| Wylie | e-texts based on the ACIP/ALL Input |
རྫོགས་སོ།། ཛྲ་ས?་དྷ་པས?་བསྟོད་པ། །ོཾ་སྭ་སྟི་སིད་བྷཾ།?་དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་དབྱིངས་ནས་བཞེས་པའི་སྐུ་མཆོག་ནི། །ཉོན་མོངས་རྣམ་དག་ཡེ་ཤེས་སྐུ་བརྙེས་ཤིང། ། ་སྲིད་པ་སྦྱོང་མཛད་ཉོན་མོངས་གདུང་བ་སེལ། །སྒྱུ་མ་སྤྲུལ་པས་འགྲོ་དོན་རྫོགས་པར་མཛད། །བདེ་མཆོག་འཁོར་ལོ་མཁའ་འགྲོ་ཀུན་གྱི་གཙོ། །འཇིགས་མཛད་དཔའ་བོ་བསྐལ་པཱི་མེ་ལྟར་འབར། །ཕྲིན་ལས་སྣ་ཚོགS་རིཌ་ལྟས་ཡོངས་མཚན་པའི ་རལ་པའི་ཐོར་གཙུག་སྣ་ཚོགས་རྡོ་རྗེས་མཛེས། །བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཡོངས་རྫོགས་པའི། །སྤྱི་བོར་ཟླ་ཚེས་ཅོན་པན་འཁོར་ལོས་བརྒྱན། །ཞལ་གདངས་ཁྲོ་གཉེར་སྨིན་མ་གློག་ལྟར་འཁྱུག་།སྐྱེ་ཤི་རྩད་གཅོད་རྐེད་རུས་མཐེ་བ་གཙིགས། །ཚད ་མེད་བཞི་ལྡན་དཔའ་བོའི་ཞལ་བཞི་ལ། །མི་བསྐྱོད་ལ་སོགས་རིགས་ལྔས་ཡོངས་མཚན་པའི། །རྡོ་རྗེ་ཕྲེང་དང་ཐོད་པ་རྣམ་ལྔས་བརྒྱན། །སྟོང་ཉིད་སྙིང་རྗེ་རབ་འཁྲུགས་གྱུར་པ་ཡི། །འོད་ཟེར་ཕྲེང་བ་སྣ་ཚོགས་དུ་མ་ལས། །སངས་རྒྱས་ཆགས་ནི་ཀུན་ཏུ ་སྦྱིན་འཕྲོ་བའི། །སྐུ་གསུམ་དཔའ་བོ་ཡེ་ཤེས་ལྔ་བདག་ཉིད། །སྒྲེག་པ་ལ་སོགས་རོལ་པའི་གར་གྱིས་མཛེས། །སྙིང་རྗེ་སྤྱན་དམར་བཅུ་གཉིས་མེ་བཞིན་གཟིགས། །ཧེ་རུ་ཀ་དཔལ་བདེ་མཆོག་སྤྲུལ་པའི་སྐུ། །འཆད་བྱེད་ཚོགས་དང་ཉན་པའི ་ཚོགས་ལྡན་དང། །ཉན་ཐོས་རང་རྒྱལ་བླ་མེད་རྒྱལ་བ་དང། །འཇིག་རྟེན་པ་དང་འཇིག་རྟེན་རབ་འདས་དང། །རང་བཞིན་ཞིད་ལས་ཁྱོད་ནི་གཞན་མ་མཆིས། །གསང་བ་བདེ་མཆོག་བདུད་བྲལ་ཡེ་ཤེས་སྐུ། །ཕ་རོལ་ཕྱིན་དྲུག་ཕྱག་རྒྱ་དྲུག་གིས་བརྒྱན།། ་ཨ་ལ་ལ་ཞེས་དུར་ཁྲོད་གར་དང་ལྡན། །ཕེམ་གྱི་སྒྲ་སྒྲོགས་མཁའ་འགྲོའི་ཚོཌ་རྣམས་སྡུད། །འདུ་བྱེད་རྣམ་དག་མགོའི་ཕྲེང་བས་བརྒྱན། །གདུག་པ་ཀུན་འདུལ་སྟག་གི་ཤམ་ཐབས་ཅན། །རྡོ་རྗེ་གང་མོས་ཁམས་གསུམ་དབང་དུ་སྡུད། །མ་རིག་ལ ་སོགས་རྟེན་འབྲེལ་རྣམ་དག་པའི། །བྱམས་པའི་ཐུགས་མངའ་བཅུ་གཉིས་ཕྱག་དང་ལྡན། །གཡས་ཀྱི་དང་པོ་རྡོ་རྗེ་རྩེ་ལྔ་ནི། །ཡེ་ཤེས་ལྔ་ལྡན་དུག་ལྔ་རྣམ་པར་འཇོམས། །ཕྱག་གཡོན་དང་པོ་དྲིལ་བུ་རྣམ་འཛིན་ཅིང། །རྣམ་རྟོག་སྤངས་པའི ་ཤེས་རབ་བདག་ཉིད་ཅན། །གཏི་མུག་རྣམ་དག་དེ་འོག་ཕྱག་གཉིས་ཀྱིས། །གླང་ཆེན་ཀོ་རློན་འབའ་བོའི་གོས་སུ་གྱོན། །ཆོས་རྣམས་སྒྲོགས་པའི་ཌཱ་མ་རུ་བསྣམས་ཤིང། །ལྷ་སྐུ་རྣམ་དག་ཁ་ཊཝཱཾ་རྡོ་རྗེས་མཚན། །ཐུགས་རྗེ་དགྲ་སྟས་དྲག་པོའི་ལྟ ་རྣམས་འཇོམས། །འདོད་ཆགས་རྣམ་དག་ཐོད་པ་ཁྲག་ཅན་འཛིན། །གྲི་གུག་འབར་བས་ཉོན་མོངས་འཆིང་བ་གཅོད། །སྡིགས་མཛུབ་ཞགས་པས་བདུད་དང་གཤིན་རྗེ་འདུལ། །དྲི་ཤུལ་རྩེ་གསུམ་སྐྱེས་བུ་ཕུག་ཅིན་འབྱར། །བདུད་བཞི་ལས་རྒྱལ ་ལྷ་ཆེན་རྣམས་བསང་པའི། །ཚངས་པའི་མགོ་བཅད་དཔའ་བོའི་ཕྱག་མཚན་བསྣམས། །རྟག་ཆད་སྤངས་པས་སྣ་ཚོགས་པདྨ་དང། །ཉི་ཟླའི་དབུས་ན་བགེགས་ཆེན་དུ་མ་གཟིར། །གཡས་བརྐྱང་ཞབས་ཀྱིས་འཇིགས་བྱེད་དུས ་མཚན་མནན། །ཧཱི་ཧཱི་བཞད་པའི་ཕག་མོ་སྐུ་ལ་འཁྲིལ། །ཁྲོས་པའི་དཔུང་ཆེན་བདུད་དགྲ་བརླག་པར་མཛད། །གསང་བའི་མགོན་པོ་རང་ཉིད་ལ་གུས་ཤིང། །བསྐྱེད་རྫོགས་ལས་ལ་དངོས་གྲུབ་མཆོག་ལ་དགའ་། །བརྟན་པའི་བློ་ཅན་བརྩོན་པའི ་རྣལ་འབྱོར་པའི། །ཏིང་འཛིན་གཟུངས་དང་དངོས་གྲུབ་མཆོག་བརྙེས་པ། །དངོས་གྲུབ་མཆོག་སྩོལ་ཧེ་རུ་ཀ་ལ་འདུད། །གསང་བ་ཀུན་ལྡན་རྡོ་རྗེ་ཕག་མོ་ནི། །བདེ་མཆོག་འཁོར་ལོ་འཇིགས་བྱེད་རྒྱལ་པོའི་ཡུམ། །འདོད་པའི་དབང་ཕྱུག་སངས་རྒྱས ་མཁའ་འགྲོ་མ། །བདུད་འདུལ་རྒྱལ་མོ་དཔལ་ལྡན་དབང་ཕྱུག་སྐུ། །སྐུ་མདོག་དམར་མོ་ཐོང་པའི་ཕྲེང་བ་འཛིན། །གྲི་གུག་སྡིགས་མཛུབ་གདུག་པ་སྐྲག་མཛད་ཅིང། །ཐོད་པ་ཁྲག་ཅན་ཧེ་རུ་ཀ་ལ་འཁྱུད། །མཆེ་བ་གཙིགས་ཤིང་དྲག་ཤུལ་འཇིགS ་ལྡན་མ། །དམན་པས་སྒྲུབ་ནུས་མཁའ་འགྲོ་དབང་དུ་སྡུད། །ཆགས་མཛའ་རྟོག་མེད་ཞལ་གཉིས་དང་ལྡན་ཞིང། །རྡོ་རྗེ་དབང་ཕྱུག་སྙིང་རྗེ་ཆེ། །བདུད་འདུལ་དབང་ཕྱུག་མཁའ་འགྲོ་ཡེ་ཤེས་སྐུ། །གསང་བའི་ལྷ་མོ་འགྲོ་བའི་དོན་མཛད་མ། །ཡེ་ཤེས ་མེ་དཔུང་དཔའ་མོ་གློག་ལྟར་འབྱུང?། །མཁའ་འགྲོ་བག་མོ་འབར་བའི་གཟི་བརྗིད་ཅན། །འཇིགས་པའི་ཆ་བྱད་བདུད་བཞི་ཀུན་སྐྲག་མཛད། །འཁོར་ལོའི་རྒྱན་ཅན་རྡོ་རྗེ་སྙན་ཆ་ཅན། །མགུལ་རྒྱན་ངོ་ཤལ་སྤྱི་གཙུག་ནོར་བུ་དང། །དཔུང་རྒྱན་ལག་གདུབ ་སི?་རལ་ཁའི་ཤིང། །དུམ་བུའི་སྐ་རགས་སིལ་སིལ་སྒྲ་དང་ལྡན། །བདེ་བར་ལེགས་སྐྱེས་ཆོས་ཉིད་རང་བཞིན་ཅན། །ཡེ་ཤེས་སྤྱན་གསུཾ?་དུས་གསུམ་གདུལ་བྱ་གཟིགས། །དབུ་སྐྲ་གྲོལ་ཞིང་ཐུགས་རྗེས་ཀུན་ཁྱབ་པ། །ཞི་རྒྱས་དབང་དང་མངོན་སྦྱོད ་ལ་སོགས་པ། །གྲུབ་ཆེན་བརྒྱད་ནི་སྒྲུབ་པོ་ལ་སྟེར་ཞིང། །དང་བའི་སེམས་ཀྱིས་འཇིགས་དུས་ཁྱོད་དྲན་ན། །སྡུག་བསྔལ་ཀུན་སེལ་དངོས་གྲུབ་མཆོག་སྩོལ་མཛོད། །ལོངས་སྤྱོད་རྫོགས་དང་སྣ་ཚོགས་སྐུར་སྟོན་པའི། །སྒྲུབ་པའི་དོན་མཛད་རྣལ་འབྱོར ་ཁྱོད་ལ་འདུད། །བདེ་མཆོག་འཁོར་ལོ་སྣ་ཚོགས་པདྨ་ཡི། །ཕྱོགས་ཀྱི་མདབ་བཞི་མ་མ་ཀི་སོགས་གནས། །ཞལ་བཞི་ལ་ཕྱོགས་དངོས་གྲུབ་མཆོག་བརྙེས་མ། །གསང་བའི་དབང་ཕྱུག་ཡེ་ཤེས་མཁའ་འགྲོ་བཞི། །མེ་ལོང་ལས་སྐྱེས་ཡེ་ཤེས ་མཁའ་འགྲོ་མ། །ིནྟྲ་ནཱི་ལའི་མདོག་ཅན་གཏུམ་པ་མོ། །བདུད་འདུལ་དབང་ཕྱུག་ཡེ་ཤེས་མཁའ་འགྲོ་མ། །གཡས་བརྐྱང་དཔའ་མོ་སྲོག་བྲལ་སྟེང་ན་གནས། །ཕྱག་བཞི་ནག་མོ་འཇིགས་པའི་གླུ་ལེན་མ། །གྲི་གུག་ཐོད་པ་ཁ་ཊཝཱཾ་ཅང་ཏེའུ་འཛིན། ་ལུས་རྗེས་དྲན་པའི་ངོ་བོ་ཆུ་རང་བཞིན། །རྡོ་རྗེ་མཁའ་འགྲོ་ཁྱོད་ལ་ཕྱག་འཚལ་བསྟོད། །བྱ་བ་ནན་ཏན་ཡེ་ཤེས་དཔལ་ལྡན་མ། །སེམས་མ་སྒྲོལ་མ་དམ་ཚིག་སྒྲོལ་མ་མཆོག་།འཁོར་ལོ་ལ་སོགS་ཕྱག་རྒྱ་ལྔ་ཡིས་བརྒྱན། །ཌ་མ་རུ་སྒྲོགས་གཙོ་བོ ་སྐུལ་བྱེད་ཅིང། །ཁ་ཊཝཱཾ་གར་བཅས་འཇིགས་པའི་ཕེམ་སྒྲ་སྒྲོགས། །ཚོར་བ་རྗེས་དྲན་རང་བཞིན་རླུང་གི་བདག་།ལྗང་གུའི་མདོག་ཅན་གྲི་གུག་ཐོད་པ་འཛིན། །ལས་རིགས་མཁའ་འགྲོ་ལཱ་མ་ཁྱེད་ལ་འདུད། །སོ་སོར་ཀུན་རྟག་ཡེ་ཤེས ་དབྱིངས་ཕྱུག་མ། །རྭ་གའི་མདོག་ཅན་གར་གྱི་སྟོབས་དང་ལྡན། །ཌཱ་མ་རུ་དང་ཁ་ཊཝཱཾ་གཡོན་ན་འཛིན། །གྲི་གུག་ཐོད་པ་འབྱུང་པོ་ཞལ་དུ་གསོལ། །ཆོས་རྗེས་དྲན་པའི་དཔའ་མོ་འདོད་ཆགས་ཆེ། །མེའི་བདག་ཉིད་པདྨ་མཁའ་འགྲོ་ཆེ། །མ་རུངས ་པའི་སེམས་ཅན་གསོད་ལ་བརྩོན། །ཁཎྜ་རོ་ཧ་ཁྱོད་ལ་ཕྱག་འཚལ་ལོ། །མཉམ་ཉིད་ཡེ་ཤེས་རང་བཞིན་ལས་སྐྱེས་ཤིང། །བདུད་འདུལ་དཔའ་མོ་རུས་པའི་རྒྱན་ཆ་འཛིན། །གཅོད་མཛད་གྲི་གུག་ཐོད་པ་ཕྱག་ན་བསྣམས། །ཁ་ཊཝཱཾ་གར་བཅས་ ་སེར་མོ་ཅང་ཏེའུ་སྒྲོགས། །སེམས་རྗེས་དྲན་པའི་རང་བཞིན་སྤྱན་གསུམ་མ། །རིན་ཆེན་མཁའ་འགྲོ་སའི་བདག་ཉིད་དཔལ། །མཉམ་སྦྱོར་བདེ་བས་གཙཽ་མཉེས་མཇད་མ། །གཟུགས་ཀྱི་དབང་ཕྱུག་མ་ལ་ཕྱག་འཚལ་ལོ། །བྱང་ཆུབ ་སེམས་ཀྱི་བདུད་བཞི་ཚར་གཅོད་ཅིང། །དམ་ཚིག་ཉམས་པའི་སྔགས་པ་བསོད་ལ་བརྩོན། །དམ་ཚིག་ཅན་ལ་དངོས་གྲུབ་མཆོག་སྟེར་པའི། །ཡེ་ཤེས་མཁའ་འགྲོ་བཞི་ལ་ཕྱག་འཚལ་ལོ། །མཚམས་ཀྱི་པདྨ་རིན་ཆེན་བུམ་པའི་སྟེང། ། ་འདོད་ཆགས་ཞེ་སྡང་གཏི་མུག་རྣམ་དག་པའི། །དངོས་གྲུབ་མཆོག་སྩོལ་མཚན་ལྡན་ཀ་པཱ་ལ། །བདུད་རྩི་ལྔས་བཀང་བདེ་བ་ཆེ་ལྡན་པའི། །གནས་དང་ཉེ་གནས་ཞིང་དང་ཉེ་བའི་ཞིང། །ཚན་དྷོ་ཉེ་ཚན?་འདུ་བ་ཉེ་འདུ་བ། །དུར་ཁྲོད་ཉེ་བའི ་དུར་ཁྲོད་ཉི་ཤུ་བཞིར། །ས་བཅུ་རང་བཞིན་བདག་ཉིད་སྐུ་གསུམ་ཅན། །པུལླི་ར་མར་དཔའ་བོ་ཐོང་དུམ་ཅན། །ཞལ་གཅིག་ཕྱག་བཞི་སེ་མོ་སོལ་གནས། །རབ་ཏུ་གཏུམ་མོ་འདུན་པའི་རྫུ་འཕྲུལ་རྐང། །གཅེར་བུ་མགོ་གནས་མ་ལ ་ཕྱག་འཚལ་ལོ། །ཛཱ་ལན་དྷ?་ར་མ་ལཱ?་ཀ་ཀཱ་ལ། །མཁའ་ལ་སྤྱོད་ཅིང་སྐྲ་སྤུ་ལ་གནས་མ། །གཏུམ་མིག་ཅན་ནི་བརྩོན་འགྲུས་རྫུ་འཕྲུལ་རྐང། །སྤྱི་གཙུག་ལ་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ། །དབུ་རྒྱན་ལ་གནས་དཔའ་བོ་ཀཾ་ཀཱ ་ལ། །ལྤགས་དང་བྲི་མ་རྣམ་དག་ས་ལ་འདུལ། །འོད་ལྡན་མ་ནི་དཔྱོད་པའི་རྫུ་འཕྲུལ་རྐང། །རྣ་བ་གཡས་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ། །རྦུ་ཏར་ནི་མཆེ་བ་རྣམ་པར་གཙིགས། །ལྷ་རྣམས་འདུལ་ཕྱིར་ཤ་ལ་རྣམ་པར་གནS།། ་སྣ་ཆེན་མ་ནི་སེམས་ཀྱི་རྫུ་འཕྲུལ་རྐང། །རྒྱབ་ལ་དབང་བསྐུར་མ་ལ་ཕྱག་འཚལ་ལོ། །གོ་ཏཱ་བ་རིར་སུ་ར་བ་རི་ནི། །རྒྱུས་པ་རྣམ་དག་གཡས་བརྐྱང་རོལ་པས་བཞུགས། དད་པའི་དབང་པོ་བརྟན་པའི་བློ་ཅན་མ། །རྣ་བ་གཡོན་གནས་མཁའ་འགྲོ་ཁྱོད་ཕྱག ་འཚལ། །འོད་དཔག་མེད་ནི་རུས་པའི་ཁམས་དག་ཅིང། །ཞབས་གཉིས་བརྐྱང་བསྐུམ་ར་མི་ཤྭ་རིར་བཞུགས། །སྨིན་མའི་དབུས་གནས་བརྩོན་དབང་མི་ཐུང་མ། །སྙོམ་ལས་རབ་སྤངས་མཁའ་འགྲོ་ཁྱོད་ཕྱག་འཚལ། །མཚན་པ་རྣམ་དག་དེ་བི་ཀོ་ཏྲ?་རུ། །རྡོ་རྗེ་འོད ་ལྡན་འབྱུང་པོ་འདུལ་བས་ན། །དྲང་པོ་དབང་པོ་ལང་ཀའི་དབང་ཕྱུག་མ། །མིག་གཉིས་ལ་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ། །མཱ་ལ་བར་གནས་དཔལ་ལྡན་རྡོ་རྗེའི་སྐུ། །སྙིང་ལ་གནས་ཤིང་དྲག་པོ་འཇིགས་བྱེད་འདུལ། །ཤིང་གྲིབ་མ་ནི་ཏིང་འཛིན་དབང ་པོ་སྟེ། །ཕྲག་པ་གཉིས་གནས་རྣལ་འབྱོར་ཁྱོད་ཕྱག་འཚལ། །ཐུགས་ཀྱི་འཁོར་ལོ་མཁའ་ལ་སྦྱོད་པ་སྟེ། །རྣམ་ཐར་བརྒྱད་ཀྱི་རྩིབས་ནི་སྔོན་པོ་ལ། །ཐུགས་ཀྱི་རིགས་མཚོན་རྡོ་རྗེ་ར་བས་བསྐོར། །ཞེ་སྡང་ཅན་འདུལ་མཁའ་འགྲོ་ཁྱེད་ཕྱག་འཚལ། །རྒྱུ ་གུ་ཅན་ནི་ཀཱ་མ་རུར་གནས་ཤིང། །མིག་གཉིས་ལ་གནས་ཨེ་ར་བ་ཏི་མཛེས། །ས་སྲུངས་མ་ནི་ཤེས་རབ་དབང་པོ་སྟེ། །མཆན་ཁུང་གཉིས་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ། །ོཾ་ཏྲེར་གནས་པ་རྡོ་རྗེ་རལ་པ་ཅན། །མཁྲིས་པ་རྣམ་དག་རྡོ་རྗེ་རལ་པ ་གནས། །དད་པའི་སྟོབས་ནི་འཇིགས་བྱེད་ཆེན་མོ་སྟེ། །ནུ་མ་གཉིས་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ། །ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་ནི། །གློ་བ་རྣམ་དག་རབ་ཏུ་འཇིགས་པའི་གཟུགས། །རླུང་གི་ཤུགས་མ་བརྩོན་འགྲུས་སྟོབས་རང་བཞིན། །ལྟེ ་བའི་དཀྱིལ་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ། །ཀོ་ས་པར་གནས་རྡོ་རྗེ་ཧཱུཾ་མཛད་ནི། །རྒྱུ་མ་རྣམ་དག་འཇིགས་པའི་ཕེམ་སྒྲ་སྒྲོགས། །དང་པའི་སྟོབས་ནི་ཆང་འཐུང་དཔའ་མོ་སྟེ། །སྣ་རྩེ་ལ་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ། །ཀ་ལིང་ཀར་གནས ་རབ་ཏུ་བཟང་པོ་ཉིད། །གཉེར་མ་རྣམ་དག་དངོས་གྲུབ་མཆོག་སྨོལ?་ཞིང། །ལྗང་ལྟ?་མོ་ནི་ཏིང་འཛིན་སྟོབས་རང་བཞིན། །ཁའི་ནང་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ། །ལམྦ་ཀར་གནས་རྡོ་རྗེ་བཟང་པོ་ཉིད། །གྲོད་པ་རྣམ་དག་རྡོ་རྗེ་བཟང་པོ་སྟེ། །ཤེས་རབ ་སྟོབས་ནི་རབ་ཏུ་བཟང་མོ་ཉིད། །མགྲིན་པ་ལ་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ། །ཀཉྩིའི་གནས་སུ་འཇིགས་བྱེད་ཆེན་པོ་ཉིད། །ཞབས་གཉིས་བརྐྱང་སྐུམ་ཕྱི་ས་ལ་གནས་པ། །རྟ་ན་མོ་ནི་ཏིང་འཛིན་ཡན་ལག་སྟེ། །སྙིང་ཀ་ལ ་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ། །ཧཱི་མ་ལར་གནས་དཔའ་བོ་མིག་མི་བཟང། །སྐྲ་འཚམས་རྣམ་དག་ཧཱ་ཧཱའི་སྒྲ་སྒྲོགས་ཤིང། །བྱ་གདོང་མ་ནི་བརྩོན་འགྲུས་ཡན་ལག་སྟེ། །མདོམས་པར་ལ་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ། །གསུང་གི་འཁོར་ལོ ་ས་སྟེང་སྤྱོད་པ་སྟེ། །རྣམ་ཐར་བརྒྱད་ཀྱི་རྩིབས་ནི་དམར་པོ་ལ། །གསུང་གི་རིགས་མཚན་པདྨའི་མུ་འབྱུང?་མཛེས། །འདོད་ཆགས་ཅན་འདུལ་མཁའ་འགྲོ་ཁྱོད་ཕྱག་འཚལ། །ཕྲེ་ཏ་པུ་རི་དཔའ་བོ་སྟོབས་པོ་ཆེ། །བད་ཀན་རྣམ་དག་ཕྱག་བཞི་རྣམ་པར ་བརྒྱན། །དགའ་བ་བྱང་ཆུབ་ཡན་ལག་འཁོར་ལོ་ཤུགས། །མཚན་མ་ལ་གནས་འཁའའགྲོ་ཁྱོད་ཕྱག་འཚལ། །གྲི་ཧ་དེ་བར་རིན་ཆེན་རྡོ་རྗེ་ནི། །རྣག་སོགས་རྣམ་དག་གཡས་བརྐྱང་རོལ་བར་བཞུགས། །ཤིན་ཏུ་སྦྱངས་པའི་ཡན་ལག་དུས ་སྐྱེས་མ། །བཤང་ལམ་ལ་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ། །སོ་སོ་རཥཏར་རྟ་མགྲིན་རྒྱལ་པོ་ཆེ། །ཁྲག་ལ་གནས་ཤིང་དྲག་པོ་འཇིགས་བྱེད་འདུལ། །ཆོས་རྣམས་ཤིན་ཏུ་རྣམ་འབྱེད་ཤཽཎྜི་ནི། །བརླ་གཉིས་ལ་གནས་མཁའ་འགྲོ? ་ཁྱོད་ཕྱག་འཚལ། །སུ་བ་རྞ་དྭི?་བར་ནམ་མཁའ་ཨི་སྙིང་པོ་ནི། །དཔའ་བོ་ཆེན་པོ་རྡུལ་སོགས་རྣམ་དག་པ། །དྲན་པ་ཡང་དག་འཁོར་ལོའི་གོ་ཆ་མ། །བྱིན་པ་གཉིས་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ། །ནཱ་ག་རང་གནས་དཔལ་ལྡན་ཧེ་རུ་ཀ། ་ཚིགས་སོགས་དག་ཕྱིར་ཕྱག་རྒྱ་དྲུག་གིS་བརྒྱན། །ཤིན་ཏུ་དཔའ་མོ་བཏང་སྙོམས་ཡན་ལག་སྟེ། །རྐང་སོར་ལ་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ། །སིན་དྷུའི་གནས་སུ་དཔའ་བོ་གར་དབང་ཕྱུག་།མཆི་མ་རྣམ་དག་དབང་ཕྱུག་ཆེན་མོ་ཚུལ། ། ་སྟོབས་ཆེན་དཔའ་མོ་ཡང་དག་ལྟ་བ་སྟེ། །རྐང་པའི་བོལ་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ། །མ་རེར་གནས་པ་རྣམ་པར་སྣང་མཛད་ཆེ། །མཆིལ་མ་རྣམ་དག་དབང་ཕྱུག་ཆེན་མོ་ནི། །འཁོར་ལོ་སྒྱུར་མ་ཡང་དག་རྟོག་པ་སྟེ། །མཐེ་བོང་ལ་གནས ་མཁའ་འགྲོ་ཁྱོད་ཕྱག་འཚལ། །ཀུ་ལུ་ཏར་གནས་རྡོ་རྗེ་སེམས་དཔའ་ཉིད། །དཔའ་བོ་ཆེན་པོ་སྣབས་ལུད་རྣམ་དག་པ། །བརྩོན་འགྲུས་ཆེན་པོ་ཡང་དག་ངག་དང་ལྡན། །པུས་མོ་ལ་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ། །སྐུའི་འཁོར ་ལོ་ས་འོག་སྤྱོད་པ་སྟེ། །རྣམ་ཐར་བརྒྱད་ཀྱི་རྩིབས་ནི་དཀར་པོ་ལ། །སྐུའི་རིགས་མཚོན་འཁོར་ལོའི་མུ་ཁྱུད་ཅན། །གཏི་མུག་ཅན་འདུལ་མཁའ་འགྲོ་ཁྱོད་ཕྱག་འཚལ། །འགྲོ་བའི་དོན་ལ་ཐུགས་རྗེ་སྤྲུལ་པའི་གནས། །མཁའ་འགྲོའི? ་གནས་ལྡན་ཉི་ཤུ་རྩ་བཞི་རུ། །སྐུ་གསུང་ཐུགས་གནས་སྒྲུབ་ལ་བརྩེ་དགོངས་པའི། །གནས་གསུམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །རྣམ་རྒྱལ་ལ་སོགས་མ་རུངས་གདུལ་བྱ་རྣམས། །གདུལ་བའི་དབང་གི་ཁྲོ་མོའི་སྐུར་སྟོན་པ། །སྒོ་མཚམས ་བརྒྱད་ན་མ་དུངས་གནོད་བརྒྱད་གནོན། །ཁྭ་གདོང་ལ་སོགས་སྤྲུལ་པའི་མཁའ་འགྲོ་བརྒྱད། །བྱ་རོག་གདོང་ཅན་སྒྱེག་མོ་འཇིགས་པའི་གཟུགས?། །ཞལ་ཀྱི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲ། །གར་གྱི་སྦྱོར་ལྡན་གཅེར་བུ་ཕྱག་བཞི་མ། །ནག་མོ་འཇིགS ་བྱེད་མ་ལ་ཕྱག་འཚལ་ལོ། །ཤར་གྱི་སྒོ་སྲུངས་ཡི་དགས་སྟན་ལ་བཞུགས། །གཅེར་བུ་སྤྱན་གསུམ་ཕྱག་རྒྱ་ལྔ་ཡིས་བརྒྱན། །ཁ་ནས་ཁྲག་འཛག་ཨ་ལ་ལ་ཞིས་སྒྲོགས། །ཡང་དག་ལས་མཛའ་ཨི་དཔའ་མོ་ཁྱོད་ཕྱག་འཚལ། །འུག་པའི་གདོང ་ཅན་བགེགས་དཔུང་སྲེག་མཛད་ཅིང། །ཞལ་ནས་ལྗགས་འདྲིལ་མཆེ་བ་རྣམ་པར་གཙིགས། །ཧཱ་ཧཱ་བཞད་ཅིང་སྤྱན་མིག་གློག་ལྟར་འཁྱུག་།དགྲ་བགེགས་སྲེག་པར་མཛད་ལ་ཕྱག་འཚལ་ལོ། །བྱང་གི་སྒོ་སྲུང་མར་གང་འོད་ལྡན་ཞིང། །མཁའ་འགྲོ་མི ་སྲུན་ཐོད་པའི་རྒྱན་དང་ལྡན། །སྐུ་མདོག་ལྗང་དམར་གྲི་གུག་ཐོད་པ་འཛིན། །ཡང་དག་འཚོ་བའི་དཔའ་མོ་ཁྱོད་ཕྱག་འཚལ། །ནུབ་ཀྱི་སྒོ་སྲུངས་དཔའ་མོ་སྟོབས་ལྡན་མ། །སྐུ་མདོག་དམར་མོ་ཕཊ་གྱི་སྒྲ་སྒྲོགས་ཤིང།། ་སྤྱན་གསུམ་སྡང་མིག་དུས་མཛའ་ཨི་མེ་བཞིན་གཟིགས། །སྒྲུབ་པོའི་དོན་མཛད་མ་ལ་ཕྱག་འཚལ་ལོ། །ཁྱིའི་གདོང་ཅན་ཐོད་པའི་རྒྱན་དང་ལྡན། །གཅེར་བུ་སྤྱན་གསུམ་དུར་ཁྲོད་གདན་ལ་བཞུགས། །མཁའ་འགྲོ་མི་སྲུན་མགོ་བརློན་དོ་ཤལ ་ཅན། །ཡང་དག་རྩོལ་བའི་དཔའ་མོ་ཁྱོད་ཕྱག་འཚལ། །ཕག་གི་གདོང་ཅན་གསང་བའི་དབང་ཕྱུག་མ། །བདུད་ཀྱི་རྒྱལ་མོ་ཕྱག་བཞི་གར་གྱིས་དགོས?། །རྣ་ཆ་མགུལ་བརྒྱན་སྤྱི་གཙུག་ནོར་བུས་སྤྲས། །འཇིགས་བྱེད་ཁྲག་འབུད? ་མ་ལ་ཕྱག་འཚལ་ལོ། །ལྷོའི་སྒོ་སྲུངས་སེར་མོ་འཇིགས་པའི་གཟུགས། །ཞལ་ནས་མེ་འབར་བདུད་བཞིའི་དཔུང་རྣམས་སྲེག་།ཌཱ་མ་རུ་དང་ཁ་ཊཝཱཾ་གཡོན་ན་བསྒྲེང། །ཡང་དག་དྲན་པའི་དཔའ་མོ་ཁྱོད་ཕྱག་འཚལ། །ཤར་ལྷོའི ་དབང་ཕྱུག་གཤིན་རྗེ་བརྟན་མ་ནི། །གཡས་སྔོ་གཡོན་སེར་བརྒྱད་བསྐུམ་ཚུལ་གྱིས་བཞུགས། །གཅེར་བུ་རྒྱན་རྣམས་ཀུན་མཛེས་མཁའ་འགྲོ་མ། །དབང་ཕྱུག་གསང་བའི་ལྷ་མོ་ཕྱག་འཚལ་ལོ། །རྡོ་རྗེ་མཁའ་འགྲོ་སེམས་ཅན་དོན ་བརྩོན་མ། །རུས་པའི་སྐ་རགས་ཁྲག་གི་ཐིག་ལེ་ཅན། །དཔལ་ལྡན་མཁའ་འགྲོ་དུར་ཁྲོད་ཆས་ཀྱིས་བརྒྱན། །དགེ་ཆོས་ཡང་དག་བསྐྱེད་ལ་ཕྱག་འཚལ་ལོ། །ལྷོ་ནུབ་མཁའ་འགྲོ་གཤིན་རྗེ་ཕོ་ཉ་མ། །གཡས་སེར་གཡོན་དམར་མཁའ་འགྲོ ་གཟུགས་མཛེས་མ། །ཕཊ་ཀྱི་སྒྲ་སྒྲོགས་གསོད་བྱེད་མཐུ་རྩལ་ཅན། །གཅེར་བུ་ཁྲག་འཐུང་མ་ལ་ཕྱག་འཚལ་ལོ། །གཅེར་བུ་སྐྲ་བཤིགས་ཆ་ཤས་དཔལ་དང་ལྡན། །བདུད་བཞི་ལས་རྒྱལ་ལྕེ་སྒྲིལ་མཐུ་མོ་ཆེ། །ཁ་ནས་ཁྲག་འཛག་གྲི་གུག་ཐོད་པ ་འཛིན། །དགེ་ཆོས་ཡང་དག་སྤེལ་ལ་ཕྱག་འཚལ་ལོ། །ནུབ་བྱང་མཁའ་འགྲོ་གཤིན་རྗེ་མཆེ་བ་མ། །གཡས་དམར་གཡོན་ལྗང་སྤྱན་བསྒྲང་འཇིགས་པའི་གཟུགས། །གསང་བའི་ལྷ་མོ་རྡོ་རྗེ་གླུ་ལེན་མ། །དྲག་མོ་སྟོབས་མོ་ཆེ་ལ་ཕྱག་འཚལ་ལོ། །ཚངས? ་སྐུད་མགོའི་ཕྲེང་བས་རྣམ་བརྒྱན་ཅིང། །རུས་པའི་སྐ་རགས་སིལ་སིལ་སྒྲ་དང་ལྡན། །ཞལ་གཅིག་སྤྱན་གསུམ་དུར་ཁྲོད་གདན་ལ་བཞུགས། །མི་དགེ་བསྐྱེད་མི་བྱེད་ལ་ཕྱག་འཚལ་ལོ། །བྱང་ཤར་གནས་པའི་གཤིན་རྗེ་འཇོམས་བྱེད་ནི། །གཡS་ལྗང? ་གཡོན་ནག་འགྱིང་ཞིང་རོལ་པར་བཞུགས། །ཞལ་གཅིག་སྦྱན་གསུམ་གཡས་བརྐྱང་ཚུལ་གྱིས་བཞུགས། །མཁའ་འགྲོ་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །ཉོན་མོངས་འབར་བའི་ཕྲེང་བ་འོད་འབར་མ། །ཁྲོ་གཉེར་མཆེ་གཙིགས་དགྲ་བགེགས ་ཞལ་དུ་གསོལ། །བསྙེན་བཀུར་ཅན་ལ་གསད་བའི་དངོས་གྲུབ་སྟེར། །མི་དགེ་ཡང་དག་སྤོང་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་གསང་བའི་གྲོང་ཁྱེར་མཆོག་།དཀྱིལ་འཁོར་སྡེ་ཆེན་སྡིག་པ་རྣམས་འཇོམས་པ། །ཉོན་མོངས་ཞི་བ་བད་ཉི་ཟླུམ ་པོར་གནས། །མི་ཤེས་གཅོད་བྱེད་གྲི་གུག་ཕྲེང་བས་མཛེས། །ལྷ་རྣམས་མཆོད་ཕྱར་ཡོན་ཏན་ཀུན་ལྡན་པ། །སྣ་ཚོགས་བུམ་པ་བདུད་རྩིས་རབ་བཀང་བ། །པཎྩ་རེ་ཁ་རིན་ཆེན་ཕ་གྲུ་ལྡན། །འདོད་ཡོན་ལྷ་མོ་ཡོན་ཏན་ཀུན་ལྡན་ཞིང། །པི་ཝང ་གླིང་བུ་ཡོན་ཏན་གླུ་གར་ཅན། །སྒེག་མོ་བཞད་བཅས་མེ་ཏོག་ཕྲེང་བ་དྲི། །མར་མེ་བདུག་སྤོས་རྫ་ལྔ་ཅང་ཏེའུ། །གཟུགས་སོགས་རྡོ་རྗེ་ཆོས་དབྱིངས་རྣམས་ཀྱི་མཆོད། །དྲ་བ་དྲ་ཕྱེད་རིན་ཆེན་ཉི་ཟླ་དང། །མུ་ཏིག་གསེར་གྱི་དྲིལ་བུ་ལེགས ་དཔྱངས་པ། །བརྩོན་འགྲུས་རླུང་གི་བསྐྱོད་པ་ཆོས་སྒྲ་སྒྲོགས། །ད?་རུ་ཀ་སོགས་མཛེས་པའི་རྒྱན་གྱིས་བརྒྱན། །ཡིད་འོང་རི་དགས་བ་དན?་བཅུ་དྲུག་ལྡན། །བ་སོ་པདྨའི་བཀྲ་ཤིས་བུམ་པ་དང། །ཐོས་པའི་འཕྲེང་བ་རྡོ་རྗེ་ར་བས་མཛེས།། ་ལེགས་པའི་སྒོ་ཁྱུད་དཔལ་ལྡན་ཕྱོགས་བཞི་མཛེས། །འདོད་ཡོན་རྒྱས་ཕྱིར་གྲུ་བཞི་སྒོ་བཞི་པ། །རིན་ཆེན་འཁོར་ལོ་རྟ་བབས་གདུགས་ཀྱིས་ཕུག་།རིན་ཆེན་ཀ་བ་རྟ་རྣ་བཞི་ཡིས་མཛེས། །བགེགས་རྣམས་བསྲུང་ཕྱིར་སྣ་ཚོགས ་པདྨ་དང། །རྡོ་རྗེའི་ས་གཞི་བླ་རེ་ར་བ་གུར། །མདའི་དྲ་བ་འཇིགས་པའི་མེ་དཔུང་ལྡན། །ལྷ་ཀླུ་གཤིན་རྗེ་འབྱུང་པོ་ཤ་ཟ་དང། །མ་རུངས་འདུལ་ཕྱིར་བགེགས་ལ་ཕུར་བུ་གདབ། །དྲག་པོ་སྐྲད་ཕྱིར་ཚ་ཚ་སྐར་མདའའཕྲོ། །ཚོགས་བརྒྱུད་དག་ཕྱིར ་དུར་ཁྲོད་རབ་འཇིགས་པ། །ཤི་རི་ཤ་སོགས་བྱང་ཆུབ་ཤིང་བརྒྱད་ལ། །ཁ་གདོང་ལ་སོགས་སྤྲུལ་པའི་སྤྲིན་དང་བཅས། །ཀླུ་དང་གནོད་སྦྱིན་ལྷ་ཆེན་བརྒྱད་པོར་ལྡན། །དབང་པོ་མེ་ལ་གཤིན་རྗེ་སྲིན་པོ་དང། །ཆུ་ལྷ་རླུང་ལྷ་གནོད་སྦྱིན་དབང ་ལྡན་དང། །སའི་ལྷ་མོ་ཉི་ཟླ་ཚངས་པ་དང། །དྲག་པོ་ཞིང་སྐྱོད་ཕྱོགས་མཚམས་བརྒྱད་ན་གནས། །མཆོད་རྟེན་བྲག་སོགས་མེ་དང་ཆུ་བརྒྱད་དང། །མཁའ་འགྲོ་གནས་ལྡན་ཉི་ཤུ་རྩ་བཞི་རུ། །འབྱུང་པོ་འདུས་པའི་ལྕེ་སྤྱད་ཕེམ་སྒྲ་སྒྲོགས། །ཤ ་ཟ་རོ་ལངས་ཕྲ་མེན་མ་བརྒྱད་དང། །དབུ་མ་དུས་མཚན་དུར་ཁྲོད་བདག་མོར་བཅས། །རྒྱལ་པོ་བཞི་སོགས་འཇིག་རྟེན་དབང་བསྒྱུར་ལྡན། །གྲུབ་ཆེན་བརྒྱད་པོ་ཕྱག་རྒྱ་མཆོག་ལྡན་ཞིང། །གྲུབ་པའི་རྣལ་འབྱོར་ཅོད་པན་རྣམ་པར་མཛེས། ། ་གྲུབ་པའི་རྟེན་འགྱུར་བདེ་གཤེགས་ཀུན་གྱི་གནས། །སྣོད་བཅུད་དག་པ་གསང་བའི་དཀྱིལ་འཁོར་མཆོག་།རིན་ཆེན་ལྡན་པ་ཐར་པའི་གྲོང་མཆོག་ལ། །བདག་ནི་རབ་གུས་དད་པས་ཕྱག་འཚལ་ལོ། །ལྷན་ཅིག་སྐྱེས་རྒྱལ་བདེ་མཆོག ་འཁོར་ལོ་ཡི། །འཁོར་ལོ་ལྔ་སོགས་དུར་ཁྲོད་བཅས་བསྟོད་པ། །དགེ་བ་གང་བྱུང་འདིས་ནི་འགྲོ་བ་མ་ལུས་པ། །བདེ་མཆོག་ལ་གནས་མཁའ་འགྲོ་ཀུན་དང་མཉམ་པར་གྱུར། །བཅོམ་ལྡན་འདས་བདེ་མཆོག་པ་མཆོག་ཐུན་མོང་གི་དངོས་གྲུབ ་བརྙེས་བ་ཤྲཱི་ཛཱ་ལ་དྷཱ་ར་པས་བསྟོད་པ་མཛད་པ་རྫོགས་སོ།། །།དཔལ་འཁོར་ལོ་བདེ་མཆོག་གི་རྣམ་པར་སྤྲུལ་པ་དང། ཡུལ་ཉི་ཤུ་རྩ་བཞིའི་རྒྱུ་མཚན་བཞུགས་སོ།། །།*། །དཔལ་འཁོར་ལོ་སྡོམ་པ ་