཡོན་དུ་ངེས་པའི་སྟན་ལ་འགོད་པར་བྱའོ། །དེ་བཞིན་དུ་མཁའ་འགྲོ་མ་ལ་སོགས་པའི་བུམ་པ་རྣམས་རང་རང་གི་ཕྱོགས ་ཀྱི་སྒོའི་དབུས་སུའོ། །ཁྭ?་གདོང་མ་ལ་སོགས་པའི་བུམ་པ་རྣམས་རང་རང་གི་ཕྱོགས་ཀྱི་སྒོའི་གློར་རོ། །གཤིན་རྗེ་གཙིགས་མ་ལ་སོགས་པའི་བུམ་པ་རྣམས་རང་རང་གི་མཚམས་ཀྱི་ཕྱི་རོལ་གྱི་ཆར་རོ། །ཞེས་བྱ་བ་ནི་བུམ་པ་དགོད་པའོ།། ། ་དེའི་རྗེས་སུ་དཀྱིལ་འཁོར་གྱི་འཁོར་ལོ་ལས། ཕྱི་རོལ་གྱི་ཕྱོགས་བྲལ་བརྒྱད་རྣམས་སུ་དྲི་བཟང་པོའི་བདུག་སྤོས་ཀྱི་སྣོད་བཞག་པར་བྱ་ཞིང་།རྣཾ་པར་བཀྲ་བའི་ཟུང་དང་ལྷ་སོ་སོ་ལ་གདུགས་དང་རྒྱན་དང་བ་དན་དང་འདབ་མ་དང་བཅS་པཱི་ཆུ་ཤིང་གི ་སྡོང་བུའི་ཀ་བ་དང་བུམ་པ་གང་པ་ལ་སོགས་པའི་ཕྱོགས་དང་དམ་པའི་ཆོས་ཀླག་པར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་ཁྲུས་དང་ལུས་དྲི་བཟང་པོར་བྱས་ལ་སླ་གོས་དམར་པོ་དང་གཙུག་ཏོར་གྱིས་བརྒྱན་ཏེ་ལས་ཐམས་ཅད་པའི་ཆུའི་དཀྱིལ ་འཁོར་ལ་གཏོར་ཞིང་བསྲུང་ནས་རྡོ་རྗེ་དང་དྲིལ་བུ་བཟུང་སྟེ། །འཁོར་ལོའི་ཕྱི་རོལ་གྱི་ཤར་སྒོར་འདུག་ནས་སྐད་ཅིག་གི་སྟོང་པ་ཉིད་ཀྱི་དེ་མ་དག་ཏུ་བགེགས་ལ་ཕུར་བུས་གདབ་ཅིང་སྲུང་པའི་འཁོར་ལོ་ལ་སོགས་པ་སྔོན་དུ་འགྲོ་བས? ་བསྒོམ་པའི་དམ་ཚིག་གི་དཀྱིལ་འཁོར་གྱི་དབུས་སུ་རང་ཉིད་དཀྱིལ་འཁོར་གྱི་བདག་པོའི་རྣལ་འབྱོར་དང་ལྡན་པས་ལས་ཀྱི་ཕྱག་རྒྱའོ་ཡེ་ཤེས་ཀྱི་ཕྱག་རྒྱ་མ་ལོ་བཅུ་དྲུག་ལོན་པ་ལ་སྙོམས་པར་ཞུགས་ཏེ་ཡང་དག་པར་བསྐྱོད ་པའི་དགའ་བའི་སྒྲས་དྲངས་པའི་ཡེ་ཤེས་ཀྱི་འཁོར་ལོ་ལ་ཞབས་བསིལ་ལ་སོགས་པ་ལ་སྔོན་དུ་འགྲོ་བས་རང་གི་ནང་དུ་བཅུག་སྟེ། འདོད་ཆགས་ཆེན་པོས་ཞུ་པར་གྱུར་པ་རྡོར་ལས་མཐོན་ནས་རིམ་མའི་པདྨའི་ཁོངས་སུ་སྤོས་པའི ་ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་གི་འཁོར་ལོ་ལ་རོ་མཉམ་པ་ཉིད་དུ་གྱུར་པར་མོS་བ་བྱའོ། །དབུལ?་བ། དེ་ནས་མིག་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་བྱ་སྟེ། སྙིང་ཁའི་ས་སོན་གྱི་འོད་ཀྱིས་བཀུག་པའི་ཤེས?་རབ་དང་བཅས ་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་མངོན་པར་དབང་བསྐུར་ཞིང་རང་རང་གི་རིགས་ཀྱི་དབང་པོ་རྒྱས་གདབ་ལ། དཀྱིལ་འཁོར་གྱི་འཁོར་ལོ་སྤྲོས་པ་ལ་པི་ཐ?་མ་ལ་སོགས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མངོན་པར་མཚར ་ནས་སོ་སོ་ལ་རས་ཟུང་དང་གསེར་དང་གླང་པོ་ཆེ་དང་རྟ་ལ་སོགས་པ་ཡང་དབུལ་ཞིང་ཉེར་སྤྱོད་ཀྱིས་ཀྱང་མཆོད་དོ་པི་ཝཾ་ལ་སོགས་པ་རྣམས་ཀྱི་མཆོད་བཞིན་དུ་རྣམ་པ་སྣ་ཚོགས་པའི་བཟའ་བ་དང་བཅའ་བ་ཕུལ་བས་མངོན་པར་མཆོད་ལ ་དྲིལ་བུའི་སྒྲ་དང་ལྷན་ཅིག་པས་དཔལ་ལྡན་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་བསྟོད་དེ། རང་དང་ཤེས་རབ་མའི་ཁུ་བ་དང་རྡུལ་པདྨའི་སྣོད་དུ་གཞག་པ་བདུད་རྩིར་བྱས་ཏེ་དབུལ་བར་བྱའོ། །དེས་འཁོར ་ལོའི་དབང་ཕྱུག་ལ་སོགས་པས་བདུད་རྩི་མྱངས་བས་ཡང་དག་པར་ཚིམ་ཞིང་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་བདེ་བ་ཆེན་པོའི་རང་བཞིན་ཅན་དུ་གྱུར་ཏོ་སྙམ་དུ་མོས་པར་བྱའོ། །འཁོར་ལོའི་དབང་ཕྱུག་གི་སྔགས་བརྒྱ ་རྩ་བརྒྱད་དང། དཀྱིལ་འཁོར་པ་རྣམས་ཀྱི་ཉི་ཤུ་རྩ་གཅིག་རེ་དང་ཡི་གེ་བརྒྱ་པ་ཡང་ཡོངས་སུ་བཟླས་ནས། འབྱུང་པོ་ཐམས་ཅད་པའི་གཏོར་མ་ཕུལ་སྟེ། སྒྲུབ་པའི་གྲོགས་པོ་ལ་སྐྱེ་བོ་གཞན་འོང་དུ་མི་འཇུག་ཅིང་སློབ་དཔོན་ཕྱི་རོལ་? ་ལ་རྔ་ཡབ་དཀར་པོ་དང། གདུགས་དང་རྒྱལ་མཚན་དང་བ་དན་ཀུན་ཏུ་བཀོད་ནས་གླུ་དང་གང་དང་སིལ་སྙན་ལ་གསང་འཐོན་པོར་སྒྲོག་བཞིན་པས། ཤར་ལ་སོགས་པའི་ཕྱོགས་ཀྱི་ཆར་སྟན་ལ་འདུག་སྟེ། རང་གི་འདོད་པའི ་ལྷ་དང་ཕྱོགས་སྐྱོང་ལ་སོགས་པ་འབྱུང་པོ་ཐམས་ཅད་པའི་ཆོ་གས་གཏོར་མ་དབུལ་བར་བྱའོ། །དེ་ལ་ཟངས་ཆེན་ནམ་གཟེ་བ་ལ་སོགས་པའི་སྣོད་རྣམས་སུ་སྣ་ཚོགས་པའི་བཟའ་བ་ལ་སོགS་པ་རྣམས་ཏེ་ཁུར་བ་དང་ཉ་དང་ཤ་ལ ་སོགས་པ་བཟའ་བ་དང། བཅའ་བ་དང། འཇིབ་པ་དང། ལྷག་པ་དང་བཏུང་བའི་རྣམ་པ་རྣམས་ཉེ་བར་བཤམས་པ་འམ་ཆུ་དང་འབྲས་ཆེན་ཙམ་གྱིས་ཀྱང་རུང་སྟེ་ཡང་དག་པར་བཤམ་ལ། དེང་ཡཾ་ཡིག་ལས་རླུང་གི་སྟེང་དུ་རོཾ་ལས་སྐྱེས་པའི་མེ ་ཨ:ལས་སྐྱེས་པའི་མགོ་བོའི་སྐྱེད་བུ་གསུམ་བཙུགས་པའི་སྟེང་དུ་གནས་པའི་པདྨའི་སྣོད་རྣམ་པར་བསམ་ནS་དེ་ཇི་ལྟར་རྙེད་པའི་བཟའ་བ་ལ་སོགས་པ་ལ་ཨོཾ་ཏྭོཾ་ཨའོཾ་ཁཱཾ་ཧཱུཾ་ལཱོཾ་མཱོཾ་པཱོཾ་ཏཱོཾ་ཨའོཾ་ལས་སྐྱེས་པའི་བདུད་རྩི་ལྔ་དང་སྒྲོན་མ་ལྔའི་རང་བཞིན ་རྣམས་རླུང་གི་དཀྱིལ་འཁོར་གྱི་སྟོབས་ཀྱི་བསྐུལ་བས་འབར་ཞིང་མིའི་གདུང་བར་ཞུ་བར་ལྟས་ལ། དེའི་སྟེང་གི་མཐོ་གང་ཙམ་གྱི་བར་སྣང་ལ་ཨ(རྒྱུད་འགྲེལ་དབུལ་ཆུ་ལྟ་བུར་ཡང་དག་པར་འདྲེས་ཏེ་སིལ་བར་གྱུར་པར་བསམ་མོ། །དེའི་སྟེང་དུ་ཨོཾ་ཨཱ(རྒྱུད་འགྲེལ་བཀུག་ཏེ་ཡི་གེ་གསུམ་པོ་དེ་ཉིད་དུ་གཞུག་པར་བྱ་ཞིང། ཨོཾ་ཡིག་ལ་སོགས་པ་རྣམས་ཀྱང་རིམས་གྱིས་ཞུ་བར་གྱུར་པར་བསྟས?་ནས་ཡི་གེ་གསུམ་ཉིད་ཀྱི་བྱིན་གྱིས་བརླབས་པར་བྱའོ། །དེ་ནས་དཔལ་སྡོམ་པའི་བདག་ཉིད་ཅན་གྱི་རྡོ་རྗེ་སློབ་དཔོན་གྱིས ་བཀོད?་པའི་དྲི་བཟང་ལ་སོགས་པའི་མཎྜལ་དུ་བཅུ་གསུམ་གྱི་བདག་ཉིད་ཅན་མངོན་པར་མཆོད་ནས་རྐད་པ་བརྒྱད་པའི་སྔགས་ཀྱིས་བསྟོད་དེ་རང་གི་ས་བོན་སྙིང་གའི་ཀྱི་འོད་ཀྱི་ཁྲོ་པོ་དང་བཅས་པའི་རྩིབས་བཅུ་པའི་བསྲུང ་བའི་འཁོར་ལོའི་ལྟེ་བར་ཆུང་པའི་བཅུ་གསུམ་གྱི་བདག་ཉིད་ཅན་གྱིས་དཀྱིལ་འཁོར་ལས་ཕྱི་རོལ་ཤར་ལ་སོགས་པའི་ཕྱོགས་སུ་དབང་པོ་ལ་སོགས་པ་འཁོར་ལོ་དང་བཅས་པ་རྣམས་དང་དཔག་ཏུ་མེད་པའི་སེམས་ཅན་རྣམས་ཀྱང ་དཔྲལ་བར་འབར་བའི་ཕྱག་རྒྱ་བསྐོར་ཞིང་ཕཻཾ་ཡིག་གསང་བ་ཐོན་པོར་ལན་གསུམ་བརྗོད་པའི་སྤྲས་ནམ་མཁར་དྲངས་པར་བྱའོ། །ོཾ་ཀཀྐ་ཀཊཊ་ན་བནདྷ?་བནདྷ་ན་ཁཀཊ?་ཁཱ་ད་ན་སརྦ་དུཥྚཱ་ནཱཾ་ཧ་ན་ཧ་ན་གྷ་གྷ་།གྷ་ཏ་ཡ་ཨ་སུ ་ཀ་སྱེ། ཤཱནྟིཾ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཛ(རྒྱུད་འགྲེལ་ལ་འཁོར་གསུམ་རྣམ་པར་དག་པའི་ཞབས་བསིལ་ལ་སོགས་པ་དབུལ་བ་སྔོན་དུ་འགྲོ་བས་གཡོན་པའི་ལག་པའི་མཐིལ་ན་གནས་པའི་ཟླ་བ་ལ་ཧཱུཾ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཚུད་པའི་བདུད་རྩིའི་སྐོར་བཀོད་ནས་གཡས་པའི་རྡོ་རྗེ་ཁུ་ཚུར ་གྱིས་སྡིགས་འཛུབ་བསྟན་པར་བྱ་ཞིང་བཅོམ་ལྡན་འདས་ཤེས་རབ་མ་དང་གཅས་པ་ལ་དང། མཁའ་འགྲོ་མ་ལ་སོགས་པ་དཔའ་མོ་བཅུ་གཉིས་པོ་རྣམས་ལ་ཡང་སྟེ་ཕྱོགས་གཡོན་བསྐོར་གྱིས་དང་ཕྱོགས་བྲལ་གཡས་སྐོར་གྱིས ་བསྐོར་ཞིང་།ོཾ་བཛྲ་?་ཀ་ཨི་མཾ་བ་ལིཾ་གྲིཧྣ་གྲིཧྣ་ཧཱུཾ་ཕཊ། ཨོཾ་ཛཱ:ཧཱུཾ་བཾ་ཧོ(རྒྱུད་འགྲེལ་བའི་འཁོར་ལོ་ལ་གནས་པའི་ཁྲོ་བོ་བཅུ་པོ་རྣམས་ལ་ཨོཾ་བཛྲ་དཎྜ་བཛྲ་ཨི་མཾ་བ་ལིཾ་གྲིཧྞ་གྲིཧྞ་ཨ་མུ་ཀ་སྱ་ཤཱནྟིཾ་རཀྵཉྩ་ཀུ་རུ་ཧཱུཾ་ཕཊ། ཅེས་ལན་ཅིག་བརྗོད་པའོ། །དེ་བཞིན་དུ་སྤེལ་བ་དང་བཅས་པ་རྣམས་ཀྱི་ཨོཾ་བཛྲ་ནཱ་ལཱརྐྐེ?་བཛྲ ་ཧཱུཾ་ཕཊ། ཨོཾ་བཛྲོཥྛཱི?་བཛྲ་ཧཱུཾ་ཕཊ་།ོཾ་བཛྲ་ཀུཎྜ?་ལི་བཛྲ་ཧཱུཾ་ཕཊ་།ོཾ་བཛྲ་ཛཀྵ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱ་ལ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་མ་ཎཱ?་བ་ལ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་བྷི་ཥ་ན་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲོ་ཥྞི་ཤ་ཙཀྲ་ཝ་རྟི་བཛྲ་ཧཱུཾ་ཕཊ། ཨོཾ ་བཛྲ་པཱ་ཏཱ་ལ་བཛྲ་ཧཱུཾ་ཕཊ་། ཞེས་སྔགས་བཅུ་རྣམས་ཀྱིས་སྟེང་དང་འོག་ཏུ་ཡང་སྟེ་ཀུན་ཏུ་བསྒྱུར་བ་རྣམས་ཀྱི་གཏོར་མ་དབུལ་བར་བྱའོ། །དེའི་ཕྱི་རོལ་གྱི་དབང་པོ་ལ་སོགས་པའི་རྣམས་ལ་ཡང་གཏོར་མ་ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཱཀྵ་ས་བྷུ་ཏ་པྲེ ་ཏ་པི་ཤ་ས་ནོ་མ་ད་པ་སྨ་ར་ཌཱ་ཀ། ཌཱ་ཀི་ནྱ་ད་ཡ་ཨི་མཾ་བ་ལིཾ་གྲིཧྣནྟུ་ས་མ་ཡཾ་།རཀྵནྟུ་སརྦ་སིདྡྷི་མེ་པྲ་ཡཙྪནྟུ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་ལན་བཞིར་བརྗོད་པས་དབུལ་བར་བྱ་ཞིང་ཡི་གེ་བརྒྱ་པ་ཡང་བརྗོད་དེ། ཨོཾ་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ ་སཱ?་ལ་ཡ་།ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ་དྲི་ཌཧོ་མེབྷ་ཝ་སུ་ཏོ་སྱ་མེ་བྷ་ཝ་།སུ་བོ་ཥྱོ་མེ་བྷ་ཝ། ཨ་ནུར་ཀྟོ་མེ་བྷ་ཝ་།སརྦ་སིདྡྷ?་མེ?་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ། ཙིཏྟོཾ?་ཤྲི་ཡ:ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོ:བྷ་ག་ཝན་བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ་ཧེ་རུ་ཀ་བྷ་ཝ་མ་ཧཱ་ས་མ ་ཡ་སཏྭ་ཨཱ:ཧཱུཾ་།ཞེས་བྱ་བའོ། །དཀྱིལ་འཁོར་གྱི་བདག་པོ་ནས་བརྩམས་ཏེ་།ལྷ་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོའི་འོད་ཟེར་གྱི་བདུད་རྩིའི་རྒྱུན་དྲངས་ཤིང་མྱང་བས་ཡང་དག་པར་ཚིམ་ཏེ་སྟོང་པ་ཉིད་དང་རོ ་གཅིག་པའི་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་པར་བལྟས་ལ་ཞལ་བསིལ་དང་ལག་པས་འཐོར་འཐུང་དང་ཏཾ་བུ་ལ་སོགས་པ་ཕུལ་ནས་ཡང་དག་པར་མཆོད་པའི་བྱ་བ་ཕུན་སུམ་ཚོགས་པ་ལ་འབར་ཅིང་བཟོད་པར་གསོལ་ཏེ་རང་གི་འདོད་པའི་ལྷའི་འཁོར་ལོ ་བདག་ཉིད་ལ་གཞུག་ཅིང་ཁྲོ་བོ་བཅུ་དང་དབང་པོ་ལ་སོགས་པའི་ཕྱོགས་སྐྱོང་བ་རྣམས་ཀྱང་བསྒྲུབ་པའི་དཀྱིལ་འཁོར་གྱི་འཁོར་ལོའི་ཕྱི་རོལ་ཕྱོགས་བཅུ་རྣམས་སུ་བསྲུང་བ་ལ་སོགས་པ་མངོན་པར་འདོད་པ་ལ་ཡིད་ཅིག་པས་བཞུགས་གསོལ་ལ་དེ་ནས ་?་རེག་བྱའོ། །དེ་ནས་སློབ་དཔོན་དཀྱིལ་འཁོར་གྱི་དབང་པོའི་གཟུགས་ཀྱི་མེ་ཏོག་གི་ཕྲེང་བ་བླངས་ལ་ཧཱུཾ་ཧཱུཾ་གི་ཡི་གེས་བསྒྱིངས་པ་བྱས་ཏེ། ཧི(རྒྱུད་འགྲེལ་ཀྱིས་དཀྱིལ་འཁོར་དུ་ཞུགས་ཏེ། རྡོ་རྗེ་གསོར་དྲིལ་བུ་དཀྲོལ་ཞིང། དེ་ཁོ་ན་བཞིན་དུ་རྡོ་རྗེའི་རྐང་སྐབས་ཀྱི་ཨོཾ་ཧཱུཾ་ཕཊ་ཅེས་བྱ་བ་དང། ཨོཾ་ཧཱུཾ་ཧ་ན་མཱ་ར་ཡ་དུཥྚན་གྷཱ་ཏ་ཡ་གྷཱ་ཏ་ལ་ཨཱ(རྒྱུད་འགྲེལ་ཨཱ:འ(རྒྱུད་འགྲེལ་ལོ་ལ་བལྟས་ཏེ་མེ་ཏོག་བཅོམ་ལྡན་འདས་ལ་ཕུལ་ལ། །ཤར་དང་བྱང་ལ་སོགས་པའི་རིམ་པས་ནུབ་ལ་སོགས་པའི་ཕྱོགས་སུ་གནས་ཏེ། ཨོཾ་བཛྲ་ཨུཏ་གྷཱ་ཊ་ཡཾ་ས་མ་ཡ་པ་ཝེ་ཤ་ཡ་ཧཱུཾ་ཞེས་བརྗོད་ཅིང་སྐོ་ཕྱེ་ནས་ཨོཾ་ས་མ་ཡཾ་? ་མི་ཞེས་བརྗོད་པས་སླར་ཡང་གར་བྱས་ཏེ་མེ་ཏོག་ཕྲེང་བ་བླང་ལ་མགོ་བོར་བཅིངས་ཞིང་ཕྱོགས་དང་ཕྱོགས་བྲལ་དུ་དྲི་དང་བདུག་སྤོས་ལ་སོགས་པའི་མཆོད་པ་ཆེན་པོ་རྫོགས་པར་བྱས་ནས། འཁོར་ལོ་ལ་ཕྱག་བྱས་ཏེ། སེམས་ཅན་ཐམས་ཅད་ལ ་དངོས་གྲུབ་ཀྱི་བཀའ་དྲིན་མཛད་དུ་གསོལ་ཞེས་གསོལ་བ་གདབ་ཅིང་བཟླས་པ་བྱའོ། །ཞེས་བྱ་བ་ནི་དཀྱིལ་འཁོར་སྒྲུབ་པའོ།། །།དེ་ནS་རྡོ་རྗེ་སློབ་དཔོན་སྔ་བར་དཀྱིལ་འཁོར་གྱི་ཁང་བར་ཞུགས་ནས་སྲུང་བའི་དོན་དུ་ལས་ཐམས ་ཅད་པའི་སྔགས་བཟླས་པའི་མཐར་གཏོར་མ་ཕུལ་ལ་དཀྱིལ་འཁོར་གྱི་ཁང་པ་ནས་འཐོན་སློབ་མ་རྣམས་བོས་ནས་རྨི་ལམ་དྲིས་ནས། །མི་དགེ་བ་རྨིས་པར་གྱུར་ན་དེ་རྣམས་ལས་ཐམས་ཅད་པའི་སྔགས་ཀྱིས་ཡང་དག་པར་བསྲུང་ལ། ་དེ་རྣམས་ཀྱི་མཎྜལ་སྔོན་དུ་འགྲོ་བས་ཨོཾ་པྲ་བི་ཤ་བྷ་ག་ཝ་ན་མ་?་སུ་ཁ་མོཀྵ་སུ་རི་སརྦ་སིདྡྷི་སུ་ཁ་པྲ་དཾ་བར་མ་སུ་ཁོཏྟ་མ་སིདྡྷཡརྭ?་ཛ(རྒྱུད་འགྲེལ་ཡང་དག་པར་མཆོད་ནས་ལྷའི་འཁོར་ལོར་མངོན་སུཾ་དུ་བལྟས་ནས། དཀྱིལ་འཁོར་གྱི་བདག་པོ་བླ་མར་མོས་པ་བྱས་ནས་འཆད་པར་འགྱུར་བའི་སློབ་མ་གཞུག་པའི་ཆོ་གའི་རིམས་ཀྱིས་དཀྱིལ་འཁོར་དུ་ཞུགས་ནས། སྦྱིན་པར་བྱ་བཞིན་པའི་དབང་བསྐུར་བ་རྗེས་སུ ་སྣང་བའི་མཐར་ཐུག་པ་ཐོན་ནས་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པའི་དཀྱིལ་འཁོར་གྱིས་བདག་པོ་འདོད་ཆགས་ཆེན་པོ་ལས་བྱུང་བའི་དེ་ཁོ་ན་ཉིད་བདེ་བ་ཆེན་པོའི་རང་བཞིན་ཅན་གཟུགས་བརྙན་ལྟ་བུ་ཟུང་དུ་འཇུག་པ་རྡོ་རྗེ་འཆང་ཆེན ་པོའི་རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་སུ་རིག་པར་བྱས་ནས། སློབ་མ་གཞུག་པའི་ཕྱིར་དཀྱིལ་འཁོར་གྱི་དངོས་གྲུབ་གསོལ་བར་བྱ་བ་ནི་འདི་ཡིན་ཏེ། ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག་།སེམས ་དཔའ་རྡོ་རྗེ་ཆེ?་རབ་བཞིན། །དཔལ་ལྡན་སྡོམ་པར་དེང་བདག་སྒྲུབས། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག་།དབང་ཕྱུག་ཆེན་པོ་གདོད་མའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་བསྒྲུབས་ཤིག་།ཉེས་པ་མི?་མངའ་ ་རྟག་པ་སྟེ། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་བདག་བསྒྲུབས། །ཤིན་ཏུ་དག་པ་ཆོས་ཀྱི་མཆོག་།གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན ་ཀྱིས་བདག་།བྱང་ཆུབ་སེམས་དབའ་བདག་བསྒྲུབ་ཤིག་།དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག་།དབང་ཕྱུག་ཆེན་པོའི་ཕྱག་རྒྱའི་མཆོག་།གྲུབ་པའི་རྡོ་རྗེ་ཆེ་བའི་མཆོག་།རྡོ་རྗེ་སྙེམས་མའི་བདག་པོའི་བདག། སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེཾས་ཅན ་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཀྱང་ཡིན། །དམ་ཚིག་མཆོག་གི་འདོད་པའི་མཆོག་།ཡེ་ཤེས་དམ་པའི་བདེན་གང་གིས། །དཀྱིལ་འཁོར་ཐབས་དང་ཤེས་རབ་བདག་།བདེན་པ་ཡིས་མགོན་ཁྱོད་ཀྱིས། །བདག་གི ་འདོད་པ་ཡོངས་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང། །དེ་ཉིད་དེ་བཞིན་ཉིད་ངེས་འབྱུང། །བདེན་པ ་དེ་ཡི་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་སྒྲིབ་མེད་མཐོང་བར་ཤོག་།ཅེས་བརྗོད་དོ། །ཞེས་བྱ་བ་ནི་སློབ་དཔོན་འཇུག་པའོ།། །།དེ་ནས་ཡོལ་བའི་ཕྱི་རོལ་ན་གནས་པའི་སློབ་མ་རྣམS ་ཁྲུས་དང་དྲི་བཟང་པོ་ལ་སོགས་པ་སྦྱིན་པས་གཙང་བར་བྱས་ལ། གཡས་ཀྱི་ལས་ཐམས་ཅད་པའི་ཆུས་མངོན་པར་གཏོར་ནས་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་དམིགས་སྟེ་སྙིང་ག་དང་མགྲིན་པ་དང་སྤྱི་བོ་རྣམས་སུ་རྡོ་རྗེ་དང ་པདྨ་དང་འཁོར་ལོ་རྣམས་ལ་གནས་པ་ཉི་མ་དང་ཟླ་བ་ལ་གནས་པའི་ཧཱུཾ་ནག་པོ་དང། ཨཱ(རྒྱུད་འགྲེལ་ར་བོ་རྒྱ་ལངཀཱ་ར་བསྟྲ་པཱུ་ཛ་མེ་གྷ་ས་མུ་ཏྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་པས་སྨད་གཡོགས་དང་དེ་བཞིན་དུ་ཨོཾ་བཛྲ་རཀྵ་ཧོཾ་ཞེས་པས་བླ་གོས་དང། ཨོཾ་བཛྲོཥྞི་ཥ་ཧཱུཾ་ཕཊ་ཅེས་པས་གཙུག་ཏོར་བྱས་ལ། ཨོཾ་ཙཀྟུ་བནདྷ་ཝ་ར་མ་ན་ཡ་ཧཱུཾ ་ཞེས་པས་མིག་རས་དམར་པོ་བཅིངས་ཏེ། ཨཱ་ཁཾ་ཝཱི་ར་ཧཱུཾ་ཞེས་པས་མེ་ཏོག་གི་ཕྲེང་བ་བཟུང་ཞིང་ཧཱུཾ་ཞེས་བརྗོད་དེ་གཞུག་པའི་ཕྱིར་ལས་གྱི་རྡོ་རྗེ་ཅན་གྱི་ཤར་སྒོར་བཞག་པ་དེས་ལ། ཀྱེ་དགའ་བ་ལ་དགའ་བ་ཁྱོད་སུ་ཡིན ་ཞེས་བྲིས་པ་ན། དེས་ཀྱང་ཀྱེ་བདེ་བ་ཆེན་པོ་བདག་ནི་སྐལ་པ་བཟང་པོ་ལགས་ཞེས་སྨྲ་བར་བྱའོ། །ོཾ་སརྦ་ཡོ་ག་ཙིཏྟ་ཨུཏཔ་ད་ཡ་མི། ཞེས་བརྗོད་པས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་གྱུར་པ་དེའི་སྙིང་ཁར་མེ་ཏོག་དང་བཅས ་པའི་རྡོ་རྗེ་བཟུང་ནས། ཨོཾ་སུ་ར་ཏེ་ས་མ་ཡ་སྟཝཱཾ། ཧོ(རྒྱུད་འགྲེལ་མཆོག་ཏུ་གསང་བ་ཆེན་པོའི་དཀྱིལ་འཁོར་དུ་མ་ཞུགས་པ་ལ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ་ཞེས་བརྗོད་ནས། ཨོཾ་ཁཎྜ་རོ་ཧེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་བརྗོད་ཅིང་ཁྲིད་ལ་ཨཱ(རྒྱུད་འགྲེལ་དུ་བཅུག་།མཧཱ་ར་ཏ་སུ་ཏྲི་ཌཧ་སུ་ཏོ་ཥྱ་སུ་སུ་ཁོ་བཛྲ་སཏྭ་ཨཱརྱ་སིདྷཡ་མོཾ། ཞེས་བརྗོད་དེ་བསྐོར་བ་བྱས་ནས་དཀྱིལ་འཁོར་གྱི་ཤར་སྒོར་ཐལ་མོ་སྦྱར་ཏེ་འདུག་ལ། ཨོཾ་སརྦ་ཝི་ར་ཌཱ་ཀི་ནཱི་པུ་ཛ་པསྠཱ་ནཱ་ཡཱ་ཏྨ?་ན་པི་དྱ་ཧཱ་ཡ་ལི་སརྦ་ཝཱི་ར་ཌཱ་ཀི་ནཱི་པྲཛྙE?་པཱ ་ཡཱཧམཱ་ནཾ་སམྦྷ་རཱ་དྷི་ཏིཥྛ་མཾ་ཞེས་བྱ་བས་དབུས་སུ་དང། ཨོཾ་སརྦ་ཝཱི་ར་ཌཱ་ཀཱི་ནཱི་སྟུ་ཇོ་པསྠ་ནཱ་ཡཱདམཱ་ནཾ་ནི་དྱཱ་ཏཱ་ཡཱ་མི་སརྦ་ཝཱི་ར་བི་རི་ཎཱི་ཌཱ་ཀི་ནྱ་དྷི་ཏིཥྛ་མཾ་ཞེས་བྱ་བས་ཤར་དུ་དང། ཨོཾ་སརྦ་ཝི་ར་ཌཱ་ཀི་ནཱི་པུ་ཛ་ཀརྨ་ཎེ་ཨཱཏྨ་རྣོཾ་དྷ་ཏྲ?་ཡཱ་མ། སརྦ་ཝཱི་ར་? ་ནཱི་མཱ་མ་བཛྲ་ཀརྨ་ཀུ་རུ་མཾ། །ཞེས་པས་བྱང་དུ་དང། ཨོཾ་སརྦ་ཝཱ་ར་ཌཱ་ཀི་ནཱི་བུ་ཛ་པྲ་བརྟ་ནཱ་ཡཱཏྨ་ནཱཾ་ནཱི་དྱ་ཏྲ་ཡ་མི། སརྦ་ཝཱི་ར་ཌཱ་ཀ་ནཱི་ཁཎྜ་རོ་ཧཱ་བཛྲ་དྷརྨཱ་པྲ་ཝ་དྷ་ཡ་མཾ་།ཞེས་པས་ནུབ་ཏུ་དང། ཨོཾ་སརྦ་ཝཱི་ར་ཌཱ་ཀ་ནཱི་པཱུ ་?་བྷི་ཥེ་ཀ་ཡཱཏྟཱ?་ནཾ་ནཱི་དྱ་ཏ་ཡཱ་མེ་སརྦ་ཝཱི་ར་ཌཱ་ཀི་ནཱི་རུ་པི་ནཱི་བཛྲ་རདནཱ་པི་ཥིཉྩ་མཾ་ཞེས་པས་ལྷོ་དང། ཨོཾ་གུ་རུ་ཙ་ར་ཎོ་པསྠ་ནཱ་ཡཱཏྨཱ་ནཱཾ་དྱཱ་ཏ་ཡ་མི་ཨོཾ་སརྦ་སཏྭ་པ་རི་ཏཱ་ནཱརྠ?་ཡཱརྨཱ་ནཾ་ནི་རྨཱ་ཏ་ཡཱ་མི། ཞེས་བླ་མ་ལ་ཕྱག་བྱས་ལ། འདི་བརྗོད་པར་བྱ ་སྟེ། དེད་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། དེས་ན་ངས་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་ཀྱང་ཐོབ་པར་འགྱུར་ན། ་དངོས་གྲུབ་གཞན་རྣམས་ཀྱང་ལྟ་སྨོས་ཀྱང་ཅི་དགོས་། ཁྱོད་ཀྱི་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། ཞེས་བརྗོད་ནས་།སྤྱི་བོར་རྡོ་རྗེ་བཟུང ་ཞིང་དྲིལ་བུ་དཀྲོལ་བས་འདི་ཁྱོད་དམ་ཚིག་རྡོ་རྗེ་ཏེ། །གལ་ཏེ་ཁྱོད་ཀྱི་འགའ་ཞིག་ལ། །འདི་སྨྲ་ན་ནི་མགོ་བོ་འགེམས། །ཤེས་བསྒྲགས་ལ་སྙིང་ཁར་མེ་ཏོག་དང་བཅས་པའི་རྡོ་རྗེ་བཟུང་སྟེ། ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་དང། ཁྱོད་ཀྱི་སྙིང་ལ ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲ་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །གལ་ཏེ་ན་མནའི་ཆུ་ནི་འདི་ཡིན་ཏེ་ཞེས་གོ་བར་བྱས་ནས་ལས་ཀྱི་བུམ་པའི་སྟེང་གི་པདྨའི་སྣོད་ན་གནས་པའི་བདུད་རྩི་ལྔ་ཡི་གེ་གསུམ་གྱི་ཕྱིན ་གྱིS་བརླབས་ལ། ཨོཾ་བཛྲ་མྲི་ཏོ་དྭ་ཀ་ཐ(རྒྱུད་འགྲེལ་བས་འཐུང་དུ་གཞུག་གོ་།དེ་རྣམས་དམ་བཅའ་རྟེན་པའི་སློབ་མ་ལ། འདི་སྨྲ་བར་བྱ་སྟེ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཧེ་རུ་ཀ་ང་ཡིན་གྱི། ངས་འདི་གྱིས་ཤིག་ཅེས་གང་སྨྲ་བ་དེ་ཁྱོད་ཀྱི་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བསྙས ་བར་གང?་མི་བྱ་སྟེ། ཁྱོད་ཡང་བ་མ་སྤངས་པར་དུས་ནི་བྱ་བ་བྱས་ནས། དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་བརྗོད་དོ། །དམ་ཚིག་གི་ཆུ་སྦྱིན་པའོ། །སྐད་ཅིག་གི་སྟོང་པ་ཉིད་ཀྱི་དེ་མ་ཐག་ཏུ་སློབ་མ་ཨ(རྒྱུད་འགྲེལ་སྐྱེས་པའི། འོད་དཔག་མེད་ཀྱི་གཟུགས་ཅན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རློབ་ལ་རྡོ་རྗེ་སེམས་དཔའ་བདག་ལ་དབབ་ཏུ་གསོལ། ཞེས་བརྗོད་ནས་སྙིང་ཁར་ལཾ་ལས་བྱུང་བའི་སའི ་དཀྱིལ་འཁོར་གྲུབ་ཞི་སེར་པོ་རྡོ་རྗེ་རྩེ་གསུམ་པས་མཚན་པ་ལ། ཉི་མ་ལ་གནས་པའི་ཧཱུཾ་ཡིག་སྔོན་པོ། །སྤྱི་བོར་ཝཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ་ལ་ཟླ་བ་ལ་ཧ(རྒྱུད་འགྲེལ་པར་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་གཡོ་བའི་བ་དན་གཉིས་ཀྱིས་མཚན་པ་ལ་ཟླ་བ་ལ་ཨཱ་ཡིག་དམར་པོ་རྣམས། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་ཐུགས་དང་སྐུ་དང་གསུང་རྡོ་རྗེ་རྣམས་དང ་རོ་ཅིག་ཏུ་གྱུར་པར་བསྒོམ་སྟེ། རྐང་པ་དག་གི་འོག་ཏུ་རླུང་གི་དཀྱིལ་འཁོར་གྱི་ཐར་བའི་རཾ་ཡིག་ཡོངས་སུ་གྱུར་པ་ལས་རཾ་ཡིག་དམར་བོས་མཚན་པའི་གྲ་གསུམ་པའི་དཀྱིལ་འཁོར་འོད་ཟེར་འཕྲོ་བ་ལ་གནས་པའི་ཛཧཻ(རྒྱུད་འགྲེལ་ཡིག་ལ་སོགས་པའི་འོད་ཀྱིས་ལུས་བཀང་ནས་ཛཧཻ(རྒྱུད་འགྲེལ་སྭཱོ་དྷ་བར་དང་?་ལ་ཨ་ཧཱུཾ་ཧ(རྒྱུད་འགྲེལ་ཨཱ(རྒྱུད་འགྲེལ་དེས་དཀར་པོ་དང་སེར་པོ་དང་དམར་པོ་དང་ནག་པོར་སྣང་བར་སྨྲ་བ་ཞི་བ་དང་།རྒྱས་བ་དང་དབང་དང་མངོན་སྤྱོད་ཀྱི་དངོས་གྲུབ་ཀྱི་སྐལ་བ་ཅན་དུ་འགྱུར་བ་ཉིད་དོ་ཞེས་བརྗོད་དོ། །དེ་ནས་ཞུགས་པའི་ལྷ་བཀུག་རང་གི་སྙིང་ཁའི་ས་བོན་གྱི་ནང་དུ་གཞུག་པ ་བྱས་ཏེ་།སློབ་མའི་མགོ་བོར་རྡོ་རྗེ་གཟུང་ནས། ཨོཾ་ཁྱོད་ཀྱི་ཞེས་བྱ་བ་སོགས་པ་སྔོན་དུ་འགྲོ་བའི་ཧཱུཾ་ཧ(རྒྱུད་འགྲེལ་ལག་པས་བཟུང་སྟེ་རྡོ་རྗེའི་རྐང་སྐབས་ཀྱི་ཚུལ་གྱི་གར་བྱས་ལ། ལས་ཐམས་ཅད་པ་བརྗོད་ཅིང་བསྐོར་བ་གསུམ་བྱེད་དུ་བཅུག་ནས་བདེན་པའི་བྱིན་རླབས་འདི་སྐད་བརྗོད་དེ། ཡང་དག་པའི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་གཞུག་པ ་འདི། །ལྷ་རྣམས་རིགས་ཀྱི་རིམ་པ་ནི། །བསོད་ནམས་ཇི་ལྟར་དེ་ལྟར་ཤོག་།འདི་ཡི་དངོས་གྲུབ་ཅི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཅི་འདྲ་བར། །དེ་འདྲར་དཀྱིལ་འཁོར་དུ་གྱུར་ཅིག་།ཅེས་བྱ་བའོ།། ་དེ་ནས་བླ་མས་མདུན་ན་གནས་པའི་འཁོར་དང་བཅས་པའི་དཀྱིལ་འཁོར་གྱི་དབང་ཕྱུག་ལ་དམིགས་ནས་དེའི་དབུ་ལ་སྔར་བཟུང་བའི་མེ་ཏོག་གི་ཕྲེང་བ་ཏྲ་མ་ཡིག་གི་བྱིན་གྱིས་བརླབ་པ་ཧཱུཾ་ཡིག་གི་དོར་བར་བྱ་སྟེ། པྲ་ཏིཙྪ་བཛྲ་ཧོ(རྒྱུད་འགྲེལ་བརྗོད་དོ། །དེ་ནས་མེ་ཏོག་ལྟུང་པ་ན་དམན་པ་དང་འབྲིང་དང། །མཆོག་གི་དངོས་གྲུབ་རྣམས་མཚོན་པར་བྱའོ། །དེ་ལ་གལ་ཏེ་སངས་རྒྱས་རྣམས་ཀྱི་མཛོད་སྤུ་འམ་གཙུག་ཏོར་རཾ་དབུ་ལ་ཕོག་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །སྤྱན་ནམ་ཞལ ་ལ་ཕོག་ན་སྔགས་ཀྱི་དངོས་གྲུབ་བོ། །ལུས་ཀྱི་མཆོག་ལ་ནི་མཆོག་གོ་།ལུས་ཀྱི་བར་ལ་ནི་འབྲིང་ངོ། །འོག་གི་ཆ་ལ་ནི་དམན་པའོ། །སྐུ་ལས་ཧ་ཅང་རིང་བ་ལ་ཡུན་རིང་པོས་སོ། །ཉེ་བ་ལ་ནི་དངོས་གྲུབ་མྱུར་རོ། །ལྷ་རྣམས་ཀྱི་རང་གི ་གནས་ནི་རེའུ་མིག་སྒྲོགས་པ་རྣམ་པར་དཔྱད་པ་ཤེས་པར་བྱའོ། །གལ་ཏེ་ལྷ་གཉིས་ཀྱི་བར་དུ་ལྷང་ན་དེའི་ཚེ་མེ་ཏོག་དེ་གང་ལ་ཉེ་བ་དེའི་རིགས་སུ་འགྱུར་རོ། །དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་ལྷུང་ན་དངོས་གྲུབ་ཕྲ་མོའོ། །རེ་ཁ་རྣམས ་ལ་ལྷུང་ན་དེའི་ཚེ་སླར་ཡང་དོར་རོ། །ཞེས་བྱ་བ་ནི་མེ་ཏོག་དོར་བའོ། །དེའི་རྗེས་སུ་ཕྲེང་བ་དེ་རྣམས་སློབ་མའི་སྤྱི་བོར་བཅིངས་ཞིང་པྲ་ཧཱི་གྷིཧྣ?་ཏཱི?་ཨི་མཾ་སརྦ་མཧཱ་བ་ལ་ཞེས་བརྗོད་དོ། །དེ་ནས་སློབ་མའི་སྙིང་ཁའི་ཟླ་བ་ལ་བདག་པོ་དང་དབྲལ་བར་དང། ་མིག་གཉིས་ལ་སླར་ཡང་ཨོཾ་ཡིག་གཉིས་འོད་ཟེར་དང་བཅས་པ་བསྒོམས་ནས། ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང། །ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན། །རྡོ་རྗེའི་མིག་ནི་བླ་མེད་པ། །ཕྱེ་བས་ཐམས་ཅད་མཐོང་བར་འགྱུར། །ཞེས་བརྗོད་ཅིང་གདོང་གཡོགས ་གསལ་བར་བྱའོ། །ཀྱེ་རྡོ་རྗེ་ལྟོས་ཤིག་ཅེས་བརྗོད་ལ། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་མིང་བརྗོད་པ་སྔོན་འགྲོ་བས། སྒོ་སྐྱོང་ནས་བརྩམས་ཏེ་བདག་པོའི་མཐར་ཐུག་པར་བསྟན་ནས། ད་ནི་དད་པའི་ཤུགས་ཀྱི་སུ། དཀྱིལ་འཁོར་འདི་དེ་ཉིད་ལ་བལྟོ ་ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེ། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱི། །རྡོ་རྗེ་པདྨ་རྩེ་རོལ་བ། །གསང་སྔགས་རྣམས་ལ་བསྙེན་བཀུར་གྱིས། །ཞེས་བརྗོད་ལ་།རྡོ་རྗེའི ་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་གཞུགས་སོ། །རྣལ་འབྱོར་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོ་བདག་གི་མཐོང། །གསང་བའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་དབང་བསྐུར། །ཞེས་བརྗོད་དུ་བཅུག་ནས། ཧོ(རྒྱུད་འགྲེལ་ཞེས་དམ་ཚིག་བརྗོད་དུ་བཅུག་པར་བྱའོ། །ཞེས་བྱ་བ་ནི་སློབ་མ་གཞུག་པའོ།། །།དེ་ནས་སླབ་མ་རྣམས་ཀྱི་དབང་བསྐུར་བའི་དོན་དུ་བླ་མ་ལ་ཇི་ལྟར་འབྱོར་པའི་ཡོན་ཕུལ་ཡན་ལག་ལྔས་ཕྱག་བྱས་ཏེ་པུས་མོའི་ལྷ་ང་ས་ལ ་བཙུགས་ནས་ཐལ་མོ་སྦྱར་བ་བྱས་ཏེ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བརྩལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་ཀྱི་ཕྱིར། །ནམ་མཁའ་ཨི་རྡོ་རྗེ་དྲིང?་བདག་བརྩོལ། །ཞེས་གསོལ་བ་འདེབས་སུ་བཅུག་ལ། །དེ་ནས་སློབ་དཔོན་གྱི་སློབ ་མ་ལ་དབང་བསྐུར་བའི་དོན་དུ་རྩ་བའི་དཀྱིལ་འཁོར་ལས་ཤིན་ཏུ་ཉེ་བ་ལ་ཡིན་པར་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། འདབ་མ་ལ་རིགས་ལྔའི་མཚན་མ་ཅན་གྱི་ཆུ་སྐྱེས་ལ་འདུག་ཏུ་བཅུག་ནས། །སློབ་མ་རྡུལ་དང་བྲལ་བའི་རྡོ་རྗེ ་འཆང་གི་གཟུགས་སུ་བྱའོ། །དེ་ནས་རང་གི་སྙིང་ཁའི་ས་བོན་ལས། །འཐོན་པའི་འོད་ཀྱི་ཚོགས་རྣམས་ཀྱི་བཀུག་པའི་དཔའ་བོ་དང་མཁའ་འགྲོ་མའི་ཚོགས་རྣམས་མཆོད་ནས། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང ་ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་ཤེས་རབ་དང་ཐབས་དག་སྙོམས་པར་ཞུགS་པ་འདོད་ཆགས་ཆེན་པོས་ཞུ་བར་གྱུར་སྟེ་དཀྱིལ་འཁོར་གྱི་བདག་པོ་ལ་ནང་དུ་བཅུག་སློབ་མ་རྡོ་རྗེ་ནས ་འཐོན་ཏེ་ཞུ་བ་རྣམས་ཕག་མོའི་པདྨར་ཞུགས་།རྡོ་རྗེ་མཁའ་འགྲོའི་གཟུགས་སུ་གྱུར་པ་ཤེས་རབ་དང་བཅས་ཤིང་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་ལ་དབང་བསྐུར་ནས། སླར་ཡང་ཐིག་ལེ་རྣམས་ཞལ་ཕྱག་ལ་སོགས་པའི ་སྐུ་རྣམས་ཀྱི་པདྨ་ལས་ཕྱིར་བྱུང་སྟེ་ནམ་མཁའ་གང་བར་བཞུགས་པ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་དང་བ་དན་དང། ན་བཟའ་དང་གླུ་གར་དང། རོལ་མོའི་སྒྲ་དང་མེ་ཏོག་དང་གུར་ཀུམ་ལ་སོགས་པའི་ཆར་འབབས་པའི་དགའ་སྟོན ་ཆེན་པོས་ཁ་གདོང་མ་ལ་སོགས་པའི་སྒོ་སྐྱོང་མ་རྣམས་ཀྱི་ཕྱག་གི་ཅུང་ཟད་ཡོ་བར་བཟུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་གང་བའི་རིན་པོ་ཆེའི་བུམ་པ་ལས་འདབ་མའི་རྩེ་མོར་བསྲུང་བའི་ཆུ་རྣམས་ཀྱི་པདྨ་ལས་ཕྱིར་ཕྱུང་བའི་སློབ ་མ་ལ་དབང་?་གྱུར་པ་ན་པི་ཝང་མ་ལ་སོགས་པའི་མཆོད་པའི་ལྷ་མོ་རྣམས་ཀྱི་བཀྲ་ཤིས་ཀྱི་གླུ་ལེན་པར་ལྟ་སྟེ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱིས་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག་།མ་ལུས་སེམས་ཅན ་བསྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག་།ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤང་པ། །སངས་རྒྱས་པདྨ་རྣམ་རྒྱལ་འདྲ་བའི་སྤྱན ་མངའ་བ། །དེས་ནི་ཁྱོད་ལ་དི་རིང་ཞི་བྱེད་བཀྲ་ཤིས་ཤོག་།དེ་ཡི་ཉེ་བར་བརྟེན་པ་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུཾ་ན་གྲགས་ཤིང་ལྷ་དང་མི་མཆོད་པ། །ཆོས་ཀྱི་དམ་པས?་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །འདིས་ནི་ཁྱོད་ལ་དི་རིང་ཞི་བྱེད ་བཀྲ་ཤིས་ཤོག་།དམ་ཆོས་ལྡན་པ་ཐོས་པའི་བཀྲིས་ཀྱིས་ཕྱུག་ཅིང། །དགེ་འདུན་མི་དང་ལྷ་དང་ལྷ་མིན་ཡོན་གྱི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། དེས་ནི་ཁྱོད་ལ་དི་རིང་ཞི་བྱེད་བཀྲ་ཤིས་ཤོག་།ཅེས་རང་ཉིད ་ཀྱི་བརྗོད་ལ། །དང་པོར་རྣམ་པར་རྒྱལ་བ་དང་དེ་ནས་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱི་རིམ་པས་དང། དེ་ནས་ཁ་གདོང་མ་ལ་སོགས་པ་རྣམས་ཀྱིས་དང། དེ་ནས་གཤིན་རྗེ་གཙིགས་མ་ལ་སོགས་རྣམས་ཀྱི་བུམ་པའི་ཆུས་སོ། །ཡང་ན ་བུམ་པ་ཐམས་ཅད་ནས་ཆུ་བླངས་ཏེ་བསྡུས་པའི་རྣམ་པར་རྒྱལ་བའི་བུམ་པའི་ཆུ་ཡལ་འདབ་དང་བཅས་པའི་རྡོ་རྗེའི་རྩེ་མོ་ལས་འཛག་པས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་པ་ཡི་ཕྱག་བྱས་པ། །སངས་རྒྱས་ཀུན་གྱིས་གསང ་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཞེས་བརྗོད་ཅིང་ཨོཾ་ཨཱ(རྒྱུད་འགྲེལ་མ་ལ་གསོལ་བ་བཏབ་པར་གྱུར་པའི་སློབ་མ་ཨཾ་དང་རིན་པོ་ཆེ་ལས་སྐྱེས་པའི་རིན་ཆེན་མཁའ་འགྲོའི་གཟུགས་ཅན་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་ལ་ནམ་མཁར་བཞུགས་པའི་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱི་བུམ་པས་དབང ་བསྐུར་བཞིན་པ་དང། པི་ཝཾ་མལ?་སོགས་པའི་མཆོད་པའི་ལྷ་མོ་རྣམས་ཀྱི་མཆོད་ཅིང་བཀྲ་ཤིས་ཀྱི་གླུ་ལེན་པ་དང། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ནས་རིན་ཆེན ་མཁའ་འགྲོའི་བདག་ཉིད་ཀྱི་ཅོད་པན་རང་གི་རིགས་ཀྱི་བདག་པོ་གཙོ་བོར་གྱུར་པའི་མཁའ་འགྲོ་ལྔས་བྱིན་གྱིས་བརླབ་པ་སློབ་མའི་མགོ་བོར་བསྐོན་ཞིང་ཨོཾ་ཨཱ(རྒྱུད་འགྲེལ་ཥྱ་ཧོ(རྒྱུད་འགྲེལ་ལས་པདྨ་མཁའ་འགྲོའི་གཟུགས་ཅན་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་ལ། ནམ་མཁར་བཞུགས་པའི་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་བུམ་པས་དབང་བསྐུར་བཞིན་པ་དང་པི་ཝཾ་མལ་སོགས་པའི་མཆོད་པའི་ལྷ་མོ་རྣམས ་ཀྱིས་མཆོད་ཅིང་བཀྲ་ཤིས་ཀྱི་གླུ་ལེན་པ་དང། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ནས་ཨོཾ་བཛྲཱ་དྷི་པ་ཏི་ཏྭཾ་མ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟཝཾ། ཞེས་དྲིལ་བུ་སྣ་ཚོགས་མཁའ་འགྲོའི་བདག ་ཉིད་ཅན་ལག་པ་གཡོན་པར་བྱིན་ནས། ཨོཾ་བཛྲ་གནདྷེ་ཨ(རྒྱུད་འགྲེལ་དེ་ནས་གསོལ་བ་གདབ་པར་གྱུར་པའི་སློབ་མ་ཨོཾ་དང། འཁོར་ལོ་ལས་སྐྱེས་པའི་འཁོར་ལོའི་མཁའ་འགྲོའི་གཟུགས་ཅན། ཡེ་ཤེས་སེམས་དཔའ་?་དང་དབྱེར་མེད་པ་ལ། །ནམ་མཁར་བཞུགས་བའི་དཔའ་བོའམ?་མཁའ་འགྲོ་མ་?་ཧཱུཾ་བས ་དབང་བསྐུར་བཞིན་པ་དང། པི་ཝཾ་མ་ལ་སོགས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་བཀྲ་ཤིས་ཀྱི་གླུ་ལེན་པ་དང། དབང་བསྐུར་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ནས་རྡོ་རྗེ་དང་དྲིལ་བུ་སྤྱི་བོར་ཡང་དག་པར ་བཟུང་ནས། ཨོཾ་བཛྲ་སཏྭཾ་ཏྭཾ་མ་བྷི་ཥིཉྩ་མི་བཛྲ་ནཱ་མཱ་བྷི་ཥིཉྩ་ཀ་ཏ(རྒྱུད་འགྲེལ་བསྐུར་བས་བྱ་བ་ལ་སོགས་པའི་རྒྱུད་ཉན་པ་དང་བཤད་པ་ལ་དབང་བར་འགྱུར་རོ། །མ་རིག་པའི་མི་མཐུན་པའི་ཕྱོགས་ཉིད་ཀྱི་ཕྱིར་རིག་པའི་དབང་ཞེས་བརྗོད་དོ། །དེ་ནས་གང་གི་བདག་གི་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་འགྱུར་བར། །རྡོ ་རྗེ་སློབ་དཔོན་གྱི་ནི་དབང། །ཐུགས་རྗེའི་གཏེར་གྱིས་བདག་ལ་སྩོལ། །འཁོར་ལོ་ཕྱིར་མི་བཟློག་པའི་དབང། །མགོན་པོས་བདག་ལ་སྩལ་ནས་ཀྱང། །འཁོར་ལོ་ལྷ་ཡི་དེ་ཉིད་དང། །སློབ་དཔོན་གྱི་ནི་ཕྲིན་ལས་དང། །སངས་རྒྱས་ཀུན་གྱི་དམ ་ཚིག་དང། །སྡོམ་པ་གསང་མཆོག་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །རྟག་པར་བདག་ནི་སློབ་དཔོན་འགྱུར། །ཞེས་གསལ་བ་བཏབ་པར་གྱུར་པའི་སློབ་མའི་སྟེང་དུ་གདུགས་དཀར་པོ་ཕུག་པའི་འོག་ཏུ་སེང་གེའི ་གདན་བཀོད་པ་ལ། སྣ་ཚོགས་ཆུ་སྐྱེས་རིགས་ལྔའི་མཚན་མས་མཚན་པའི་འདབ་མ་ཅན་གྱི་ཟེའུ་འབྲུ་ལ་འདུག་ཏུ་བཅུག་ཏེ་རྣམ་པར་བཀྲ་བའི་གོས་དང་རྒྱན་གྱིས་བརྒྱན་ལ། །ཧཱུཾ་དང་རྡོ་རྗེ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའ་ཨི་གཟུགས ་ཅན་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པར་དམིགས་ནས། ཐོག་མཛའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམ་མའི་བདག་པོའི་བདག་།བཅོམ་ལྡན་འདས་དཔལ ་མཆོག་དང་པོའི་སྐྱེས་བུ་ལའོ། །ཞེས་བྱ་བ་འདིས་རྡོ་རྗེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའ་ཨི་བདག་ཉིད་ཅན་དེ་ཁོ་ན་ཉིད་ཀྱིས་གཟུང་བར་བྱའོ།། ཞེས་བྱ་བ་ནི་རྡོ་རྗེའི་དམ་ཚིག་གོ་།འདི་དེ་སངས་རྒྱས ་ཐམས་ཅད་ཉིད། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱི་ཀྱང་ནི་རྟག་ཏུ་བཅད། །བྱང་ཆུབ་མཆོག་ཏུ་རྒྱལ་རྣམས་བཞེད། །ཅེས་བརྗོད་ཅིང་ཨ(རྒྱུད་འགྲེལ་དེ་རྣམས་ཀྱིས་ཀྱང་དཀྲོལ་བར་བྱ་སྟེ། སྲིད་པ་ངོ་བོ་ཉིད་ཀྱི་དག་།དེ་ཉིད་ཀྱི་སྲིད་བྲལ་བྱས། །རང་བཞིན་ངག་པའི་སེམས་དཔའ་མཆོག་།མཆོག་གི་སྲིད་པ་བྱེད་པར་འགྱུར། །ཞེས་བརྗོད་པ་ནི་དྲིལ་བུའི་དམ་ཚིག་གོ། །། ་ཡིད་ཀྱི་ལུས་ནི་བརྟན་པ་ལ། །ཕྱག་རྒྱའི་དམ་ཚིག་ཏུ་ནི་བཤད། །གང་གི་ལུས་ནི་ཐམས་ཅད་བརྟན། །དེ་ནི་ཕྱག་རྒྱ་རབ་ཏུ་གྲགས། །ཞེས་ཡེ་ཤེས་ཀྱི་ཕྱག་རྒྱ་བྱིན་གྱིས་བརླབས་པའི་ཕྱིར་འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པས་ཕྱག་རྒྱ་ཆེན ་མོ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱའོ་ཞེས་བསྒོས་ནས་ཁ་སྦྱོར་གྱི་རིམ་པས། ཕྱག་རྒྱལ་མཁྱུད་པའི་ཚུལ་བྱེད་དུ་བཅུག་གོ་།ཞེས་པ་ནི་ཕྱག་རྒྱའི་དམ་ཚིག་གོ་།དེ་ལྟར་དམ་ཚིག་གསུམ་དང་ལྡན་པའི་སློབ་མ་རྡོ ་རྗེ་སེམས་དཔའ་ཨི་གཟུགས་ཅན་ལ། རང་གི་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་དབང་བསྐུར་བར་དམིགས་ནས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ ་བཅད་པ་བརྗོད་ཅིང། ཨོཾ་ཨཱ(རྒྱུད་འགྲེལ་རྣམས་དང་ལྷ་མོ་རྣམས་དང་ཡེ་ཤེས་སེམས་དཔའ་ཨི་ངོ་བོས་གཞུག་པར་བྱའོ། །ོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བྱིན་གྱིས་བརླབས་ལ་མཆོད་པ་རྣམས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་སྐད་དུ་ཡང་ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དང།? ་གི་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉཾ་སྦྱོར་བ། །སློབ་དཔོན་གྱིས་ནི་དབང་དུ་འདོད། །ཅེས་གསུངས་སོ།། དེའི་རྗེས་སུ་མདོར་བསྡུས་པས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་རྣམ་པར་དག་པ་ཡང་བརྗོད་བར་བྱ་སྟེ། དཀྱིལ་འཁོར་པདྨ་ཞེས་བཤད་དེ། ཡིད་ནི ་དཀྱིལ་འཁོར་མཆོག་ཡིན་ནོ། །ཁང་པ་བརྩེགས་པ་ཞེས་བྱ་བ། །ཡེ་ཤེས་སེམས་དག་རྩེགས་ཤིང་སྡུས། །ཕུང་པོ་ལྔ་ནི་མདོར་བསྡུ་བར། །སངས་རྒྱས་ལྔ་ནི་རབ་ཏུ་གྲགས། །ཞེས་སོ། །དོན་དམ་པར་ནི་རང་བཞིན་མེད་པའི་བདག་ཉིད་ཅན་གྱི་དེ་བཞིན་ཉིད ་ཀྱེ་དེ་ཁོ་ན་ཉིད་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་ལྷའི་དེ་ཁོ་ན་ཉིད་དོ། །ཞེས་བྱ་བ་ནི་སློབ་དཔོན་གྱི་དབང་ངོ།། །།དེ་ནས་སློབ་དཔོན་གྱི་སྙིང་པོ་ལ་སོགས་པའི་སྔགས་ལན་གསུམ་བཟླས་ནས། བཅོམ་ལྡན་འདི་ལ་སྦྱིན་ལགས་ཀྱི།། ་འདི་ལ་ཉེ་བར་མཛད་དུ་གསོལ། །ཞེས་བརྗོད་ཅིང་སློབ་མ་ལ་སྦྱིན་ནོ། །དེས་ནི་བཅོམ་ལྡན་བདག་གི་གཟུང་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །ཞེས་སྔགས་བཟུང་ནས། ལན་གསུམ་བཟླ་བར་བྱའོ། །ཞེས་བྱ་བ་ནི་སྔགས་གཏད་པའོ།། །། ་དེ་ནས་གསང་གྱི་ཐུང་མས་དེའི་སྣོད་ན་གནས་པའི་མར་དང་སྦྲང་རྩིའི་མིག་སྨན་སློབ་མའི་མིག་ལ་བཾ་ཡིག་བསམས་ནས་ཨོཾ་བཛྲ་ནེ་ཏྲ་པྲ་ཧ་ར་པ་ཊ་ལཾ་ཧྲཱི(རྒྱུད་འགྲེལ་?་།ཇི་ལྟར་འཇིག་རྟེན་རབ་རིབ་བཞིན། །བུ་ཁྱོད་གྱིས་ནི་ཡི་ཤེས་པའི། །ལིང་ཐག་རྒྱལ་བ་རྣམས་ཀྱིས་བསལ། །ཞེས་བྱ་བ་ནི་མིག་སྨན་ནོ།། །།དེ་ནས་སློབ་མ་ལ་ཨཱ(རྒྱུད་འགྲེལ་གསལ་ཞིང་དག་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་འབྱུང། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དེར་ནི་བསལ་དག་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་ཉིད་ནི། །བུ་ཁྱོད ་ཀྱིས་ནི་སྙིང་ཁ་ཞུགས། །རང་བཞིན་མེད་ཅིང་གནས་མེད་པར། །ཆོས་རྣམས་དེ་ལྟར་ཤེས་ནས་ཁྱོད། །སེམས་ཅན་དོན་ནི་མཉམ་མེད་བྱས་སོ། །སྐྱོབ་པ་རྣམས་ཀྱི་སྲས་སུ་སྐྱེས། །ཤེས་བྱ་བ་ནི?་མེ་ལོང་ངོ། །དེ་ནས་ཧོ(རྒྱུད་འགྲེལ་ཧོ(རྒྱུད་འགྲེལ་བར་བྱ་སྟེ། སྟེང་དུ་གཅིག་དང་འོག་ཏུ་གཞན་ནོ། །ཞེས་བྱ་བ་ནི་མངའ་འཕང་བའོ། །དེ་ནས་བྷྲཱུཾ་ཡིག་ལས་སྐྱེས་པའི་ཆོས་ཀྱི་འཁོར་ལོ་ཨོཾ་བཛྲ་ཧེ་རུ་མཾ་ཞེས་བརྗོད་དེ་སློབ་མའི་ལག་པ་གཡས་སུ་ཨཱ(རྒྱུད་འགྲེལ་བཛྲ་དྷཱུ?་ག་རཾ་ཞེས་བརྗོད་པས་དང་གཡོན་དུ་དབྱངས་དང་པོ་ལས་སྐྱེས་པའི་གླེགས་བཾ་དབྱངས་དང་པོ་བརྗོད་པས་དང་།དབྱངས་ཐམ་ལS་སྐྱེས་པཱི་དྲིལ་བུ་དབྱངS་ཐམ་བརྗོད་ཅིང་བྱིངས་དྲིལ་བུ་དཀྲོལ་དུ་བཅུག་ཏེ་།ཐམས་ཅད་ནམ་མཁའ་ཨི་མཚན་ཉིད་དོ། །ནམ་མཁའ་ལ་ཡང་མཚན?་ཉིད་མེད། ནམ་མཁའ་མཉཾ་པར ་སྟོང?་བ་ལས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་སོ། །དེའི་རྗེས་སུ་འདི་སྐད་བརྗོད་པར་བྱ་སྟེ། །དེད་ནས་བརྩམས་ཏེ་ལྷན་ཅིག་པའི། །སེམས་ནི་བསྐྱེད་པ་ཙམ་གྱིས་ནི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཆོས་ཀྱི་དུང་ནི་བླ་མེད ་?། ཀུན་ནས་ཀུན་ཏུ་གང་བར་གྱིས། །སོམ་གཉི་ཡིད་གཉིས་མ་བྱ་ཞིང། །དགོས་པ་མེད་པའི་སེམས་ཀྱིས་ཁྱོད། །གསང་སྔགས་སྤྱོད་པའི་ཚུལ་ཆོ་ག་།འཇིག་རྟེན་ལ་ནི་རྟག་ཏུ་ཤོང། །དེ་ལྟར་བྱས་ན་སངས་རྒྱས་ལ། །བྱས་པ་ཤེS་པ ་ཉེ་བར་བརྗོད། །རྡོ་རྗེ་འཛིན་པ་དེ་ཀུན་ཀྱང། །ཁྱོད་ལ་རྣམ་པ་ཀུན་ཏུ་བསྲུང། །ཞེས་སོ། །དེ་ལྟར་མཐུན་མོངས་གི་རྗེས་སུ་གནང་བ་བྱིན་ལ། དེ་ནས་རིམ་པ་ཇི་ལྟ་བས་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་སུ་དམིགས་པའི་སློབ་མ་ལ ་འདི་སྐད་བརྗོད་པར་བྱ་སྟེ། འཇིག་རྟེན་ཀུན་ཏུ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བས་སྣ་ཚོགས་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར།། ཤེས་རབ་ཐབས་ཀྱི་རང་བཞིན་བདག། ཡིད་བཞིན་ནོར་བུ་ལྟར་མཐོ་བ། །དོན་དང ་བྲལ་ཞིང་ཟད་མིན་པར། །སེམས་ཅན་དོན་ནི་དུས་བཞིན་བྱོས། །ཆོས་ཀྱི་སྒྲའི་གནས་སུ་རྡོ་རྗེ་དང། རིན་པོ་ཆེ་དང། པདྨ་དང། ལས་ཀྱི་སྒྲ་བཅུ་གནས་རྗེས་སུ་གནང་བ་རྣམ་པ་ལྔ་སྦྱིན་པར་བྱའོ། །སློབ་མས་ཀྱང་ནི་བླ་མ་ཡི། །ཞབས་ཟུང་ཆུ་སྐྱེས་ལ ་གཏུད་ནས། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་གིས་བགྱིས་པར་གསོལ། །ཞེས་བྱ་བ་ནི་རྗེས་སུ་གནང་བའོ། །དེ་ནས་སློབ་མ་རྡོ་རྗེ་སེམས་དཔའ་ཨི་གཟུགས་སུ་དམིགས་ནས། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའ་ཨི ་ཕྱག་ན་གནས། །ཁྱོད་ཀྱི་ཀྱང་ནི་རྟག་ཏུ་བཅངས། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཞེས་བྱ་བ་འདིས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་བྱིན་ལ། །སློབ་མས་ཀྱང་ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡཱ་ཏིཥྛ་ཨེ་ཥ་ཏྭཱཾ་དྷཱ་ར་ཡཱ་མི་བཛ་སཏྭ་ཧྲི(རྒྱུད་འགྲེལ་ཞེས་བརྗོད་ཅིང་རྡོ་རྗེ་བཟུང་བས་བྱའོ། །ཞེས་བྱ་བ་ནི་རྡོ་རྗེའི་བརྟུལ་ཞུགས་སོ།། །།དེ་ནས་དེ་བཞིན་གཤེགས་པའི་སྤྱོད་ལ་གྱིས་ཚུལ་དུ་ཆོས་གོས་ཀྱི་རྣ་བ་གཡོན་པའི་ཁུ་ཚུར་གྱིས་བཟུང་ཞིང་གཡས་པ་མི་འཇིགS་པའི་ཕྱག་རྒྱས ་སྲིད་པའི་ངན་འགྲོ་ལས་བཏོན་ནས། །སྲིད་པ་ཤིན་ཏུ་དག་བྱའི་ཕྱིར། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །འདི་ནི་ང་ཡི་ལུང་བསྟན་བྱ། །ཀྱེ་ཆེ་གེ་མོ་བཛྲ་ཏ་ཐཱ་ཏ་སིདྡྷི་ས་མ་ཡ་སྟཝཾ་བྷུར་བྷུ་ཝ་སྭཱ་ཞེས་བྱ་བ་འདིས་སློབ་མ་མེ་ཏོག་ཕོག་བ་དང་རྗེས་སུ ་མཐུན་པའི་དེ་བཞིན་གཤེགས་པའི་གཟུགས་སུ་བྱའོ། །གང་ཡང་མི་འཇིག་པའི་ཕྱག་རྒྱ་འདིས། །ལུང་བསྟན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཨི་འཁོར་དང་བཅས་པའི་དཀྱིལ་འཁོར ་བ་རྣམས་ཀྱི་མགྲིན་གཅིག་ཏུ་བླ་ན་མེད་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དེ། །ཕྱག་རྒྱ་དང་གསང་སྔགས་འདི་ཉིད་ཀྱི་མཐུ་ལས་ཡིན་ནོ། །ཞེས་དད་པར་བྱའོ། །ཞེས་བྱ་བ་ནི་ལུང་བསྟན་པའོ། །དེ་ནས་སློབ་མའི་སྙིང ་ཁར་ལས་ཐམས་ཅད་པའི་སྔགས་ཀྱི་མངོན་བར་བསྔགས་ནས་ལག་བ་གཡོན་ལ་སྲུང་བའི་ལག་པ་དུག་བཅིངས་ཞིང་མགོ་བོར་གདུགས་བཟུང་བས་གཡོན་ཕྱོགས་སུ་བསྐོར་བ་བྱེད་དུ་བཅུག་ནས་ཐལ་མོ་སྦྱར་བ་དང་བཅས་པ། དཀྱིལ ་འཁོར་གྱི་སྒོར་གདུགས་དབབ་བཞིན་དུ་རྒྱུད་རྣམས་འཛིན་པར་འགྱུར་བ་ཡི། །སློབ་མ་འདི་ནི་ཕུལ་བ་ལགས། །ཞེས་བརྗོད་ལ་དཀྱིལ་འཁོར་གྱི་དབང་ཕྱུག་ཡིན་ནོ་ཞེས་མངོན་པར་བསྔགས་ཤིང་གདུགས་གཞན་དུ་གཞག་ནས ་སློབ་མའི་སྙིང་ལ་འབབ་པའི་ཚིག་འདི་སྐད་བརྗོད་པར་བྱ་སྟེ། ད་ནི་ཁྱེད་རྣམས་དཀྱིལ་འཁོར་གྱིས། །སློབ་དཔོན་སྔགས་དང་རྒྱུད་འཛིན་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །ལྷ་རྣམས་ཀྱིས་ཀྱང་འཐུན་པར་བསྔགས། །སེམས་ཅན ་ཀུན་ལ་བརྩེ་དོན་དུ། །ཁྱོད་ཀྱི་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །མཆོག་ཏུ་གསང་ཆེན་དམ་བ་ཡིན། །དཀྱིལ་འཁོར་མཐོང་ཞིང་ཞུགས་པས་ན། །སྡིག་པ་ཀུན་ལས་རྣམ་པར ་གྲོལ། །དི་རིང་ཁྱེད་བཅག་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལས་ནི། །ཕྱིན་ཆད་འཆི་བ་ཁྱོད་ལ་མེད། །སྲིད་པ་ཤིན་ཏུ་གྲུབ་འགྱུར་བས། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །དེད་ཁྱོད་སྐྱེ་བ་འབྲས་བུར་བཅས། །གང་འདིར ་ལེགས་པར་རབ་གནས་ལས། །དམ་ཚིག་ལྷ་རྣམས་དང་མཉམ་བར། །འགྱུར་བ་ལ་ནི་ཐེ་ཙོམ་མེད། །སངས་རྒྱས་རྡོ་རྗེ་སྤྱན་ཀུན་གྱིས། །དི་རིང་ཚེ་ལྡན་དབང་བསྐུར་པས། །ཁམས་གསུམ་པ་ཡི་རྒྱལ་སྲིད་ཆེའི། །བདག་པོ་ཉིད་དུ་ཁྱོད་ངེས་སོ། ། ་དི་རིང་བདུད་ལས་བས་རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ་རབ་ཏུ་ཞུགས། །དི་རིང་སངས་རྒྱས་ཉིད་ཐོབ་པར། །འགྱུར་བ་འདིར་ནི་ཐེ་ཚོམ་མེད། །འདོད་ཆགས་བྲལ་བ་ལྟ་བུའི་སྡིག་ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བའི?། །ཁྱོད་ཀྱི་དེ ་ཡང་མི་བྱའོ། །འདོད་པ་ཀུན་ལ་ལོངས་སྤྱོད་བས། །གང་ལའང་འཇིགས་མེད་ཁྱོད་དགའ་བྱོས།། ཤ་ལྔ་བདུད་རྩི་བཟའ་བྱ་སྟེ། །དེ་ལས་གཞན་ཡང་དམ་ཚིག་བསྲུང། །སྲོག་ཆགས་བསང་པར་མི་བྱ་ཞིང། །བུད་མེད་རིན་ཆེན་སྤང་མི་བྱ། །སློབ ་དཔོན་སྤང་བར་མི་བྱ་སྟེ། །དམ་ཚིག་ཤིན་ཏུ་འདའ་བར་དཀའ་།། ཤེས་རབ་ཐབས་ཀྱི་བསམ་པ་ཡིས། །མི་བྱ་ཅུང་ཟད་ཡོང་མ་ཡིན། །མ་འཇིག་ཁྱོད་ལ་སྡིག་པ་མེད། །དེ་བཞིན་གཤེགས་པའི་གསུང་ཇི་བཞིན། །དེ་ལྟར་ཡིད་ནི་རབ་དང་རྡོ་རྗེ ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་ཟད་བདེ་སྟེར་བརྟེན་པར་གྱིས། །འགྲོ་བ་བདེ་ཉུང་ལས་རྡོ་རྗེ་སེམས་དཔའ་དང། །མཚུངས་པའི་རྟག་པ་ཉིད་དུ་ཁྱེད་རྣམས་ཕྱིན་པར་འགྱུར། །གཞན་ཡང་གང་དག་ཆོ་ག་ཇི་ལྟ་བ་བཞིན་དབང་བསྐུར་བ་ལོ་དགེ་བའི ་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྡུག་པའི་བུ་བཞིན་དུ་ཐུགས་རབ་ཏུ་དད་པས་དགོངས་པར་འགྱུར་བ་འདི་ནི་ཆོས་ཉིད་ཡིན་ནོ། །ཞེས་བྱ་བ་ནི་དབུགས་དབྱུང་པའི་ཆོ་གའོ། །དབང་བསྐུར་བ་དེ་རྣམས་ནི་བུམ་པའི་། ་ཆོས་ཅན་ཉིད་ཡིན་པའི་ཕྱིར་བུམ་པའི་དབང་བསྐུར་བའོ།། །།དེ་ནས་ཡོལ་བ་ལ་སོགས་པ་རྣམས་ཀྱི་སྐྱེ་བོས་དབེན་པར་བྱས་པའི?་སློབ་མས་རང་གི་སེམས་དགའ་བའི་ཤེས་རབ་མ་བཅུ་གཉིས་ལོན་པ་འམ་བཅུ་དྲུག་ལོན ་པ་ཡང་རུང། གཟུགས་དང་མཚན་ཕུན་སུམ་ཚོགས་ཤིང་དམ་ཚིག་དང་སྡོམ་པ་ལ་གནས་པ། །གསང་དབང་གི་དོན་དུ་བླ་མ་ལ་ཕུལ་ནས་གུས?་མོའི་ལྷ་ང་ས་ལ་བཙུགས་ཤིང་ལག་པ་ཐལ་མོ་སྦྱར་བས ་བླ་མ་རྡོ་རྗེ་སེམས་དཔར་མངོན་སུམ་དུ་མོས་ཏེ། ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས། །བདག་གིས་བླ་མེད་བྱ་བ་ཐོབ། །དེ་ཕྱིར་གསང་བའི་དབང་གི་ནི། །མགོན་པོས་རྗེས་སུ་བཟུང་བར་མཛད་དོ། །ཅེས་གསོལ་བ་གདབ་པའོ། །བླ་མས་ཀྱང ་སྐད་ཅིག་གི་སྟོང་པ་ཉིད་ཀྱི་མཐར། །དཔལ་སྡོམ་པའི་སྐུ་དང་ཤེས་རབ་ཀྱང་ཕག་མོའི་གཟུགས་སུ་བསྐྱེད་ནས། རྡོ་རྗེ་དང་པདྨ་འདུ་བྱ་བ་སྔོན་དུ་འགྲོ་བས་སྙོམས་པར་འཇུག་པ་བྱ་ཞིང། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝཏྨ ་ཀོཉཧཾ?། ཞེས་བྱ་བའི་སྔགས་བརྗོད་དེ་རང་གི་སྙིང་ཁའི་ས་བོན་གྱིས་འོད་ཟེར་གྱིས་ཕྱོགས་བཅུར་སྙོམས་པར་འཇུག་པས་གནས་པའི་དཔའ་བོ་དང་མཁའ་འགྲོ་མ་རྣམས་བཀུག་།རང་གི་ལུས་ལ་བཅུག། འདོད་ཆགས་ཆེན་པོS ་ཞུ་བར་གྱུར་པ་ཨ་བ་དྷུ་ཏཱི་ནས་འོངས་པ་ལ་དགའ་བ་ལ་སོགས་པའི་རིམས་ཀྱིས་རྡོ་རྗེ་ནོར་བུར་ལྷན་ཅིག་སྐྱེས་པ་རང་ཉིད་ཀྱི་རིམ་པར་བྱ་སྟེ་འཐེ་བོང་དང་སྲིན་ལག་དག་གི་ནོར་བུ་བཙིར་བཞིན་པའི་རྡོ་རྗེ་ནམ་མཁའ་ཨི་ཁམས་ཤེས་རབ་ཀྱི ་པདྨ་ལས་བྱུང་ནས་སློབ་མ་གསུང་རྡོ་རྗེའི་གཟུགས་ཅན་གྱི་ཁར། འདས་པའི་རྡོ་རྗེ་འཆང་སོགས་ཀྱི། ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། བྱང་ཆུབ་སེམས་ནི་མཛེས་པ་ཡི། །དེ་བཞིན་བུ་ཁྱོད་དབང་བསྐུར་རོ། །ཞེས་དང་རྩ ་པའི་སྔགས་ཀྱང་བརྗོད་ལ་བྱང་ཆུབ་ཀྱི་སེམས་དབབ་པར་བྱའོ། །ཤེས་རབ་གདོང་ཡང་བཅིང་བ་དང། ཐབས་ཀྱི་གདོང་ཡང་དེ་བཞིན་ཏེ། །མཐེ?་མིང་མེད་དག་གི་ནི། །སློབ་མའི་ཁ་རུ་དབབ་པར་བྱ། །ཞེས་གསུངས་པ ་ཡིན་ནོ། །དེས་ཀྱང་དཔའ་བོ་དང་མཁའ་འགྲོ་མ་ཐམས་ཅད་ཞུ་བ་ནི་འདི་ཡིན་ནོ་ཞེས་མོས་པར་བྱས་ནས་ཨ་ཧོ(རྒྱུད་འགྲེལ་ཐིག་ལེ་རྣམས་དེའི་ཁར་བླུག་སྟེ། དེས་ཀྱང་དེ་བཞིན་ཏུ་བཏུང་བར་བྱའོ། །དེ་ལྟར་ཤེས་རབ་དང་ཐབས་དག་གི་གསང་བའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དག་གི་དབང་བསྐུར་བའི་ཕྱིར་གསང་བཱི་དབང?་བསྐུར་བ་ཞེས་བྱའོ།། །།དེ་ནས་ཤེས་རབ་མའི་ཚུལ་གཅིག་པ་ལ ་དེ་ཉིད་དམ་དབྱེ་བ་ཡོད་ན་གཞན་ཡང་རུང་སིཧལ་ག་པུར་དང། གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པའི་ཕྱག་རྒྱ་མ་གཏད་པར་བྱ་བ་ནི། གང་གི་བདག་ནི་ཁྱོད་དྲིན་ལས། །ལྷན་སྐྱེས་ཡེ་ཤེས་ཐོབ་བགྱི་བ། །ཤེས་རབ་ཡེ་ཤེས་དབང་བསྐུར་བའང། །དབང ་ཕྱུག་མཆོག་གི་བདག་ལ་སྩོལ། །ཞེས་གསོལ་བ་བཏབ་པར་གྱུར་པའི་སློབ་མའི་ལག་པ་གཡས་པ་དང་དེའི་ལག་པ་གཡོན་པ་སྟེ་དེ་གཉིག་རང་གི་ལག་པ་གཡོན་པས་བཟུང་ཞིང་སློབ་མའི་སྤྱི་བོར་རྡོ་རྗེ་བཟུང་ལ། འདིར་ནི་ཁྱེད་རྣམས་སྤང་པོ ་ཡིན། །བདག་གི་འདི་ལ་འདི་གཏད་དོ། །ཞེས་དཔའ་བོ་དང་མཁའ་འགྲོ་མ་རྣམས་དབང་དུ་བྱས་ནས། གཟུང་མ་ཡིད་འོང་འདི་ཁྱོད་ཀྱིས། །བརྟེན་བྱར་སངས་རྒྱས་རྣམས་ཀྱི་བཏགས། །འཁོར་ལོ་རིམས་གྱི་སྐོར་བ་ཡི། །བདེ་བ་དམ་པ་མྱང་བར་གྱི། །ཐབས ་གཞན་གྱི་ནི་སངས་རྒྱས་མིན། །དེ་བས་འདི་དང་བྲལ་བར་ནི། །ཁྱོད་ཀྱི་ནཾ་ཡང་མ་བྱེད་ཅིག། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིགས་མའི་བརྟུལ་ཞུགས་བླ་ན་མེད། །རྨོང་པ་གང་ཞིག་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བརྗོད་ལ་ཤེས ་རབ་མ་གཏད་པར་བྱའོ། །དེས་ཀྱང་དྲི་བཟང་པོ་དང་མེ་ཏོག་གི་ཕྲེང་བས་ལུས་ཉེ་བར་མཛེས་པར་བྱས་ཤིང་རྒོད་པ་དང་དགའ་ཞིང་འཛུམ་པའི་བཞིན་གྱིས། བུ་ཁྱོད་སྒྲོ་བ་ཉིད་དམ་ཅིང། །བཤད་ཅི་ལ་སོགས་ཟ་བ་དང། །ཤ་ཁྲག་ཁུ་བ་དེ་བཞིན་ཏེ། །བུད ་མེད་ལ་གུས་དེ་བཞིན་གཞན། །བྷ་གའི་པདྨར་འོ་བྱེད་པར། །ཇི་ལྟར་བདེ་བ་བུ་ཡིས་སྤྲོས། །ཞེས་འདོད་པའི་ཆའི་གཏམ་བརྗོད་པ་ན། །དེས་ཀྱང་འདི་སྐད་དུ་སྨྲ་པར་བྱ་སྟེ། །ལྷ་མོ་བདག་ནི་ཅིས་མི་སྤྲོ། །ཁུ་ཁྲག་ལ་སོགས་བཟའ་བྱ་སྟེ། །རྟག ་ཏུ་བུད་མེད་གུས་བགྱི་ཞིང། །བྷ་ག་ལ་ཡང་འོ་བྱེད་དོ། །དེ་ནས་དེ་དགའ་ཞིང་རང་གི་ཁྱོ་ཤུགས་དང་འདྲ་བར་སེམས་པས་ཙན་དན་དང་གུར་གུམ་ལ་སོགས་པའི་དྲི་བཟང་པོ་རྣམས་ཀྱིས་བྱུགས་ཤིང་གོས་དང་བྲལ་བར་བྱས་ནས་སློབ་མ་ལ་ཆུ་སྐྱེས་སྟོན ་བཞིན་དུ། །ེ་མ་ངའི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །གང་ཞིག་ཆོགས་བརྟེན་བྱེད་པ། །དེ་ཡི་མདུན་ན་བདག་གནས་སོ། །འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་གྲོལ་བྱེད། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །དངོས་པོ་ཀུན་ལ ་རྣམ་པར་གནས། །སངས་རྒྱས་མཆོད་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་བགྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི་འདི་ཉིད་ན་ནི་རྟག་ཏུ་བཞུགས། བྷ་ཛ་མོཀྵ་ཧོ(རྒྱུད་འགྲེལ་བསྐྱེད་དེ་ཧཱི(རྒྱུད་འགྲེལ་ཟད་སྐུལ་བ་བླ་མའི་ཞལ་ལས་ཤེས་པར་བྱས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བཱཏྨ་ཀོ་ཧཾ་ཞེས་བརྗོད་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱི་ཚོགས་ཀྱིས་བཀུག་པའི་དཔའ་བོ་དང་མཁའ་འགྲོ་མ་ལ་སོགས་པ་ལྷག་པར་གནས་པའི ་ལུས་ལ་བླ་མས་བཅུག་པའི་འཁོར་ལོའི་མཁའ་འགྲོ་མ་ལ་སོགས་པས་བྱིན་གྱིས་བརླབས་པའི་ཡིད་ཀྱིས་འཁྲིག་པའི་སྦྱོར་བ་བྱའོ། །དགའ་བའི་དབྱེ་བ་བླ་མའི་མན་ངག་ལས་བྱུང་པ་རྣམས་ཏེ། པདྨར་རྡོ་རྗེ་རབ་གཞག་ནས། །བྱང་ཆུབ་སེམས་ནི་དབྱུང ་མི་བྱ། །སྐྱོད་པར་བྱས་ནས་དགའ་བ་དེ། །སེམས་ལ་གང་བས་བསྒོམ་པར་བྱ། །ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང། །བྱང་ཆུབ་སྙིང་པོ་མཁའ་འདྲ་བ། །རྡུལ་བྲལ་ཐར་སྟེར་ཞིབ་ཉིད། །ཁྱོད་ཀྱི་ཕ་ཡང་རང་ཉིད་དོ། །རྣལ་འབྱོར་པ་ཡིས་ཇི་སྲིད་དུ། །བྱང་ཆུབ་སེམས ་འདོར་མི་བྱེད་པ། །དེ་སྲིད་རྒྱུན་མི་འཆད་པ་ཡི། །དགའ་བ་ཅི་ཡང་ཐོབ་པར་འགྱུར། །དངོས་གྲུབ་ཀུན་གྱི་གཏེར་གྱུར་པ། །བྱང་ཆུབ་སེམས་ནི་ལྟུང་གྱུར་ན། །ཕུང་པོ་རྣམ་ཤེས་རྒྱལ་བ་ལ། །མ་སྨད་དངོས་གྲུབ་ག་ལ་ཡོད། །མཁའ་དབྱིངས་རྡོ་རྗེ་སྦྱོར་བ་ལS ་རེག་པའི་བདེ་བ་སྨད་བྱུང་ཆེ། །བདེ་བ་སྐྱེད་པ་གང་ཡིན་དེ། །མཆོག་ཏུ་དགའ་བའི་བྱེད་པ་པོ། །མཆོག་དང་དགའ་བྲལ་དག་གི་དབུས། །བརྟན་པོར་མཚོན་ལ་བརྟག་པར་བྱ། །པདྨའི་ནམ་མཁར་ནོར་བུ་ནི། །མངལ་སྦུབས་ལ ་བསྟེམས་གནས་སུའོ། །རྡོ་རྗེའི་དཀྱིལ་ཀྲུངས་ལས་སེམས་ནི། །ནོར་བུའི་ནང་དུ་གནས་བར་བལྟ། །གང་ཡང་ཡེ་ཤེས་སྐྱེ་འགྱུར་བ། །ཡེ་ཤེས་དེ་ནི་རིགས་ངོ་བོ། །འདོད་ཆགས་མེད་ཅིང་ཆགས་བྲལ་མེད། །དབུ་མར་ཡང་ནི་མི་དམིགས་ཏེ། །རྣལ་འབྱོར་གང་ཆེ ་ཡེ་ཤེས་མཐོང། །བདེ་བ་གནས་བྱེད་འགྱུར་བ་མིན། །ཐུན་ནམ་ཡང་ན་ཉིན་གཅིག་གམ། །ཟླ་བའང་ཟླ་ཕྱེད་ལོ་དང་ནི། །བསྐལ་པ་འམ་བསྐལ་པ་སྟོང་དུ་ཡང། །ཡེ་ཤེས་མངོན་པར་སྦྱོར་བས་གནས། །སློབ་མས་ཐིག་ལེ་གཟུང་བྱས་ནས། །པདྨའི་ལྟོ་བར ་བྱུང་བ་ན། །དེ་ནས་ལྕེ་རྩེ་མོས་སེམས་བྱང་ཆུབ་སྔོན་དུ་འགྲོ་བས་བླང། །ཤེས་རབ་དག་ལས་ལྷན་ཅིག་སྐྱེས་བའི་ཡེ་ཤེས་ཤེས་བྱ་བ་ནི་ཤེས་རབ་ཡེ་ཤེས་སོ། །དེའི་རྗེས་སུ་ཇི་སྐད་བཤད་པའི་ཆོ་གས་ཤེས་རབ་ཡེ་ཤེས་ཀྱི་དབང་མངོན་སུམ་དུ་བྱས ་ཉིད?་ཀྱི་འབྲས་?་གྱུར་པའི་དབང་བསྐུར་བ་རིན་པོ་ཆེ་ཞིབ་སྦྱིན་པར་བྱ་སྟེ་གསུངས་པ། །དི་སྐད་གསུངས་པའི?་ཚེགས?་དབང་བསྐུར་བ། །སྦྱིན་ནས་སློབ་མའི་མོས་པ་ཡིད་ཀྱི་བརྟག་།ཟབ་ཅིང་རྒྱ་ཆེའི་ཚུལ་ལ་མོས་གྱུར་ན། །དབང་བསྐུར་རིན་ཆེན་ཚིག ་གིས་སྦྱིན་པར་བྱ། །འོ་ན་འདི་རྒྱ་ཆེ་བ་ལ་མོས་པ་འམ་ཡང་ན་མ་ཡིན་ནོ། །ཞེས་བྱ་བ་ཇི་ལྟར་རྟོགས་པར་བྱ་ཞེ་ན། དུ་བ་ལས་ནི་མེར་ཤེས་དང། །ཆུ་སྐྱར?་ལས་ནི་ཆུ་ཤེས་པ། །བྱང་ཆུབ་སེམས་དཔའ་ཡི་ནི་རིགས།། ་བློ་དང་ལྡན་པས་མཚན་མས་ཤེས། །བཞིན་གྱི་ཆུ་སྐྱེས་རབ་དང་ཞིང། །དགའ་བས་ལུས་ཀྱི་སྤུ་ལྡད་བ། །མཐོང་ནས་མཁས་པས་དེ་ཉིད་ཀྱིས། །སློབ་མ་དམ་པ་རྗེས་གཟུང་བྱ། །དེ་ཉིད་ནི་ཤེས་རབ་ཡེ་ཤེས་ཏེ། །མྱུ་གུར་བྱུང ་པའི་བྱང་ཆུབ་ཀྱི་སེམས་བསྒོམས་པས་རབ་ཏུ་འཕེལ་བཞིན་པ་སྒྲིབ་པ་མེད་པ་ཉིད་ཐོབ་པ་ནི་དེ་ཁོ་ན་ཉིད་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་རང་བཞིན་ཡན་ལག་བདུན་དང་ལྡན་པ་ཕྱག་རྒྱ་ཆེན་པོའི་བདག་ཉིད་རྡོ་རྗེ་འཆང ་ཆེན་པོའི་རང་བཞིན་བཞི་པ་ཞེས་བྱའོ། །ཡང་གསུངས་པ། དེར་ནི་ཐོག་མ་དབུས་མཛའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །བདག་མེད་གཞན་ཡང་མེད་པ་སྟེ། །འདི་དེ་མཆོག་ཏུ་བདེ་ཆེན་པོ།། ་ཡང་གསུངས་པ། བྱེད་པ་དང་བྲལ་འགྲོ་ལ་རྟག་ཏུ་ཤར། །གང་ཞིག་དུས་སུ་ངེས་པར་གསུངས་པ་ནི། །ཐམས་ཅད་མཁྱེན་པའང་ཚིག་གི་དབུལ་འགྱུར་བ། །བདེ་བའི་རྒྱལ་པོ་གཅིག་པུ་རྒྱལ་གྱུར་ཅིག། བླ་མས་བསྟན་པར་བྱ་བའམ ་སློབ་མས་གོ་བྱམ་ཡིན་ཏེ། །ལྷན་ཅིག་སྐྱེས་པ་བདུད་ཅིའི་ལོ། སུ་ལ་སུ་ཞིག་གིས་ནི་བརྗོད། །བློ་ཡི་སྦྱོང་ཡུལ་མ་ཡིན་པས་ན་ཚིག་གི་གདགས་པ་མེད། བླ་མའི་བརྗོད་པ་ལས་རིང་གཏམ་གྱི་དངོས་པོའི་འཇུག་པ་སྟེ། །དེ་ནི་རིམ་གྱིས་སྙིང་རྗེ་ལ ་སོགས་ཡོན་ཏན་དག་པ་དང། །ལྡན་ཞིང་དང་ཅན་སྙིང་ལ་རང་གི་གེ་འཕང་བྱེད་པ་ཡིན། །འོ་ན་བྱང་ཆུབ་ཀྱི་སེམས་སྐྱེས་པའི་མཚན་ཉིད་ཅི་ཞེ་ན། །དབང་ངོ་རྣམས་ནི་གཉིད་ལོག་བཞིན། །ཡིད་ནི་ནང་དུ་ཞུགས་འདྲ་དང། །བྱ་བྱེད་མེད ་བཞིན་ཡང་སྣང་བའི། །ལུས་ནི་དམ་པའི་བདེ་བས་རྒྱལ། །དབང་པོའི་ཚོགས་རྣམས་འཇུག་པ་མེད་པ་དང། །སྲིད་པའི་ས་བོན་རྣམ་རྟོག་རྫོགས་པར་ཉམས། །ཀུན་ཏུ་དགའ་བའི་རང་བཞིན་མཁའ་མཚུངས་ཀྱང། །བསིལ་བ་ཐོབ་པའི་མྱོང་བ་ཨ་ལ་ལ ་འདིར་ནི་དབང་པོ་ཐིམ་པར་འགྱུར། །བདག་གི་རང་བཞིན་ཉམས་པ་དེ། །ངེས་པར་ལྷན་སྐྱེས་དགའ་བའི་སྐུ། །བླ་མའི་ཞལ་ལ་གསལ་བར་བྲིས། །དེ་ཉིད་གསུངས་པ། །གང་ཞིག་ཤར་བས་དུས་མཉམ་དབང་པོ་དང། །ཡུལ་རྣམས་མཉམ་དུ་ནུབ་གྱུར ་དེ་ལ་འདུད། །མཁས་རྣམས་སྙིང་ལ་གང་བ་ཅི་ཡང་སང། །གང་ཡང་མངོན་དགའ་རྒྱལ་བའི་མཛེས་སྐུ་ཅིག་།དེ་བས་ན་འདིར་ནི་གང་བློ་དམ་པའི་བདེ་བ་ཡིས། །སྟོནས་སུ་གྱུར་པས་རྣམ་རྟོག་མཛའ་དག་འཇོམས། །མཁས་པ་དེ་ནི་བྱ་བ་བྱས་པ་སྟེ།། ་གཞན་པ་དེ་རྣམས་རྐང་གཉིས་ཕྱུགས་ཡིན་ནོ། །གང་དུ་དངོས་དང་དངོས་མེད་འབའ་ཞིག་ཉིད་དང་རྣམ་བྲལ་རང་ཉིད་མཛེས་པ་སྟེ། སྟུག་པོར་གྱུར་པའི་དགའ་བའི་རང་བཞིན་རབ་ཏུ་རྟོགས་པ་ཆེན་པོ་ནམ་མཁའ་ཨི་གནས་ཁྱབ་ཅིང། རྒྱ་ཆེའི ་རྣམ་པ་སྣ་ཚོགས་ཅན་དང་དྲི་མེད་ཉིད་ཀྱིས་མེ་ལོང་དཀྱིལ་འཁོར་ཕྲོ་འདྲ་བ། །བདེ་བ་ཀུན་གྱི་གཞིར་གྱུར་ལྷན་ཅིག་སྐྱེས་པའི་དགའ་བ་དེ་ནི་བཞི་པ་ཡིན་པར་བརྗོད། དེའི་ཕྱིར་ཐེ་ཚོམ་མེད་པར་སྐུ་གསུམ་གྱི་རྗེས་སུ་འཇུག་པ་མཆོག་ཏུ་མི་འགྱུར ་པའི་བདེ་བ་ཆེན་པོ་ཁོ་ན་བཞི་པར་ཤེས་པར་བྱའོ། །ཞེས་བྱའོ། །དེ་ལྟར་དབང་བསྐུར་བ་ཐོབ་པའི་སློབ་མ་བྱ་བ་བྱས་པས་འདི་སྐད་བརྗོད་པར་བྱ་སྟེ། དེད་དག་སྐྱེ་བ་འབྲས་བུར་བཅས། །བདག་གི་གཡོན་པའང་འབྲས་བུར་བཅས། །དེ་རིང ་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་གྱུར་ཏོ་ཞེས་སོ། །དེ་ནས་བླ་མ་ལ་དེ་བཞིན་གཤེགས་པས་གསུངས་པའི་ཡོན་དབུལ་བར་བྱ་སྟེ། སྣ་ཚོགས་པའི་རྒྱན་དང་གོས་ལ་སོགས་པ་དང། ཁྱད་པར་དུ་རང་གིས་ལུས་སོ། །ཞེས་བྱ་བ ་ནི་མངོན་པར་དབང་བསྐུར་བའི་ཆོ་གའོ།། །།དེ་ནས་སློབ་དཔོན་གྱིས་རྒྱས་པ་དང་ཞི་བའི་ཕྱིར་ཆོ་ག་བཞིན་སྦྱིན་སྲེག་བྱའོ། །དེ་ལ་མེའི་ལྷ་ལ་བསྲེག་བླུགS?་རྫོགས་པ་ན་སློབ་མའི་ཐེ་བོང་ནས ་བཟུང་ནས་ཁ་དོག་ལྔའི་སྲད་བུའི་ཡང་དག་པར་བཅིངས་པས་སམ། སློབ་མས་ནུས་ན་སློབ་མ་རང་ཉིད་ཀྱིས་རྒྱས་པ་དང་ཞི་བའི་སྦྱིན་བསྲེག་གི་རྫས་སོ་སོའི་བསྲེག་བླུགས་མར་གྱིས་བཀང་བའི་མཐར་ཐུག་པ་བྱེད་དུ་བཅུག་ནས་རྣཾ ་པ་སྣ་ཚོགས་པའི་མཆོད་པའི་རྫས་རྣམས་ཀྱི་འཁོར་ལོ་རྒྱ་ཆེན་པོ་ཐོད་བའི་ཕྱིར། །གར་དང་གླུ་དང་རོལ་མོ་ལ་སོགས་པའི་འཁོར་དང་བཅས་པའི་དམ་ཚིག་ཀུན་ཏུ་སྤྱོད་པས་དཀྱིལ་འཁོར་གྱི་བདག་པོ་འཁོར་དང་བཅས་པ་གཏོར ་མའི་ཆོ་ག་རྣམས་ཀྱིས་མཉེས་ཤིང་ཡང་དག་པར་མཆོད་པ་དང་སྦྱིན་སྲེག་གི་བྱ་བ་རྫོགས་པར་བྱས་ཏེ། སློབ་མའི་འདོད་པས་ཡོན་སྦྱིན་པ་སྔོན་དུ་འགྲོ་བའི་མཆོད་པས་དགྱེས་པ་དང། དེ་ནས་ཕྱི་རོལ་དུ་འཐོན་ཏེ་ཕྱོགས་སྐྱོད་གི ་གཏོར་མ་བྱས་པའི་མཐར་ནང་དུ་ཞུགས་འཁོར་ལ་ཕྱག་བྱས་ཏེ་འཁོར་ལོའི་དབང་པོ་ལ་མཆོད་ཡོན་ལ་སོགས་པ་ཕུལ་ནས་དགེ་བ་བསྡོས་ཏེ་དཀྱིལ་འཁོར་ལ་གཡོན་དུ་བསྐོར་བ་ལན་གསུམ་བྱས་ནས་ཤར་སྒོར་འདུག ་པས་བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པར་ཧེ་རུ་ཀའི་ཡི་གེ་བརྒྱ་བ་ལན་གསུམ་བརྗོད་ཅིང། མ་རྙེད་ཅེས་བྱ་བ་ལ་སོགས་པས་བཟོད་པར་གསོལ་ལ། །ོཾ་ཁྱེད་ཀྱིས་ཤེས་བྱ་བ་ལ་སོགས་པ་དང། ཨོཾ་ཨཱ(རྒྱུད་འགྲེལ་མུ(རྒྱུད་འགྲེལ་མུ:ཞེས་བརྗོད་ཅིང་ཆོས་ཐམས་ཅད་སྐྱེ་བ་མེད་པར་མོས་པས་དྲིལ་བུ་དཀྲོལ་ཞིང་ལག་པར་གནས་པའི་རྡོ་རྗེས་ཤར་སྒོ་ནས་བརྩམས་ཏེ་ཚངས་པའི་ཐི་གི་ལཾ་ནས་གཙོ་བོའི་གནས་ཇི་སྲིད་པར་དབྱི་ཞིང་རང་གི་སྤྱི ་པོར་རྡུལ་ཚོན་ཅུང་ཟད་ཙམ་གཞག་ནས་པདྨ་ལ་སོགས་པ་དབྱི་པར་བྱའོ། །དེ་ནས་སྒོ་རྣམས་དང་མཚཾས་རྣཾས་ཀྱི་རི?་མོ་ཡང་ལག་པར་གནས་པའི་རྡོ་རྗེ་དབྱི་པར་བྱའོ། །དེ་ནས་རྡོ་རྗེ་བཅིངས་པའི་ཐེ་བོང་གཉིས་བཅུག་སྟེ་སྡིགས་འཛུབ་གཉིས་བསྐམ་པ ་བཞིན་དུ་འཁྱིལ་པ་བྱས་ནས་ཨོཾ་བཛྲ་ཀཱི་ལ་ཨུཏཀཱི་ལ་ཡ་སརྦ་ཀཱི་ལཱན་བཛྲ་དྷ་རཱ་ཛྙ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཧོ:ཞེས་ཧཱུཾ་གི་ཡི་གེ་བཞི་པའི་སྔགས་འདོན་བཞིན་པས་ཕུར་བུ་རྣམས་ཕྱུངས་ཏེ། །ོཾ་རུ་རུ་སཕུ་རུ་ཛཝ་ལ་ཏིཥྛ་སིདྷ་ལོ་ཙ་ནེ་སརྦབཱ་རྠཐཱ་སཱ་དྷ་ནི་སྭཱཧཱ། ཞེས ་བརྒྱ་རྩ་བརྒྱད་བཟླས་པའི་འོ་མས་བཀྲུ?་ཞིང་ཕུར་བུའི་ལྷ་རྣམས་ཀྱང་གཤེགས་སུ་གསོལ་ལ་ཁུང་བུ་ཡང་དགང་བར་བྱའོ། །ཞི་བ་ལ་སོགས་པའི་དོན་དུ་རྡུལ་ཚོན་ཅུང་ཟད་སྦྱིན་ཞིང་ལྷག་མ་རྣཾས་ནི་རྣམ་པར་རྒྱལ་བའི་བུཾ་པར་བླུག་ནས་གླང་པོ་ཆེ་ལ་སོགས་པའི ་གཞོན་པའི་སྟེང་དུ་བཀོད་དེ་གྲོས?་ལ་སོགས་པས་བརྒྱན་པ་རྣལ་འབྱོར་མས་གཟུང་ཞིང་ལྡེ་ལི་ལ་གནས་པའི་སློབ་དཔོན་ནམ་སློབ་མས་དྲིལ་བུའི་སྒྲ་དང་བཅས་པའི་བཀྲ་ཤིས་ཀྱི་གླུ་དང་སིལ་སྙན་དང་གདུགS?་རྒྱལ་མཚན་དང་བ་དན་དང་ལྟད་མོའི་རྣམ་པ་རྣམས ་ཀྱིས་ཆུ་ཀླུང་ལ་སོགས་པ་རྣམས་ཀྱི་འགྲམ་དུ་ཁྱེར་ནས་འདུག་ཏེ་གཙང་མའི་གནས་སུ་དྲི་དཀར་པོས་པདྨ་འདབ་མ་བརྒྱད་པ་བྱས་པའི་ལྟེ་བར་རྡུལ་ཚོན་གྱིས་བུམ་པ་གཞག་ལ་དེའི་སྟེང་དུ་རྡོ་རྗེ་སེམས་དཔའ་དམིགས་པ་ཆོ་ག་བཞིན་ཡང་དག་པར་འདར ་པའི?་བྱེད་ཕྱི་རོལ་གྱི་ཆར་བྱེ་མའི་རང་བཞིན་གྱི་ཀླུ་བརྒྱད་རྣམས་འདུ་བྱས་ནས་དེ་རྣམས་ཀྱི་དོན་གྱི་ཕྱིར་གཏེར་མ་བརྒྱད་བརྒྱད་དེ་ཁམ་ཕོར་གཙང་མ་འོ་མ་དང་འབྲས་དཀར་པོས་གང་བའི་གཏོར་མ་ཆུང་དུ་དག་མེ་ཏོག་དཀར་པོ་དང་ཡང་དག་པར་ལྡན་པ་དང་བ་ ་དན་དཀར་པོ་དང་ལྟ་བཤོས་ཆེན་པོ་ལ་སོགས་པ་རྣམས་འདབ་མ་རྣམས་ལ་གཞག་པར་བྱའོ། །དེ་ནས་སློབ་དཔོན་གྱིས་རྡོ་རྗེ་སེམས་དཔའ་ལྷག་པའི་གཙོ་བོ་ནི་དབུས་སུའོ། །ཤར་གྱི་འདམ་མ་ལ་མཛའ་ཡས་ལྷོར་པདྨ། ནུབ་ཏུ ་འཇོག་པོ། བྱང་དུ་བཱ་སུ་ཀི། དབང་ལྡན་དུ་པདྨ་ཆེན་པོ། །མེར་དུད་སྐྱོང། བདེན་བྲལ་ཀརྐྐོ་ཊ་ཀོཾ་རླུང་དུ་རིགས་ལྡན། ཕྱི་རོལ་ཏུ་ཀླུ་ཐམས་ཅད་ཀྱི་གང་བར་བསམ་མོ། །དེ་ནས་མེ་ཏོག་དཀར་པོས་མཆོད་ཅིང། ཨོཾ་ཨཱ(རྒྱུད་འགྲེལ་ཨོཾ་ཨཱ(རྒྱུད་འགྲེལ་མེ་ཏོག་ལ་སོགས་རྣམས་ཀྱིས་མངོན་པར་མཆོད་ནས་ལག་པ་གཡོན་པས་གདེངས་ཀའི་ཚུལ་གྱིS་མེ་ཏོག་གཟུང་ཞིང་ལག་ལ་གཡས་པ་བརྐྱང་བས། ཨོཾ་ཨ་ནནྟ་བ་སུ་ཀི་ཏཀྵ་ཀརྐྐོ་ཊ་ཀ་པདྨ་མཧཱ་པདྨ་ཤཾ་ཁ་པ་ལ་ཀུ་ལ་ཀ་པཱ་ལ་དེ་བ་ཏི་མ་ཧཱ་དེ་བཏབ ་སོ་མཱ་ཤི་ཁི་མ་ཧཱ་ཤི་ཁི་དཎྜ་དྷ་ར་མ་ཧཱ་དཎྜ་དྷཱ་ར་ཨ་པ་ལཱ་ལ་ཧུ་ལུཎྜ་ནནདོ་པ་ནན་ད་པཱ་ག་ར་མཧཱ་སཱ་ག་ར་ཏཔཏ་མཧཱ་ཏཔཏ་ཤྲཱི་ཀཱནྟི་མཧཱ་ཀཱནྟི་རཏན་ཀཱནྟི་པུ་རུངས་བྷ་དྲཱི་ཧ་ཀ་མ་ཧོ་ད་ར་ཤི་ལི་ཤི་ལི་མཧཱ་ཤི་ལི། ཨོཾ་བཉྫ་བཉྩ་ཨཱ་གཙྪ་གཙྪ་མཧཱ་ནཱ་གཱ ་བྷི་བ?་ཏི་སརྦ་བྷཱ་རྦྷུ་བ་སྭཱཧཱ། ཞེས་བརྗོད་ཅིང་ཀླུ་རྣམས་ལ་འོ་མའི་གཏེར་མ་བྱིན་ནས་མཆོད་དེ་སྒེག་པའི་དྲིལ་བུའི་མཆོད་པས་ཡི་གེ་བརྒྱ་བ་བརྗོད་ལ་བཟོད་པར་གསོལ་ནས་གཤེགས་པར་བྱ་དེའི་ཚེ་སློབ་མས་རྡུལ་ཚོན་གྱིས་བུམ་པ་བླངས་ཏེ་བྱེ ་མེ་ལ་ཡུང་བ་གྲུས་པར་ཆུ་ཀླུང་གི་རྒྱུན་ཕབ་པའི་བརླབས་ཀྱིས་རབ་ཏུ་གཡོ་བཞིན་པར་ཀླུ་རྣམས་ལ་གཏད་དེ། །ོཾ་མི་ལི་མི་ལི་ཧཱུཾ་ཛ(རྒྱུད་འགྲེལ་བསམ་པར་བྱའོ། །དེ་ནས་སློབ་དཔོན་གྱིས་ཆུ་ཀླུང་དུ་ཀླུའི་བ་དན་དཀར་པོ་གཙུགས་ནས་དུར་བ་དང་ལྡན་པའི་ཀུན་ད་ཀུ་པུ་མའོ་མའི་རྒྱུན་དབབ་པར་བྱས་པ་ལ་བསྐུར་བར་བྱའོ། །ཀུན་ད་དེ་ཉིད་སློབ་མ་རང་གི་ལག་པས་གཟུང་སྟེ་དེ་ཉིད་ཀྱིས་བཀྲུས་པའི་བུམ་པ ་བླངས་ལ་བུམ་པ་དེ་ཆུས་གང་པར་བྱས་ནས་བཀྲ་ཤིས་ཀྱི་གླུ་ལེན་ཞིང་བླ་མ་སྔོན་དུ་གཤེགས་པའི་ཕྱི་བཞིན་དུ་དཀྱིལ་འཁོར་གྱི་ཁང་པར་ཞུགས་ཏེ་དཀྱིལ་འཁོར་གྱི་ས་ལ་འོ་མས་བྱས་པའི་མཎྜལ་ལ་བུམ་པ་བཞག་པར་བྱའོ། །བླ་མས་ནི་ཞི་བའི ་དོན་དུ་དེས་དཀྱིལ་འཁོར་གྱིས་ལ་གཏོར་མ་རང་ཉིད་ཀྱང་གཟུང་ཞིང་གཞན་ལ་ཡང་བྱིན་ནས་ཁྱིམ་ལ་སོགས་པ་ལ་གཏོར་བར་བྱའོ། །དེས་དཀྱིལ་འཁོར་གྱི་ཁང་བར་བ་བྱུང་གིས་བྱུགས་གཞོན་ནུ་མ་རྣམས་འོ་ཐུག་ལ་སོགས་པ་རྣམས ་ཀྱིས་ཆིམ་ཞིང་མཆོད་པར་བྱའོ། །ཞེས་བྱ་བ་ནི་དཀྱིལ་འཁོར་ཉེ་བར་བསྡུ་བའོ། །དེ་ནས་ཚོགས་ཀྱི་འཁོར་ལོ་བྱས་ནས་གཏོར་མ་དབུལ་བ་བྱས་ཏེ། སྐྱེ་བོ་དམ་བའི་འདུས་པ་དང་དགེ་འདུན་ལ་སྟོན་མོ་བྱའོ། །དེ་ནས་ཕོངས་ཤིང ་མགོན་མེད་པ་རྣམས་ཀྱང་ཆིམ་པར་བྱའོ། །འགྲོ་བ་ཕན་པའི་བྱ་བ་ལ་འགོད་ཆོས་ལ་ཐུགས་གཅིག་པ། ཆེས་མཁས་བློ་ཡི་དབང་ཕྱུག་ཆོས་ཀྱི་བློ་གྲོས་མི་ཡི་དབང། །དེ་ཡིས་བདག་ལ་གསོལ་བ་བཏབ་ལས་དཀྱིལ་འཁོར་ཆོ་ག་རྣམས། ཆེར ་གསལ་འདི་བྱས་པ་དེ་སྐྱེ་བོ་གཞན་ལ་ཕན་ཕྱིར་རོ། །ཞེS་པ་བཅུ་གསུམ་གྱི་བདག་ཉིད་ཅན་གྱི་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་འདི་ནི་དཔལ་བ་ན་རཏནའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།འདི་ནི་ཕྱོགས་ཐམས ་ཅད་ལ་རྣམ་པར་རྒྱལ་བའི་བློ་གྲོས་ཅན་བསོད་ནམས་རྒྱ་མཚོའི་སྡེས་ཀུ་སུམྦྷའི་ཀ་པ་རའི་མེ་ཏོག་དང་བཅས་ཏེ་བསྐུལ་བ་ལས། རྗེ་གྲུབ་པའི་དབང་ཕྱུག་དེ་ཉིད་ཀྱི་འབངས་སུ་གྱུར་པ་གཞོན་ནུ་དཔལ་ཞེས་བྱ་བས་ལྗང་ཕུ་བཀྲ་ཤིས་དགོན་པའི ་དབེན་གནས་སུ་སྒྱུར་བའོ།། །།སླར་ཡང་ལོཙྪ་བ་ཆེན་པོ་དེ་ཉིད་ཀྱིS?་པཎྜི་ཏ་ཉིད་ཀྱི་ཞལ་སྔར་གཏུགས་ལ་དག་པར་བྱོས་ཤིག་ཅེS?་བསྐུལ་བ་ལས། རྗེ་བཙུན་དམ་པ་ཡབ་སྲས་ཀྱི་བཀའ་དྲིན་གྱིས་འཚོ་བའི་རྒྱལ ་ཁམས་པ་བསོད་ནམས་རྒྱ་མཚོའི་སྡེ་ཞེས་བྱ་བས། བལ་ཡུལ་ཡེ་རང་གི་གྲོང་ཁྱེར་གྱི་འདབ་དཔལ་གོ་བི་ཙཎཱའི་གཙུག་ལག་ཁང་ཆེན་པོར། རྗེ་གྲུབ་པའི་དབང་ཕྱུག་ཉིད་ཀྱིས་སྤྱན་སྔར་ཞིབ་ཏུ་མཉན་ཞིང་གཏན་ལ་ཕབ་སྟེ། ཤིན་ཏུ་དག་པར ་བགྱིས་ལ་ཤུབྷམཏུ་སརྦ་ཛ་ག་ཏཾ།། །།རྣམ་བར་གྲོལ་བའི་སྙེ་མ་ཞེས་བྱ་བ་གླུ་དང། དེ་ཉིད་བདུན་གྱི་འགྲེལ་པ་བཞུགས་སོ།། །།ན་མོ་བཛྲ་ཌཱ་ཀཱ་ཡ། །རྒྱ་གར་སྐད་དུ། བི་མུཀྟ་མནྫ་རི་ནཱ་མགི?་ཏ། ་