| Wylie | e-texts based on the ACIP/ALL Input |
རྡོ་རྗེ་ཐེག་པའི་རྩ་བ་དང་ཡན་ལག་གི་ལྟུང་བའི་བཤགས་པ་བཞུགས་སོ།། །།ཧཱུཾ་རྡོ་རྗེ་སློབ་དཔོན་རིག་མར་མཆུངས་པ་དང། །རྩ་བའི་དལ་བླ་ན་མེད་པ་དང། །དཔའ་བོ་དཔའ་མོ་རྣལ་འབྱོར་དབང་ཕྱུག་སོགས། །མཁའ་འགྲོའི་ཚོགས་རྣམས་བརྩེ་བས་དགེངས་སུ ་གསོལ། །དངོས་གྲུབ་རྩ་བ་རྡོ་རྗེ་སློབ་དཔོན་ལ། །ང་རྒྱལ་མཐོན་པོའི་ནད་ཀྱིས་བདག་གཟིར་ཏེ། །བག་མེད་ཚུལ་གྱིས་བརྙས་པ་གང་བགྱིས་པ། །བླ་མ་རྣམ་གསུམ་སྐུ་ལ་བཟོད་པར་གསོལ། །ཆོས་སྐུའི་སྤྲོས་དང་བྲལ་བ་དེ་ཉིད་ལ་།ལོངས་སྤྱོད་རྫོཌ ་དང་སྤྲུལ་སྐུས་གཞན་དོན་མཛད། །དེའི་ཞལ་ནས་གསུངས་པའི་བཀའ་རྣམས་ལས། །འདས་ཤིང་ཁྱད་དུ་བསད་པ་འཐོལ་ལོ་བཤགས། །བླ་མ་གཅིག་དང་རིག་མ་གཅིག་ཉིད་དང། །དཀྱིལ་འཁོར་གཅིག་དང་བྱེ་བྲག་དུས་གཞན་དུ། །དམ་ཚིག་གཅིག ་གིས་བསྡུས་པའི་སྤུན་རྣམས་ལ། །ཁྲོས་ཤིང་ཉེས་པར་བརྗོད་པར་འཐོལ་ལོ་བཤགས། །སེམས་ཅན་ཐམས་ཅད་སངས་རྒྱས་སྙིང་པོ་ཅན། །རྒྱལ་བའི་སྲས་མཆོག་དམ་པར་གྱུར་པ་ལ། །བདག་ནི་མི་མཁས་ཞེ་སྡང་དབང་གྱུར་ཏེ། །བྱམས་སེམས ་ཕན་བདེ་སྤངས་པ་མཐོལ་ལོ་བཤགས། །ཆོས་རྣམས་ཐམས་ཅད་བྱང་ཆུབ་སེམས་ཡིན་ཏེ། །ཀུན་རྫོབ་དོན་དམ་ཆ་ལ་མ་རྟེན་ཅིང། །འཇིག་རྟེན་རྣམ་རྟོག་དབང་དུ་གྱུར་པ་ཡིས། །བདེ་ཆེན་བྱང་སེམས་སྤངས་པ་འཐོལ་ལོ་བཤགས། །ཕྱི་རོལ་པ་དང་ཉན་ཐོས ་རང་རྒྱལ་དང། །ཐེག་པ་ཆེ་དང་གསང་སྔགས་བླ་ན་མེད། །ལམ་ཚོལ་བ་དང་དེ་བཞིན་ལམ་ཆེན་ཞུགས། །གྲུབ་པའི་མཛའ་རྣམས་སྨད་པ་འཐོལ་ལོ་བཤགས། །སྣོད་མིན་ཆོ་ག་ཉམས་དང་མ་སྨིན་དང། །ཟབ་མོ་གསང་བའི་སྣོད་དུ་མི་རུང་ལ། ། ་གསང་སྔགས་ཕྱག་རྒྱ་བརྡ་དང་སྔགས་ལ་སོགས། །ཟབ་མོ་གསང་བ་བསྒྲགས་པ་འཐོལ་ལོ་བཤགས། །ཕུང་པོ་ལྔ་ནི་རྒྱལ་བ་རིགས་ལྔའི་དངོས། །ཡེ་ཤེས་ལྔ་ཡི་རང་བཞིན་ཡིན་པ་ལ། །གསད་བཅད་བདེག་དང་དཀའ་ཐུབ་བསྙུང་པ་སོགས། །སྨད་ཅིང་དམན ་པར་བརྟགས་པ་མཐོལ་ལོ་བཤགས། །ཆོས་རྣམས་ཀུན་གྱི་རང་བཞིན་དག་པ་ལ། །ཡིན་དང་མིན་དང་བཟང་ངན་གཉིས་སུ་བཏགས། །རང་བཞིན་དག་པའི་ཆོས་ཀྱི་དབྱིངས་ཉིད་ལ། །ཐེ་ཚོམ་སོམ་ཉི་ཟོས་པ་འཐོལ་ལོ་བཤགས། །བླ་མ་དང་ནི་དཀོན་མཆོག ་གསུམ་རྣམས་དང། །གསང་སྔགས་རྡོ་རྗེ་ཐེག་ལ་མི་མོས་ཤིང། །སྨོད་ཅིང་བཀུར་བ་འདེབས་པའི་མི་རྣམས་ལ། །ཚར་མ་བཅད་ཅིང་བྱམས་བགྱིས་འཐོལ་ལོ་བཤགས། །མིང་རྣམས་ཐམས་ཅད་རྣམ་པར་རྟག་པ་སྟེ། །རྟོག་པས་སྟོང་པའི་ཡེ་ཤེས་ཆེན ་པོ?་ཉིད། །དེ་ལ་ཟུག་རྡུ་རྡུལ་ཙམ་མེད་པ་ལ། །ཡིན་དང་མེན་དུ་བཏགས་པ་འཐོལ་ལོ་བཤགས། །དང་པོའི་ལས་ཅན་བྱིས་པའི་ངང་ཚུལ་ཅན། །དང་ལྡན་ལུང་གི་རྗེས་སུ་འབྲང་རྣམས་ལ། །ཟབ་མོའི་ཚིག་བརྗོད་བརྟུལ་ཞུགས་སྤྱོད་བསྟན་པས། ཕ་རོལ ་སེམས་སུན་?་པ་འཐོལ་ལོ་བཤགས། །མི་སྤངས་སྤྱད་ཅིང་བསྲུང་བར་བྱ་བ་དང། །ཤེས་པར་བྱ་བའི་དམ་ཚིག་ཡན་ལག་བཅས། །ཤེས་བཞིན་ཁྱད་དུ་གསང་ནས་མི་རྟེན་པ། །རབ་ཏུ་འགྱོད་པའི་སེམས་ཀྱིས་འཐོལ་ལོ་བཤགས། །ཕྱི་ནང་གསང ་བའི་ཤེས་རབ་དམ་པ་དང། །ཐུན་མོངས་ཁྱད་པར་རིག་མ་བླ་མེད་ལ། །སྐྱོན་དང་ཉེས་པའི་སྒོ་ནས་སྨད་གྱུར་པ། །ཉོན་མོངས་ཀུན་ནས་བླང་བ་འཐོལ་ལོ་བཤགས། །བཤགས་དང་བཤགས་པར་བྱ་བ་མི་དམིགས་ཀྱང། །རྣམ་པར་རྟོག་པའི་བག ་ཆགས་སྦྱང་བྱའི་ཕྱིར། །རྗེ་བཙུན་དམ་པ་ཡུལ་གྱི་མཆོག་རྣམས་ལ། །རབ་ཏུ་བཤགས་པས་བདེ་བ་ཐོབ་གྱུར་ཅིག་།དམ་ཚིག་མི་ལྡན་རིག་མ་བརྟེན་པ་དང། །ཚོགས་འཁོར་ལ་སོགས་ནང་དུ་བརྩོད་པ་དང། །རིག་མ་དམན་ལ་བདུད་རྩི་བླངས་པ་དང། ། ་གསང་ཆོས་འདོད་པའི་སྣོད་ལམ་བཤད་དང། །དད་ལྡན་ཆོས་མིན་གཏམ་ལ་སྦྱར་བ་དང། །ཉན་ཐོས་ནང་དུ་ཞག་བདུན་འདས་པ་དང། །མིང་ཙམ་ལ་རྟེན་སྔགས་པ་ཡིན་སྨྲ་དང། །སྣོད་མིན་པ་ལ་སྔགས་བཤད་ཉེས་པ་དང།། ་སྒོམ་བཟླས་ལ་སོགས་འགལ་འཁྲུལ་གྱུར་པ་དང། །ལྟ་སྤྱོད་ལ་སོགས་མ་དག་ཉེས་པ་རྣམས། །མགོན་པོ་ཐུགས་རྗེ་ཅན་ལ་བཟོད་པར་གསོལ། །ཚངས་པའི་དངོས་གྲུབ་མྱུར་དུ་སྩལ་དུ་གསོལ། །སྐུའི་དམ་ཚིག་ཉམས་པ་འཐོལ་ལོ་བཤགས། །གསུང་གི ་དམ་ཚིག་ཉམས་པ་འཐོལ་ལོ་བཤགས། །ཐུགས་ཀྱི་དམ་ཚིག་ཉམས་པ་ཐོལ་ལོ་བཤགས། །རྩ་བའི་དམ་ཚིག་ཉམས་པ་འཐོལ་ལོ་བཤགས། །ཡན་ལག་དམ་ཚིག་ཉམས་པ་འཐོལ་ལོ་གཤགས། །འཐོལ་ལོ་འཐོལ་ལོ་ཡེ་ཤེས་ལྷ་ལ་འཐོལ། ་བཤགས་སོ་བཤགས་སོ་དམ་ཅན་མཁའ་འགྲོའི་ཚོགས། །འཐོལ་བཤགས་ཕུལ་ནས་ཚངས་པའི་དངོས་གྲུབ་སྩོལ། ཞེས་བཤགས་སོ། །རྡོ་རྗེ་ཐེག་པའི་རྩ་བ་དང་ཡན་ལག་གི་ལྟུང་བའི་བཤགས་པ། སློབ་དཔོན་ཨིན་ཏྲ་བོ་དྷི་ས་མཛད་པ ་རྫོགས་སོ།། ཛྲ་ས?་དྷ་པས?་བསྟོད་པ། །ོཾ་སྭ་སྟི་སིད་བྷཾ།?་དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་དབྱིངས་ནས་བཞེས་པའི་སྐུ་མཆོག་ནི། །ཉོན་མོངས་རྣམ་དག་ཡེ་ཤེས་སྐུ་བརྙེས་ཤིང། ། ་