| Wylie | e-texts based on the ACIP/ALL Input |
མས?་མཛད་པ་རྫོགས་སོ།། །།ལམ་ཁྱེར་རྣམ་གསུམ་གྱི་གཞུང་ཁྲིད་ཡིག་དང་བཅས་པ་གནད་ཀྱི་སྙིང་པོ་སོགས་བཞུགས་སོ།། །།རྒྱ་གར་སྐད་དུ། དྷ་ན་དྷརྨ་ཏྲཻ་ཡ་ནཱ་མ། བོད་སྐད་དུ། ལམ་ཁྱེར་གྱི ་ཆོས་གསུམ་ཞེས་བྱ་བ། དཔལ་སྐུ་གསུམ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །གང་གིས་བླ་མ་མཆོག་བསྟེན་དབང་ཐོབ་པས། །དབེན་པར་གནས་ཤིང་འཇིག་རྟེན་བློས་བཏང་ནས། །ལམ་མཆོག་འདི་ལ་རྩེ་ཅིག་?་སྒྱུར ་ན། །ལོ་ཟླས་ལྷུན་གྲུབ་རྣམ་གསུམ་ཐོབ་པར་འགྱུར། །འདི་ལྟར་སྣང་བ་སྣ་ཚོགས་ལ། །བརྟེན་ནས་བླ་མ་ཡི་དམ་དང། །སྒྱུ་མ་བདེ་སྟོང་གསལ་བར་ནི། །ལམ་ཁྱེར་སྐུ་གསུམ་རང་ཤར་འབྱུང། །བློ་ལྡན་མི་རྟག་སྐྱོ་ཤེས་དང། ་བྱང་ཆུབ་སེམས་མཆོག་སྔོན་འགྲོ་བས། །རང་ལུས་ཡི་དམ་སྤྱི་གཙུག་ཏུ། །བླ་མའི་རྣལ་འབྱོར་རྫོགས་བྱས་ནས། །མཁའ་མཉམ་འགྲོ་ཀུན་ཐབས་གཅིག་ཏུ། །སྙིང་རྗེས་ཀུན་སླད་གསོལ་བ་གདབ། །དེ་ཡི་མོས་གུས་སྐྱེས་བ་དང། །སཱ་ར་བ ་སྣ་ཚོགས་ཐམས་ཅད་ཀུན། །རིམས་ཀྱིས་བླ་མར་ལྟ་བར་བྱ། །སྤྱོད་ལམ་རྣམ་བཞི་ཐམས་ཅད་དུ། །རང་ལུས་སྣང་སྟོང་ལྷ་སྐུ་སེམས། །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །འབྲལ་མེད་བླ་མ་ལམ་ཁྱེར་བས། །ཆར?་སྣང་བླ་མར་འཆང ་བར་འགྱུར། །བླ་མའི་ལམ་ཁྱེར་མཆོག་ཡིན་ནོ། །དེ་ལྟར་བརྟན་པར་གྱུར་པ་དང། །བླ་མ་དམ་པ་འདི་ཉིད་ཀྱིས། །བཟོད་དཀའ་ཨི་རྒྱ་མཚོ་ཆེ་ལས་བསྒལ། །གྲངས་མེད་མི་ཐོགས་ཚེ་འདིར་ཐོབ། །དྲིན་བསམ་འབྲལ་མེད་གསོལ་བ་གདབ། །ཕྱག ་སོགས་བདུན་པོ་རྣམ་དག་བྱ། །སྒྲ་རྣམས་གྲག་བཞི་པ་སྟོང་བླ་མའི་གསུང། །དྲན་རྟོག་ཐུགས་སུ་ལ་མཁྱེར་བྱ། །བླ་མའི་སྐུ་གསུམ་ལམ་ཁྱེར་རོ། །དེ་ལྟར་ཁྱད་འཕགས་ལམ་ཁྱེར་དེས། །ཉིན་མཚན་མཉམ་རྗེས་ཐམས་ཅད་དུ། །ཅིར་སྣང ་ཐམས་ཅད་བླ་མར་ཤེས་པ་ལྔ་པ། བླ་མ་དེ་ཉིད་རང་གི་སེམས། །སེམས་དྲུག་པ། །དང་བླ་མ་དབྱེར་མེད་དེའི། །གསལ་?་སྐུ་བདུན་པ་ཆོས་སྐུ་སྟོང་བདེ་ཆེན་རང་དབྱེར་མེད་དེ་ཤར་འབྱུང། །དེ་ནས་ཡི་དམ་ལ་ཁྱེར་བརྒྱད་པ། །? ་བཤད། །ཐ་མལ་ཤེས་པ་བཟློག་པའི་ཕྱིར། །རང་ལུས་སྣང་སྟོང་སྒྱུ་མའི་སྐུ། །གསལ་ལ་རྟོག་པ་མེད་པར་བསྒོམ། །དེ་ནས་ཆགས་སྡང་རྨོངས་གསུམ་ཡུལ། །ཕྱི་རོལ་གཟུགས་སྣང་སྣ་ཚོགས་ཀུན། །རིམ་གྱིས ་ལྷ་ཡི་སྐུར་ཤེས་བྱ། །དེ་ལ་དད་ཅིང་གུས་ལྡན་པས། །ཕྱག་ལ་སོགས་པ་གོང་བཞིན་ནོ། །ཅིར་སྣང་ལྷ་སྐུ་སྒྱུ་མར་ཤེས། །ལྷ་སྐུ་དེ་ཉིད་དགུ་བ?་སྡུག་པ་ལ?་མི་སྡུག་པ་ལ་ཤེས་བྱ་ཤེས་དཀའ་བ་རང་གི་སེམས། །སེམས་དང་ལྷ་སྐུ་དབྱེར་མེད་པའི ་གསལ་སྟོང་བདེ་ཆེན་ལྷ་སྐུ་དེ། །སྐུ་གསུམ་ལམ་ཁྱེར་བདུན་རྣམ་དག་ཉིད་དུ་བཤད། །བསམ་བཅུ་པ་པ་ཐམས་ཅད་ཡོངས་སྤངས་ནས། །འབྲལ་མེད་ལྷ་སྐུ་ཟླ་དྲུག་གིས། །སྐྱེ་བ་འདིའི་བར་མ་དོར། །རྒྱལ་བ་ལོངས་སྐུ་ཐོབ་པར་འགྱུར། ། ་སྒྲུབ་སྐུ་ཆོས་སྐུ་དབྱེར་མེད་སྣང་བའི་ཆ་ལ་བསྐྱེད་རིམས་དང་།སྟོང་པའི་ཆ་ལ་དེའི་ཡོན་ཏན་རྫོགས་རིམས་ཏེ། །བསྐྱེད་རྫོགས་མ་ཡིན་ཆོས་འགའ་མེད། །ཟུང་འཇུག་ཚུལ་འདི་བསྟན་བའོ། །རང་དང་སྣང་བ་ལྟར་བལྟས་ནས། །དགྲ ་རྣམས་གྲག་ཚད་སྔགས་སུ་ལྟ། །བཅུ་གཅིག་པ་སྟེ་སྔགས་རྣམས་གྲག་སྟོང་རང་བཞིན་མེད། །སྒྲགས་གསལ་ཡེ་ཤེས་སྟོང་པའི་དབྱིངས། །དབྱེར་མེད་ཤེས་པས་གྲོལ་གྱུར་ཏེ། །གང་འདུལ་སྤྲུལ་སྐུ་བཅུ་གཉིས་པ་ཐོབ་པར་འགྱུར། ། ་དྲན་རྟོག་ལམ་ཁྱེར་བཤད་ཀྱིས་ཉོན། །དུག་གསུམ་མ་འགགས་རང་ཤར་ལ། མ་སྤངས་འཛིན་མེད་སྐུ་གསུམ་དུ། །ཤེས་པས་གྲོལ་འགྱུར་ཐེ་ཚོམ་མེད། །ཡང་ན་དུག་གསུམ་ལྟ་སྟོངས་གྱིས། །རང་བཞིན་མེད་འགྱུར་ཆོས་སྐུ ་བཅུ་གསུམ་པ་འཐོབ། །དེ་ནས་སྒྱུ་མ་ལམ་འཁྱེར་ནི། །འདི་ལྟར་རྨི་ལཾ་སྣ་ཚོགས་དཔེས། །སྣང་བ་སེམས་སུ་གཏན་ལ་དབབ་འདོད་ཆགས་ངོ་བོ་བདེ་བ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཞེ་སྔ་ངོ་བོ་གསལ་བ་སྤྲུལ་སྐུ་གཏི་མུག་ངོ་བོ་རྟོག་པ་ཆོས་སྐུ་།སེམས་ནི་སྒྱུ་མ་རྨི ་ལམ་སྟེ། །བཟུང་སྦྱངས་སྤེལ་སྤྲུལ་བསྒྱུར་བ་རྣམས། །ཉིན་བར་སྦྱོང་ལམ་ཐམས་ཅད་དུ། །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །གཉིད་སོང་འདུན་པས་ཉམས་བླངས་པས། །རྨི་ལམ་དུས་སུ་རང་ཤར་འབྱུང། །བཟུང་འཛིན་བྲལ་བའི་འོད་གསལ་ནི། ་མོས་གུས་ལྟ་སྟངས་སྟོབས་ལས་འཆོར། །བདེ་གསལ་མི་རྟོག་བརྗོད་བྲལ་བའི། །སྐུ་གསུམ་དབྱེར་མེད་བདེ་ཆེན་ནི། །ཉིན་མཚན་ཀུན་ཏུ་རང་ཤར་འབྱུང། །བདེ་གསལ་ཕྱག་རྒྱ་ཆེན་པོའོ། །མདོར་ན་དམ་པའི་མོས་གུས་དང། །རང་ལུས་སྣང་སྟོང་? ་སྐུར་ལྟ། །དག་ནི་ཟླས་བརྗོད་གྲག་སྟོང་སྟེ། །ལོངས་སྐུ་སྤྲུལ་སྐུ་ཆོས་སྐུ་སེམས་ནི་དྲན་རྟོག་ངོ་བོ་ཉིད་ཀྱི་སྐུ་དེར་འཛིན་བྲལ། །དེ་ལྟར་རྩེ་གཅིག་ཉམས་བླངས་པས། །ལོ་ཟླས་འ?་བདགུ་བསྡུད་བྲས་བུ་མངོན་དུ་འགྱུར། །གསང་སྔགས་མངོན་དུ ་ལམ་པ་སྟེ། །ཀུན་ལས་མཆོག་ཏུ་གྱུར་པའོ། །ཁྱད་འཕགས་ལམ་ཁྱེར་གྱི་ཆོས་གསུམ་ཞེས་བྱ་བ། ཡེ་ཤེས་ཀྱི་ཌཱ་ཀི་མས་མཛད་པ་རྫོགས་སོ།། །།ལོཙྪ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ། །ཌཱ་ཀི་དེ་ཉིད་ལ་གསེར ་སྲང་ལྔ་བརྒྱ་ཕུལ་ནས་ཞུས་ཏེ། བདག་ཁྱུང་པོ་རྣལ་འབྱོར་པས་ཉམས་སུ་མྱོང་པར་བྱས་པའོ། །།སྒྱུ་མ་ལམ་རིམ་བཞུགས་སོ།། །།རྒྱ་གར་སྐད་དུ། མ་ཡ་དྷ་ན་ཀྲ་མ་ནཱ་མ། བོད་སྐད་དུ། སྒྱུ་མ་ལམ ་