CLOSE WINDOW

N3424: phyag rgya chen po bsam gyi mi khyab pa
Wyliee-texts based on the ACIP/ALL Input

ཕུལ་ནས་ཞུས་ལོཙྪ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ།། །།ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པ་བརྒྱད་བཞུགས་སོ། །རྣལ་འབྱོར་མཚན་བརྒྱད་ཞེས་ཀྱང་བྱའོ།། །།རྒྱ་གར་སྐད་དུ། ཨ ་ཙ་ན་ཏྲ་མ་ཏཱ་མུ་ཏྲ་ན་མ། བོད་སྐད་དུ། ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔལ་ལ་ཕྱག་འཚལ་ལོ། །སྐྱེ་འགག་མེད་པའི་ཆོས་ཉིད་འོད་གསལ་ནི། སྨྲ་བསམ་བརྗོད་མེད ་ཕྱག་རྒྱ་ཆེན་པོའི་ལམ། ངོས་བཟུང་དང་བྲལ་ཡིད་ལ་མི་བྱེད་པ། །ཟབ་ཅིང་འདུས་མ་བྱས་ལ་ཕྱག་འཚལ་ལོ། །ེ་མ་ཧོ། །རྡོ་རྗེ་དབྱེར་མེད་སྐྱེ་འཇིག་བྲལ། དྲག་པོའི་ཁམས་གསུམ་འགྲོ་བ་འདུལ། །མུན་ཁུང ་གཏེར་ལ་སྒྲོན་མེ་ལྟར། །མ་རིག་སྒྲུབས་ན་རང་རིག་གསལ། ཆོས་ཀུན་རྩ་བ་བྱང་ཆུབ་སེམས། །རང་བཞིན་གཉིས་སུ་མེད་པའི་ཕྱིར། །སེམས་ཉིད་རང་འབྱུང་ཡེ་ཤེས་ཏེ། །མ་འདྲེས་ཡོངས་རྫོགས་རྒྱལ ་པའི་ཐུགས། །དེ་ཉིད་ཇི་བཞིན་རྟོགས་གྱུར་ན། །སངས་རྒྱས་ཅེས་ནི་དེ་ལ་བྱ། །གདོད་ནས་གནས་པའི་དཀྱིལ་འཁོར་ལ། །གྲུབ་མེད་སྤྲུལ་པའི་དཀྱིལ་འཁོར་ཤར། །དེ་ལྟར་རྟོགས་པའི་རྣལ་འབྱོར་པ། །གདལ ་ཁྱབ་པ་ལ་འབད་པ་མེད། །ཟག་མེད་རྣམ་གྲོལ་དང་དུ་དག་།རྒྱལ་བའི་དགོངས་པ་འདི་ཁོ་ན། །དཀྱིལ་འཁོར་ལ་སོགས་འཕྲོ་འདུ་རྣམས། །ཆེད་དུ་མ་བྱས་ངང་དུ་ཤར། །འོད་གསལ་ཆུ་འོས་རྦ་རླབས་ཀྱིས། །ངོ་མཚར ་རྣམ་འཕྲུལ་བསམ་?་ཁྱབ་?་ཕྱིར་ཆོས་རྣམས་སྣ་ཚོགས་ཀུན། །ཇི་བཞིན་མ་བཅོས་བཞིན་དུ་གནང། །ཉོན་མོངས་ལྔ་སོགས་རང་བཟིན་རྣམས། །རྣམ་གྲོལ་ཡེ་ཤེས་ཆེན་པོར་ཤར། །དེ་ཉིད་མངོན་གྱུར ་སྟན་པ་ནཾ། །མི་ཟད་བརྒྱན་གྱིས་འཁོར་ལོ་ཤར། །གཉིས་སྣང་རྣམ་པ་མི་སྣང་བའི། །འགྲོ་དོན་རང་བཞི་ལྷུན་གྱིས་གྲུབ། །འདི་ལྟར་སྣང་བའི་ཆོས་རྣམས་ཀུན། །དབྱིངས་དང་ཡེ་ཤེས་གཉིས་སུ ་མེད། །འཁོར་བའི་རྣམ་རྟོག་སྣ་ཚོགས་ལས། །རྒྱལ་བའི་སྐུ་དང་ཡེ་ཤེས་འབྱུང། །རང་བཞིན་མ་སྐྱེས་ཡུམ་གྱི་ཀློག་།མ་འགགས་ཤར་བ་ཡ་བ་ཀྱི་མཁའ་། །དེ་ལྟར་གཉིས་མེད་བདེ་བ་ནི། །རྣལ་འབྱོར་རིག་པའི ་དགོངས་པ་ཡིན། །བྱ་བྱེད་རིག་པའི་བརྩོལ་བ་རྣམས། །ཐབས་དང་ཤེས་རབ་གཉིས་སུ་མེད། །འཁོར་བའི་ཉོན་མོངས་དུག་གསུམ་འདི། །ལྷུན་གྲུབ་མ་བཅོས་སྐུ་གསུང་ཐུགས། །འདུས་བྱས་ཕུང་པོའི་རང་བཞིན་ནི། །ཟག ་མེད་རྣམ་པར་གྲོལ་བའི་ངང། །སྣ་ཚོགས་སྣང་བའི་འཁོར་ལོ་ནི། །རང་བཞིན་སྤྱོད་པ་སྒྱུ་མའི་གྲོགས། །གསང་ཆེན་བླ་མེད་ཐེག་པ་ནི། །ཐབས་དང་ཤེས་རབ་ཕུལ་དུ་ཕྱིན། །སྣང་དང་མི་སྣང་གཉིས་སུ་མེད། །འཛིན་པ ་བྲལ་བ་དེ་ཙམ་མོ། །ཇི་བཞིན་མ་བཅོས་སེམས་ཉིད་ལ། །མ་ཡེངས་བཅོས་སླད་མེད་པར་གནས། །དེས་ན་གསང་པའི་སྙིང་པོ་ནི། །ཚིག་གིས་བརྗོད་པའི་ཡུལ་ལས་འདས། །རང་ལུས་དབེན་པའི་དགོན་པ་དེར། །ཕྱི་ནང་གསང ་བའི་ཡོ་བྱང་འཛིན། །སེམས་ཉིད་རིན་ཆེན་ཟ་མ་ཏོག་།ཆགས་བྲལ་ནམ་མཁའ་ལྟ་བུར་འཆར། །སྣང་བ་སྒྱུར་བྱེད་རྣལ་འབྱོར་པ། །རང་བཞིན་མཛད་པ་སྣ་ཚོགས་ལ། །འཕྲུལ་དགའ་ལྟ་བུར་སྣང་བའི་ན། །དོན་དུ་མི་འགྱུར ་ཡོངས་མི་བཟུང?། །བདག་ཉིད་ཆེན་པོ་རྒྱལ་བའི་སེམས། །རྟོགས་པར་འདོད་པ་རྒོད་བྲོ་ཨང། །ཁམས་གསུམ་ཡེ་ནས་རྒྱ་བའི་སྐུ། །འཁོར་བ་མྱང་འདས་གཉིས་སུ་མེད། །དུས་གསུམ་རྒྱལ་བ་རང་གིS་སེམས། །འབད་ཅིང ་རྩོལ་བའི་གནང་དང་བྲལ། །བདེ་དང་སྡུག་བསྔལ་དབྱེར་མེད་ལ། །སྤོང་ལེན་མཚན་མ་འདོད་པ་ཅི། །དེ་ཉིད་རང་གསལ་འཛིན་པ་མེད། །འཛིན་མེད་གྲུབ་མཛའ་ལྟ་བ་བྲལ། །སེམས་ཀྱིས་མེ་ལོང་དེ་གསལ་བ། །སྔགས་འཆང ་དགོངས་པ་མཉམ་ཉིད་དོ། །རང་ལ་གནས་པ་གཞན་དུ་མིན། །རྒྱུན་ཏུ་གནས་བ་རྟིང་དཔག་དཀའ་། །བརྩོལ་སྒྲུབ་བྲལ་བར་ཡོངས་ལ་ཁྱབ། །དངོས་སུ་མཐོང་བ་བླ་མའི་དྲིན། །མ་སྐྱེས་སྤྲོས་བྲལ་སེམས་ཉིད་གཞི། །ཁ་དོག་དབྱིབས་དང ་གནས་རིག་བྲལ། །ཟབ་ཅིང་རྒྱ་ཆེ་གསལ་བར་ལྡན། །བརྟན་གཡོ་མ་ལུས་དེ་ལྟར་བྱོས། །འགྲོ་བ་འདི་ཀུན་སངས་རྒྱས་ཏེ། །གསལ་བར་ཡོད་ཀྱང་རྟོགས་པ་མེད། །སེམས་ཉིད་ནོར་བུ་རིན་ཆེན་དེ། །སྐུབས་ནམ་མཁའ་ལྡིང་ཕྲུག་གུ ་འདྲ། །དམ་པ་མཉེས་བྱེད་སྐྱེས་བུ་ཡིས། །བདེར་གཤེགས་དགོངས་པ་རྫོགས་པའི་དོན། །དུག་གསུང་སྐུ་གསུམ་ཐུགས་སུ་དག་།དཔའ་བོ་སེང་གེ་བཞིན་དུ་རྒྱུ། །ཐེག་ཆེན་གསང་བའི་རྣལ་འབྱོར་གྱིས། །སྤྱོད་པའི་ཁྱད་པར ་ཅི་སྤྱད་ཀྱང། །ཚོགས་སྒྱུར?་ལེན་མེད་འཛིན་དང་བྲལ། །དཀྱིལ་འཁོར་ཆེན་པོའི་གསང་བར་ཞུགས། །སྐུ་གསུང་ཡོན་ཏན་འཕྲིན་ལས་ལ། །འོད་གསལ་ཡེ་ཤེས་སྙོམས་མཛད་པ། །བདག་གཞན་གཉིས་ཀྱིས་འདོད་པ་སྒྲུབ། །ཐུགས ་རྗེས་ཁམས་གསུམ་བསྒྲིལ?་ལ་རྩོན། །རོལ་པའི་ཡེ་ཤེས་དགེས་པ་ལས། །ཐབས་ཆེན་ཟབ་མོའི་ཐེག་པ་སྤྲོ་།མི་ཟད་སྡུབ་ཟུང་དུ་འཇུག་།དེ་ལྟར་མཉམ་བྱེད་རྣལ་འབྱོར་གྱིས། །རྣལ་འབྱོར་གྱི་རྒྱལ་པོའི་ཁབ་ཏུ། ་རྣལ་འབྱོར་པ་ལ་གདམས་པ་རང་བཞིན་བསམ་རྣལ་འབྱོར་པ་ལ་གདམས་པ་དད་བཞིན་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ།། ཨའིི།། །།སྡུག་པ་ཚར་གཅོད་ཡེ་ཤེས་ཆེན་པོའི་ཀློང། །རབ་འབར་འཇིགས་བྱེད་ཧེ་རུ་ཀ་ལ་འདུད། །ཐབས ་དང་ལྡན་པ་རྣལ་འབྱོར་ཆེན་པོའི་གཞུང། །མ་ལུས་རྒྱལ་བའི་རྗེས་སུ་འཇུག་པར་བྱའོ། །སྡང་བའི་སེམས་ཅན་ཞི་བའི་མི་འདུལ་བ། །གཉེན་པོའི་ཚར་གཅང་འཕྲིན་ལས་ཆེན་པོའི་ལུགས། ། ་བླ་མ་ལ་དམོད་བསྟན་ལ་སྡང་སོགས་ལ། །རང་བཞིན་གྲོལ་ཕྱིར་སྒྲལ་བའི་སྦྱོར་བ་ཙམ། །མཉམ་ཉིད་རིག་པའི་རྣལ་འབྱོར་ཆོས་ཀུན་ནི། །རོ་གཅིག་ཞི་བའི་རྒྱུ་འབྲས་སྡུག་བསྔལ་བཅད། །ཐབས་ལྡན་ལྕགས་ཀྱུའི?་འཁོར ་བའི་ཕུང་པོ་དགུག་།ཐུགས་རྗེས་ལྕིང་མནན་ཤེས་རབ་མཚོན་གྱིས་བྲལ་། །ཆུ་ཤིང་ཁ་ཕྱེ་མ་རིག་མུན་པ་གསལ། །ཡེ་ཤེས་འོད་ཀྱིས་འབྱུང་བ་རིམས་ཀྱིས་སྦྱངས། །དེ་སེམས ་གསལ་བར་ཉི་ཟླའི་གདན་སྟེངས་སུ། །ཱ(རྒྱུད་འགྲེལ་མཛད་པ་ཅན། །ངོ་མཚར་སྒྱུ་མའི་དཔེ་བརྒྱད་རྣམས་ཀྱིས་སྲས། །ཕུང་པོ་ལ་སོགས་འབྱུང་བ་དབང་པོ་རྣམས། །མཆོད་པའི་སྤྲིན་ཕུང་བཞིན་དུ་ཁྱབ་པར་སྤྲོ། །འི་རང་བཞིན་ཐོག་མཛའ་མེད་པའི་ནང། །ཧ་ལ ་སྔོན་མཚོན་བྲིས་པའི་གཟུགས་ལ་ལྟ། །ཧཱུཾ་ལྟར་ཕུར་བུའི་བཏགས་སྐར་རྩད་ནས་གཅོད། །མཉམ་དུ་སྦྱོར་བ་དེ་ཉིད་ངེས་པ་ཡིས། །ཕྱག་རྒྱའི་སྙིང་པོ་བདག་པོ་དགུ་འདས་པའི། །གོ་འཕངས་གཏེར་ཕྱེད་ཆགS ་པའི་སྡིག་པ་སྒྲོལ། །ཐབས་དང་ཤེས་རབ་འབྲལ་བ་གསང་བའི་?་བས། །དཀའ་ཐུག་ཚོགས་དང་བྲལ་བ་བསྒྲུབ་པའི་ལན། །ཉི་ཟླའི་ཅེས?་བྲིན?་ཞེ་སྡང་བདེ་བར་ཐིམ། །ཉོན་མོངས་དྲན་རྟོག་ཤེས་རབ་སྣང་བ་གསལ། །གོམས ་པའི་སྦྱོར་བ་ལེགས་བཤད་རྟེན་པ་ཡིས། །རྟེན་མེད་འཛིན་པ་བྲལ་བ་ཡེ་ཤེས་ལྷ། །མཉམ་པར་སྦྱོར་བའི་ཟག་མེད་བདེ་བ་ཆེ། །གཉིས་འཛིན་བུང་ཤིང་མེ་ལྟར་རང་ཚིག་འགྱུར། །དེ་ལྟར་ཤེས་པའི་སྐྱེས་བུ་འཛིན་པ་དང། །འཕེལ ་འགྲིབ་ཟག་པ་ཡོད་མེད་ལ་སོགས་པ། །འཆིང་གྲོལ་ཁྱད་པར་སྣ་ཚོགས་སྣང་བ་ཀུན། །སྒྱུ་མའི་སྦྱོར་བ་རྒྱལ་བའི་མཛད་པར་གནས། །སྦྱོར་བའི་བདུག་པ་མ་ལུས་བསྒྲལ་བྱ་ཞིང། །བསྒྲལ་བའི་སྐྱེ་མེད་དབྱིངས་སུ་ངེས་པར་སྦྱོར།། ་དངོས་དང་དངོས་མེད་འཇིག་རྟེན་འཇིག་རྟེན་འདས། །སྤྱོད་ཡུལ་བྲལ་བའི་གསང་བའི་ལམ་མཆོག་གོ་།གནོད་སྦྱིན་སྲིན་པོའི་མཐུ་རྩལ་ངན་སོང་ལམ། །གཉིས་འཛིན་ཞེན་པ་རང་རྒྱུད་འཁོར་བ་ཏེ། །དེ་ཉིད་མེད་པར་གྲོལ་བ་སྲིན་བོར ་ལམ། །ཡང་དག་དོན་ལ་གནས་པ་ལྟ་བུར་འགྱུར། །ཐམས་ཅད་རང་བྱུང་བྱང་ཆུབ་སེམས་ཡིན་པས། །འདི་ཉིད་མ་སྐྱེས་ཕྱོགས་རིས་ཆ་ཤས་བྲལ། །མ་དམིགས་མི་དམིགས་དམིགས་སུ་མེད་པ་ཡིས། །འཕྲིན་ལས་ཆེན་པོའི་མི ་མཐུན་དྲི་མ་སེལ། །དགུག་དང་བཀུག་དང་འཐབ་དང་སྐར་བ་དང། །འདྲེན་དང་འཛིན་དང་འཁྱིམ་པར་བྱ་བ་སྟེ། །སྦྱང་དང་སྤེལ་བའི་ལས་ལ་ལེགས་རྩམ་པའི། །རྒྱུན་ཆང་མེད་པའི་བདེ་བ་ཆེན་པོར་འགྱུར། །གསང་མཆོག་ཐིག་ལེ ་དབྱིངས་ལ་རབ་ཏུ་རྫོགས། །ཕྱི་ནང་སྣོང?་བཅུང་ཡེ་ཤེས་ཆེན་པོའི་སྐུ། །གང་གིས་དཔག་པར་མི་ནུས་བསམ་ལས་འདས། །རང་བྱུང་མཛའ་དབུས་མེད་པ་སྙིང་པོས་གསང། །དབང་པོ་དམན་དང་རྟོག་གའི་ཡུལ་མིན་ཞིང། །གང ་དུ་འཆིང་བའི་ལས་ལ་སྤྱོད་པའི་ཀྱང། །དེ་ཉིད་གྲོལ་བའི་མཆོག་སྟེར་རྒྱལ་སྲས་ལམ། །འཕྲོ་འདུ་མེད་པའི་རྒྱལ་བའི་དཀྱིལ་འཁོར་རོ། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཏི་ལོ་པས། གྱང་ཀྱིས་ནོར་བུའི་གྲོང་ཁྱེར་དུ་མཐུ་ཅན་ལ་གདཾས?་པ ་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ།། །། ཨཐིི།། །།ེ་མ་ཧོ། །སྲིད་པའི་རྩ་བ་བདེ་བ་ཆེ། །སེམས་ཅན་ཀུན་གྱི་རང་བཞིན་གཉིས་མེད་བདེ་པའི་ཆི་མ་གྱུར་བ། །ལྷན་ཅིག་སྐྱེས ་བའི་ངོ་བོར་གསལ། །ཐབས་ཆེན་གསང་བའི་དཀྱིལ་འཁོར་དག་།རོལ་པ་བདེ་བའི་ཉམས་དང་ལྡན། །འཕྲིན་ལས་མཛད་པའི་དགོངས་པ་ལས། །དུས་གསུམ་མཉམ་པའི་ཚུལ་དུ་བཞུགས། །ཐབས་ཀྱིས་བསྐུལ་པའི་ཤེས་ཅ ་ཆགས། །དེ་བཞིན་ཤེས་རབ་པ་དེ་ཞེན་སེལ། །གཉིས་མེད་རོལ་པའི་ཡེ་ཤེས་ཀྱིས། །རྡོ་རྗེ་འཛིན་པ་ཉིད་དུ་འགྱུར། །རྡོ་རྗེ་འཆང་གིས་སྟོབས?་ལྡན་པས། །འཁོར་ལོ་བཞི་དང་སྲོག་ཤིང་གསུམ། །མེ་རླུང་ཐབས་ལྡན་སྦྱོར་ཤེS ་པའི། །ཡེ་ཤེས་ནམ་མཁའ་ལྟ་བུར་མཐོང། །གང་དེ་ཐབས་ལས་བྱུང་བ་ཡིས། །གནས་བཅུད་ཐིག་ལེ་མི་དམིགས་པའི། །བདེ་ཆེན་ཐིག་ལེའི་སྟོབས་ལས་བྱུང། །སྤྱི་དང་རང་གི་མཚན་ཉིད་གསལ། །ཕུང་སོགས་འཇིག་རྟེན་རྟག ་པ་ཀུན། །རང་སྣང་སྒྱུ་མར་སྣང་ཙམ་ལས། །ཕྱི་ནང་བདེན་གཉིས་མཉམ་སྦྱོར་བས། །ཁ་འདྲས་གཅིག་དང་དུ་མ་བྲལ། །བདེ་ཆེན་ཐིག་ལེ་རང་བྱུང་ལས། །མན་ངག་ལྡན་པའི་རྒྱས་བཏབ་པས། །མ་རིག་གཉིས་འཛིན་ལ་སོགས ་དང། །དམན་པའི་ཐེག་པ་རིང་དུ་སྦང། །འཛག་དང་འཕར་དང་འབར་བ་དང། །འདར་དང་རྒྱུག་དང་སྒྲ་སོགས་དང། །རང་བསལ་མངོན་ཤེས་འཆི་མེད་སོགས། །སྐྱེ་མེད་ནམ་མཁའ་ཨི་རང་བཞིན་གསལ། །རྩ་དང་རྣམ་ཤེས ་སྒྱུ་མ་ལས། །མི་དམིགས་བརྗོད་མེད་གང་གོམས་པ། །གྲངས་ལས་འདས་པའི་ཡེ་ཤེས་ཀྱང། །མི་ཟད་བརྒྱན་གྱིས་འཁོར་ལོ་མཐོང། །རང་བྱུང་བདེ་བ་ཐོག་མཛའ་མེད། །ངོ་བོ་ཉིད་ཀྱིས་བདེན་མཐོང་ཞིང། །ཐིག་ལེ་རང་ཤར་སྤྲུལ་པ ་ཡིས། །མཛད་པའི་རྣམ་འཕྲུལ་བསམ་མི་ཁྱབ། །བདེ་ཆེན་ཐེག་པར་འགྲོ་བ་ཡིས། །བསྟན་པའི་རིམ་པ་མཛའ་ཡས་ཀྱང། །སེམས་ཅན་བསམ་པ་ཇི་ཞིན་དུ། །ཐིག་ལེ་ཆེན་པོའི་དང་ལས་འབྱུང། །དུག་གི་དུག་ནང་གསལ་པ ་ལྟར། །འགྲོ་བ་ཆགས་པའི་འདུལ་བ་སྟེ། །སྐྱེས་བུ་ཐབས་ཀྱིས་བདེར་འཇུག་པ། །པདྨ་ལ་ནི་འདམ་བཞིན་ནོ། །སྐྱེད་པ་ཐབས་ཀྱིས་འོད་ཟེར་གྱིས། ། ལས་ཅུང་ཟད་བདེ་པའི་རེག་།རང་བྱུང་གསང་བའི་ལམ་དུ་བྲིལ། །རང ་རང་འཁོར་ལོ་ཐིམ་པར་བྱེད། །མ་ལུས་བདེ་བར་ཤར་བ་ལས། །འཁོར་བའི་བག་ཆགས་མ་ལུས་སྤངས། །ཐ་དད་ལ་སོགས་ཆོས་མེད་དེ། །སྐྱེ་མེད་བདེ་བའི་སྙིང་པོར་གསལ། །འཆོལ་པ་སྤྲིན་གྱིས་དུམ་བུ་དང། །ཉི་ཟླ་སྤ ་ཅན་མཁའ་ལ་འདུ། །དྲག་པོ་ཕོ་བྲང་སྒོ་ལས་བསྲུངས། །མགོ་མེད་རང་གིས་གནས་ནས་འགྱིངས། །སྟོབས་ཀྱིས་གནས་པའི་གའུ་སྦྱོར། །ཟླ་བ་ནམ་མཁའ་ཨི་དཀྱིལ་དུ་སྟིམ། །ཉི་མའི་བཀོད་པའི་ཆུ་གཡོ་ཞིང། །སེང་གེ་འདུད་པའི་ལཾ ་འབྲང་གསལ། །འཕེན་དང་སྡུད་པར་བྱེད་པ་དང། །གྱེན་དུ་འགྲོ་དང་མཐུར་ལ་སྒུལ། །འཁོར་ལོ་བཞི་ལ་རྒྱས་ཐེབས་པས། །བདེ་བ་ཆེན་པོ་ལྷུན་གྱིས་གྲུབ། །འཁོར་དང་མྱ་ངན་འདས་པ་རྣམས། །གདོད་ནས་གྲུབ་པར་གཉིས་སུ།། ་མེད། །མ་ལུས་བདེ་པའི་གཟུགས་སུ་ཤར། །གསང་ཆེན་མི་ལྡོག་རིགས་སུ་ངེས། །འགྲོ་ལ་གསང་ལམ་འདི་བསྟན་པས། །མེ་ཏོག་ལ་ནི་ཆུ་བཞིན་དུ། །ཤེས་རབ་གསུམ་ལ་གོམས་པ་ཡིས། །གསང་བ་གསུམ་ལ་སྤྱད ་པར་བྱ། །ཐབས་ཆེན་ལྡན་ལ་མངོན་སུམ་སྟེ། །གཉིས་མེད་ཐིག་ལེ་འཕྲོ་འདུ་མེད། །མཉམ་པ་ཆེན་པོའི་མཆོག་གིས་དབྱིངས། །ཐབས་ཤེས་གཉིས་མེད་རྡོ་རྗེའི་ལུས། །ཕྱག་རྒྱའི་སྦྱོར་བ་འདི་ཡིས་ནི། །དཔག་མེད་ལེག་པར ་འཁྱམ་པ་རྣམས། །ཐབས་ཀྱིས་མ་སྐྱས་པ་ལ་བཀོད། །འཆི་བ་མེད་པའི་ཆོས་སྐུར་ཐིམ། །བདེ་བ་ཆེན་པོའི་ཁྱབ་པའི་རོ། །ལུས་གནས་ལུས་ལས་མ་སྐྱེས་པའི། །སངས་རྒྱས་ཀུན་དང་དབྱེར་མེད་པའི། །ཐམས ་ཅད་ལྷན་ཅིག་སྐྱེས་པར་གསལ། །རྣལ་འབྱོར་གྱི་དབང་ཕྱུག་ཏཱི་ལོ་པས། སྒྱུ་མ་སྤྲུལ་པའི་གྲོང་ཁྱེར་དུ། །སྨད་འཚོང་མ་ལ་གདམས་པ། །བསམ་གྱིས་མི་ཁྱབ་པ་བདེ་བ་ཆེན་པོ་ཞེས་བྱ་བ།། །།ཐཱིི།། །། ་ཨེ་མ་ཧོ། །སངས་རྒྱས་རྣམས་ཀྱིས་གསང་བའི་གསུང། །མཛད་པ་རྣམ་གྲོལ་ཡེ་ཤེས་ཆེན་པོ་ལ། །དགེས་སྙམ་རོལ་པའི་ཆོས་ཀྱི་ཕུང་པོ་རྣམས། །ཡིད་འོད་གླུ་རུ་ཐུབ་པས་བཀའ་སྩལ་ཏོ། །གསང་སྔགས་མདའ ་ཆིག་འཐུན་པའི་བཀའ་ལུང་ཅན། །ཟབ་མོ་སྒྲ་སྒྲོགས་རྣམ་དག་སྔགས་ཉིད་སྟེ། །ལུས་ཅན་གདུང་བ་སེལ་བ་བདེ་བའི་སྒྲ། །གྲགས་སྟོད་གཉིས་སུ་མེད་པ་ཟུང་འཇུག་དང། །སྣང་བ་སྐུ་ལ་སྒྲ་ཚིག་སྣ་ཚོགས་གསུང། །དེ ་ཉིད་དབྱེར་མེད་དབང?་དུ་བསྡུས་པ་ཐུགས། །རྒྱལ་བའི་དཀྱིལ་འཁོར་ཐ་དད་མེད་པ་ཡིས། ། ཡི་དྲངས་པ་ཚངས་པ་དབྱངས་ཀྱིས་སྒྲ། །ངོ་བོ་སྐྱེ་མེད་བརྗོད་པའི་ཡུལ་ལས་འདས། །ང་རོ་བཅུ་དྲུག་རང་འབྱུང་དགའ་བ་ཡིན། ཤེས་རབ ་ཡུམ་ཆེན་ཁོང་ནས་འདྲེན་པའོ། །གསལ་བྱེད་འདྲེན་པའི་མི་འབྱུང་ཚིག་ཏུ་འབྲེལ། །ཐུབ་པའི་དགོངས་པ་ལྐོག་གྱུར་མཁྱེན་པ་གཉིས། །ཐུགས་རྗེས་སྤྲོ་ཕྱིར་གསལ་བའི་ཚིག་ཏུ་རྒྱུས། །དོན་ཚན་སྟོན་པ་གླུའི་ཚིག་ཡིན་ནོ། །ཕོ ་ཡིས་དྲངས་ནས་མོའི་རྒྱུན་དང་ལྡན། །གཉིས་མེད་རོ་གཅིག་གསལ་བ་མཐོ་དང་མདའ། །སེམས་བྱུང་རྒྱུན་སྤྱོད་དང་དུ་གནས་པར་བྱེད། །དེའི་སྒྲ་དེ་འདྲེན་པ་གླུའི་བརྒྱན། །སྒྲ་ཡིས་ཡིད་མཚོ་ཚིག་གིས་དོན་ལ་སྦྱོར། །དགེས ་པའི་རང་རྩལ་མི་མཐུན་ཕྱོགས་ལས་རྒྱལ། །གསང་སྔགས་བདེན་པའི་དག་ཏུ་བྱིན་རློབས་པ། །མི་དམིགས་ཐུགས་རྗེ་མཉམ་པའི་དབྱིངས་ལས་བྱུང། །ཡེ་ཤེས་ཆེན་པོ་སྒྱུ་མ་རང་སྣང་བS། །ཟག་མེད་སྙན་པའི་ང་རོ་བསོད་ནམས་ཚོགས། ། ་གསང་བའི་དབྱིངས་ལས་རབ་ཏུ་འཕྲོས་གྱུར་པས། །དཀྱིལ་འཁོར་མཛའ་ཡས་རྣམས་ལ་རོལ་པའི་དབུལ། །དབང་པོ་ཡོད་དུས་རིག་པས་ཚོགས་རྣམས་དང། །འབྱུང་བ་ཤེས་རབ་བྱང་ཆུབ་རྡོ་རྗེ་སྟེ། །ལྷག་པའི་ཡེ་ཤེས་དེ་བཞིན་ཉིད ་མཆོག་ལ། །བསྐལ་པ་མཉམ་པའི་མཉེས་པ་ཆེན་པོ་ཉིད། །དེ་ལྟར་གླུ་ཡིས་འཇིག་རྟེན་གདུང་སེལ་ཅིང། །འཇིག་རྟེན་འདས་པ་མཉེས་པའི་མཆོད་པ་སྟེ། །དོན་དུ་ངེས་པ་དག་གིས་རིག་བྱེད་ཅན། །མཁྱེན་པའི་འཇུག་སྒོ་བསམ་གྱིས་མི་ཁྱབ་པ།། ་སྡུག་བསྔལ་བདེ་བར་སྦྱོར་བའི་མཐུ་སྟོབས་ཅན། །ཉོན་མོངས་རྣམ་གྲོལ་ཡེ་ཤེས་ཆེན་པོའི་ལམ། །ལམ་ལ་ཡེ་ཤེས་འབྱུང་བའི་འཛིན་པ་མེད། །ངེས་པར་སྦྱོར་བ་རྡོ་རྗེ་ཚིག་གི་གླུ། །རང་བཞིན་གཉིས་མེད་དགོངས་པ་མཛའ་ཡས་སྟོན། ་དེའི་རྒྱུ་ཉིད་དོན་དམ་བློ་ལས་འདས། །འབྲས་བུ་རོལ་པ་དཀྱིལ་འཁོར་རྔ?་བཱི་གདངས། །མི་དམིགས་ཐུགས་རྗེའི་རྩལ་དུ་རང་ཤར་རོ། །ཆོས་རྣམས་མ་ལུས་སེམས་སུ་འདུས་པ་སྟེ། །སེམས་ལས་མ་རྟོགས་ཤེས་བྱ་གཞན་མེད་པའི། །སེམས། ་ཀྱིས་རང་བཞིན་ཡེ་ནས་རྒྱལ་བའི་ཐུགས། །འཕོ་འགྱུར་མེད་པ་འཕེལ་འགྲིབ་གོལ་ས་ཆོད། །རང་བྱུང་དགའ་བའི་འགྲོ་བའི་གདུང་བ་སེལ། །དངས་མ་རྩེར་ཕྱིན་མཁྱེན་པ་བསམ་མི་ཁྱབ། །སྐྱེ་དགུའི་བདག་པོ་ཚངས་པའི་རྩེ་མོའི་བར།། ་སྐྱོང་བའི་གླུ་མཁན་ཏཱི་ལོ་?་ཡིན་ནོ།། ?་།།ཀྱེ་ཧོ་ཡོན་ཏན་སྒྱུ་མ་ཡིན་པས་སྐྱོན་ལ་དངོས་མ་གྲུབ། །གནས་ལ་ངེས་པ་མེད་པས་འཕོ་འགྱུར་ཉམ་མིང། །སེམས་ལ་སྐྱེ་ཤི་མེད་ཏེ་འོད་གསལ་དང། །དྲན་རིག་སྣ་ཚོགས ་ཡེ་ཤེས་རོལ་པའི་རྩལ། །དེ་ལྟར་ཤེས་པས་སྤང་བླང་འཛིན་པ་མེད། །རིག་པའི་ངོ་བོ་ཉམས་ལས་མ་གཡོས་པར། །དུར་ཁྲོད་ཆེན་པོར་སྨྱོན་པའི་སྤྱོད་པ་གྱིས། །རྣལ་འབྱོར་རྣམས་ལ་ང་ཡིས་ལུང་བསྟན་ཏོ། །རྣལ ་འབྱོར་གྱི་དབང་ཕྱུག་ཏཱི་ལོ་པས། འདུས་པ་རིན་པོ་ཆེའི་ཚོང་འདུས་སུ། །གླུ་མཁན་ལ་གདམས་པ། །རོལ་མོ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ།། ཨཐིི།། །།ེ་མ་རྣལ་འབྱོར་ཆེན་པོ་ཀྱེ། །གཉིས་སུ་མེད ་པའི་བདེ་པ་ནི། །རང་བྱུང་རྩོལ་བ་བྲལ་བ་ཏེ། །བསམ་གྱིས་མི་ཁྱབ་ངོ་མཚར་ཆེ། །ཐབས་ཆེན་རྣམས་གཉིས་མ་བསྟན་པར། །དེ་ཉིད་རྟོགས་པ་མེད་པ་སྟེ། །སེམས་ཉིད་ནོར་བུ་རིན་ཆེན་ལ། །འདོད་པ་མེད་པའི་ཚུལ་གྱིས་རྟོགས། ་ཤེས་རབ་ལྷུན?་གྱིས་གྲུབ་པ་ཡིས། །ཡེ་ཤེས་ཆེན་པོ་བསམ་མི་ཁྱབ། །གཉིས་མེད་ལམ་གྱིས་འཇུག་པ་དང། །ཟུང་འཇུག་ཆེན་པོ་རྒྱལ་བའི་ཐུགས། །སྒྲིབ་མེད་ཉི་མ་གསལ་བ་ཡིས། །དངོས་པོ་མ་ལུས་གསལ་བར་བྱེད། །དོན ་དམ་ཡེ་ཤེས་ཆེན་པོ་ལས། །ཀུན་རྫོབ་རྒྱལ་བའི་དཀྱིལ་འཁོར་ཤར། །མཉམ་ཉིད་སེམས་ལ་གོམས་པ་ནི། །སྐྱེས་བུ་སེང་གེ་ལྟ་བུར་རྫི། །པདྨ་འདམ་གྱི་ཉེས་དང་བྲལ། །མི་དབང་མའི་ལྟོན་གནས། །སེལ་མེད་ཤེས་པ་མ་བཅོས ་པ། །གསང་བའི་དཀྱིལ་འཁོར་ཆེན་པོ་ཡིན། །གཉེན་པོའི་བཅོས་དང་དགག་པ་མེད། །རང་ལུགས་ཡེ་ཤེས་ཆེན་པོར་གསལ། །མཉམ་པའི་གདེང་དང་ལྡན་པ་ཡིས། །དཔའ་ཨོ་མི་མཐུན་གཡུལ་ལས་རྒྱལ། །དེ་ལྟར་བརྟུལ་ཤུགས་སྤྱོད་པ ་ཡིས། །རྣལ་འབྱོར་ཆེ་ལ་གནས་པར་བྱོས། །རྨ་བྱ་དུག་གིས་མཛེས་པ་ལྟར། །དཔའ་བོ་ཉོན་མོངས་བརྒྱན་དུ་འགྱུར། །རྒྱལ་པ་གཤེགས་ཤུལ་འཕྲིན་ལས་བཞི། །དེ་བཞིན་རྣལ་འབྱོར་པ་ཡིས་མཛོད། །འཛིན་མེད་ཡེ་ཤེས་ཆེན་པོའི་མེའི ་རྟོག་པའི་བག་ཆགས་བསྲེགས་པར་བྱེད། །སྒྲིབ་བྲལ་བྱང་ཆུབ་སེམས་ལ་ནི། །དྲི་མའི་ནམ་ཡང་གོས་པ་མེད། །རིན་ཐང་མེད་པས་ནོར་བུ་དེ། །བསོད་ནམས་ཕུན་ཚོགས་དག་ལ་མངའ་། །ལྡན་མིན་སེམས་ཀྱིས་གཏེར་མཛོད་དེ། །བླ་མའི་དྲིན་ཐོབ ་རྣམས་ལ་གསལ། །རིག་བྱེད་སེམས་ཀྱིས་རྣམ་པ་ནི། །མན་ངག་རིམ་པའི་ཐག་བཅད་དེ། །རང་བཞིན་དེ་ལྟར་ཡིད་ཆེས་པས། །རྣམ་པར་མི་རྟོག་དོན་དམ་མོ། །ཆོས་རྣམས་ནམ་མཁའ་མཚོན་པ་སྟེ། །ངོ་བོ་སེམས་ཀྱིས་ཡུལ་ལས་འདས།། ་མིག་རྒྱུའི་རྒྱུ་ཡང་ནམ་མཁའ་ལ། །སྣ་ཚོགས་སྣང་བ་དེ་ལྟར་བྱོས། །ཐེག་མཆོག་ཡངས་པ་ཟབ་མེའི་ལམ། །དམིགས་མེད་སྤྲོས་བ་ཀུན་ལས་འདས། །ཆོས་ཀྱིས་དབྱིངས་སུ་མཉམ་པ་ཡིས། །དེ་ཉིད་དོན་ཆེན་བློ་ལ་འཆར། །ཡོད་མེད་སེམS ་ཀྱིས་ཡུལ་ལས་འདས། །རེ་དོགས་འཛིན་པ་མཛའ་ནས་སངས། །ཆོས་རྣམས་དུ་མ་རོ་གཅིག་ཕྱིར། །བསྒོམ་དང་མི་བསྒོམ་རྩོལ་བ་བྲལ། །སེམས་ཉིད་ཡེ་ནས་སངས་རྒྱས་པས། །ཆོས་གཞན་ཉིད་དུ་སྒོམ་མི་དགོས། །ཡིན་པར་ཤེས་པས ་བློ་ཐག་ཆོད། །དཔལ་ཐོབ་ཡོན་ཏན་དེ་རྩམ་མོ། །རྣམ་པར་རྟོག་དང་མི་རྟོག་ཀྱང། །རང་བཞིན་ཤེས་པས་སྤོང་མི་ཉམས། །ངོ་བོ་ཉིད་ཀྱིས་མ་སྐྱེས་པའི། །རྗེས་མེད་བྱ་བ་ལམ་བཅོས་སུ་མེད། །མི་མཐུན་གཉེན་པོར་དབྱེར་མེད་པ། །དེ་ཤེས ་འབད་པས་བློ་དང་བྲལ། །མཉམ་བཞག་ཆེན་པོའི་དགོངས་པ་སྟེ། །གང་ལ་དེ་ཡོད་རིག་པ་ཅན། །གཅེར་བུ་རལ་པའི་གཙུག་ཕུད་ཅན། །ལས་ཀྱིས་འཕངས་པའི་རྫུ་འཕྲུལ་གྱིས། །འཇིག་རྟེན་པ་ལས་མི་མདོར་ཞིང། །དེ་ཉིད་ཡེ ་ཤེས་མཐོང་བ་མེད། །?་བཞིའི་རྣམ་དག་དཀར་པོ་ལ། །སྣང་བ་སྣ་ཚོགས་རི་མོ་བཀྲ། །ཇི་སྲིད་ནམ་མཁའ་ཨི་མཛའ་ཨི་བར། །ཤེས་རབ་སྤྲུལ་པ་བསམ་མི་ཁྱབ། །སྤྲུལ་ཙམ་ཉིད་ནི་མ་ངེས་ཏེ། །མཉམ་ཉིད་རྒྱལ་པོའི་དང?་ལ་གནས། །དབང ་སྒྱུར་ཡེ་ཤེས་ཆེན་པོ་སྟེ། །དེ་ཉིད་གཞན་མིན་དབང་པོ་ཉིད། །སྦྲ་ཚད་ལུང་གིས་མཚོན་ཆ་ཡང། །སྐྱེ་མེད་རང་བྱུང་དང་ནས་ཤར། །ཚངས་པ་དབང་ཕྱུག་ལ་སོགས་ཀྱང། །ཡི་གེའི་ཤེས་པར་མ་མཐོང་ངོ།། ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དོ། །རྩོལ་བའི་རིང་དུ་སོང་གྱུར་པས། །བརྩོལ་མེད་བླ་མའི་ཞལ་ནས་ནི། །ལེགས་རྙེད་རིང་ཐང་བྲལ་བ་ལྟོས། །རྣལ་འབྱོར་གྱི་དབང་ཕྱུག་ཏཱི་ལོ་པས། རྒྱལ་པོ་སེང་གྲགས་སེང་གེའི་སྒོ་དྲུང་དུ། །མུ་སྟེགས་པ ་ལ་གདམས་པ་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ཨཐིའི།། །།ེ་མ་སངས་རྒྱས་ཨེ་མཆོས། །ེ་མ་གཏུམ་མོ་མཛད་པ་ལེགས། །ེ་མ་གསོད་པ་ཤིན་ཏུ་ཟབ། ། ཨ་སྡུག་བསྔལ་གནས་ནས ་བསྒྲལ། །རྡོ་རྗེ་རིགས་ཀྱིས་དམ་ཚིག་སྟེ། །གསལ་ཞིང་དངས་པ་ཐུགས་ཀྱིས་རིགས། །རྣོ་ཞིང་རྩུབ་པའི་འབིགས་པ་ཡང། །གང་ལ་བསྣུན་པས་འཇོམས་པར་བྱེད། །མ་སྐྱེས་རྡོ་རྗེ་ཡེ་ཤེས་ཀྱང། །རྣོ་ཞིང་འབུགས་པའི་རང་བཞིན ་སྟེ། །གསད་ཅིང་འཕྲིན་ལས་དྲག་པོ་ཡིས། །སྡུག་པ་མ་ལུས་ཞི་བར་མཛོད། །བརྩེ་ཞིང་མཁས་པས་རྣལ་འབྱོར་པས། །ཅི་ནུས་གསད་པའི་སྦྱོར་བ་ཙམ། །ངན་སོང་གསུམ་དུ་བཀའ་སྩལ་དང། །བསྒྲལ་པའི་གནས་ལྔར ་གྲགས་པ་དང། །སྙིང་རྗེས་ཡུལ་ནི་རྣམ་པ་གཉིས། །ལས་དང་དགེ་བའི་བསྡུས་པའོ། །རང་བཞིན་ཡེ་ནས་རྣམ་དག་ཀྱང། །མ་རྟོགས་ཉོན་མོངས་དབང་གིས་ན། །ཁམས་གསུམ་སྡུག་བསྔལ་མྱོང་འགྱུར་ལ། །གསང་པ་ཐར་པའི་བྱ་ཕྱིར་རོ།། ་དེའི་རིག་པ་འོག་མིན་ནམ། །སངས་རྒྱས་ཞིང་ལས་མི་ལྡོག་པའི། །གནས་སུ་ངེས་པར་བྱས་ནས་ནི། །ཡོན་ཏན་ལྡན་པའི་གནས་སུའོ། །ཆོས་རྣམས་ཅི་ཡང་མིན་པ་ལ། །སྙིང་རྗེའི་གསང་པར་དམ་བཅས་ནས། །ཆོས་ཀུན ་འཛིན་པའི་ཤེས་རབ་ཀྱིས། །ཇི་ལྟར་རྟོག་ཅིང་གོམས་པ་ལས། །ཡིག་འབྲུ་སྣ་ཚོགས་འོད་ཟེར་གྱིས། །སྒྲིབ་པ་བྱང་ཞིང་གོ་འཕངས་བགོད། །སྔགས་དང་ཕྱག་རྒྱ་ལྡན་པ་ཡིས། །རྒྱལ་པའི་ཐུགས་རྗེས་གསད་པར་བྱས། །དེ་ཡིས ་ཆོས་ཀུན་དོན་རིག་ཅིང། །དེ་ལྟ?་སྒྲིབ་པའི་བག་ཆགས་ཆོམས། །ཤེས་རབ་ཏིང་འཛིན་ཁྱད་པར་རྣམས། །སྐྱེ་འགྱུར་དགོས་པ་མེད་ལས་གསད། །དེ་བསད་མཆོད་པའི་ཁྱད་པར་གྱིས། །རྡོ་རྗེ་མཁའ་འགྲོ་ལ་སོགས་མཉེས།། ་དེ་འོག་སེམས་ཅན་དོན་བྱས་ཏེ། །སྡུག་བསྔལ་གནས་བསྒྲལ་བསོད་ནམས་ཚོགས། །རང་སེམས་ཁྱད་པར་དམ་ཚིག་ཉེ། །དབང་དོན་ཕུན་སུམ་ཚོགས་པའོ། །ངན་འགྲོ་རྣམས་ཀྱིས་སྒྲིབ་པ་སྦྱངས། །བསད་པ་བྱང་ཆུབ་ལམ་ལ་དགོད།། ་གཞན་དོན་ལྷུན་གྱིས་གྲུབ་པའོ། །དེ་ལྟར་ཤེས་རབ་ཆེན་པོ་ཡིས། །དངོས་འཛིན་རྡུལ་ཙམ་མ་དམིགས་ལ། །ཐབས་སུ་མ་གྱུར་གང་ཡང་མེད། །མཉམ་པར་ཤེས་ནས་ཅི་དགའ་གྱིས། །སྒྱུ་མ་ལྟ་བུའི་ཚུལ་ཤེས་ནས། །ཡོད་མེད་དམིགས ་པ་ལ་འདས་པས། །ལོག་རྟོག་ཙམ་ལ་སྲོག་ཏུ་སྣང། །སྲོག་ཀྱང་མེད་ལ་བཅང་བྱ་མེད། །སྲོག་ནི་དངོས་པོར་ལྟ་བ་དང། །མཚན་མར་ཞེན་པ་རྣམས་ལ་སྣང། །དེ་ལྟར་མཚན་མ་བྲལ་བ་དང། །སྙིང་རྗེས་བློ་ཅན་རྣམས་ལ་མིན། ་དེ་ལྟར་ཤེས་ལ་སྤོར་ལེན་ནམ། །འཇུག་དང་རྩོལ་ཕ་ལེན་མི་འགྱུར། །སྒྱུ་མ་ལྟ་བུའི་སྤྱོད་པ་ཡིས། །དེ་མ་རྟོགས་པའི་འགྲོ་རྣམས་ལ། །ངང་ལས་མ་གཡོས་སྙིང་རྗེ་ཡིས། །སྣ་ཚོགས་མཛད་པ་སྟོན་པར་བྱེད། །གསོད་པའི་སྦྱོར ་བ་?་པ་ཡིས། །མ་ལུས་རྒྱལ་བས་ས་ལ་འགོད། །གཏུམ་པོ་རང་གིས་གནས་ན་འགྱིང། །དཔའ་བོས་གཡུལ་ལས་རྒྱལ་བར་བྱེད། །ནགས་ཀྱིས་མུན་པ་མེ་ཡིས་བསྲེག་།དུག་མཚོའི་གླིང་ལ་བདུད་རྩིས་མྱོས། །སྔོན་གྱིས་ཐུགས ་དམ་ཆེན་པོ་ཡིས། །འཇིག་རྟེན་འགྲོ་བ་མ་ལུས་པ། །རྒྱལ་བའི་ཞིང་དུ་སྦྱོར་བའི་ན། །གསད་པའི་སྦྱོར་བ་ཤེས་པར་བྱོས། །གཞི་རྩ་བྲལ་བའི་སྐད་ཅིག་ལ། །ཡང་དག་སྒྱུ་མའི་ཚུལ་དུ་སྣང། །བདག་དང་གཞན་གྱིས་རང ་བཞིན་རྣམས། །རྣམ་དག་དབྱིངས་སུ་ཚུལ་གཅིག་གོ། རྣལ་འབྱོར་གྱི་དབང་ཕྱུག་ཏཱི་ལོ་པས། །རིགས་ངན་གཏུམ་པོའི་གྲོང་ཁྱེར་དུ། །ཤན་པ་ལ་གདམས་པ། གསོད་པའི་སྦྱོར་བ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ།། །།ཐཱིི?།། །། ་དཔལ་ལྡན་ཐུགས་ཀྱིས་གསང་བ་ནས། །རིན་ཆེན་སྒྲོན་གྱིས་འོད་ཟེར་གྱིས། །ལོག་ཏོག་མུན་པ་སེལ་མཛད་པ། །བློ་ཡིས་ལེགས་སྤྱད་གསད་པར་རིགས། །སྔོན་སྦྱངས་བསྐལ་པ་མང་པོ་ནས། །རྒྱལ་བ་མཉེས་བྱེད་དགེ་བ་བསྐུན། །དོན་དམ ་ངེས་བའི་རང་བཞིན་ནི། །ཤེས་རབ་མཆོག་ལྡན་དེ་ལ་གསལ། །ཡེ་ཤེས་སྒྱུ་འདྲའི་རྒྱལ་བ་དང། །ལོག་རྟོག་སྒྱུ་འདྲའི་སེམས་ཅན་ཡང། །སྒྱུ་མ་ཡིན་ཕྱིར་རང་བཞིན་མཉམ། །དེ་ལྟར་ཡོང་ཤེས་འགལ་བ་མེད། །ཤེས་རབ་ཆོས་སྐུར ་ཚུལ་གཅིག་ཅིང། །ཐབས་རྣམས་གཟུགས་སྐུར་ཚུལ་གཅིག་པས། །དབྱེར་མེད་སྤྱད་དུ་མེད་པས་ན། །སེམས་ལས་སངས་རྒྱས་ངེས་པར་བྱ། །དེ་ལྟ་བས་ན་སྒྲུབ་བྱའི་ལམ་མེད་ཅིང། །འབད་པ་བྱས་པའི་དོན་མེད་ཀྱི་ན་ཞིག་།དཔེར་ན་དགྲ ་མེད་སྐྱེས་བུ་ཞིག་།རང་གིས་གྲིབ་མའི་འཇིགས་པ་ལྟར། །བཏགས་པའི་འཁྲུལ་འཁོར་ཅན་ལ་ནི། །སྙིང་རྗེ་སྐྱེ་བར་ཅི་མི་རིགས། །སྙིང་རྗེ་སྒྱུ་མ་ལྟ་བུ་ཡིས། །ཐབས་ཀྱིས་སྤྱོད་པ་ཅིར་ཡང་སྟོན། །འཁོར་བ་སྤོང་བར་མི་བྱེད་ཅིང། །ཐར་པ ་འདོད་པ་མི་སྐྱེད?་ཀྱང། །རང་བཞིན་ཤེས་རབ་ཆེན་པོ་ཡིས། །རྒྱལ་བ་དགོངས་པ་དེ་ལྟར་བསྒོམ། །ཆོས་རྣམས་རང་བཞིན་ཤེས་པ་ཡིས། །རྣམ་དག་སེམས་ཀྱིས་དབྱིངས་ལ་རོལ། །ངོ་བོ་སྟོང་པའི་རྟགས་དང་བྲལ། །རང་བཞིན་བདེ་བའི་ཆད ་པ་མེད། །མ་བཅོས་གདོད་ནས་རྣམ་པར་དག། དབྱེར་མེད་ཟུང་འཇུག་སྔགས་ཀྱི་ལམ། །གཉིས་མེད་སྤྲོས་དང་བྲལ་བའི་ཕྱིར། །མིང་ཙམ་དུ་ཡང་མི་དམིགས་སོ། །རྨི་ལམ་སྐྱེས་བུའི་དུག་འཐུངས་ལྟར། །སྲིད་ལས་ཉོན་མོངས་དེ་ལྟར་ཤེས། །དུག? ་གིས་སྡུག་བསྔལ་མི་ཟད་པ། །འཁོར་བའི་སྡུག་བསྔལ་དེ་ཙམ་མོ། །རྨི་ལམ་དུ་ཡང་ནང་གསལ་ལྟར། །ལམ་གྱིS་རིག་པ་དེ་བཞིན་ནོ། །དེ་ཉིད་རྒྱུ་འབྲས་མི་སླུ་བའི། །མ་རིག་གཉིད་ལོག་རྣམས་ལ་ངེས། །འཁོར་བ་རྨི་ལམ་ལྟར་ཤེས་པས། །མི ་འགྱུར་བ་དེ་ཐོབ་རློམ་སེམས་མེད། །མཚན་མའི་ལོག་རྟོག་བྲལ་བ་ན། །ཡེ་ཤེས་ཆེན་པོ་ཆོས་ཀྱི་སྐུ། །བསོད་ནམས་རྒྱལ་བའི་གཟུགས་སྐུ་ལ། །ཏིང་འཛིན་དཔེ་བྱང་དག་གིས་སྤྲད། །རྣམ་སྨིན་ལུས་ལ་ཚུལ་བཞིན་དུ། །སྐུ་གསུམ་འབྱོར་པ་འབྲས ་བུའི་མཆོག་།རྣལ་འབྱོར་ཤེས་རབ་ཏིང་འཛིན་གྱིས། །སེམས་ཅན་ཐུབ་པའི་སྤྱོད་ཡུལ་སྤྱོད། །གནས་མེད་དམིགས་པའི་རྡུལ་དང་བྲལ། །སེམས་ཅན་ཁམས་ལ་སྐྱོ་བ་མེད། །དེ་ལྟར་ཤེས་པའི་རྣལ་འབྱོར་ལ། །མི་བྱ་ཅི་ཡང་ཡོད་མ་ཡིན། །ལུས ་ཀྱིས་བཅོས་བ་ལ་སོགས་མེད། །ནམ་མཁའ་ཨི་རི་མོར་བཞིན་དུ་ལྟ། །ཆོས་རྣམས་ཀུན་གྱིས་རྩ་བ་ནི། །སེམས་དང་སེམས་སྣང་ཙམ་དུ་འདུས། །སེམས་ཀྱིས་རང་བཞིན་བྱང་ཆུབ་ལ། །བྱང་ཆུབ་ཀྱང་ནི་སེམས་ཉིད་དོ། །དེ་ལྟར་སེམས་ཀྱིས་རང་བཞིན་དེ། ། ་ཉན་ཐོས་གང་ཟག་མེད་པར་ཤེས། །རང་རྒྱལ་གཟུགས་དོན་མེད་པར་ཤེས། །རྣལ་འབྱོར་སྤྱོད་པའི་གཟུང་འཛིན་མེད། །དབུ་མས་དོན་དམ་བདེན་པ་ལ། །སྔགས་ཀྱིས་བདེན་པ་དབྱེར་མེད་རྟོགས། །སྣང་བའི་བག་ཆགས་ཆེ་ཆུང་གིས། །ཐེག ་པའི་དབྱེ་བ་བསམ་མི་ཁྱབ། །རྒྱལ་མ་རྟེན་འབྲས་བུ་ནི། །མེད་ཅེས་ཐུབ་པའི་མདོ་རུ་གསུངས། །རྒྱུ་མེད་འབྲས་བུ་དག་པ་ནི། །ཁྱོད་ཀྱིས་ཡུལ་མེད་བདེན་པའི་བཀའ་། །ཆོས་རྣམས་རྣམ་པར་སྒྲུབ་བྱེད་ཅིང། །མཚན་ཉིད་ཙམ་དུ་དམིགས ་པས་ན། །རིགས་པའི་གནོད་པ་ལ་སོགས་པ། །དངོས་པོར་ལྷ་རྣམས་ཕན་ཚུན་འགལ། །དེ་ལྟར་རྣམ་པར་སྦྱང་པ་ཡིས། །ཕྱག་རྒྱ་ཆེན་པོའི་ཚུལ་ལ་ནི། །ཕྱོགས་ཙམ་རེག་པ་མ་ཡིན་པའི། །རྒྱ་མཚོ་ཆེན་པོ ་འཇལ་དང་མཚུངས། །ཕྱི་དང་སྣང་སྲིད་ཆོས་རྣམས་ཀུན། །རང་བཞིན་གཉིས་མེད་གདོད་ནས་དག། ལམ་གྱིས་བཅོས་ནས་སྒྲུབ་ཏུ་མེད། །རྩོལ་མེད་ལྷུན་གྱིས་གྲུབ་པའོ། །གསེར་གྱིས་གླིང་ན་རྡོ་མེད་ལྟར། །ཕྱི་ནང་བསྡུས་པའི་ཆོས་རྣམས་ལ། །སྐྱོན ་ཞེས་མིང་ཡང་མ་གྲུབ་ཏེ། །ཐམས་ཅད་རོལ་པའི་བརྒྱན་དུ་ཁྱེར། །རྣལ་འབྱོལ་གྱི་དབང་ཕྱུག་ཏཱི་ལོ་པས། གྲོང་ཁྱེར་པདྨ་ཅན་དུ། རིག་བྱེད་མཁན་པོ་ལ་གདམས་པ། །སྣ་ཚོགས་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ། །ཐིི།། །། ་ཀྱེ་ཧོ། །བཞིན་བཟངས་རྣལ་འབྱོར་བརྩོན་པའི་ང་ལ་ཉོན། །ལེགས་སོ་ལེགས་སོ་ཁྱོད་ཀྱིས་མཛད་པ་ལེགས། །ཐེག་པའི་ཚུལ་ཆེན་ཐུབ་པའི་གསུང་རབ་རྣམས། །སྒྱུ་མ་ལྟ་བུར་རྒྱལ་བའི་རབ་ཏུ་གསུངས། །ཆོས་རྣམས་ཐམས་ཅད ་སྒྱུ་མ་མིག་རྒྱུ་དང། །རྨི་ལམ་གཟུགས་བརྙན་སྤྲུལ་པ་ལྟ་བུ་རུ། །ལེགས་པར་ཤེས་ན་ཉོན་མོངས་སྤང་དུ་མེད། །རང་གྲོལ་ཡེ་ཤེས་ཐུབ་པའི་དགོངས་བའོ། །ཁྱོད་ཀྱིས་རྡེའུ་ཤིང་པུ་ལ་སོགས་ལ། །སྦྱོར་བ་གོམས་པ་སྔགས་ཀྱིས་བསྣུན ་པ་ན། །སྐྱེས་པ་བུད་མེད་རྟ་དང་གླང་པོ་སོགས། །གཟུགས་བརྙན་སྣ་ཚོགས་སྣང་བ་འབྱུང་བ་ན། །དང་པོ་གང་ནས་ཀྱང་ནི་མ་བྱུང་ལ། །སྣང་བའི་ཚེ་ན་སྒྱུ་མ་ཡིན་པའི་ཕྱིར། །མཚན་མ་གང་ཡང་ཡོད་མིན་སྒྱུ་མ་བསྡུས་པ་ན། །འགག ་ཅིང་མི་སྣང་གྱུར་ཚེ་གང་དཱུང་སོང་བ་མེད། །བསྡུས་ཚེ་མི་སྣང་གྱུར་ཀྱང་སྐད་ཅིག་རྒྱུན་མ་ཆད། །དེ་ལྟར་སྣང་དང་མི་སྣང་གཉིས་ཀ་མཚན་ཉིད་མེད། །གཅིག་ཉིད་ཡིན་ཕྱིར་ཇི་སྲིད་རྐྱེན་ཉིད་དང། །ཉེ་བར་གནས་པར་སྣང་ཙམ་མཚན ་བཟང་པོའི་སྒྱུ་མའི་ཐུབ་ལ་གདུགས་ཚོང་ཕུལ། །ཚོགས་གཉིས་རྫོགས་པ་སྒྱུ་མའི་སྣང་བ་ཡིས། །བྱེ་བྲག་གྱུར་པ་མེད་ཏེ་མགོ་མཉམ་མོ། །མིག་རྒྱུ་དག་ཀྱང་ཉམས་ཀྱིས་འདུ་འཕྲོ་ཡིས། །ལས་ཀྱི་བྱ་བ་བྱེད ་དང་མགོ་མཉམ་མོ། །རྨི་ལམ་དག་ལ་ལྷའི་ལུང་བསྟན་ནས། །མ་འོངས་དངོས་པོ་སྟོན་ཏེ་བྱེ་བྲག་མེད། །གཟུགས་བརྙན་ཀྲ་ཡི་སྔགས་ལས་གྲུབ་པ་ཡིས། །ལྐོག་གྱུར་རྐུན་མོའི་གཟུགས་མཐོང་ཐ་དད་མེད། །སྤྲུལ་པ་འགྲོ་?་འདོན ་དུ་རྒྱལ་བའི་སྤྲུལ། །བསྐལ་པར་གནས་ཏེ་མཛད་པ་སྒྲུབ་པ་མེད། །ལོ་ཟླ་སྐད་ཅིག་སྣ་ཚོགས་སྣང་བ་ཡང། །སྤྲུལ་པར་རྟོགས་ཏེ་བྱེ་བྲག་མཚུངས་པའོ། །དེ་ལྟར་སྒྱུ་མ་འདྲ་བའི་དངོས་པོ་ཀུན། །འབྱིན་དང་བསྡུད་དང་འཕེལ་བར་བྱེད་པ་ཡིས།། ་དེ་ལྟར་དེ་ལ་སྔག་པའི་ཡོང་མི་གོས། །བསོད་ནམས་དག་ཀྱང་དེ་བཞིན་ཤེས་པར་བྱ། །གང་ལ་སྡིག་དང་བསོད་ནཾས་གཉིས་མེད་པ། །དེ་ལྟར་གྱུར་ལ་བྱང་ཆུབ་བར་དུ་གསུངས། །ཆུ་ཡིས་གནོད་པ་གཟིངས་ཀྱིས་ལན་པ་བསྒྲུབ། །ཆུ་མེད་གྱུར ་ཚེ་གཟིངས་ཀྱིས་དགོས་པ་མེད། །དེ་བཞིན་གནས་ངན་ལེན་གྱིས་གནོད་ཀྱིས་བར། །སྒྱུ་མར་ཤེས་པ་གང་ལ་ཡོང་པ་ཕན། །གནས་ངན་ལེན་གྱིས་གནོད་པ་བྲལ་བ་ན། །བསོད་ནམས་སྒྱུ་མ་ལྟ་བུར་དགོས་པ་མེད། །སེམས་ཅན ་སངས་རྒྱས་རང་བཞིན་མཉམ་པ་ཏེ། །ཆོས་རྣམས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང། །རང་བཞིན་འོད་གསལ་གདོད་ནས་འདུས་མ་བྱས། །སྒྱུ་མའི་གོས་ཡིན་ཡེ་ནས་སངས་རྒྱས་སོ། །དེ་ལྟར་ཤེས་ནས་བདག་གཞན་དབྱེར་མེད་པ།། ་ཕུང་སོགས་སྒྱུ་མ་ཙམ་དུ་སྣང་བ་ཡིས།།དེ་བཞིན་གཤེགས་པར་ཤེས་པས་བློ་ལྡན་ནི། །ལམ་གྱིས་མཆོག་ཏུ་རྒྱལ་བའི་རབ་ཏུ་གསུངས། །དེ་ལྟར་ཁྱེད་ཀྱིས་བྱ་བ་ཆོས་མཚོན་དཔེ། །བདེན་པའི་སྟོང་པའི་ཆོས་ཉིད་གང་ཡིན་དེ།། ་ངེས་པས་དོན་དུ་ཡང་དག་སྟོང་པར་རྟོགས། །ཆོས་ཀྱི་དབྱིངས་ཡིན་རྣམ་པར་དག་པའི་ངང། །འགྲོ་བ་སྒྱུ་མའི་ལམ་ཡང་དེར་ཤེས་ནས། ཡེ་ཤེས་སྒྱུ་མ་ལྟ་བུའི་དོན་བྱེད་ཤོག། །རྣལ་འབྱོར་གྱི་དབང་ཕྱུག་ཏིལ་པས། ་གྲོང་ཁྱེར་གྲགས་པ་སྐྱོང་དུ། སྒྱུ་མ་མཁན་ལ་གདམས་པ། དངོས་པོ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་རྫོགས་སོ།། །།ཆོས་སྤྱོད་མི་དགེ་རང་གྲོལ་སོགས་འགའ་ཡར་བཞུགས་སོ།། །། ་