| Wylie | e-texts based on the ACIP/ALL Input |
རྒྱ་གར་གྱི་མཁས་གྲུབ་ན་རོ་པན་ཆེན་གྱི་ཞལ་མངའ་ནས། བོད་ཀྱི་ལོཙྪ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་པུ་ལ་ཧ་རིར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།ཆོས་དྲུག་རྡོ་རྗེའི་ཚིག་རྐང། ། ་རྒྱ་གར་སྐད་དུ། དྷརྨ་ཥཊ་བཛྲ་ཡོ་གེ་ཐ་ནཱ་མ་།བོད་སྐད་དུ། །ཆོས་དྲུག་རྡོ་རྗེའི་ཚིག་རྐང་ཞེས་བྱ་བ་། དཔལ་ཟུང་འཇུག་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །གང་ཞིག་བརྗོད་བྲལ་ལྷུན་གྲུབ་འདུས་མ་བྱས། ། ་ཁ་སྦྱར་བདེ་ཆེན་ལོངས་སྐུ་གང་འདུལ་ཤར། །སྐུ་གསུམ་བདུན་ལྡན་རྡོ་རྗེ་འཆང་དབང་གིས། །ཐེག་ཆེན་སྐྱེ་མེད་རང་སྒྲ་འདི་སྐད་ཐོས། །དབང་བཞིས་སྨིན་བྱས་དང་དང་བརྩོན་འགྲུས་ལྡན། །མི་རྟག་སྐྱོ་ཤས་ཉེས་དམིགས ་སྔོན་འགྲོ་བས། །ལམ་མཆོག་འདི་ལ་གང་གིས་འབད་གྱུར་ན། །ཟླ་དྲུག་ལོ་འམ་ཚེ་འདིར་སངས་རྒྱས་འགྱུར། །ཐབས་ལམ་བདེ་དྲོད་རང་འབར། །སྒྱུ་ལུས་ཆགས་སྡང་རང་གྲོལ། །རྨི་ལམ་ཉིད་འཁྲུལ་རང་དག་།འོད་གསལ་གཏི ་མུག་རང་སངས། །འཕོ་བ་མ་སྒོམས་སངས་རྒྱས། །བར་དོ་ལོངས་སྤྱོད་རྫོགས་སྐུ། །རང་ལུས་ཐབས་ལྡན་རྩ་གསུམ་འཁོར་ལོ་བཞི། ཨ་ཧཾ་འབར་འཛག་སྐད་ཅིག་དགའ་བཞིས་བརྒྱན། །ཤེས་རབ་ཁ་ག་མུ་ཁའི་སྙོམས ་འཇུག་གིས། །ཟག་བཅས་ཟག་མེད་དགའ་བཞི་རིམ་བཞིན་ནོ། བཅུད་བསྡུས་དག་བྱེད་སྟོང་རའི་གནད་གསུམ་དང། །དྲོད་མྱུར་གཏུམ་མོའི་ཆོས་དྲུག་རིམ་བཞིན་ཏེ། །རི་བོང་དབབ་བཟུང་ཟློག་འགྲམ་རླུང་དང་བསྲེ། །ཟབ་མེད་ཡེ ་ཤེས་ཆེན་པོས་བརྒྱན་པར་བྱའོ། །གཏུམ་མོ་ཟས་སུ་ཟབ། གོས་སུ་གྱོན་པ། སྟན་དུ་འདིར་གབ་།སྲིད་པའི་དབང་ཞུ་བ། གེགས་རང་གྲོལ་དང་རླུང་རྟར་ཞོན་པའོ། །སྒྲུ་ལུས་བདེན་མེད་དབང་པོ་རབ་འབྲིང་གསུམ། །འབྲལ་མེད་མོས ་གུས་རང་ལུས་ཅིར་སྣང་ཀུན། །སྣང་སྟོང་བདེན་བྲལ་ལྷ་སྐུའི་ལམ་ཁྱེར་བྱ། །ཆགས་སྡང་རང་གྲོལ་བཅུ་བཞིའི་ས་ཐོབ་འགྱུར། །དབང་པོ་རབ་གྲོགས་སུ་བླ་མ་དམ་པ་བརྟེན་པ། འབྲིང་ཚིག་གཞན་གྱིས་བར་མཆོད་པར་ཁྲིད་པ་ཐ་མ་མལ ་ཅིག་ཏུ་ཏིང་ངེ་འཛིན་བསྐྱེད་པའོ། །གང་གིས་བསམ་པ་ཐམས་ཅད་ཡོངས་སྤངས་ནས། །རྨི་ལམ་འདུན་པའི་གནད་ལ་འབྲལ་མེད་བྱ། །ཉིང་འཁྲུལ་ཡང་དག་སྒྱུ་མ་ལམ་རིམ་གྱི། །ཡོན་ཏན་ཉིན་མཚན་དུས་སུ་རང་ཤར་འབྱུང། །རྨི་ལམ ་བཟུང་བ། སྦྱང་བ། སྤེལ་བ། སྤྲུལ་པ། བསྒྱུར་བ། ཡུལ་སྣང་ངོ། །འཁྲུལ་འབྱམས། བདེ་འབྱམས། སྟོང་འབྱམས་རྣམས། མོས་གུས་ཚོགས་སོགས་གར་སེལ་བརྒྱན་པར་བྱ། །འོད་གསལ་འཆར་བྱེད་བླ་མའི་མོས་གུས་དང། བདེ་ཆེན ་ཟག་བཅས་ཟག་མེད་ལྟ་སྟངས་ཀྱིས། །བདེ་གསལ་མི་རྟོག་དབྱེར་མེད་རང་ཤར་འབྱུང། །སྦྱོར་དངོས་རྗེས་གསུམ་དུས་གནང་བརྒྱན་པར་བྱ། །འོད་གསལ་བཟུང་བ་ལམ་ཁྱེར་བསྲེ་བ་མཐར་ཐུག་གོ་།འོད་གསལ་མངོན་གྱུར་དམ་པ ་ཉམས་མྱོང་ཅན། །འཆར་སྒོ་གེགས་སེལ་བོགས་འདོན་བརྒྱན་པར་བྱ། །འཕོ་བྱ་འཕོ་བྱེད་བྲལ་བ་ཡང་རབ་སྟེ། །འབྲིང་དང་ཐ་མས་ཆགས་སྡང་སྤང་བྱས་ནས། །དགའ་ཞིང་མོས་གུས་དམིགས་པ་རྩེ་གཅིག་གིས། །གྱེན་དུ་འཕང ་ཞིང་སྨོན་ལམ་བརྒྱན་པར་བྱ། །ཆོས་སྐུ་དེ་བཞིན་ཉིད་ཀྱི་འཕོབ། ཟུང་འཇུག་ཡི་དམ་གྱི་འཕོ་བ། བྱིན་རླབས་བླ་མའི་འཕོ་བ། འདུག?་མེད་མཁའ་སྤྱོད་ཀྱི་འཕོ་བའོ། །དུས་གནད་ལུས་གནང་རྫས་དང་ངག་གནད་ལ། །སྦྱངས་ཤིང ་བརྟན་པས་འཕོ་བ་མཆོག་ཡིན་ནོ། །ཕར་?་སོགས་འོད་གསལ་ཆོས་སྐུ་དང། །གང་འདུལ་སྤྲུལ་སྐུས་མཚམས་སྦྱོར་སྐྱེ་ཤས་གནད། །ཆགས་སྡང་ཕྲག་དོག་འོད་གསལ་ལྷ་སྐུས་སྦྱང། །སྒྲིབ་གཉིས་རང་དག་སྐུ་གསུམ་མངོན་དུ ་འགྱུར། །བར་དོ་དང་པོའི་འོད་གསལ་རང་ཤར། །འབྲིང་རྒྱལ་བ་ལོངས་སྐུ་རང་ཤར། ཐ་མ་སྤྲུལ་སྐུ་འགག་མེད་རང་ཤར། །སྤྱི་གནང་འཆུག་མེད་ལམ་འཁྱེར་རོ། །གཟུགས་སྒྲ་ཆུ་སྣང་བྱེད་ལ་སོགས་པ་ཡི། ་ཐིམ་འགྲོས་རང་བཞིན་བརྒྱད་ཅུ་ཤེས་པར་བྱའོ།། །།ལོག་ལྟས་རྒྱུད་དཀྲུགས་རྩོད་ལྡན་སྙིགས་མའི་དུས། །ཡང་དག་ཆོས་ནི་ཉིན་སྐར་རུ་སྦལ་སྦུ། །ཆོས་ལོག་ཚོང་དུས་འོ་མའི་ཆོས་སྤྱོད་ཆེ། །ཉམས་མྱོང་ལུང་དང ་ཐ་མ་ཡིག་བརྒྱན་པ་གཅེས། །ལམ་གྱི་མཆོག་གྱུར་འདི་ནི་ཉམས་ལེན་རྣམས། །གཞན་གྱི་དུས་མིན་འདི་འམ་བར་མདོར། །བདེ་སྟོང་དབྱེར་མེད་དང་ཤར་ནས། །རྣམ་པར་དག་པའི་མཁའ་སྤྱོད་ཉིད་དུ་འགྲོ། འདི་ཉིད་མི་རབས་བདུན་དུ་ཚིག ་བརྒྱུད་ལས། མི་སྤེལ་རྡོ་རྗེའི་རྒྱ་?་གདབ་པར་བྱ། །ཆོས་དྲུག་རྡོའི་ཆིག་རྐང་ཞེས་བྱ་བ་རྫོགས་སོ།། །།ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཞལ་ནས་ལོཙྪ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ། །བདག་ཁྱུད་པོ་རྣལ་འབྱོར ་པས་གསེར་སྲེང?་ལྔ་བརྒྱ་ཕུལ་ནས་ཞུས་ཏེ་ཉམས་སུ་མྱོང་བར་བྱས་པའོ། །ཕྱིས་ཐོ་ལིང་དུ་ལོཙྪ་བ་རིན་ཆེན་བཟང་པོས་གཏན་ལ་ཕབ་པའོ།། །།ཕྱག་ཆེན་རྡོ་རྗེའི་ཚིག་རྐང།། །།རྒྱ་གར་སྐད་དུ་།མཧཱ ་