| Wylie | e-texts based on the ACIP/ALL Input |
པར་ཤོག་།ཆོས་སྤྱོད་མི་དགེ་རང་གྲོལ་ཞེས་བྱ་བ། གྲུབ་ཆེན་ར་ཧཱུ་ལས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་གྲུབ་ཐོབ་ར་ཧཱུ་ལ་བཛྲའི་ཞལ་མངའ་ནས་། ལོཙྪ་བ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་བའོ། ། ་བདེ་མཆོག་གསང་སྒྲུབ་བཞུགས་སོ།། །།རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སཾ་བྷ་ར་སཱ་དྷ་ནཾ་ནཱ་མ། །བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པ་མྱུར་དུ་སྒྲུབ་པ་ཞེས་བྱ་བའི་ཐབས། །དཔལ་བདེ་ཆེན་ཡེ་ཤེས་ལ་ཕྱག ་འཚལ་ལོ། །སེམས་བསྐྱེད་ཚད་མེད་སྔོན་འགྲོ་བS། །ཆེS་རྣཾས་སྟོང་པ་ཉིད་དུ་སྒོཾ?། །སྟོང་པཱི་དང་ལS་རང་ཉིད་ཀྱི། སྤྱི་གཙུག་ཡི་གེ་འབྲུཾ་དཀར་ལས། །འཁོར་ལོ་དཀར་པོ་རྩིབས་བཞིར་གྱུར། །དེའི་ལྟེ་བ་ཉིད་ཟླའི་སྟེང། །ཧཱུཾ་དཀར་བཾ་ལས་འོད་འཕྲོས་པས། ་སྲིད་གསུམ་བདེ་མཆོག་གོ་འཕངས་བཀོད། །ཚུར?་འདུས་ཡབ་དཀར་ཡུམ་དམར་ལ། །བདེ་ཆེན་ལྷ་མོ་སྐུ་མདོག་དཀར། །གྲི་གུག་ཐོད་ཁྲག་སྣམས་པ་བཞི། །པད་མ་དང་རྩིབས་ཀྱི་སྟེང་དུ་དམར་བསམ་པར་བྱ། ། ་འཁོར་ལོའི་གྱི་སེམས་ཅན་དཀར་པོའི་ལ་འོད་ཟེར་རྩིབས་ཀྱི་རཾ་བཞི་ལ། །ཡེ་དུ་གྱུར་ལ་ཤེས་མེ་དཔུང་འབར་བ་ཡིས། །གཡས་གཡོན་གསང་ལ་ཁ་ཊཾ་ཀ་དང་བཅས་པ་བ་ཁོ་ན་ཉིད་མཆོད་པས། །ཡབ་ཡུམ་སྙོམས་འཇུག ་སྦྱོར་འཚམས་ནས། །བྱང་སེམས་དཀར་ལ་དམར་མདངས་རྩེ་མོ་ལ་ཆགས། །ཆུ་རྒྱུན་རང་གི་སྤྱི་གཙུག་ཟུག་།འཁོར་བཞི་གྱི་ལྷ་མོ་ཁ་ཡང་གྱི་ཚུལ་དུ་ཏྭོཾ?་སྙོམས་སྙོམས་འཇུག་གི་དང་ཕྱག་ཆེན་གྱི་འཇུག་པས་བྱས་གསང ་གནས་བྱང་སེམས་རྒྱུན་རྣམས་བབས། །སྤྱི་གཙུག་གཅིག་ཏུ་གྱུར་ནས་ནི། །གནས་བཞིར་བབས་པས་སྡིག་སྒྲིབ་དག་།འཁོར་ལོ་མྱུར་འཁོར་ནད་གདོན་རྣམས། །བཅད་དང་གཏུབས་པས་མེ་དཔུང་བསྲེགས། །རླུང་གིས་རང་བཞིན་མེད ་པར་ནས་གཏོར། །ཆུ་རྒྱུན་འཁོར་རང་གི་ལོ་མེ་དཔུང་རླུང། །དེ་ལ་སྤྱི་བོ་མགྲིན་པ་སྙིང་ཁ་ལྟེ་བ་མ་ཡེངས་གསང་སྔགས་བཟླས། །དམིགས་པ་སྟོད་ན་རྨི་ལམ་འབྱོངས། །ལོངས་སྤྱོད་རྫོགས་སྐུ་རང་ཤར་འབྱུང། །དེ་ནི་སྐུ་ཡི ་འཁོར་ལོའོ། །དེ་ནས་མགྲིན་པར་གྲུཾ་དམར་ལས། །འཁོར་ལོ་དམར་དང་པད་ཉི་ཡི། །སྟེང་དུ་ཧཱུཾ་དང་པཾ་དམར་ལས། །འོད་འཕྲོས་གོང་བཞིན་སྤྲོ་བསྡུ་བྱ། །དབུས་སུ་བདེ་མཆོག་ཡབ་ཡུམ་ནི། །པདྨ་ར་གའི་མདོག་འདྲ་བ། །རུས་པ་ཐོབ ་པ་སྐམ་རློན་བརྒྱན། །གར་དགུའི་ཉམས་དང་ལྡན་པའོ། །ཕྱོགས་བཞིར་ལྷ་མོ་གྲི་ཐོད་ཅན། །མདོག་དམར་ཁ་ཊཝཾ་བཅས་པའོ། །རྩིབས་ཀྱི་རཾ་ལས་གོང་བཞིན་དུ། །ཡེ་ཤེས་མེ་འབར་མཆོད་པས་མཉེས། །གཙོ་འཁོར་ཡབ་ཡུམ་སྦྱོར ་འཚམས་ནས། །བྱང་སེམས་དམར་བའི་ཆུ་རྒྱུན་བྱུང། །མགྲིན་པ་མན་ཆད་ཁེངས་པ་ཡིས། །ནད་གདོན་སྡིག་སྒྲིབ་དག་པར་བསམ། །ཆུ་རྒྱུན་འཁོར་ལོ་མེ་དཔུང་རླུང། །སྙིང་པོ་བཟླས་པར་ཁྱད་པར་མེད། །དམར་བ་མེའི་འོབས་ལྟར ་བསམ། །གསུང་གི་འཁོར་ལོ་དམར་པོའོ། །ཐུགས་ཀྱིས་འཁོར་ལོ་སྔོན་པོ་ནི། །སྙིང་ཁར་བྲུཾ་སྔོན་བཻ་བུར་མདོག་།རྣོ་བར་ལྡན་པའི་དམར་པོ་འཁོར་ལོ་བསམ། །ཉི་ཟླ་སྔར་དང་འཇིགས་ཁོང་པའི་ནང་བྱེད་དུས ་མཚན་སྟེང། །ཧཱུཾ་དང་རྡོ་རྗེའི་སྤྲོ་བསྡུ་ལས།། རང་གི་བདེ་མཆོག་སྔོན་པོ་ཡུམ་དམར་ཞིང། །དྲག་པོའི་རང་བཞིན་འཁོར་བཅས་བསྒོམ། །རྩིབས་བཞི་པ་ལྟེ་བ་པདྨ་རྩིབས་ལ་བཞིའི་རྩེ་ལ་མེ་དཔུང ་སྔོན་ནག་འབར། །ཡབ་ཡུམ་སྙོམས་འཇུག་རྒྱུད་བསྐུལ་ནས། །ཟག་མེད་བདེ་བ་ཆེར་རྒྱས་ཤིང། །ཧཱུཾ་ཕཊ་གང་མོ་འབྲུག་སྟོང་སྒྲོགས། །སྦྱོར་འཚམས་བྱང་སེམས་འཐིང་ཤུན་མེད་པ། །སྙིང་ཁ ་མན་ཆད་ཁེངས་པ་ཡིས། འུར་སྒྲ་ཐུག་སྒྲ་དང་བཅས་པ་སེམས་ཀྱི་ནང་གདོན་སྡིག་སྒྲིབ་དག་།ཁྱད་པར་གདོན་དང་ཞེ་སྡང་རྣམས། །འཁོར་ལོས་སྟུབས་ཤིང་མེ་དཔུང་བསྲེགས། །ཡེ་ཤེས་རླུང་གིས་གདེངས་པར་བྱ། །བྱང་སེམས? ་ཆུ་རྒྱུན་དྲག་པོ་ཡིས། །སྡིག་སྒྲིབ་ཐལ་བའི་རི་བོ་བཀྲུ་།གཏི་མུག་ཚང་ནང་ཞི་བ་ལ། །སྤྱི་གཙུག་སྐུ་ཡི་འཁོར་ལོ་བསྐོར། །དབང་དང་འདོད་ཆགས་གྲང་ནད་ལ། །མགྲིན་པ་གསུང་གི་འཁོར་ལོ་བསྐོར། །གདོན་བགེགས ་ཞེ་སྡང་བད་ཀན་ལ། །སྙིང་ཁ་ནད་གདོན་ཐམས་ཅད། ལ་ཆུ་རྒྱུན་བབས་པ་བཞིན། དང་པའི་བར་བྱེད་པ་དཀར་པོ་ག་བུར་གྱི་ཆུ་རྒྱུན་དང་བཅས་པ་དུ་སྡུད་པ་དང་ཐུགས་ཀྱི་འཁོར་དམར་པོ་ལྕགས་བསྲེག་པ་བཞིན་དང་ཟངས་ཞུན་ལྟ་བུ ་ལོ་བསྐོར། །རྦད་གཏོང་ངན་པ་བཟློག་པ་ལ། །ས་བོན་ལྕགས་ཀྱུ་ཞགས་པ་ཡིས། །གནོད་བྱེད་བཀུག་ལ་འཁོར་ལོས་སྟུབས། །མེས་བསྲེགས་རླུང་གིས་གཏོར་བར་བྱ། །ལྷ་རྣམས་ཞལ་ནི་ཕྱིར་བསྟན་ལ། །སྙིང་བོའི ་ཆུ་རྒྱུན་སྔོན་བོ་མེ་སྔོན་ནག་འབར་བ་རྗེས་སུ་མ་ར་ཡ། །ཧཱུཾ་ལས་འོད་ཟེར་བཏགས་པ་བཟླས་པས་དམ་ཉམས་སྒྲོལ། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལ། །བསྙེན་པ་འབུམ་ཕྲག་བདུན་བདུན་གྱིས། །ས་རྣམས་གཡོ་ཞིང་ལས་རྣམས ་འགྲུབ། །བཅུ་བཞིའི་ས་རྣམས་རྫོགས་བྱེད་པའི། །བདེ་མཆོག་ཉེ་བར་སྒྲུབ་པ་འདི་ལ་འབད། །མཁའ་འགྲོའི་སྲོག་སྙིང་ཤངས་པ་རྡུ་བུ་འཁྱོད་ལ་གཏོར། ཚིག་རྒྱུད་ལས་མ་སྤེལ་ཙི་ཏིའི་ཕོ་ཞི་རྒྱས་དབང་དྲག་གི ་བྲང་དུ། །རང་སྲོག་བླ་མ་གཅེར་པར་ཟུང། །ད་རང་བྱིན་རློབ་སྤྱི་བོར་སྒོམས། །ས་བཅུ་ལམ་ལྔའི་རིམ་པ་རྣམས། །མོས་གུས་སྟོབས་ཀྱིས་སྒྲོད་པར་བྱ། །འདི་ནི་གསང་སྔགས་མཐར་ཐུག་མཆོག་།བཅོམ་ལྡན་འདས་བདེ་མཆོག་སྐུ ་གསུང་ཐུགས་ལྟར་ཉེ་སྒྲུབ་འདི་དང་ནི་གུ་མ་ཀྱི་སྒྲུབ་ཐབས། ། ལ་གསོལ་བ་ཐོབ་ཡེ་ཤེས་མཁའ་འགྲོ་ནི་གུ་མས་མཛད་པ་རྫོགས་སོ།། །།བདག་ཁྱུད་པོ་རྣལ་འབྱོར་པས་སེང་ལྡན་འཐུག་པོའི ་ནགས་གསེབ་ཏུ་མཁའ་འགྲོ་མའི་ཞལ་གདམས་རྣམས། །ཏ་ལའི་ལོ་མ་ལ་རྫོང་ཐོར་བྲིས་ནས་གའུར་བཅངས་ཏེ་ལུས་དང་མ་བྲལ་བར་བྱས་སོ།། །།འཁོར་ལོ་སྡོམ་པའི་དབང་མཆོག་བཞུགས་སོ།། །། ་