| Wylie | e-texts based on the ACIP/ALL Input |
ཞུས་པའོ། །ལོཙྪ་བ་གླན་དར་མ་བློ་གྲོས་ཀྱི་བསྒྱུར་བའོ།། །། ཨཐིི་།། འཆི་མེད་རྡོ་རྗེའི་ཚིག་རྐང་ལ་སོགས་?་འཆི་མེད་ཀྱི་བསྐོར་རྣམས་བཞུགས་སོ། །རྒྱ་གར་སྐད་དུ། ཤྲི་ཨ་མ་ར་ཛྙཱ་ན་མ་ཧཱ་ན་མ། ་བོད་སྐད་དུ། དཔལ་འཆི་མེད་ཡེ་ཤེས་ཆེན་པོ་ཞེས་བྱ་བ། དཔལ་འཆི་མེད་ཡེ་ཤེས་ཆེན་པོ་ལ་ཕྱག་འཚལ་ལོ། །རྒྱལ་བ་ལོངས་སྐུ་རྡོ་རྗེ་འཆང་ཆེན་གྱིས། །འཆི་མེད་ཡེ་ཤེས་རང་སྒྲ་འདི་སྐད་ཐོས། །གང་ཞིག་དང་ལྡན ་དབང་?་དམ་ཚིག་ཅན། །བླ་མ་མཆོག་བསྟེན་འདི་དོན་རྟོགས་པར་གྱིས། །གང་གིས་ཚེ་འདི་བློས་བཏང་ནས། ཆོས་སྐུའི་ངོ་བོ་རྣམས་།ཚ་གཅིག་ཞག་བདུན་ལོ་ཟླ་ཡིས་སྤྲུལ་སྐུའི་འཕྲིན་ལས། །ཇི་ལྟར་ཉོན་སྐྱེས་བུ་བླ་མ་ལ་གུས་པ ་བརྟན?་དང་འདི་རྩ་བ་དང་ཡན་ལག་གི་ཏུ་གྱུར་པ་?་ཆི་མེད་མོངས་དང་ཀུས་ཅན་ཕྱིས་ཀྱིས་ལུས་དག་ནས། །ཡེ་ཤེས་ཏུ་བསྒོམས་ན་རབ་བམ་འབྲིད་བ་ལུས་ནི་རང་དགར་འབྱུང། །ཚད་མེད་སེམས་བསྐྱེད་སྔོན ་འགྲོ་བས། །ཆོ་ག་གསུམ་འམ་སྐད་ཅིག་གིས། །རང་ལུས་ཡི་དམ་རྩ?་པའི་ཡབ་ཡུམ་གྱིས། བདེ་མཆོག་འདི་སྤྱི་གཙུགས་འཆི་མེད་ཧཱུཾ་གི་བོན་འོད་ཟེར་གྱིས། །ལུས་ཀྱི་ཕྱི་ནང་བར་འགྱུར་རོ་ས་གཞི་དང ་ཐམས་ཅད་ཀུན། །དག་ཅིང་སྟོང་གསལ་གཉིད་སྦྱངས་པས། །སྣང་སྟོང་འཇའ་ཚོན་འོད་ཀྱི་སྐུ། །རང་བཞིན་མེད་བཞིན་སྐུ་མདོག་དང། །ཞལ་ཕྱག་བརྒྱན་དང་མི་དཔུང་བཅས། །གསལ་ལ་རྟོག་པ་མེད་པ ་ཡི། །ཟག་མེད་བ་དེ་སྟོང་ཆེན་པོར་ལྟོས། །རང་ལུས་སྣང་སྟོང་ལྷ་དུ་སྐུའི་སེམས། །སེམས་ནི་ལྟ་བུ་སྣང་སྣང་ལ་སྟོང་ལྷ་ཡི་སྐུ། །སེམས་དང་ལྷ་སྐུ་དབྱེར་མེད་དེ། །རྨི་ལམ་ཡུལ་དང་ཆུ་ཟླ་ལྟར། ། ་རང་བཞིན་ཟུང་འཇུག་ཆེན་ལྟ་བར་བྱའོ་པོ་ཡི། །ངོ་བོ་བརྗོད་བྲལ་བློ་འདས་ཏེ། །དེ་རང་གི་ཡིན་པ་ལ་དེ་ནི་དུས་གསུམ་སངས་རྒྱས་ཀྱིས། །མ་གཟིགས་མི་གཟིགས་སེམས་སྤངས་པའི་ཕ་རོལ་ན་ལྷ་སྐུ་མེད་ལྷ་སྐུ་སྤངས་པའི་ཕ་རོལ་ན་སེམས་གྲུབ་པ་མེད་པས ་གྱིས་དབྱེར་མེད་པའི་གཟིགས་མི་འགྱུར། །དེ་ལ་ན་རྒྱུ་འཆི་པ་དང། བས་ལས་རྒྱུ་དང། །འཁོར་འི་ངོ་བོ་བརྗོད་བྲལ་པ་མྱ་ངན་འདས་འདས་པས་མ་འོངས་པས་མ་གྲུབ་ཅིང། །འཕོ་བྱ་འཕོ་བྱེད་བྲལ་བས་ན། །དེ་ཕྱིར་འཆི ་མེད་རང་གྲོལ་ལོ། །དེ་ད་ལྟར་གྱིས་ལྟར་མ་མེད་རྟོགས་རྣལ་འབྱོར་མེད་པས། །བསྐལ་པར་ར?་འཁྱམ་རྒྱུ་མེད་སངས་རྒྱས་རྒྱུ་སྒྲུབས་ཀྱང་དོན་མེད་འགྱུར། །ལོག་པའི་དང། ཐམས་ཅད་དང་ཡེ་ཤེས ་ལམ་ཞུགས་?་ཁོ་ནར་ཟད། །གང་གིས་སེམས་འཆི་མེད་དུ་བའི་འཚམས་མེད་ལྔ་རྫོགས་པ་གྲངས་མེད་ཀྱང། །འཆི་ཁའི་ཚེ་འདིའི་དུས་ངལ་བ་དུ་ཞིང་གཞན་དུ། །འཆི་མེད་རྡོ་རྗེའི་ཚིག་རྐང ་འབའ་ཞིག་པ་བཞིར་པོ་འདི་སྐྱེས་བུ་སྐད་ཅིག་ཡུད་གམ་ཙམ་པ་ཡོངས་སུ་པས་གཅིག་ལའང། །ནམ་མ་དྲན་ཡིད་ལ་བསམ་པ་འམ་རྣམ་པར་ཐོས་ལུས་གང་ག?་ཡེ་ཤེས་རྒྱ་མཚོའི་རྒྱུད་ལས ་རེག་པར་གྱུར་པས་ཀྱང། །གནང་གཅོད་སྡུག་བསྔལ་རང་དག་ནས། །བར་དོར་ལོངས་སྐུར་མངོན་སང་རྒྱ། །སྒྲིབ་པ་ཆུང་ལ་སྨོས་ཅི་དགོས། །འདི་ནི་འཆུག་མེད་གནང་ཡིན་ནོ། །གལ་ཏེ་ལུས་སེམས་རྐྱེན་དབང་གིས། །འཆི་ཁར་གསལ་བར་མ ་གྱུར་དང། །དཔེར་ན་སྒྱོགས་ཀྱི་ཀྱི་ཐམས་ཅད། ལ་སོང་དང་པོ་རྒྱལ་བ་པར་རྫོགས་པར་འཁྲུལ་འབོར?་ཞིན། །སྔགས་ཀྱི་གནད་ཀྱིས་བར་མ་དོར། །རྒྱལ་བ་ལོངས་སྐུར་རང་ཤར་འབྱུང། །མཚམས་སྦྱོར་ངན་པས ་རྒྱུད་དཀྲུགས་ཀྱང། །གསལ་དངས་རྫིང་བུར་རྡོ་རྒྱབ་བཞིན། །སྔར་གྱི་གནང་ཀྱིས་བར་མདོར། །ལོངས་སྐུ་བདེ་ཆེན་རང་ཤར་འབྱུང། །བརྟན་པར་མ་གྱུར་ལོང་མེད་ཀྱང། །བཅོ་ལྔའི་ཉི་རྒས་ཟླ་ཤར་བཞིན། །འདི་འམ་འཆི་ཁར་དྲན་ཐོས ་གྱིས། །བར་དོར་ལོངས་སྐུ་ཐེ་ཚོམ་མེད། །རང་སེམས་སྐྱེ་མེད་ཆོས་སྐུ་ལ། །འགག་མེད་གཟུགས་སྐུ་རང་ཤར་གྱིས། །འཁོར་བའི་རྒྱ་མཚོ་མ་སྟོངས་པར། །གང་འདུལ་གཞན་དོན་ལྷུན་གྱི་གྲུབ། །ངོ་བོ་རྣམ་པ་འཕྲིན་ལས་རྣམས། །ཟུང་འཇུག ་ཆེན་པོར་རྟོགས་པར་གྱིས། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །འཆི་རྒྱུ་མེད་པས་དབང་པོ་རབ། །དེ་དོན་སྐད་ཅིག་རྟོགས་གྱུར་པས། །དག་པ་བདེ་ཆེན་མཁའ་སྤྱོད་འགྲོ། །དུས་གསུམ་རྒྱལ་པས་འདི་རྟོགས་པས། །བདུད་བརྟུལ་སངས་རྒྱས ་འཁོར་ལོ་བསྐོར། །དེ་ཕྱིར་རྒྱལ་བའི་ཐུགས་བཅུད་འདི། །མདོ་རྒྱུད་དུ་མར་བསྟན་གྱུར་ཀྱང། །དམ་བའི་དྲིན་མ་རྟོགས་པ། །ཐབས་གཞན་གང་གིས་རྙེད་མི་འགྱུར། །དེ་ཕྱིར་བླ་མ་མཆོག་སྟེན་ནས། །གུས་ཤིང་མཉེས་པ་གནང་ཡིན་ནོ།། ་སྙིགས་མའི་ཡིག་ལྟས་རྒྱུད་དཀྲུགས་ཚེ?། །ཡིད་ཆེས་ལུང་གིས་བརྒྱན་པར་བྱ། །འཆི་མེད་ཡེ་ཤེས་ཆེན་པོ་འདི། །ཚིག་རྒྱུད་རྡོ་རྗེའི་རྒྱ་ཡིས་བཏབ། །མི་རབས་བདུན་ནམ་གསུམ་ལའོ། །རང་སེམས་འཆི་མེད་རང་གྲོལ་རྫོགས་སོ།། །། ་ཡེ་ཤེས་ཌཱ་ཀི་མས་སེང་ལྡེང་གི་ནགས་གསེབ་དུ་གསུངས་ནས། །ལོཙྪ་བ་རིན་ཆེན་བཟང་པོས་ཀྱང་གཏན་ལ་ཕབ་པའོ། །ཌཱ་ཀི་མ་དེ་ཉིད་ལ་བདག་ཁྱུང་པོ་རྣལ་འབྱོར་པས་གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་ཏེ ་ཉམས་སུ་མྱོང་བར་བྱས་པའོ།། །།ཕྱག་རྒྱ་ཆེན་པོ་གའུ་མའི་རྡོ་རྗེའི་ཚིག་རྐང་དང། ཚིག་གསལ་བཞུགས་སོ།། །།རྒྱ་གར་སྐད་དུ། །མ་ཧཱ་མུ་ཏྲ། བོད་སྐད་དུ། ཕྱག་རྒྱ་ཆེན་པོ། ་