CLOSE WINDOW

N3425: chos spyod mi dge rang grol
Wyliee-texts based on the ACIP/ALL Input

གྲོང་ཁྱེར་གྲགས་པ་སྐྱོང་དུ། སྒྱུ་མ་མཁན་ལ་གདམས་པ། དངོས་པོ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་རྫོགས་སོ།། །།ཆོས་སྤྱོད་མི་དགེ་རང་གྲོལ་སོགས་འགའ་ཡར་བཞུགས་སོ།། །། ་རྒྱ་གར་སྐད་དུ། དྷརྨཱ་ཏྲ་ཐ་ཀ་རཾ་ས་ཏ་ན་མ། བོད་སྐད་དུ། ཆོས་སྤྱོད་མི་དགེ་རང་གྲོལ་ཞེས་བྱ་བ་། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དཀོན་མཆོག་བླ་མེད་འགྲོ ་པ་སྐྱོབ་པའི་ཞིང། །ཐུགས་རྗེའི་འབྱུང་གནས་བླ་མ་ཡི་དམ་ལྷ། །ཕྱི་ནང་ཌཱ་ཀི་ཆོས་སྐྱོང་ཚོགས་དང་བཅས། །ཕྱོགས་བཅུའི་བསྟོད་འོས་རྣམས་ལ་ཕྱག་འཚལ་ལོ། །མཉམ་མེད་སངས་རྒྱས་སྐྱོབ་པའི་དམ་ཆོས་དང། །འདྲེན་པའི ་ངག་བདུན་བླ་མ་རིན་པོ་ཆེ། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་བསྲུངས་མ་ལ། །བྱང་ཆུབ་བར་དུ་རྟག་པར་སྐྱབས་སུ་མཆི། །སྡུག་བསྔལ་རྒྱ་མཚོའི་སེམས་ཅན་སྙིང་རེ་རྗེ། །མཁའ་མཉམ་མར་གྱུར་བདེ་སྐྱིད་རབ་ལྡན་ཞིང། །མི ་མཐུན་བདུད་དང་གནོད་པ་ཀུན་བྲལ་ནས། །འགྲོ་ཀུན་བླ་མེད་སངས་རྒྱས་ཐོབ་པའི་ཕྱིར། །གུས་པས་བྱང་ཆུབ་བར་དང་ཚེ་འདིའི་བར། །དིང་ནས་སང་གི་བར་དུ་དགེ་ལ་བཀོལ། །བདག་ཉིད་ཅི་འདྲ་འགྲོ་ཀུན་དེ་འདྲ་ཞིང། །སྒྲིབ་གཉིས ་རལ?་བྲལ་མཁྱེན་པར་རྒྱས་ཤོག་།བྱམས་དང་སྙིང་རྗེ་ཚད་མེད་ས་གཞི་ལ་།ཏིང་འཛིན་རིན་ཆེན་དག་པའི་གཞལ་ཡས་ཁང། །ཐབས་ཤེས་ཉི་ཟླ་པདྨའི་གདན་བཤམས་པས། །གུས་པའི་ཡིད་དང་གསལ་བའི་ཏིང་འཛིན་གྱིས། །སངས་ ་རྒྱས་བྱང་ཆུབ་སེམས་དཔའ་འཁོར་བཅས་དང། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས། །རྒྱལ་བ་རབ་འབྱམ་མ་ལུས་སྤྱན་འདྲེན་གྱིས། །འགྲོ་ལ་བརྩེ་དགོངས་གནས་འདིར་གཤེགས་སུ་གསོལ། ། ་ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་གུ་རུ་དེ་བ་ཌཱ་ཀི་ནི་བཛྲ་དྷརྨ་པ་ལས་མ་ཡ་ཛ་ཧཱུཾ་བཾ་ཧོ། །འགྲོ་བའི་དོན་དུ་དགེ་བའི་གདན་ལ་བཞུགས། །ཕྱི་ནང་གསང་བ་ཡིད་འོང་རྒྱ་མཚོ་ཡིས། །མཆོད་པར་འོས་པ་རྣམས་ཀྱིས་རྒྱལ་བ་མཆོད། །འགྲོ་ཀུན ་ཚོགས་རྫོགས་སྒྲིབ་གཉིས་བྱང་ཕྱིར་བཞེས། །ཕྱོགས་བཅུའི་ཞིང་ན་བཞུགས་པའི་སངས་རྒྱས་དང། །སེམས་དཔའ་བླ་མ་ཡི་དམ་ཆོས་སྐྱོང་ཚོགས། །མ་ལུས་ཚོགས་བཅས་ཞབས་པད་ཟེ་འབྲུ་ལ། །སྤྱི་བོས་རབ་ཏུ་གུས་པར་ཕྱག ་འཚལ་ལོ། །འགྲོ་བ་ཀུན་གྱི་འདས་དང་མ་འོངས་དང། །དེང་འདིར་བསགས་པའི་མི་དགེ་ཅི་མཆིས་པ། །བླ་མ་རྒྱལ་བ་སྲས་དང་བཅས་ལ་བཤགས། །མྱ་ངན་མི་འདའ་བཞུགས་གསོལ་འཁོར་ལོ་བསྐོར། །བདག་སོགས་འགྲོ་བས ་བགྱིས་པའི་དགེ་བ་ཀུན། །བླ་མེད་དོན་དུ་བྱང་ཆུབ་ཕྱིར་བསྔོའོ། །བླ་མ་སངས་རྒྱས་དཀོན་མཆོག་ཡི་དམ་ལྷ། །ཆོས་སྐྱོང་བསྲུངས་མ་མ་ལུས་འཁོར་བཅས་ཀྱི། །སྣང་སྟོང་འགྱུར་མེད་ཡེ་ཤེས་རྡོ་རྗེའི་སྐུ། །མཐོང་སྒྲ་དང་ལྡན་ལ་ཕྱག ་འཚལ་བསྟོད། །བླ་མ་སངས་རྒྱས་དཀོན་མཆོག་ཡི་དམ་ལྷ། །ཆོས་སྐྱོང་བསྲུངས་མ་མ་ལུས་འཁོར་བཅས་ཀྱི། །གྲག་སྟོང་འགྱུར་མེད་བརྗོད་བྲལ་རྡོ་རྗེའི་གསུང། །ཐོས་པས་དོན་དང་ལྡན་ལ། བླ་མ་སངས་རྒྱས་དཀོན་མཆོག ་ཡི་དམ་ལྷ། །ཆོས་སྐྱོང་བསྲུངས་མ་མ་ལུས་འཁོར་བཅས་ཀྱི། །གསལ་སྟོང་འགྱུར་མེད་ཡེ་ཤེས་རྡོ་རྗེའི་ཐུགས། །ཡེ་ཤེས་ལྔ་དང་ལྡན་ལ། །ཡོན་ཏན་ཀུན་ལྡན་འགྱུར་མེད་རྡོ་རྗེའི་སྐུ། །གྲག་སྟོང་དོན་ལྡན་ཀ་ལ་ལིང་ཀའི་དབྱངས ་ཡེ་ཤེས་ལྔ་ལྡན་ཀུན་ལ་ཁྱབ་བའི་ཐུགས། །སྐུ་གསུང་ཡོན་ཏན་ལྡན་ལ་ཕྱག་འཚལ་བསྟོད། །ལུས་ངག་ཡིད་གསུམ་སྡིག་བཅུ་ཀུན་བྲལ་ནས། །མཚན་ལྡན་བླ་མ་ཅི་འདྲར་བདག་གྱུར་ཅིག་།དབུས་ཀྱི་རི་རྒྱལ་གླིང་བཞི་གླིང་ཕྲན་བཅས།། ་གསལ་བྱེད་ཉི་མ་ཟླ་བས་བསྐོར་ཞིང་མཛེས། །རིན་ཆེན་སྣ་བདུན་གཏེར་གྱི་བུམ་པར་བཅས། །ཕྱི་ནང་གསང་བ་ཡིད་འོང་མཆོད་པས་སྤྲས། །ཀུན་བཟང་མཆོད་སྤྲིན་མཛེས་པཱི་ཞིང་ཁམས་འདི། །དཀོན་མཆོག ་རྣཾ་གསུམ་བླ་མ་ཡི་དམ་དང། །ཌ་ཀི་ཆོས་སྐྱོང་མ་ལུས་འཁོར་བཅས་ལ། །གུས་པས་འབུལ་གྱིས་འགྲོ་བའི་དོན་དུ་བཞེས། །ོཾ་གུ་རུ་དེ་བ་ཌ་ཀི་ནི་རད་ན་མཎྜལ་པུ་ཙ?་མེ་གྷ་ས་མུ་ཏྲ་སཕ་ར་ན་ས་མ་ཡེ་ཧཱུཾ། མེ་ཏོག་བདུག་སྤོས་སྣང་གསལ་ཞལ ་ཟས?་དང། །རྒྱལ་མཚན་བ་དན་ཕྲེང་བ་སྣ་ཚོགས་འབུལ། །ོཾ་བཛྲ་པུཥཔུ་ཙ་མེ་ག་སོགས་དང། །དེ་བཞིན་དུ་དྷུ་པེ། གྷན་དྷེ། ཨ་ལོ་ཀེ་།ནི་ཝི་ཏེ། ཤཔཏ་ཨ་ཧཱུཾ་། གཟུགས་སྒྲ་དྲི་རོ་འདོད་ཡོན་སྣ་ཚོགས་འབུལ། །ོཾ་སརྦ་ཏ་ཐཱ་ག་ཏ ་ཧྲི་དྷི?་དུ་ཙ་མེ་ག་ས་མུ་ཏྲ་སཕ་ར་ན་ས་མ་ཡེ་ཧཱུཾ། འཇིག་རྟེན་ཁམས་ན་དངོས་འབྱོར་ཡིད་ཀིས་སྤྲུལ། །མཆོད་པར་འོས་པ་ཇི་སྙེད་མཆིས་པ་ཀུན། །བླ་མ་ཡི་དམ་རྒྱལ་པའི་ཚོགས་ལ་འབུལ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ།། ་ཐུགས་རྗེས་ཉེར་གཟིགས་འགྲོ་ཀུན་སྐྱབ་ཏུ་གསོལ། །བླ་མ་ཡི་དམ་རྒྱལ་བ་འཁོར་བཅས་ལ། །མཆོད་འོས་ཀུན་གྱིས་མཆོད་ཅིང་བསྟོད་པ་ཡིས། །འགྲོ་ཀུན་ཚོགས་རྫོགས་སྒྲིབ་གཉིས་རབ་གསལ་ནས། །ཧེ་རུ་ཀ་དཔལ་བླ་མེད་མཆོག་ཐོབ ་ཤོག་།བླ་མ་ཡི་དམ་ཕྱི་ནང་གསང་བའི་ལྷ། །ཌ་ཀི་ཆོས་སྐྱོང་ཚོགས་མ་ལུས་པའི། །བདེ་ལེགས་ཡོན་ཏན་མ་ལུས་རབ་རྒྱས་པའི། །བདེ་ལེགས་དེས་ནི་བཀྲ་ཤིས་བདེ་ལེགས་ཤོག་།སྐྱོབ་པའི་རྗེས་སློབ་གང་དང་གང་ཞིག་གིས། །ཉིན་རེ་བཞིན ་དུ་ཐུན་གསུམ་གླགས་གྱུར་ན། །སྡིག་བཅོམ་ཉེས་བྲལ་མཁྱེན་གཉིས་ཐོབ་པར་འགྱུར། །གང་གིས་ཐོས་གྱུར་དོན་ལྡན་བདེ་བར་འགྱུར། །དེ་ཕྱིར་འདི་ཉིད་དོན་དུ་གཉེར་བར་བྱ། །དགེ་ངེས་འགྲོ་ཀུན་མཁྱེན་གཉིས་? ་པར་ཤོག་།ཆོས་སྤྱོད་མི་དགེ་རང་གྲོལ་ཞེས་བྱ་བ། གྲུབ་ཆེན་ར་ཧཱུ་ལས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་གྲུབ་ཐོབ་ར་ཧཱུ་ལ་བཛྲའི་ཞལ་མངའ་ནས་། ལོཙྪ་བ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་བའོ། ། ་