CLOSE WINDOW

N3419: chos drug gi man ngag zhes bya ba
Wyliee-texts based on the ACIP/ALL Input

མཛོད། །སྤྲ་ཁྲིད་ལུང་བསྟན་ཏེ་ལོ་དུས་གསུམ་མཁྱེན་པའི་གསུངས་རྫོགས་སོ། །ཐིི། །རྒྱ་གར་སྐད་དུ། ཥ་ཌ་དྷ་རྨཱ། ཨུ་པ་དེ་ཤ་ན་མ(རྒྱུད་འགྲེལ་ཕྱག་འཚལ་ལོ། །དལ་འབྱོར་རྒྱུ་འབྲས་ལས་རྣམས་ལས། །དལ་འབྱོར་དོན་གྱི་སྙིང་པོ་རྩལ། །རྣལ་འབྱོར་ལུས་ཀྱི་རྩ་ཡི་ཚོགས། །གྲ་རགས་རླུང་དང་ལྡན་པ་ཡི། །དབང་དུ་བྱེད་ཐབས་འཁྲུལ་འཁོར་གྱིས། །དབྱུང་རྡུབ་དགང་དང་གཞིལ་བ ་སྟེ། །ལ་ལན་དང་དཱ་པ་ན། ཨ་ཝ་དྷུ་ཏིའི་འཁོར་ལོ་བཞི། །ལྟེ་བར་ཙཎྜ་ལིའི་མེ། །ཕྲ་རབ་ལས་འཕེལ་ཧཾ་ལས་ནི། །བདུད་རྩིའི་ཆུ་རྒྱུན་དགའ་བཞིའི་འགྲོས། །རྒྱུ་མཐུན་ལ་སོགས་འབྲས་བུ་བཞི། །འཁྲུལ་འཁོར་དྲུག་གིས་རྒྱས་པར ་བྱ། །ཙཨཱརྱ་བའི་ཨུ་པ་དེ་ཤའོ། །སྣོད་བཅུད་ཁམས་གསུམ་མ་ལུས་པ། །སྒྱུ་མ་རྨི་ལམ་ལ་སོགས་དཔེས། །འགྲོ་འདུག་སྤྱོད་ལམ་ཀུན་ཏུ་སྦྱང། །ལྷ་ཚོགས་སྒྱུ་མ་མེ་ལོང་གཟུགས། །རྡོ་རྗེ་སེམས་དཔའ་ལེགས་བྲིས་པ། །གཟུགས་བརྙན ་གསལ་བ་སྣང་དང་གསུམ་དོའི?། མཚུངས། །དེ་ཉིད་སྒྱུ་མའི་གཟུགས་བཞིན་དུ། །སྒྱུ་དཔེ་བཅུ་གཉིས་ལྟར་མཐོང་བ། །རྣལ་འབྱོར་སྒྱུ་མའི་དོན་མཐོང་བའོ། །ནཱ་ག་རྫུ་ནའི་ཨུ་པ་དེ་ཤའོ། །རྨི་ལམ་རྨི་ལམ་དོན་ཤེས་ཤིང། །རྒྱུན་ཏུ་ཟབ་མོའི་དོན ་བསྒོམ་པ། །ནཱ་ད་ཐིག་ལེ་པ་སོགས་པས། །རིགས་ལྔའི་ས་བོན་ལ་དམིགས་ནས། །སངས་རྒྱས་ཞིང་དང་སངས་རྒྱས་བལྟ། གཉིད་དུས་བདེ་ཆེན་བསྒྲུབ་པའི་?་ལུས་ཀྱི་ཐབས། །ལབ་མི་ལམ་གྱི་བའི་ཨུ་བ་དེ་ཤའོ། །རྣལ་འབྱོར་ཨ ་ཝ་དྷུ་ཏཱི་པ། ། ཝ་དྷུ་ཏིར་སེམས་གནས་པས། །སྙིང་གི་ཐིག་ལེར་སེམས་བརྟེན་པས། །འོད་དང་འོད་ཟེར་འཇའ་རིས་དང། །སྐྱ་རེངས་ཉི་འོད་དང། །ཉི་མ་ཟླ་བ་ཤར་འདྲ་དག། །ལྷ་དང་སྐུའི་སྣང་བ་སོགས། །སྣ་ཚོགས་ཞིང་ཁམས ་དག་པར་འགྱུར། །རྣལ་འབྱོར་པ་ཡི་ལམ་ཆེན་དེ། །ནཱ་ག་རྫུན་ནའི་ཨུ་པ་དེ་ཤའོ། །རྣལ་འབྱོར་འཆི་བའི་དུས་ཀྱི་ཚེ། །དབང་པོ་རྣམས་དང་འབྱུང་བ་བསྡུད། །ཟླ་ཉི་རླུང་རྣམས་སྙིང་ཁར་འདུས། །རྣལ་འབྱོར་ཏིང་འཛིན་སྣ་ཚོགས་འཆར། །རྣམ་ཤེས་ཕྱི་རོལ ་ཡུལ་སོང་ན། །རྨི་ལམ་ཡུལ་བཞིན་སྣ་ཚོགས་སྣང། །བདུན་འོད་གསལ་གྱི་བདུན་དུས་ཚེས་འཆི་སྣང་དང། །དེ་ནས་སྐྱེ་བར་འགྱུར་བ་ཉིད། །དེ་ཚེ་ལྷ་ཡི་རྣལ་འབྱོར་བསྒོམ། །ཡང་ན་དེ་ཉིད་དང་ལ་བཞག། དེ་རྗེས་སྐྱེ་ལ་ཕྱོགས་པའི་ཚེ། །མངའ་བདག ་ལྷའི་རྣལ་འབྱོར་གྱིས། །སྣང་སྲིད་ལྷ་ཡི་རྣལ་འབྱོར་བསྒོམ། །དེས་ནི་བར་དོ་ཁེགས་པར་འགྱུར། །པུ་ཀ་སིདྷིའི་ཨུ་པ་དེ་ཤའོ། །དེ་ལས་རྣལ་འབྱོར་འཕོ་བའི་ཚེ། །གྲོང་འཇུག་ལྷ་དང་ས་བོན་ཀྱི། །འགྲོ་འོང་རིང་དང་ཐུང་བ་དང། །ལྷ་བསླབ?་ཅིང་འཕར་བའི་དུས། ། ་གང་འདོད་གྲོང་དུ་འཇུག་པར་བྱ། །གོང་དུ་འཕོན་སྟོང་ར་ལྟ། །ཡཾ་སྦྲོད་ཧི་ཀ་ཧཱུཾ་དང་ཧཱུཾ། །ལྷ་དང་བླ་མའི་ཐུགས་ཀར་འཕང། །དེས་ནི་འདོད་པའི་གནས་སུ་འཕོ། །བུ་ཀ་སིདྷིའི་ཨུ་པ་དེ་ཤའོ། །གྲུབ་པའི་རྣལ་འབྱོར་གྱི་དབང་ཕྱུག་ཏིལམི?་པའི་ཞལ་སྔ་ནས ་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ནཱ་རོ་པཎྜི་ཏ་དང། བོད་ཀྱི་ལོཙྪ་བ་མར་པ་?་ལྷོ་བྲག་པ་ཆོས་ཀྱི་བློ་གྲོས་ཀྱིས། །ཁ་ཆེའི་གནས་བུཥཔ་ཧ་རིར་བསྒྱུར་ཞིང་བཏན་ལ་ཕབ་པའོ།། །། ་