| Wylie | e-texts based on the ACIP/ALL Input |
འཁོར་ལོ་སྡོམ་པ་བཅུ་གསུམ་མའི་དབང་ཆོག་སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ་པནཌི་ཏ་ཛཉའ་ན་བཟར་དང་ལོ་ཙེ་བ་ཞང་ཞུང་གི་གྱུར་རོ།། །།རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦ་ར་ཏྲ་ཡོ་ད་སཱཏྨ་ཀ་སྱ་བྷི་ཥེ་ཀཱ་བི་དྷི་ནཱ་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་བཅུ་གསུཾ ་མའི་བདག་ཉིད་ཀྱི་དབང་བསྐུར་བའི་ཆོ་ག་ཞེས་བྱ་བ། རྡོ་རྗེ་མཁའ་འགྲོ་ལ་འཚལ་ལོ།། ཕག་མོ་དང་ནི་མཉམ་པར་སྦྱོར། །ཧེ་རུ་ཀ་དཔལ་མགོན་ལ་འདུད། །རྡོ་རྗེ་སློབ་དཔོན་བཀའ་དྲན་གྱིས། །དེ་ཡི་དབང་བསྐུར་ཆོ་ག་བཤད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ལ།། ་ལྷ་ཡིན་ཆོད་པ་སྔོན་འགྲོ་དང། །སེམས་ཅན་དོན་བྱ་མཛའ་ཐུག་པ། །དབང་བསྐུར་མེད་བར་གྲུབ་མི་འགྱུར། །དེ་ཕྱིར་དེ་ལ་ཇི་ལྟ་བ་བཞིན་དུ་དབང་བསྐུར་ཞིང་རྗེས་སུ་གནང་བ་ཐོབ་པ་དང། དེ་ཉིད་བཅུ་རིག་ཅིང་ཆོ་ག་ཇི་ལྟ་བ་བཞིན་དུ་དམ་ཚིག་བསྟེན་པ་ལ་སོགས ་བའི་བསམ་པ་རྣམ་པར་དག་པ་དང། །རིག་མ་དང་བཅས་ཤིང་ལུས་བསྲུང་བར་བྱས་པས་རྣམ་པར་བརྒྱན་པ་དང། །རྣལ་འབྱོར་བཞིའི་ཏིང་ངེ་འཛིན་ལ་མཁས་པ་དང། །སྔོན་དུ་བསྙེན་པའི་ཆོ་གས་ལེགས་པར་གསང་སྔགས ་བཟླས་པ་དང། །ལྷ་མཆོད་པ་ལ་གུས་པ་དང། །ལེགས་པར་ཡོངས་སུ་བརྟགས་པའི་སློབ་མ་ཡོངས་སུ་འཛིན་པར་འདོད་པའི་སློབ་དཔོན་གྱིས། །རྒྱལ་པོ་དང་ཆོམ་ཀུན་ལ་སོགས་པའི་ཉེ་བར་འཚེ་བ་ཐམས་ཅད་དང་བྲལ་བའི་དཀྱིལ་འཁོར་བྱ? ་པ་ལ་སོགས་པར། །ཆོག་ཇི་ལྟ་བ་བཞིན་བྲིས་པའི་རྡུལ་ཚོན་གྱི་དཀྱིལ་ཁོར་རམ་བྲིས་སྐུ་ལ་སོགས་པའི་དཀྱིལ་འཁོ་རམ། མངོན་པར་རྟོགས་པའི་རིམ་པས་དམིས་ལ། རྣམ་པ་སྣ་ཚོགས་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་དཀྱིལ ་འཁོར་ལ་མཆོད་ངོ། །མཚན་ཉིད་ཐམསས་ཅད་དང་ལྡན་པའི་བུམ་པ་ཡང་དག་པར་བཞག་སྟེ། དགོངས་ཀའི་དུས་སུ་དཔལ་སྔོམ་པ་བཅུ་གསུམ་གྱི་བདག་ཉིད་ཅན་རིམ་པས་ལྷག་པར་གནས་པར་བྱའོ། །བཅུ་གསུམ་མམ་ལྔའམ་མེད་ན ་གཅིག་ཀྱང་རུང་སྟེ། དེ་ལ་རྣམ་པར་རྒྱལ་པའི་བུམ་པ་ལ་འདབ་མ་སྣ་ཚོགས་པའི་པདྨའི་ལྟེ་པ་ལ་གནས་པའི་དཀར་མོ་དང་འཕྲོག་བྱེད་ཀྱི་སྙིང་གའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལ། རྡོ་རྗེ་སྔོན་པོ་དང་རྡོ་རྗེ་དམར་པོ་གཉིས་བྲི་བར་བྱའོ། །ལྷག ་མ་རྣམས་ལ་རོའི་སྙིང་གའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལ་གི་གུག་པྲི་བར་བྱའོ། །སྨན་ལྔ་དང་རིན་པོ་ཆེ་སྣ་ལྔ་དང། །འབྲུ་ལྔ་དང་ཤིང་ལོ་ལྔ་དང་ལྡན་པ། གོས་ཀྱིས་མགུལ་པར་དཀྲིས་པ། གདུགས་དང་བ་དན་ལྔ་ཡིས་རྣམ་པར་བརྒྱན་པ། ་ལས་ཐམས་ཅད་པ་ལ་སྣ་ཚོགས་རྡོ་རྗེ་འམ་བདུད་རྩི་འཁྱིལ་པས་མཚན་པ་བྲི་བར་བྱའོ། །དྲི་ཞིམ་པོའི?་ཆུ་ཡིS་ཡོངས་སུ་བཀང་པ་དེ་ལ་སྐད་ཅིག་གིས་དཀྱིལ་འཁོར་གྱི་འཁོར་ལོ་རིམ་གྱིས་བསྒོམས་ཏེ། གསང་གཏོར་དང་མཆོད་ཡོན་ལ ་སོགས་པ་ཕུལ་ལ། ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོར་བཞུགས་པར་བྱའོ། །དེའི་རྗེས་ལ་མེ་ཏོག་གི་ཕྲེང་བས་ཉེ་བར་བརྒྱན་པའི་རྡོ་རྗེ་དང། པདྨའི་སྣོད་ཀྱི་སྟེང་དུ་ལེགས་པར་གཞག་སྟེ། རང་རང་གི་སྔགས་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ལ་བློས་བདུད ་རྩིའི་ངོ་བོར་བཞུག་བར་བྱ་སྟེ། མེ་ཏོག་ལ་སོགས་བས་ཡང་དག་པར་མཆོད་ལ། རྐང་བ་བརྒྱད་པའི་སྔགས་སམ། ཁྱོད་ནི་རྣལ་འབྱོར་མ་ཡིས་མཛེས་པར་བསྐོར། ཞེས་བྱ་བ་ལ་སོགས་པས་བསྟོད་པས་ཉེ་བར་བསྡུ་བར་བྱའོ། །ཅང་ཏེའུ་ལ ་སོགས་པའི་སྒྲ་རྣམས་ཀྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་སྔོན་དུ་འགྲོ་བས་རྣལ་འབྱོར་མའི་ལག་པས་འདབ་མ་དང་བཅས་པའི་བུམ་པ་བཟུང་ལ། སྐོར་བ་གསུམ་བྱས་ཏེ། རང་རང་གི་གནས་སུ་དགོད་པར་བྱའོ། །ལས་ཐམས་ཅད་པ་ནི་དབང་ལྡན ་གྱི་ཕྱོགས་ཆར་ལེགས་པར་བཞག་ལ། ཕྱོགས་སྐྱོང་རྣམས་ལ་ཁྱད་པར་དུ་གཏོར་མ་ཕུལ་ལ་ཡི་གེ་བརྒྱ་པའི་སྔགS་ལན་གསུཾ་བརྗོད་དེ་བཟོད་པར་གསོལ་བར་བྱའོ། །དཀྱིལ་འཁོར་མཆོད་པ་དང། །བུམ་པ་ལྷག་པར་གནས་པའི་ཆོ་གའོ། །དེའི་རྗེས ་སུ་འཁོར་བཞི་པོ་འམ་རྗེས་སུ་གནང་བ། སྙིང་རྗེ་ཆེ་བ་དང་སྔགས་ཀྱི་ཐེག་པའི་སྣོད་དུ་རུང་བའི་སློབ་མས་མཎྜལ་བྱས་ཏེ། །མེ་ཏོག་གི་ཕྲེང་བ་བཟུང་བས་པུས་མོའི་ལྷ་ད་ས་ལ་བཙུགས་ཏེ། །ལ་ལ་གསང་སྔགས་གྲུབ་དོན་གཉེར། །འདི་ནི་དཀྱིལ ་དུ་འཇུག་པར་བྱེད། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་དག་འཇིག་རྟེན་གཞན་དོན་གཉེར། །འཇིག་རྟེན་ཕ་རོལ་དོན་གཉེར་བའི། །དང་པ་མང་དུ་བྱེད་པ་ཡིས། །བློ་ལྡན་དཀྱིལ་འཁོར་དུ་འཇུག་བྱའི། །ཚེ་འདི་ཡིད་ལ་འདོད་པ་ལ ་དེ་བཞིན་འཇིག་རྟེན་ཕ་རོལ་མེད། །འཇིག་རྟེན་ཕ་རོལ་དོན་གཉེར་སྐྱེས། །འཇིག་རྟེན་འདི་ཡི་འབྲས་བུ་རྒྱས། ཞེས་བྱ་བས་རྗེས་སུ་མཉན་པར་བྱའོ། །དེའི་རྗེས་སུ་ཚོར་མ་ལ་སོགས་པས་མེ་སྤར་ལ། ལག་བ་གཡས་དང་གཡོན་གྱིས་ཡུངས་ཀར ་བཟུང་སྟེ། གཡས་དང་གཡོན་དུ་སྐོར་ཞིང་བསྐོར་བས་མེ་ལ་བསྐྱུར་བར་བྱའོ། །ོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་མ་མ་སརྦ་ཤི་ཥུ་སྱ་སརྦ་པཱ་པཾ་ད་ཧ་ན་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདིས་སོ། །དེ་བཞིན་དུ་ཆུ་བླངས་ལ་གཏེར ་མའི་སྣོད་དུ་བླུགས་པར་བྱའོ། །སློབ་མ་དེ་རྣམས་བློས་དཔལ་ཧེ་རུ་ཀའི་གཟུགས་སུ་རང་གི་ལུས་ལ་བཅུག་སྟེ། རྡོ་རྗེའི་ལམ་ནས་ཕྱུང་ལ་རྡོ་རྗེ་ཕག་མེའི་པདྨའི་གནས་སུ་སོང་བ་རྣམས་ལ་དེ་བཞིན་གཤེགས་པའི་ཞུ་བས་དབང་བསྐུར་བར་བསམS ་ཏེ། དཀྱིལ་འཁོར་གྱི་ཤར་སྐོར་མངོན་སུམ་དུ་བཞག་ལ་འཇུག་པར་གསོལ་བ་གདབ་པར་བྱའོ། །དཔལ་ཆེན་ཁྱོད་བདག་སྟོན་པ་བས། ཕག་མོ་དང་ནི་མཉམ་པར་སྦྱོར། །བྱང་ཆུབ་ཆེན་པོའི་ཚུལ་བརྟན་པ། མགོན་པོ་ཆེན་པོ་བདག་འཚལ ་ལ། །དམ་ཚིག་དེ་ཉིད་བདག་ལ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་གསོལ། །ཧེ་རུ་ཀ་དང་ཕག་མོ་ཡི། །གནས་ལ་སོགས་པ་བཅུ་ཡི་མིང། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་བདག་ལ་གསོལ། ། ་ཐར་པ་ཆེན་པོའི་གྲོང་མཆོག་དུ། །མགོན་པོ་བདག་ཉིད་འཇུག་པར་འཚལ། །དེ་ནས་བླ་མས་སློབ་མ་ཅིག་ལ་གཙོར་བྱས་ལ་བརྗོད་པར་བྱ་སྟེ། །བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྦྱོད་ཚུལ་ཆོ་ག་ན། །བྱོད་ལ་ཡང་དག་བསྟན་པར ་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་གསང་སྔགས་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །ཧེ་རུ ་ཀ་དཔལ་རྩོགས་མཆོག་གིས། །བདུད་སྡེ་ཤིན་ཏུ་མི་བཟང་པ། །སྟོབས་ཆེན་གང་ཡིན་པ་རྣམས་བཅོམ། །འཇིག་རྟེན་རྗེས་འཇུག་སྤྱད་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས ་འདི་གྱིས་ཤིག་།ཅེས་བརྗོད་ལ། དེ་རྣམས་ཀྱིས་དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེ་ཡི་རང། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང། །ཞེས་སྐྱབས་གསུམ་གྱི་ཚིགས་སུ་བཅད་པ་སློབ ་མ་དེ་རྣམས་ཀྱིས་ལན་གསུམ་དུ་བརྗོད་པར་བྱའོ། །ོཾ་བཛྲ་ཀུཎྜ་ལི་བཛྲ་ཧཱུཾ་ཕཊ་ཅེས་པས་བསང་གཏོར་དང་བཅས་པས་སྔགས་ཀྱིས་བསྲུང་བ་བྱས་ལ། དེ་རྣམས་ཀྱི་སྙིང་ག་དང། མགྲིན་པ་དང། མགོ་བོར་རིམ་པ་ཇི་ལྟ་བ་བཞིན་དུ་ཟླ་བ་ལ་གནས་པའི་རྡོ ་རྗེ་དང་པདྨ་དང་འཁོར་ལོ་རྣམས་ཀྱི་ལྟ་བ་རྣམས་ལ། ཧཱུཾ་ཨཱ:ོཾ། བསམ་པར་བྱའོ། །དེ་རྣམས་ཀྱི་འོད་གཟེར་རྣམས་ཀྱིས་མཁའ་སྤྱོད་མ་དང་ས་སྦྱོད་མ་དང་ས་འོག་གནས་མ་རྣམས་བསྒོམ་པར་བྱའོ། །སློབ་མས་ཀྱང་དེའི་འོད་ཟེར་ལུས་ལ་གསལ ་བའོ། །རྡོ་རྗེ་གཡས་པའི་ཁུ་ཚུར་གྱིས་གཟུང་ལ་སློབ་དཔོན་ལངས་ཏེ། སློབ་མ་རྣམས་ཀྱི་སྙིང་ག་དང། ལྐོག་མ་དང། མགོ་བོ་རྣམས་སུ་ཡང་དག་པར་རེག་ལ། ཧཱུཾ་ཨཱ:་ཞེས་བརྗོད་ཅིང་ཙན་དན་ལ་སོགས་པས་ཡང་དག་པར་བྱུགས་ལ། དབྱི ་པོར་མེ་ཏོག། མདུན་དུ་སྤོས། མར་མེ་མིག་ལ། དྲི་སྙིང་གར། ལྷ་བཤོས་ལག་ཏུ་སྦྱིན་པར་བྱའོ། །དེའི་རྗེས་ལ་སོར་བཅུ་གཉིས་པའི་ཚད་ཀྱི་སོ་ཤིན?་ཆག་པ་མ་གས་པ། ཨ་ཤྭཏ་ཐ་ལ་སོགས་པའི་མེ་ཏོག་གི་ཕྲེང་བས་བཅིངས་པ། ལས་ཐམས ་ཅད་པའི་སྔགས་བཟླས་ལ་སློབ་མ་རྣམས་ལ་སོ་སོར་སྦྱིན་པར་བྱའོ། །དེ་རྣམས་ཀྱིས་ཀྱང་ཤར་དང་བྱང་དུ་ཁ་བལྟས་ལ་བཅའ་ཞིང་བ་ཀོ་ཙམ་བ་ཡུས་བྱུགས་པའི་སར་དོར་བར་བྱའོ། །དེ་ནས་ཤར་ལ་སོགས་པར་ཁ་བལྟས་ན་རིམ་པ་བཞིན ་ཞི་བ་ལ་སོགས་པའི་ལས་བསྟན་པར་བྱའོ། །གང་གི་སྔོན་དུ་ཁ་བལྟས་ན་དེའི་དངོས་གྲུབ་མཆོག་ཏུ་ཤེས། ཐུར་དུ་བལྟས་ནས་འོག་འོག་གི་དངོས་གྲུབ་བོ། །གྱེན་དུ་ཁ་བལྟས་ནམ་མཁའ་ལ་སྦྱོད་པ་ཉིད་དུ་ཐེ་ཚོམ་མེད་དོ། །དཀྱིལ་འཁོར་གྱི་ཕ་རོལ ་ཏུ་ལྷུང་ན་དངོས་གྲུབ་མེད་དོ། །དེའི་རྗེས་ལ་ཁ་བཤལ་པའི་དོན་དུ་ཆུ་ཁྱོར་བ་གསུམ། ཨོཾ་ཧཱུཾ་བི་ཤུདྡྷ་དྷརྨ་སརྦ་པཱ་པཾ་ནི་ཙ་ཤྱ་བི་ཤོ་དྷ་ཡ་སརྦ་པི་ཀལ་པཱ་ཨ་བ་ནཱ་ཡ་ཧཱུཾ། ཁ་བཤལ་བའི་དོན་དུ་སྦྱིན་ནོ། །མདུན་དུ་བཞག་ལ། ཨོཾ ་བཛྲ་ཀུཎྜ་ལི་ཞེས་བྱ་བ་ལ་སོགས་པའི་སྔགS་ལན་བདུན་བཟླས་ལ། ཀུ་ཤ་སྟན་དང་སྔས་ཀྱི་དོན་དུ་དེ་རྣཾས་ཀྱི་ལག་པར་སྦྱིན་པར་བྱའོ། །དཔུང་པ་གཡས་པ་ལ་ཡང་སྔགས་འདི་ཉིད་ཀྱིས་ལན་བདུན་དུ་མངོན་པར་སྔགས་ལ། གསུམ་བསྒྲལ་བ་མདུད་པ ་གསུམ་པ་ཅན་གྱི་བསྲུང་སྐུད་དམར་བོ་བཅིངས་ལ། ཆོས་བཤད་པས་སྤྲོ་བ་བསྐྱེད་པར་བྱའོ། །འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ུ་དུམ་ཝ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག་།འབྱུང་འགྱུར་ཡང་ན་མི་འབྱུང་ངོ། །གསང ་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་ལས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང། །དཀྱིལ་འཁོར་འདི་ནི་མཐོང་བ་ཡིས། །དེ ་རྣམས་ཐམས་ཅད་ཟད་པར་འགྱུར། །དེ་དག་ཀུན་གྱི་ངན་འགྲོ་རྣམས། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད། །གང་དག་སྤྱོད་པའི་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་དྲི་མེད་པ། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་བླ་མེད་དེ་རིང་རྙེད། །གང ་ཕྱིར་རྒྱལ་བ་སྲས་བཅས་པའི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཐམས་ཅད་ཀྱིས་ནི་ཡོངས་འཛིན་པར། །བདག་ཉིད་ཆེན་པོ་སྐྱེ་བར་འགྱུར། །གང་གིས་ཁྱེད་རྣམས་ཐེག་ཆེན་ལ། །ལེགས་པ་ཉིད་དུ་སྐྱེ་བར་འགྱུར། །ཞེས་བྱ་བ་ལ་སོགས ་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་ཆོས་བཤད་པ་ཉན་དུ་བཅུག་ལ། །སླར་ཡང་ལས་ཐམས་ཅད་པའི་སྔགས་འདི་ཉིད་ཀྱིས་ལེགས་པར་བསྲུངས་ལ། །སློབ་དཔོན་གྱིS་སྡོམ་པ་གཟུང་བར་བྱ་སྟེ། །མི་ལྡོག་འཁོར་ལོ་མཆོག་དབང་བསྐུར། །སྩལ ་ནས་མགོན་པོ་བདག་ལ་ནི། །འཁོར་ལོ་ལྷ་ཡི་དེ་ཉིད་དང། །སློབ་དཔོན་གྱིས་ནི་ལས་རྣམས་དང། །སངས་རྒྱས་ཀུན་གྱི་དམ་ཚིག་དང། །སྡོམ་པ་གསང་བ་དམ་པ་དང། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་སློབ་དཔོན་བདག་འགྱུར་གསུངས ་ཞེས་གསོལ་བ་བཏབ་པའི་རྗེས་ལ་བླ་མས་མཁའ་དང་འགྲོ་དང་མཁའ་འགྲོ་མ་རྣམས་ལ་གསོལ་བ་གདབ་པར་བྱ་སྟེ། ཆེ་གེ་མོ་ཞེས་བྱ་བ་ནི། །བྱང་ཆུབ་སེམས་ནི་ཡོངས་འཛིན་པ། །གསང་བའི་དོན་ནི་འཁོར་ལོ་འདིར། །དམ་ཚིག་སྡོམ་པ ་འཇུག་པར་འཚལ། །གསང་བ་ཆེན་པོའི་རིགས་དག་པའོ། །གསང་པ་ཡོངས་སུ་ལེན་པ་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །སློབ་མས་ཀྱང་འཚལ་ཞེས་བརྗོད་ལ། །དེ་ནས་སངས་རྒྱས་ཆོས་དང་དགེ་འདུན་ཏེ། དཀོན་མཆོག་གསུཾ ་ལ་སྐྱབས་སུ་སོང། །བླ་མ་མཆོད་པ་རྟག་ཏུ་བྱ། །སངས་རྒྱས་འགྲོ་ལ་གུས་བྱམས་པ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །མི་དགེ་ལ་སོགས་ལས་རྣམས་སྤང། །རྩ་བའི་ལྟུང་བ་ཡོངས་སུ་སྦང། །སྦོམ་པོའི་ལྟུང་བ་དེ་བཞིན་ནོ། །སེམས ་ཅན་རྣམས་ལ་མཆོད་པ་བྱ། །ཐེག་པ་དམན་ལ་འདོད་པའི་ད་མིན། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་གྲོལ་བར་བགྱི། །འཁོར་བའི་སྡུག་བསྔལ་འཁྲུགས་པ་ལས། །སེམས་ཅན་རྣམས་མི་དབུགས་ཕྱུང་གིས ་སེམས་ཅན་དོན་བྱེད་ཚུལ་ཁྲིམས་ཀྱང། །རྟག་ཏུ་ཁྱོད་ཀྱིས་སོ་སོར་བཟུང། །ཞེས་བརྗོད་པར་བྱའོ། །སློབ་མས་ཀྱང་ནི་བརྗོད་པར་བྱ་བ་ནི། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བྱ་བ་བདག་གིS་བགྱི། །ཞེས་བརྗོད་པར་བྱའོ། །དེ་ལྟར ་སློབ་དཔོན་གྱི་སྡོམ་པ་བཟུང་ལ་ཀུ་ཤའི་སྟན་ལ་ཉལ་བར་བྱའོ། །རྨ་ལམ་ཅི་མཐོང་བ་དེ་ང་ལ་སྨྲོས་ཅིག་།དེ་ནས་དཀྱིལ་འཁོར་གྱི་ཁང་པར་བཞུགས་ལ་ལས་ཐམས་ཅད་པའི་སྔགས་བསྲུང་བའི་བདོན་དུ་བཟླས་པར་བྱའོ། །དེའི་རྗེས་ལ་ ་ཁྱད་པར་དུ་གཏོར་མ་བཏང་བར་བྱའོ། །ཞེས་པ་ནི་སློབ་མ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་ནང་པར་ཕྱིར་བྱུང་སྟེ་སློབ་མ་དེ་རྣམས་བོས་ལ་དགེ་བ་དང་མི་དགེ་བའི་རྨི་ལམ་དྲིས་ལ་།རྨི་ལམ་དང་རྗེས་སུ་མཐུན་པར ་བསྒྲུབས་ལ། །བྲིས་པའི་དཀྱིལ་འཁོར་ལ་སོགས་པ་རྣམས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ལ། རང་གི་ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས་སློབ་མ་འཇུག་པའི་ཆོ་གས་རང་ཞུགས་ལ། ཕྲེང་བའི་དབང་བསྐུར་བ་དང་རྗེས་སུ་གནང་བའི་མཐར ་ཐུག་པ་ཡིད་གྱིས་སླངས་ལ། སློབ་མ་རྣམས་དཀྱིལ་འཁོར་དུ་གཞུག་པའི་དོན་དུ་བདེན་པས་གསོལ་བ་གདབ་བར་བྱའོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། གསལ་ཞིང་དངS་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད།། ་རྒྱུ་དང་ལས་ལས་ཀུན་དུ་འབྱུང། །དེ་བཞིན་ཉིད་དེ་དེ་ཉིད་སྐྱེས། །དེ་ལྟར་བདེན་པས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྷི?་དྲི་མ་མེད་མཐོང་ཤོག་།ཅེས་བྱ་བ་ནི་གསོལ་བ་གདབ་པར་བྱའོ། །དེ་བཞིན་དུ་ཡོལ་བའི་ཕྱི ་རོལ་དུ་ཡོན་ཕུལ་བའི་སློབ་མ་དབང་བསྐུར་བའི་སྣོད་དུ་རུང་བ་རྣམས་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་དམིགས་ལ། ཨ་ཁཾ་བཱཾ?་ར་ཧཱུཾ། ཞེས་བྱ་བའི་སྔགས་ཀྱིས་མེ་ཏོག་གི་ཕྲེང་བ་གཟུང་སྟེ། གདོང་གཡོགས་དམར་པོས་བཅིང་ལ། ལམ ་ཐམས་ཅད་པའི་ཆུ་ཡིས་བསང་སྟེ། སློབ་དཔོན་གྱིས་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་དྲི་བར་བྱའོ། །ཀྱེ་འདོད་པ་ལ་དགའ་བ་དེ་ཁྱོད་སུ་ཡིན། །དེས་ཇི་ལྟར་བརྗོད་པར་བྱ་སྟེ། །བདག་བདེ་བ་ཆེན་པོའི་སྐལ་པ་དང་ལྡན་པ་ལགས་སོ། ། ་དེ་ནས་བླ་མས་སློབ་མའི་སྙིང་གར་རྡོ་རྗེ་གཞག་ལ། ཨོཾ་སརྦ་ཡོ་ག་ཙི་ཏཾ་ཨུཏ་པ་ཏཱ་ཡཱ་མི། ཨོཾ་སུ་ར་ཏེ་ས་མ་ཡ་སྟཝཾ་ཧོ:སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ་ཞེས་བྱ་བས་བྱང་ཆུབ་ཏུ་སེམས་བསྐྱེད་ལ་འདི་བརྗོད་པར་བྱའོ། །དེང་ཁྱོད་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱིས་བྱིན་གྱིས་རླབས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་འདི་ཁྱོད་ཀྱིས་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་མདུན་དུ་སྨྲ་བར་མི་བྱ་སྟེ། དད་པ་དང་མི་ལྡན་པ་རྣམས་ལ་མ་ཡིན་ནོ། །ོཾ་ཛྲ་ཧཱུཾ་ཤྲི་ཧེ་རུ་ཀ་ཡ་བིད?་མ་ཧ་བི་དྱ ་རཱ་ཛཱ་ཡཱ་དྷི་མ་ཧེ་སྭཱཧཱ། །ཞེས་པ་འདིས་བཀུག་སྟེ་ཡོལ་བའི་ནང་དུ་བཅུག་ལ་དཀྱིལ་འཁོར་གྱི་ཤར་སྒོར་བཞག་སྟེ་འདི་སྐད་བརྗོད་པར་བྱའོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་ཡིས ་ཡེ་ཤེS་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་ན། །གཞན་ལྟ་སྨོས་ཀྱང་ཅི་དགོས། །ཁྱོད་ཀྱིས་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། དེ་ནས་སྤྱི་བོར་རྡོ་རྗེ ་ཡང་དག་པར་བཞག་སྟེ། འདི་ནི་རྡོ་རྗེའི་དམ་ཚིག་སྟེ། །དམ་ཚིག་རྡོ་རྗེ་འདི་ཡིས་ནི། །གལ་ཏེ་འགའ་ལ་ཁྱོད་ཀྱིས་ནི། །སྨྲས་ན་རྨ་གོ་བོ་འགེམས་པར་བྱེད། །མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་གར་ཡང་དག་པར་བཞག་སྟེ། །ོཾ་རྡོ་རྗེ་སེམས་དཔའ་དེང ་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་འགྱུར། །གལ་ཏེ་ཚུལ་འདི་སྨྲས་གྱུར་ན། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་བྱ་བ་འདིས་མནའ་བསྒག་པར་བྱའོ། །སླར་ཡང་བདུད་རྩི་ལྔ་པའི་སྣོད་དུ་སོང་བའི་ཡི་གེ་གསུམ་བྱིན་གྱིས་བརླབས་ལ་ཨོཾ ་བཛྲ་ཨ་མྲི་ཏ་ཨུ་ད་ཀ་ཥ?། ཞེས་བྱ་བ་ནི་ལན་བདུན་བདུན་བཟླས་ལ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ། །འཐུང་ཞིག་རྡོ་རྗེ་བདུད་རྩིའི་ཆུ། །ཞེས་བརྗོད་ལ་འཐུང་དུ ་གཞུག་གོ། དེའི་རྗེས་ལ་བླ་མའི་མན་ངག་ལས་དབབ་པར་བྱའོ། །ཞལ་བཞི་པའི་སྔགS་ཀྱི་སྒྲས། །མཚམས་བཅིང་བ་ནི་ཡང་ནས་ཡང་དུ་བྱའོ། །སློབ་མའི་ལུས་ལ་རང་དེ་བཞིན། །མཛེས་པའི་གོ་ཆ་ཀུན་གྱིས་བྱ། །སླར་ཡང་འཇུག་པ་སྔགས ་ཀྱི་མཆོག་།གཏི་མུག་མཁའ་འགྲོའི་གཟུགས་ལ་ཡང། །ལྟེ་པར་པད་གནས་འཁོར་ལོའི་མཆོག་།དངོས་གྲུབ་ཆེན་པོ་རབ་སྟེར་བ། །འབར་ཞིང་ཤིན་ཏུ་གསལ་བ་ཡི། །གཡུང་དྲུང་འཁྱིལ་བ་འཁོར་བར་བསྒོམ། །ཧེ་རུ་ཀ་དཔལ ་ང་རྒྱལ་ནི། །མི་བརྗེད་པར་ནི་ཡང་དང་ཡང། །ཁྲག་དང་བསྲེས་པའི་ཤ་དང་ནི། །གུ་གུལ་དང་ལྷན་ཅིག་སྦྱར། །རྡོ་རྗེ་རྣལ་འབྱོར་མའི་སྔགས། །བརྒྱ་རྩ་བརྒྱད་ནི་བཟླས་པར་བྱ། །དེ་ཡིས་བདུགས་པ་ཙམ་གྱིས་ནི། །འབེབས་པར་འགྱུར་བར་ཐེ་ཚོམ་མེད།། ་འབད་བ་ཡིས་ནི་དྲིལ་བུ་དཀྲོལ། །བསྒྱིངས་དང་བཅས་པས་གསང་སྔགས་བཟླས། །ོཾ་ཏིཥྛ་མཧཱ་ཀྲོ་དྷ་བཛྲ་བཱ་རཱ་ཧཱི་ཨ་བེ་ཤཱ་སྟམྦཱ་ཡ་ར་ར་ཙ་ལ་ཡ་ཙཱལ་ཡ་ཧཱུཾ་ཧ་ཨཱ་ཛཧེཾ། ཞེས་བྱ་བའི་སྔགས་འདིས་སོ། །འབབ་པ་ཡི་ནི་ལྟེ་ལ་ཡང། ། ཡིག ་དམར་པོ་བསམ་བྱ་བ། །གསུང་གི་རྡོ་རྗེའི་རང་བཞིན་ཁྱོད?། །སྨྲོས་ཤིག་བུ་ཡིS་དགེ་མི་དགེ་།ཞེས་ཤེས་པར་བྱས་ལ། །ོཾ་ཏིཥྛ་བཛྲ་ས་མ་ཡ་པཱ་རཱི་པཱ་ལི་ཏེ། ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་སྭཱ་ཧཱ་།ཞེས་བྱ་བའི་སྔགས་ཀྱིས་རྡོ་རྗེ་སྤྱི་བོར་ཡང་དག་པར་བཞག་ལ ་གཤེགས་སུ་གསོལ་བར་བྱའོ། །འབེབས་པའི་ཆོ་གའོ། །དེའི་རྗེས་ལ་སློབ་མ་རྣམས་ཀྱི་ཡང་ལག་པ་ནས་བཟུང་ལ་གཡོན་སྐོར་གྱིས་ལན་གསུམ་བསྐོར་བར་བྱའོ། །དཀྱིལ་འཁོར་འདི་ནི་དངོས་གྲུབ་སྟེ། མཁའ་འགྲོ་མའི་དྲ་བ་སྡོམ། །ཐང ་པ་ཆེན་པོའི་གྲོང་མཆོག་ཏུ། །བུ་ཁྱོད་ང་ཡིས་བཀུག་པ་ཡིན། །མཁའ་ལ་སྦྱོད་པ་རྣམས་ལ་སྒོ་ལྷོ་ནས་ཕྱག་འཚལ་དུ་བཞུག་སྟེ། །ོཾ་ན་མ་སྟེ་ཧཱུཾ། ཨོཾ་ན་མ་མི་ཧཱུཾ་ཨོཾ་ན་མོ་ན་མ་ཧཱུཾ། ཞེས་བྱ་བས་སོ། །དཔལ་ལྡན་མཁའ་འགྲོ་རྣལ་འབྱོར་མ་མཆོག ་མགུལ་ནས་འཁྱུད། །དཔའ་བོ་འདུས་ལས་ལུས་བྱས་ཐ་དད་མེད་པའི་གཟུགས། །འཁོར་གནས་སྡོམ་པ་ཐུགས་རྗེའི་སྟོབས་ཀྱིས་གཟིགས། །བླ་མ་མཆོག་ལ་སྤྱི་བོས་གུས་པས་རྟག་ཏུ་འདུད། །སླར་ཡང་ཤར་སྒོར། གཏི་མུག་གིས་མནན་འགྲོ ་མཐོང་ནས། །གཏི་མུག་ཐམས་ཅད་ཞི་བྱའི་ཕྱིར། །ལྷ་མོ་མཁའ་འགྲོ་མ་གཟུགས་འཛིན། །དེ་ཕྱིར་མཁའ་འགྲོ་མ་ཁྱོད་འདུང་།།སླར་ཡང་བྱང་གི་སྒོར། ཕྲག་དོག་གིས་མནན་འགྲོ་གཟིགས་ནས། །ཕྲག་དོག་ཐམས་ཅད་ཞི་བྱའི་ཕྱིར། །ལྷ་མོ་ལ་མའི་གཟུགས ་འཛིན་མ། །དེ་ཕྱིར་ལམ་ལ་ཕྱག་འཚལ། །སླར་ཡང་ནུབ་ཀྱི་སྒོར། །འདོད་ཆགས་ཀྱིས་མནན་འགྲོ་གཟིགས་ནས། །འདོད་ཆགས་ཆེན་པོ་ཞི་བྱའི་ཕྱིར། །ལྷ་མོ་ཁཎྜ་རོ་ཧ་ར་འཁྲུངས། །དེ་ཕྱིར་དུམ་སྐྱེས་ཁྱོད་ཕྱག་འཚལ། །སླར་ཡང་ལྷོའི་སྒོར།། ་ང་རྒྱལ་ཆེན་པོ་ཞི་བྱའི་ཕྱིར། །ལྷ་མོ་གཟུགས་ཅན་མ་གཟུགས་འཛིན། །དེ་ཕྱིར་གཟུགས་ཅན་མ་ཕྱག་འཚལ། །ཕྱག་འཚལ་འདུད་ཅིང་ཁྱོད་ཕྱག་འཚལ། །ཕག་མོ་དང་ནི་གཉིས་མེད་གཟུགས། །ཡེ་ཤེས་ལྔ་དང་སྐུ་གསུམ ་ཕྱིར། །རྡོ་རྗེ་མཁའ་འགྲོ་ཁྱོད་ཕྱག་འཚལ། །དེའི་རྗེས་ལ་ཁྱོད་ཀྱི་མིག་སྔར་ཅི་སྣང་ཞེས་དྲི་བར་བྱའོ། །དེས་སྨྲས་པ། དཀར་པོ་དང། སེར་པོ་དང། དམར་པོ་དང། སྔོན་པོར་སྣང་ན། ཞི་བ་དང། རྒྱས་པ་དང། དབང་དང། སྔོན་སྤྱོད་ཀྱི་སྣོད་དུ་རུང་བར་རིམ་པ ་ཇི་ལྟ་བ་བཞིན་དུ་བསྟན་པར་བྱའོ། །དཀྱིལ་འཁོར་འདིར་ནི་ཡང་དག་པར། །བདག་གིས་སློབ་མ་བཞུག་པར་བྱ། །དེ་ལྟར་བསོད་ནམས་དེ་བཞིན་དུ། །ལྷ་རྣམས་རིགས་ཀྱི་རིམ་པར་ཤོག་།འདིར་ནི་དངོས་གྲུབ་ཇི་ལྟར་འབྱུང། །གང་གི་རིགས་ཀྱི་སྣོད ་འགྱུར་བ། །ཇི་ལྟར་བསོད་ནམས་ནུས་མཐུས་ཀྱང། །དཀྱིལ་འཁོར་དག་ཏུ་དེ་བཞིན་ཤོག་།དེ་ནས་མེ་ཏོག་གི་ཕྲེང་བ་དེ་ཧཱུཾ་ཡིག་དང་ཏྲཾ་ཡིག་གིས་ཡང་བཟླས་ལ་དཀྱིལ་འཁོར་དུ་ངོར་བར་བྱའོ། །པྲ་ཏཱིཙྪ་བཛྲ་ཧཱོ་ཞེས་བྱ་བ་འདིས་སོ། །དེ་ནས་མེ་ཏོག ་བབས་པས་དམན་པ་དང་མཚོག་ལ་སོགས་པ་འདིས་དངོས་གྲུབ་མཚོན་པར་བྱ་སྟེ། །ལྷ་རྣམས་ཀྱི་དབུ་འམ་མཛོད་སྤུ་འམ། །གཙུག་ཏོར་ལ་བབས་ན་དེ་ཚེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །སྤྱན་དང་ཞལ་ལ་སྔགས་ཀྱི་དངོས་གྲུབ་པོ། །སྐུ་མཆོག ་ལ་མཆོག་གོ་།སྐུའི་དབུས་ལ་འབྲིང་ངོ། །སྨད་ཀྱི་ཆ་ལ་ཐ་མའོ། །སྐུ་ལས་རིང་ན་ཡུན་རིང་པོ་ནའོ། །ལྷའི་གནས་ཀྱི་རེ་མིག་ལ་སོགས་པ་ཐམས་ཅད་ལ་ཤེས་པར་བྱའོ། །དཀྱིལ་འཁོར་གྱི་ཕྱི་རོལ་དུ་ལྷུང?་ན་སླར ་ལེན་གསུམ་དུ་དོར་བར་བྱའོ། །སླར་ཡང་དེ་ཉིད་དུ་བབས་ན་དངོས་གྲུབ་མེད་དོ། །ཞེས་བྱ་བ་ནི་མེ་ཏོག་འདོར་བའི་ཆོ་གའོ། །དོར་བའི་མེ་ཏོག་གི་ཕྲེང་བ་དེ་བཟུང་ལ། །སློབ་མའི་མགོ་བོ་ལ་བཅིང་བར་བྱ་སྟེ། །སེམས་དཔའ་སྟོབས་པོ་ཆེ་འདྲི་བཟུང ་ཞེས་བརྗོད་དོ། །དེ་ནས་མིག་གཉིས་ལ་ཨོཾ་ཡིག་གཉིས། གཟི་བརྗིད་འབར་བ་བསམས་ལ། །རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པ་ནི་བརྩོན་པར་མཛད། །མིག་ནི་ཐམས་ཅད་འབྱེད་མཛད་དེ། །རྡོ་རྗེའི་མིག་ནི་བླ་ན་མེད། ། ་ཅེས་བརྗོད་ལ་གདོང་གཡོགས་དཀྲོལ་ཏེ། །དཀྱིལ་འཁོར་གྱི་ལྷ་ཙམ་བསྟན་པར་བྱའོ། །དེ་ཁོ་ན་ཉིད་ཀྱི་རང་བཞིན་ནི་གསང་བའི་དབང་གི་རྗེས་ལ་བསྟན་པར་བྱའོ། །ཞེས་བྱ་བ་ནི་དཀྱིལ་འཁོར་དུ་འཇུག་པའི་ཆོ་གའོ། །ད་ནི་དབང་བསྐུར ་བཤད་པར་བྱ་སྟེ། །སླར་ཡང་མཎྜལ་སྔོན་དུ་འགྲོ་བས་ཐལ་མོ་སྙིང་གར་བཞག་ལ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་གསོལ་བ་ལྟར། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའ་རྡོ་རྗེ་བདག་ལ་གསོལ། ། ་ཕྱག་འཚལ་བ་སྔོན་དུ་འགྲོ་བས། །དེ་ལྟར་གསོལ་བ་བཏབ་པ་དང། །ལྡན་པའི་སློབ་མ་མི་བསྐྱོད་པའི་གཟུགས་སུ་དམིགས་ལ། རང་གི་སྙིང་གའི་ས་བོན་ཧཱུཾ་ལས་བྱུང་བའི་མཁའ་འགྲོ་མ་རྣམས་ཀྱིS་དབང་བསྐུར་སྔོན་དུ་འགྲོ་བར ་བསམ་ལ། །སླར་ཡང་རྡོ་རྗེ་དང་བཅས་པའི་ཁུ་ཚུར་གྱིS་བུམ་པའི་ཆུ་བླངས་ལ་རྡོ་རྗེ་ཆེན་པོ་དབང་བསྐུར་བ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གསང་བ་གསུམ་གྱི་གནས་ལས་བྱུང། །སངས་རྒྱས་ཀུན་ལས་སྦྱིན་པར ་བྱ། །ོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བརྗོད་ལ། །སློབ་མས་འཁོར་ལོ་སྒྱུར་བ་ལྟ་བུར་དབང་བསྐུར་བར་བྱའོ། །ཞེས་བྱ་བ་ནི་ཆུས་དབང་བསྐུར་བའི་ཆོ་ག་སྟེ། །མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེའི་རྗེས་ལ་སློབ་མ་རྡོ་རྗེ་ཉི་མའི་གཟུགས་སུ་བསམས་པ། །གསེར ་དང་གོས་ལ་སོགས་པ་ལས་བྱས་པའི་ཏྲཾ་ཡིག་ལས་སྐྱེས་པ་རང་བཞིན་གྱི་ཅོད་པན་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱིས་དབང་བསྐུར་སྔོན་དུ་འགྲོ་བས། རྡོ་རྗེ་ཆེན་པོ་དབང་བསྐུར་བ་ཁམས་གསུམ་པ་ཡིས་ཕྱག་བྱས་པ། །གསང་བ་གསུམ ་གྱི་གནས་ནས་བྱུང། །སངས་རྒྱས་ཀུན་གྱི་སྦྱིན་པར་བྱ། །ོཾ་བཛྲ་མུ་ཀུ་ཊ་ཨ་བྷི་ཥིཉྩཱ་མི། ཞེས་བརྗོད་ལ་དེའི་མགོ་བོ་ལ་སྦྱིན་པར་བྱ་སྟེ། ནམ་མཁའ་དཀྱིལ་ན་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རིགས་ཀྱི་གཙོ་བོའི་གཟུགས་ཀྱིས ་དབུ་རྒྱན་ལ་ཞུགས་པར་བསམ་པར་བྱ་སྟེ། ཞེས་བྱ་བ་ནི་ཅོད་པན་གྱི་དབང་བསྐུར་བ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ནས་སྣང་བ་མཛའ་ཡས་ཀྱི་གཟུགས་སུ་སློབ་མ་རྣམས་བསམས་ལ་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་བཟུང་ལ་སྔོན་བཞིན ་དབང་བསྐུར་ཏེ། སངས་རྒྱས་ཀུན་གྱི་རྡོ་རྗེ་དབང། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་གྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་བཟུང། །ཞེས་བརྗོད་ལ་རྡོ་རྗེ་སྙིང་ག་ལ་སོགས་པར་རེག་ལ་སྙིང་གར་ལག་པ་གཡས་པས་སྦྱིན་པར་བྱའོ ་ཞེས?་བྱ་བ་ནི་རྡོ་རྗེའི་དབང་བསྐུར་བ་སྟེ། སོ་སོར་རྟོག་པའི་ཡེ་ཤེས་སོ། །དེའི་རྗེས་ལ་སློབ་མ་དོན་ཡོད་གྲུབ་པའི་གཟུགས་སུ་དམིགས་ལ། ཨ་ཡིག་ལས་སྐྱེས་པའི་དྲིལ་བུ་བླ་མའི་གཟུགས་སུ་དམིགས་པ་ལག་པ་གཡོན་པར་བྱིན་ལ་རྡོ་རྗེ་དྲིལ་བུ་ལག ་པ་དག་གིས་འཁྱུད་ཅིང་རོལ་པོས་སྔོན་བཞིན་དུ་དབང་བསྐུར་ལ། ཨོཾ་བཛྲ་ཨ་དྷི་པ་ཏི་ཏྲཾ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ས་མ་ཡ་སྟཝཾ། ཞེས་བརྗོད་དོ། །ཞེ་བྱ་བ་ནི་བདག་པོའི་དབང་བསྐུར་བ་སྟེ། བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ནས་རྣམ་པར་སྣང་མཛད་གྱི ་གཟུགས་སུ་སློབ་མ་དམིགས་ལ། མགོ་བོར་རྡོ་རྗེ་དང་དྲིལ་བུ་ལག་པ་དག་གིས་བཟུང་སྟེ། སྔོན་བཞིན་དུ་དབང་བསྐུར་བར་བསམ་ཞིང། བཛྲས་ཏྭ་ཨ་བྷི་ཥིཉྩ་མི་བཛྲ་ནཱ་ལ་ཡ་བྷི་ཥེ་ཀ་ཏ། ཀྱེ་དཔལ་རྡོ་རྗེ་ཧེ་རུ་ཀ་རྡོ་རྗེ་ཞེས་བྱ་བ ་ལ་སོགས་པ་རིགས་དང་རྗེས་སུ་མཐུན་པའི་མིང་གདགས་པར་བྱའོ། །ཞེས་བྱ་བ་ནི་མིང་གི་དབང་བསྐུར་བ་སྟེ། །ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སོ། །སངས་རྒྱས་ལྔའི་རང་བཞིན་ཕྱིར། །བརྟན་གཡོ་ཀུན་གྱི་བདག་ཉིད་ཅན། ། ་དེས་ན་དང་པོ་དབང་ལྔ་ནི། སྦྱིན་བྱ་བདེ་བ་སྒྲུབ་བྱེད་པའོ། །གཅིག་ཀྱང་དུ་མ་ཉིད་ཀྱི་གཟུགས། །གར་ན་སངས་རྒྱས་ཉིད་ཀྱི་གང། །སངས་རྒྱས་གང་དང་གང་བསྒོམས་ཏེ། །ཧེ་རུ་ཀ་དཔལ་གོ་འཕངས་གནས། །འདི་རྣམས་ཀྱིས་ཀྱང་བསྔགས ་དང་རྒྱུད་ལ་སོགས་པ་ཉན་པ་ལ་སོགས་པ་ལ་དབང་བར་འགྱུར་རོ། །དེ་ལྟར་རིག་པའི་དབང་བསྐུར་དུ་བཤད་དེ། ཐམས་ཅད་དུ་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱི་བྱ་བ་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་ནི་དབང་ལྔའི་ཆོ་གའོ། །དེའི་རྗེས་ལ་མཆོད ་པ་ནུས་དང་གུས་པ་ཡིས། །བླ་མའི་ཞབས་ལ་ཕྱག་འཚལ་ཏེ། །སྙིང་ག་གཡོན་དུ་ཐལ་མོ་བཞག་།དབང་བསྐུར་དོན་དུ་གསོལ་བ་གདབ། །འགྲོ་བ་བསྐྱབས་ཕྱིར་གཟི་བརྗིད་གང། །བདག་ལ་ཁྱོད་ཀྱི་བཀའ་དྲིན་གྱིས། །རྡོ་རྗེ་སློབ་དཔོན་དབང་བསྐུར་ཀྱེ།། ་ཐུགས་རྗེའི་གཉེར་གྱིས་བདག་ལ་གསོལ། །ཞེས་བྱ་བ་འདིས་གསོལ་བ་བཏབ་པ་དང་ལྡན་པའི་སློབ་མ་ལྷའི་སྒོང་བཞག་ལ། །དཔལ་ཧེ་རུ་ཀའི་གཟུགས་སུ་སེང་གེའི་ཁྲི་ལ་འདབ་མ་སྣ་ཚོགས་པའི་པདྨའི་དབུས་སུ་བཞག་ལ་ཕྱག་རྒྱ་ལ ་སོགས་པས་བརྒྱན་པ། །སྟེང་དུ་ལྷ་མོས་བཟུང་བའི་གདུགས་མཛེས་པ་དང། ཅད་ཏེའུ་དང་དེ་བཞིན་དུ་གླུ་ལ་སོགས་པ་རྣམས་དང། སྣ་ཚོགས་པའི་མཆོད་པ་ལ་སོགས་པ་རྣམས་ཀྱིས་དེ་ལྟར་འབད་པས་མཆོད་ལ། །སྙིང་གའི་ས་བོན ་འོད་བྱུང་མཛའ་ཡས་ཀྱིས། །ལྷ་མོའི་ཚོགS་ཀྱིས་ཀྱང་ནི་ནམ་མཁའ་གང། །གང་གྱི་ཕྱག་གིས་ཡེ་ཤེས་ཆུ་ཡིས་བུམ་པ་བསྣམས། །མེ་ཏོག་ལ་སོགས་ཆར་འབབ་རྣམ་པར་བསམ། །ཚོགས་བཅད་བརྗོད་པས་དབང་བསྐུར་བ། །འཁོར་ལོར་རབ་ཞུགS ་གཙོ་བོའི་སྐུ་ནི་འགྱིང། །རྡོ་རྗེ་དྲིལ་མཆོག་ཕྱག་གིས་རིག་མ་འཁྱུད། །བདེ་ཆེན་གོ་འཕངས་གང་བས་རྒྱས་པའི་ལུས། །ཚིགས་སུ་བཅད་པས་རྡོ་རྗེ་ཆེན་པོས་དབང་བསྐུར་བ། །ཁམས་གསུམ་ཀུན་གྱི་ཕྱག་བས་པ། །གསང་བ་གསུམ་གྱི་གནས་ལས ་བྱུང། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །མེ་ཏོག་དང་བཅས་པས་རྡོ་རྗེ་ཆུ་བཟུང་ལ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་།ཞེས་བྱ་བ་འདིས་དབང་བསྐུར་བར་བྱའོ། །དམ་ཚིག་གསུམ་ཀྱང་གཟུང་པར་བྱ་སྟེ། །རྒྱུ་ལྔ?་དང ་ནི་རིགས་པ་ཡི། །རྡོ་རྗེ་ཞེས་ནི་བརྗོད་པར་བྱ། །ཧཱུཾ་ཡིག་དེ་ཉིད་ལས་སྐྱེས་པ། །རྡོ་རྗེ་སེམས་དཔའ་ཕྱག་ན་གནས། །ཐོག་མཛའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །མཁའ་འགྲོ་དྲ་བ་ཀུན་གྱི་བདག་།རྡོ་རྗེ་བསྙམས་མ ་བདག་པོའི་བདག་།ཅེས་བྱ་བ་འདིས་རྡོ་རྗེ་ལག་པ་གཡས་སུ་འཛིན་དུ་གཞུག་གོ་།ཞེས་བྱ་བ་འདི་ནི་རྡོ་རྗེའི་དམ་ཚིག་གོ་།དྲིལ་བུ་ཨ་ཡིག་ཡང་དག་སྐྱེས། །སྦྱིན་བྱ་མཁས་པས་དེ་རྣམས་ལ། །འདི་དེ་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས ་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེང། །ཅེས་བྱ་བ་འདིས་ལག་པ་གཡོན་པར་སྦྱིན་ལ་སྲིད་པ་ངོ་བོ་ཉིད་ཀྱིས་དག་།ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ ་མཆོག་།སྲིད་པ་མཆོག་ཏུ་བྱེད་པར་འགྱུར། །ཞེས་བྱ་བ་འདིས་དྲིལ་བུ་དཀྲོལ་བར་བྱའོ། །ཞེས་བྱ་བ་ནི་དྲིལ་བུའི་དམ་ཚིག་གོ་།ཕྱག་རྒྱ་དམ་ཚིག་རབ་ཏུ་གསུངས། །ཡིད་ཀྱི་ལུས་ནི་བརྟན་པ་སྟེ། །གང་གིS་ལུས་ཀུན་བརྟན་པ་སྟེ། །དེས་ནི་ཕྱག་རྒྱ ་རབ་ཏུ་གྲགས། །དེ་ནས་ཧེ་རུ་ཀ་སྦྱོར་བདག་།བླ་མ་བློ་ལྡན་མཉམ་གཞག་པས། །སྡོམ་པ་སློབ་མ་དམ་པ་རྣམས། །ཆོ་ག་བཞིན་དུ་དེ་ལ་སྦྱིན། །འཁོར་ལོའི་གཟུགས་ཀྱིས་མི་བསྐྱོད་པ། །རྣ་ཆའི་བདག་ཉིད་འོད ་དཔག་མེད། །མགུལ་གྱི་ཕྲེང་བ་རིན་ཆེན་དབང། །ལག་པ་རྣམ་པར་སྣང་མཛད་བརྗོད། །སྐ་རགས་ལ་ནི་དོན་ཡོད་གནས། །ཐལ་བ་རྡོ་རྗེ་སེམས་དཔར་འགྱུར། །དྲུག་པོ་དེ་དག་ཕྱག་རྒྱར་ཤེས། །སྦྱིན་པ་ལ་སོཌ་རབ་འཇུག་པ། །ཁ་ཊཝཱཾ་ག་ལྷ་ཡི་སྐུ། །ཤེས ་རབ་ཌ་མ་རུ་ཡི་སྒྲས། །ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །ཤེས་རབ་མིན་མཚན་མོར་བརྗོད། །ཅེས་བྱ་བ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་ངོ། །དེའི་རྗེས་ལ་སློབ་དཔོན་གྱིS་སློབ་མ་ལ་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པ་ལ་སོགས་པ་བཞི་སློབ་དཔོན་གྱི ་དབང་གི་མཐར་རཾ་བཞི་པའི་དབང་གི་མཐར་སྦྱིན་ནོ། །སློབ་མ་དཔལ་ཧེ་རུ་ཀ་ཡི་གཟུགས་སུ་དམིགས་ལ། །འདི་དེ་དཔའ་ཨོ་ཐམས་ཅད་ཉིད། །ཧེ་རུ་ཀ་ཡི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང། །ཧེ་རུ་ཀའི་བརྟུལ་ཞུགས་བརྟན། ། ་ཞེས་བྱ་བ་འདིས་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་ལག་ཏུ་བཟུང་ལ་ཨོཾ་སརྦ་བི་ར་ཡོ་གི་ཏྭཾ་སིད་དྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཁ་ཊཝཾ་དྷ་ར་ཡཱ་མི་བཛྲ་ས་ཏྭ་ཏྭཾ་ཧྲི(རྒྱུད་འགྲེལ་གཟུང་བར་བྱ་སྟེ། །སློབ་མའི་ལག་པ་གཡས་པར་སྦྱིན། །ཞེས་བྱ་བ་ནི་རྡོ་བརྟུལ་ཞུགས་སོ། །དེ་ནས་སངས་རྒྱས་ཀྱིས་གཟུགས་སུ་བདག་ཉིད་བསམ་ལ་སྙིང་གར་གཡོན་པའི་ཁུ་ཚུར་གྱིས་ཆོས་གོས་ཀྱི་རྣ་བ་བཟུང་ལ། །གཡས་པ་མཆོག་སྦྱིན་གྱི ་ལག་པས། །འདི་ཡིས་ངས་ཁྱོད་ལུང་བསྟན་ཏེ། །ཁྲག་འཐུང་རྡོ་རྗེ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པའི་ངན་འགྲོ་ཉིད་ལས་བཏོན། །ཆེ་གེ་མོ་ཞེས་བྱ་བ་དེ་བཞིན་གཤེགས་པར་གྲུབ་པར་ས་མ་ཡ་སྟཝཾ ་བུར་བྷུ་བ་སྭཱ་ཧཱ། །ཞེས་བྱ་བས་ལུང་བསྟན་ལ། །ཕྱག་རྒྱ་འདི་ཡིས་ལུང་བསྟན་པར་བྱའོ། །མཁའ་འགྲོ་མ་དང་མཁའ་འགྲོ་མ་ལ་སོགས་པ་ཀུན་གྱིས་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བྱེད་དེ་དད་པར་བྱའོ།། ་ཞེས་སློབ་མ་ལ?་བརྗོད་པར་ཞེས་པ་ནི་ལུང་བསྟན་པའོ། །དེ་ནས་གཏི་མུག་མཁའ་འགྲོ་ལ་སོགས་པའི་གཟུགས་ཀྱིས་དམིགས་ལ། །རྗེས་སུ་གནང་བ་སྦྱིན་པར་བྱ་སྟེ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སེམས་ཅན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར ་གདུལ་བྱ་སྣ་ཚོགས་པ། །ཆོས་ཀྱི་དཀྱིལ་འཁོར་འཁོར་ལོ་རབ་ཏུ་བསྐོར། །ཞེས་བྱ་བ་འདིས་ཆོས་ཀྱི་གནས་སུ་རྡོ་རྗེ་དང། །རིན་པོ་ཆེ་དང། པདྨ་དང། ལས་གཞུག་པར་བྱ་སྟེ། །རིམ་གྱིS་སྔར་གྱུར་པའི་ཚིགས་སུ་བཅད་པས་རྗེས་སུ་གནང་བ་སྦྱིན་ནོ།། ་དེ་ནས་གསང་བ་བརྗོད་པར་བྱ་སྟེ། །འདོད་ཆགས་བྲལ་བ་ལྟ་བུའི་སྡིག་།ཁམས་གསུམ་ན་ནི་གཞན་ཡོད་མེན། །དེ་ཕྱིར་འདོད་ལ་ཆགས་བྲལ་བ། །ཁྱེད་ཀྱིས་རྟག་ཏུ་མ་བྱེད་ཅིག་།མཧཱ་ས་མ་ཡ་ཧཱུཾ་ཕཊ། ཅེས་བྱ་བ་འདིས་གསང་བ་བསྟན་པར་བྱའོ།། ་མཆོག་གསང་དཀྱིལ་འཁོར་དམ་པ་རུ། །མཐོང་བ་དང་ནི་ཞུགས་པ་ཡིས། །སྡིག་པ་ཀུན་ལས་ངེས་གྲོལ་བར། །ཁྱེད་རྣམས་དེ་ཉིད་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །སླར་ཁྱོད་འཆི་བ་ཡོད་པ་མིན། །སྲིད་པ་ཤིན་ཏུ་ཕག?་པ་ན། །སྲིད་པའི ་སྡུག་བསྔལ་ལས་ཁྱོད་འདས། །བྱང་ཆུབ་སེམས་ནི་བཏང་མི་བྱ། །ཕྱག་རྒྱ་རྡོ་རྗེ་གང་ཡིན་པའོ། །གང་ཞིག་སྐྱེས་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །དམ་པའི་ཆོས་ནི་སྤང་མི་བྱ། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པ་འམ་རྨོངས ་པ་ལ། །དེ་ཉིད་བསྟན་པར་མི་བྱའོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང། །བློ་ཆེན་ཁྱོད་ཀྱིས་རྟག་ཏུ་བཟུང། །སློབ་དཔོན་ནམ་ཡང་སྨད་མི་བྱ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །རང་གི་བདག་ཉིད་ཡོངས་སྤངས་ནས། །དཀའ་ཐུབ་ཀྱིས་ནི་གདུང་མི་བྱ། ། ་འདི་ནི་རྡོ་རྗེའི་རིགས་དངོས་གྲུབ། །སྡོམ་པ་དམ་ཚིག་ཡིན་པར་བཤད། །ཇི་ལྟར་བདེ་བས་བདེ་བར་ཟུང། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །དེ་རིང་དཀྱིལ་འཁོར་སློབ་དཔོན་གྱུར། །ཁྱོད་ནི་སྔགས་དང་རྒྱུར ་འཛིན་གྱུར། །མཁའ་འགྲོ་མཁའ་འགྲོ་མ་ཀུན་གྱི། །ལྷ་རྣམས་ཀུན་ནི་བཞེད་པ་ཡིན། །འདི་ནི་སངས་རྒྱས་རིགས་དག་པ། །སྡོམ་པ་མཆོག་གི་གོ་འཕང་ཡིན། །སེམས་ཅན་རྣམས་ལ་རྩེ་བའི་དོན། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། ། ་ནན་ཏན་བསྐྱེད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱར། །སྡོམ་པ་མཆོག་ནི་བསྲུང་བར་གྱིས། །ལྷན་སྐྱེས་ཐབས་ཀྱི་མཚན་ཉིད་ནི། །དཔལ་ལྡན་བདེ་མཆོག་ལས་གཞན་མེད། །ཅེས་པས་དབུགས་དབྱུང་བ་སྦྱིན་པའོ། །དེ་ནས་རྡོ་རྗེ ་སློབ་དཔོན་དཔལ། །སངས་རྒྱས་སྲས་ཀྱི་མཆོག་དེ་ལ། །ཆོ་ག་དག་པས་དངོས་གྲུབ་སྟེར། །དམ་ཚིག་སྡོམ་པ་སྦྱིན་པར་བྱ། །ན་དང་ག་ད་བཞིན་ཧ་དང། །མཐར་ཤྭ་དང་པོ་སྭ་དེ་བཞིན། །བདུད་རྩི་ལྔ་དང་མཉམ་པར་ལྡན། །རྟག་ཏུ་ལྷ་ཡི ་བཏུང་པ་དང། །བཟང་པོ་བཏུང་བ་བསྐྱང་བར་གྱིས། །སྡོམ་པ་དངོས་གྲུབ་རྒྱུ་ཡི་ཕྱིར། །ཧེ་རུ་ཀ་དཔལ་ཞེས་པ་རྒྱལ། །མཁས་པས་སྦྱོར་བ་བཞིན་དུ་མིན། །ལེགས་མཆོད་དྲིལ་སྒྲ་སྣ་ཚོགས་པས། །ལེགས་བསྟོད་བདུད་རྩིའི་བཏུང་བས ་ཆི་མ། །རང་གི་སློབ་མ་དགའ་བོ་བདེ་ལྡན་བལྟ། །སྔགས་ཀྱི་སྦྱོར་དེ་ཆོ་གས་རབ་ཏུ་སྦྱིན། །བླ་མས་རང་གི་སྙིང་གར་ཉི་མ་ལས་ས་བོན་བསྒོམས་ལ། །དེ་ལ་སྔགས་ཀྱི་འཕྲེང་བས་བསྐོར་བར་བྱ་སྟེ། །ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ལ་དེ་ནས་དེ་ལས ་སྤྲོ་བའི་སྦྱོར་པས་རྣམ་པར་ཕྱུང་ལ་སློབ་མའི་ཁ་རུ་ཞུགས་ཏེ། །སྙིང་གར་ཞུགས་པའི་ཕྱིར་བརྗོད་པས་རང་རང་གི་སྔགས་ཞལ་ནས་ཞལ་དུའོ། །བཅོམ་ལྡན་ཁྱོད་ལ་བདག་གིས་སྩལ། །འདི་ལ་ཉེ་བར་མཛད་དུ་གསོལ། །སློབ་མས་ཀྱང་ནམ ་མཁའ་ལ་སོང་བ་དེ་རྣམས་རང་གི་སེམས་ཀྱིས་ས་བོན་གྱི་གཟུགས་ལ་འཇུག་པར་བྱེད་ཅིང་བརྗོད་དེ། །བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་ཉེ་བར་མཛད་དུ་གསོལ། །ཞེས་བྱ་བ་འདིས་སྔགས་ཀྱི་དངོས་གྲུབ་ཀྱི་སྐལ་བ་དང་ལྡན་པར་འགྱུར་རོ།། ་དེའི་རྗེས་ལ་ལངས་ལ་གདུགས་དང་བཅས་པའི་སློབ་མས་ཀྱང། །ཌ་མ་རུ་དང། ཐོད་པ་དང། ཁ་ཊཝཱཾ་ག་བཟུང་སྟེ། ཕྱག་རྒྱ་ལྔ་ལ་སོགས་པས་བརྒྱན་ལ། དཀྱིལ་འཁོར་ཆེན་པོ་དང། །བླ་མ་ལ་བསྐོར་བ་གསུམ་བྱས་ཏེ། །ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ། ་འདི་སྐད་བརྗོད་པར་བྱ། །གང་ཅུང་ཟད་བཀའ་སྩལ་པ་དེ་ཐམས་ཅད་བདག་གིས་བགྱིའོ། །ཞེས་བྱ་བ་ནི་དབང་བཅུའི་ཆོ་གའོ།། །།དེའི་རྗེས་ལ་ཡོལ་བ་ལ་སོགས་པས་དབེན་པར་བྱས་པའི་ཕྱོགས་སུ། །སློབ་མས་རང་གི་ཡིད ་དུ་འོང་བའི་གཟུགས་དང་ལང་ཚེ་དང་ལྡན་པ། དམ་ཚིག་དང་སྡོམ་པའི་སྣོད་དུ་རུང་པ། །རིགས་ལྔ་དང་འབྲེལ་པ། །མེ་ཏོག་དང་ལྡན་པའི་ཤེས་རབ་མ་གསང་བའི་དབང་གི་དོན་དུ་བླ་མ་ལ་དབུལ་བར་བྱའོ། །མཎྜལ་ལ་སོགས་པ་མཆོད་པ་སྔོན་དུ་སོང་བས ་ཕྱག་བྱས་ལ། །བླ་མའི་སྔོན་དུ་པུས་མོ་ཕབ་སྟེ་ཐལ་མོ་སྦྱར་ལ། །སྐྱབས་མེད་པ་རྣམས་ཀྱི་སྐྱབས། །སྐྱོབ་བ་མེད་པ་རྣམས་ཀྱི་སྐྱོབ་པ། །དཔལ་འཁོར་ལོ་སྡོམ་པ་ལྟོས་པ་མེད་པའི་ཐུགས་རྗེ་ཆེན་པོ། །མགོན་མེད་པ་རྣམས་ཀྱི་མགོན་དུ་བདག་གྲུབ་པར་མཛད ་ཅིག་།ཇི་ལྟར་ཁྱོད་རྣམས་ཐེག་ཆེན་ལ། །ཏིང་ངེ་འཛིན་ཏེ་གཙོ་བོས་མཛོད། །འཁོར་བ་ཡིན་ནི་འདམ་ཚོགས་སུ། །བདག་ནུབ་མགོན་གྱི་བདག་ལ་སྐྱོབས། །ཞེས་བྱ་བ་འདིས་གསོལ་བ་གདབ་པར་བྱའོ། །དེའི་རྗེས་ལ་དར་གྱིས་གདོང་ནི་བཅིང་བྱས་ལ། །དམ་ཚིག ་ཀྱང་ནི་སྦྱིན་པ་གང། །ཐལ་སྦྱར་སྤྲོ་བ་ཆེ་བ་ཡི། །སློབ་མ་རིང་པ་མིན་པར་བཞག་།དེ་ནས་བླ་མས་ལུང་ནས་གསུངS་པའི་རིམ་པས་གསང་བའི་དབང་བསྐུར་བའི་དོན་དུ་བརྩམ་པར་བྱ་སྟེ། བདག་ཉིད་དཔལ་ཧེ་རུ་ཀའི་རྣལ་འབྱོར་བསྟན་པར་བྱ་ཞིང་བསྒོམ་པའི ་རིམ་པས་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པ་དེ་བཞིན་དུ། རིགས་ཀྱི་གཙོ་མོ་ལ་གོ་ཆ་ཆེན་མོ་ལ་སོགས་པ་རྣམས་ཀྱི་གོ་ཆ་གོན་ལ་སྐུ་ལ་སོགས་པ་གསུམ་བྱིན་གྱིས་བརླབ་པར་བྱའོ། །པདྨ་དང་རྡོ ་རྗེ་དག་བྱིན་གྱིས་བརླབ་པར་བྱའོ། །སླར་ཡང་བློ་བཟང་སེམས་མཉམ་པར་བཞག་པ་ངེས། །ལྟེ་བ་དང་སྙིང་ག་དང། ཁ་དང། དཔྲལ་བའི་ཕྱོགས་སུ་སྔགས་ཀྱི་ཚོགས་དང་ལྷན་ཅིག་བྱིན་གྱིས་བརླབ་པར་བྱ་སྟེ། སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས ་གཉིས་དགོད་པར་བྱའོ། །བདུད་རྩི་ལྔ་དང་བཅས་པའི་རྡོ་རྗེ་རྣམ་པར་དག་པར་བྱས་པའི་པདྨར་བཞག་པར་བྱས་ལ། །འཁྱུད་པ་དང་འོ་ལ་སོགས་པ་རྣམས་ཀྱིས་དགའ་བའི་བསྟན་བཅོས་ནས་བཤད་པ་བཞིན་དུ་ཆགས་པ་ཆེན་པོ་ཉམས་སུ་མྱོང ་བའི་རིགས་པ་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེས་པའི་སེམས་ལ། རྡོ་རྗེ་པདྨས་ཀྱང་ནི་དབང་བསྐུར་སྦྱིན་པར་བྱ། །གསང་སྔགས་གསུམ་ནི་ལེགས་པར་བཟླས་ཤིང་བཟླས། །ོཾ་ཨཱ་ཧཱུཾ་ཧ་ཧོ་ཧྲི། ཞེས་བྱ་བའི་ཡི་གེ་གསུམ་པོ་རྣམས ་ཀྱིས་གཤེགས་སུ་གསོལ་བར་བྱའོ། །དུས་མཉམ་དུ་ཉམས་སུ་མྱོང་བ་སྐྱེས་པས་གསང་བ་གཉིས་ཀྱི་རྒན་པོ་དང། །མིང་མེད་དག་གིས་མནན་ལ་སློབ་མའི་ཁར་བཏུང་པར་བྱའོ། །ཇི་ལྟར་འདས་པའི་སངས་རྒྱས་སྲས། །རྡོ་རྗེ་འཛིན་སོགས ་དབང་བསྐུར་བ། །བྱང་ཆུབ་སེམས་ནི་མཛེས་པ་ཡིན། །དེ་བཞིན་བུ་ཁྱོད་དབང་བསྐུར་རོ། །སངས་རྒྱས་ཞུ་བའི་ཡིད་དབང་གིས། །སློབ་མ་རྟག་པའི་རྣལ་འབྱོར་ལྡན། །ཀྱེ་མ་བདེ་ཞེས་བརྗོད་པར་བྱ། ལོངས་སྤྱོད་ལ་ནི་གཞག་པར་བྱ། ཤེས་རབ ་ཀྱང་ལངས་ལ་དེ་བཞིན་དུ་སྦྱིན་པར་བྱའོ། །ཕན་ཡོན་ཀྱང་བརྗོད་པར་བྱའོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །དབང་བསྐུར་ཆོ་ག་མཆོག་གྱུར་པ། །གསུང་གི་རྡོ་རྗེ་རྣམ་དག་པས། །སྔགས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །ཞེས ་བྱ་བ་ནི་གསང་བའི་དབང་བསྐུར་བའི་ཆོ་གའོ། །དེ་ནས་གསང་བའི་དབང་ཐོབ་པའི་སློབ་མ་དམ་པ་ལ་ཤེས་རབ་ཡེ་ཤེས་ཀྱི་དོན་ཆོས་སྐུ་རྟོགས་པར་བྱ་བའི་ཕྱིར། ཕྱི་རོལ་གྱི་ཡན་ལག་མ་དེ་ཉིད་དམ། །དེ་ཉིད་གཞན་ཡང་མཚན་ཉིད་ཐམས་ཅད་དང་ལྡན་པ ་བསྟན་ལ་སྦྱིན་པར་བྱའོ། །དེ་ལ་དང་པོ་ཡན་ལག་ལྔའི་ཕྱག་བྱས་ཏེ་པུས་མོ་གཡས་པའི་ལྷར་ས་ལ་བཅུགས་ལ། །གཡོན་པའི་སྙིང་གར་ཐལ་མོ་སྦྱར་ཏེ། སྔོན་ནས་སྔོན་དུ་གནས་ལ་སྔོན་དུ་བཤད་པའི་ཚིགS་བཅད་གཉིས་ཀྱིས་གསོལ་པ་བཏབ་པས ་བསླད་པར་བྱའོ། །དེའི་རྗེས་ལ་ཤེས་རབ་ཀྱི་ལག་པར་དེའི་ལག་པ་བཞག་ལ། མཁའ་འགྲོ་དང་མཁའ་འགྲོ་མའི་ཚོགས་ཐམས་ཅད་དབང་པོར་བྱས་ལ། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །བརྫུན་གྱི་ཚིག་གི་ཀྱང་སྨ་བར་བྱ། །མ་བྱིན་པར་ཡང ་ཁྱོད་ཀྱིས་ཡང?། །གཞན་གྱི་བུད་མེད་བསྟེད་པར་གྱིས། །ཞེས་བྱ་བ་རྡོ་རྗེ་སྤྱི་བོར་བཞག་ལ་བརྗོད་པར་བྱའོ། །ལྷ་མོ་འདི་ནི་ཕྱག་རྒྱ་ཆེ། །བདེ་བ་མཛའ་ཡས་སྟེར་བྱེད་མ། །བླངས་ནས་བུ་ཡེས་དུས་ཀུན་ཏུ། །བླ་ན་མེད་པའི་མཆོད་པ་གྱིས། །ཞེས་བརྗོད ་པར་བྱའོ། །དེའི་རྗེས་ལ་ལྷ་མོ་དེ་ཡིས་བཀའ་སྩལ་པ། །དཔའ་བོ་བུ་ཁྱོད་ཅི་ལ་སྤྲོ། །བྱང་ཆུབ་སེམས་ནི་བཟའ་པ་དང། །རིགས་ལྔ་ལས་ནི་ཡང་དག་བྱུང་?་རིག་མ་གུས་པས་ཡང་དག་མཆེའོ། །བཤད་ག་རྩི་སྟོབས་དང་དྲི་ཆེན་སོགས། །དེས་ན་སོ ་སོར་བཟའ་བ་དང། །གཞན་ཡང་མཛེས་པའི་དམ་ཚིག་ནི། །ཇི་ལྟར་སྤྲོ་བ་བུ་ཡིས་སྨྲས། །ཞེས་སོ་སློབ་མས་ཀྱང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། །ལྷ་མོ་ཅིའི་ཕྱིར་བདག་མི་སྤྲོ། །དམ་ཚིག་ལ་སོགས་འཛིན་པར་བགྱི། །བྱ་བ་རྟག་ཏུ་ཅིས་མི་གུས། །བུད་མེད? ་པདྨ་ཅིས་མི་མཆོད། །དེ་ནས་དགའ་བས་ལྷ་མོ་དེས། །སྐྲ་བཀྲོལ་གིས་དང་བྲལ་བ་ཡིས། །པདྨ་རྣམ་པ་བརྒྱས་བྱས་ནས། །བདེ་བS་པདྨ་བསྟེན་པར་གསུངས། །གྱེ་མ་བདག་གི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །ཆོ་ག་ཡིས་ནི་གང་བསྟན་པ ་ང་ནི་དེ་ཡི་མདུན་ན་གནས། །སྡོམ་པ་མཆོད་ལ་སོགས་པ་ནི། །ཇི་ལྟར་བྱ་བ་པདྨར་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་ན་ནི་རྟག་ཏུ་གནས་ཞེས་སོ། །རང་ཉིད་ལྷ་ཡི་རྣལ་འབྱོར་བདག་།ཕག་མོའི་གཟུགས་སུ་བསམས ་བྱས་ལ། །བོ་ལ་ཀ་ཀོ་ལ་སྦྱར་ནས། །ཆོ་ག་བཞིན་དུ་རྟག་ཏུ་མཆོད། །དེའི་རྗེས་ལ་མགོ་བོ་དང། །སྙིང་ག་དང། ལྟེ་བ་དང། གསང་བ་དང། བརླ་ནས་རྐང་པའི་མཐར་ཐུག་པར། །ོཾ་ཧཱུཾ་ཨ་སྭཱཧཱ། །འབར་བའི་ཡི་གེས་རིགས་ལྔ་རྫོགས་པའི་སངས་རྒྱས ་ལྔའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །རྡོ་རྗེ་དབྱིངས་ཕྱུག་མ་ཡི་རྩ། །བུད་མེད་གཡོན་པའི་ཆ་ཨལ་གནས། །སོར་མོ་ཅུང་ཟད་བསྐྱོད་བྱ་བ། །བླ་མའི་མན་ངག་ལས་ཤེས་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་?་ཎ་བཛྲ་ས་བྷཱ་བ་ཨཱཏྨ་ཀོ་ཧཾ། ཞེས ་བྱ་བས་དགའ་བ་བརྩམ་པར་བྱའོ། །དེ་ནས་པདྨ་དང་རྡོ་རྗེ་བསྐྱོད་པའི་དགའ་བར་གྱུར་པས་བར་སྣང་གི་དེ་བཞིན་གཤེགས་པའི་རིགས་ཁ་ནས་བཀུག་ལ་ཞུ་བར་གྱུར་པས་ནི་ནོར་བུའི་ལྟེ་བ་དག་གིས་དབུས་སུ་ཐིག་ལེ་གཉིས་ཀྱི་བདག་ཉིད ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་དུ་གནས་པར་བསམས་ལ། ཕྱག་རྒྱ་ཆེན་པོའི་དོན་ལ་མངོན་དུ་ཕྱོགས་པར་བྱའོ། །ས་བོན་ཁ་སྦྱོར་དབུས་ན་གནས། །ཐིག་ལེ་གཉིས་པོ་མི་འགྱུར་བ། །ཕྱག་རྒྱ་ཆེན་པོའི་རང་བཞིན་ཅན། །རྟག་ཏུ་རྣལ ་འབྱོར་པ་ཡིས་བསྒོམ། །བྱང་ཆུབ་སེམས་ནི་མི་འདོར་བ། །ཇི་སྲིད་རྣལ་འབྱོར་པ་ཡིས་བྱ། །དེ་སྲིད་རྒྱུན་ནི་ཆད་པ་ཐོབ། །དགའ་ལ་སྐྱེས་པའི་བདེ་བའང་ཅི། །ཞེས་བརྗོད་པར་བྱའོ། །སློབ་མས་སྙོམས་འཇུག་བལྟས་ནས་ནི། །བླ་ན་ལྷག་པའི ་རྣལ་འབྱོར་ལྡན། །སྙིང་གའི་ས་བོན་ངེས་བྱུང་ལྷ། །དབང་བསྐུར་བྱས་ནས་རབ་ཏུ་བཞུག་།དེ་ཞུ་རབ་ཏུ་ཞུགས་པ་ཡིས། །བདེ་བའི་རྣམ་པ་བདེ་ཆེན་པོ། །རང་གི་ལྷག་པའི་ལྷའི་གཟུགས། །མཉམ་པར་བཞག་པས་སློབ་མ་བལྟ། །ཞེས་བྱ་བས ་བླ་མའི་བརྡས། །སློབ་མའི་ཉམས་སུ་མྱོང་བ་བལྟས་ལ། །དབང་བསྐུར་བ་ནི་རྡོ་རྗེ་ཚེ། །ཁམས་གསུམ་ཀུན་གྱི་ཕྱག་བྱས་པ། །གསང་བ་གསུམ་ཀྱི་གནས་ལས་བྱུང། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཞེས་བྱ་བའི་ཚིགས་སུ་བརྗོད་ལ། །མཁས་པས ་དེ་ཁོ་ན་ཉིད་ཀྱི་རྟོག་པ་བསྐྱེད་པར་བྱའོ། །བྱང་ཆུབ་ཆེན་པོའི་སེམས?་དཔའ་?་ཆེ། །གཟུཌ་མ་འདི་ནི་བདེ་བ་ཆེ། །ཇི་སྲིད་བྱང་ཆུབ་མ་ཐོབ་བར། །རྡོར་འཛིན་སེམས་ཅན་དོན་རྣམས་ཀྱིས་ཡེ་ཤེས་འདི་ནི་ཤིན་ཏུ་ཕྲ། །རྡོ་རྗེ་སྙིང་པོ་ནམ་མཁའ་ལྟར། །དྲི་མེད་ཐར་བ་ཞི་བ་ནི། །དེ་ནི་ཁྱོད་ཀྱི་ཕ ་ཡང་ཡིན། །སློབ་མས་བསམས་ལ་ལེགས་པར་ཟུང། །པདྨའི་ནང་དུ་ལྷུམ?་གྱུར་ན། །བྱང་ཆུབ་སྔོན་དུ་འགྲོ་བའི་སེམས། །དེ་ནས་ལོངས་སྤྱོད་ཀྱིས་ནི་བླངས། །ཞེས་བྱ་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཆོ་གའོ།། །། ་དེའི་རྗེས་ལ་ཆུ་ལ་སོགས་པ་ཤེས་རབ་ཡེ་ཤེས་ཀྱི་མཐར་ཐུག་པ་མངོན་སུམ་དུ་ལེགས་པར་ཐོབ་པ། །ཡང་དག་བརྒྱུད་པ་དང་ལྡན་པ། །?་གི་དབང་བསྐུར་མཎྜལ་དང། །ཇི་ལྟར་ནུས་པས་གསོལ་བ་གདབ། །མཆོད་དང་བསྙེན་བསྐུར་གུས་པ་དང། །ཡང་དག་དང? ་པ་མཉམ་ལྡན་པ། །བཞི་པའི་དོན་ནི་བསྟན་པར་བྱ། །ཤེས་རབ་ཡེ་ཤེས་ཀྱི་དབང་མངོན་སུམ་དུ་མ་ཐོབ་པར། །སླར་ཡང་ཆོ་ག་ཙམ་གྱི་དབང་སྦྱིན་པར་མི་བྱ་སྟེ། །དམ་ཚིག་ཉམས་པའི་ཕྱིར་རོ། །དེའི་ཕྱིར་དེ་གསུངས་པ། རྣལ་འབྱོར་གང་གིས་དབང་? ་ཐོབ། །འདིར་ནི་རྣལ་འབྱོར་པ་ཉིད་འདོད། །མཁའ་ལ་ཁུ་ཚུར་རྡེག་པ་དང། །རི་དགས་སྨིག་རྒྱུ་འཐུང་དང་མཚུངས། །དེ་ཕྱིར་ཁ་སྦྱོར་ཐིག་ལའི་རྒྱུད་ཆེན་པོ་ལས་ཀྱང་གསུངས་པ། །སློབ་མ་ལྷག་པར་མོས་པས་ཡིད་ཀྱིས་བརྟག་།ཇི་ལྟར་གསུངས ་པའི་ཆོ་གས་དབང་བསྐུར་སྦྱིན། །ཟབ?་དང་རྒྱ་ཆེའི?་ཚུལ་ལ་ལྷག་པར་མོས། །དབང་བསྐུར་རིན་ཆེན་ཚིག་གིས་སྦྱིན་པར་བྱ། །ཇི་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་ཁོ་ན་དབང་བསྐུར་བ་ཞེས་བརྗོད་པར་བྱ་ཞེ་ན། །དེ་ཁོ་ན་ཉིད་ཀྱི་རང་བཞིན་རྟོགས་པར་བྱེད་པའི ་ནུས་པ་ཡོང་པའི་ཕྱིར་རོ། །ཇི་ལྟར་ན་བཅོམ་ལྡན་འདས་ཀྱིས་དབང་བསྐུར་བ་ནི་ཐ་དད་གསུམ། །རྒྱུད་འདི་རུ་ནི་རབ་ཏུ་གསལ། །སློབ་དཔོན་གསང་བ་ཤེས་རབ་དང། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་གསུངས་པས་སོ། །བདེན་དེ་ཐབས ་གཞན་ཁོ་ནའོ། །དང་པོ་ཡི་ནི་ལས་ཅན་རྣམས། །དམ་པའི་དོན་ལ་གཞུག་པའི་ཕྱིར། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་བཞིན་དུ་གསུངས། །དེ་ཁོ་ན་ཉིད་ཀྱི་རང་བཞིན་དུ། །ཤེས་རབ་ཡེ་ཤེས་ཀྱི་དབང་ཁོ་ན་དང། །ཐ་མི་དད ་པའི་ཕྱིར་རོ། །དེ་གསུངས་པ། དཔལ་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོ་ལས། །ེ་ཡ་ཆི་བྱང་བཟང་པོ་གང། །དབུས་སུ་བ་ཡིག་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གཞི། །སངས་རྒྱས་རིན་ཆེན་ཟ་མ་རྟོག། ཅེས་གསུངས་པའི་ཕྱིར། །དེ་ལྟར་དགའ་ ་བ་མཆོག་དང་ནི། །དགའ་བྲལ་ལྷན་སྐྱེས་དེ་བཞིན་ཏེ། །རྣམ་པ་སྣ་ཚོགས་རྣམ་པར་སྨིན། །རྣམ་པར་ཉེད་དང་མཚན་ཉིད་བྲལ། །བོ་ལ་ཀ་ཀོ་ལ་སྦྱོར་བ། །ཐམས་ཅད་ཤེས་རབ་ལས་བྱུང་བ། །བཞི་པའི་རང་བཞིན་ལྷན་ཅིག་སྐྱེས་པ་དེ་གང་ཡིན་ཞེ་ན་ཡུལ ་དང་དབང་པོ་རྣམས་ནི་མཉམ་དུ་ནུབ་འགྱུར་བ། །གང་ཡང་མངོན་དགའ་རྒྱལ་བ་མཛེས་པའི་ལུས་གཅིག་པུ། །སུ་ཞིག་སད་པའི་མཁས་པ་རྣམས་ཀྱི་སྙིང་ལ་འཛིན། །དུས་མཉམ་འཆར་བ་གང་ཡིན་དེ་ལ་ཕྱག་འཚལ་ལོ། །ཐ་ག་པའི་ཞབས ་ཀྱིས་ཀྱང་གསུངས་པ། །དགའ་བ་གཉིས་ཀྱི་དབུས་སུ་སྐྱེས། །ཤིན་ཏུ་བསོད་ནམས་ལེགས་ཐོབ་པ། །དེ་དུས་ཇི་ལྟར་ཡིད་ཆེས་རྡོ་རྗེ་ཆུས། །སྐྱེས་སྦྱོར་བ་ཡི་གོ་འཕང་སྟེ། །དེ་ཕྱིར་མི་འགྱུར་བདེ་བ་ཁོ་ན་སྐྱེ་བོ་དམ་པས་འབད་པས ་བསྟེན། །དེ་ལ་ཡུན་རིངས་གནས་པ་མཉམ་བཞག་སྐྱེ་བོས་སླར་ཡང་དེ་ཉིད་འཛིན། །གཤིན་རྗེ་ནག་པོའི་རྒྱུད་ལས་ཀྱང་གསུངས་པ། །རྒྱལ་མཚན་ཅན་གྱི་ཁྱམས་མཐོང་ནས། །དེ་ནི་འོ་མ་མང་པོ་རབ་ཏུ་བསྒྲུབས། །འོ་མ་ལ་སེམས ་རྩེ་གཅིག་གོམས་བྱས་པས། །ཕྱག་རྒྱ་ཆེན་པོ་རབ་བསྒྲུབ་བྱ། །ཞེས་གསུངས་པ་དང། རྡོ་རྗེ་ཆུ་སྐྱེས་ཡང་དག་སྦྱོར། །དགའ་བ་རུ་ནི་རབ་ཏུ་གྲགས། །ཤིན་ཏུ་བསྐྱོད་པ་དག་ནི་མཆོག་།འཕོས་པས་དེ་བཞིན་དགའ་གྲལ་སྐྱེས། །མཆོག་དང་དགའ་བྲལ་དག་ནི་དབུས། ་ལྷན་སྐྱེས་ཡང་དག་བྱང་ཆུབ་བཤད། །ཆགས་པ་མ་ཡིན་ཆགས་བྲལ་མིན། །དབུ་མ་ལ་ཡང་མི་དམིགས་སོ། །གསུམ་གྱིས་སྤངས་པ་ཁོ་ན་ལ། །ལྷན་ཅིག་སྐྱེས་པ་ཞེས་སུ་གསལ། །བླ་མའི་མན་ངག་ཐམས་ཅད་ལ། །རང་བློ་དེ་ཉིད་ཤེས་པར་བྱ། །ལྷན ་ཅིག་སྐྱེས་པ་ཞེས་བྱ་བ། །ཐབས་གང་གིས་བསྐྱེད་པར་བྱ་བ་ཡིན་ན། །དཀྱིལ་འཁོར་ལ་སོགས་པའི་ཐབས་དང། །རང་བྱིན་གྱིས་བརླབ་པའི་རིམ་པ་དང། །བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས་དང། །རང་བསོད་ནམས་ཆེན་པོ་དང་ལྡན་པས་སོགས?། ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ངག་གི་ལམ་གྱིས་སྤྱོད་ཡུལ་འདས། །བྱིན་གྱིས་བརླབས་པའི་གོ་འཕང་འདི། །ཀུན་མཁྱེན་ཡེ་ཤེས་དེ་རང་བཞིན། །སྐྱེས་པ་ཞེས་བྱའི་མཚན་ཉིད་ཅི་ཞེ་ན། །གསུངས་པ། དབང་པོ་གང་དུ་ནུབ་འགྱུར་བའི། །དེ ་གི་ངོ་བོ་མེད་འགྱུར་བ། །དེ་སྐྱེ་ལྷན་ཅིག་སྐྱེས་པ་དགའ་བའི་ལུས། །གསལ་བར་བླ་མ་དག་ལ་དྲིས། །དེ་གང་ཞེ་ན་གཞན་གྱིས་མ་བསྟན་ལྷན་ཅིག་སྐྱེས། །གང་གིས་ཀྱང་ནི་ཐོབ་མི་འགྱུར། །བླ་མའི་རྒྱུད་པ་བསྟན་པ་ལས། །བདག་གིས་བསོད ་ནམས་དག་ལས་ཤེས། །དེ་ཕྱིར་བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཉིད། །དགེ་བའི་བཤེས་གཉེན་ལེགས་པར་བསྟེན། །བླ་མ་དམ་པ་བསྙེན་བཀུར་བྱ། །བདེ་བ་མཆོག་གི་དཀྱིལ་འཁོར་ལ། །དབང་བསྐུར་ཆོ་ག་བྱས་པ་ལས།། ་བསོད་ནམས་དེ་ཡིས་འཇིག་རྟེན་དུ། །རྡོ་རྗེ་མཁའ་འགྲོའི་གོ་འཕང་ཤོག་།གཞུང་ལ་ལྷག་དང་ཆད་གྱུར་པ། །མཐོང་བས་དེ་ནི་སུན་འབྱིན་པ། །བླ་མ་ལ་ནི་སྐྱོན་ཡོད་མིན། །རང་གི་བློ་སུན་འབྱིན་པ་ཡིན། །དཔལ་འཁོར་ལོ་སྡོམ་པ་བཅུ་གསུམ་མའི་བདག་ཉིད ་ཀྱི་དབང་བསྐུར་བའི་ཆོ་ག་སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ་རྫོགས་སོ།། །།བལ་པོ་ཨཱཙཨཱརྱ་ཛྙཱན་བཛྲའི་ཞབས་པ། །བོད་ཀྱི་ལོ་ཙ་བ་ཆེན་པོ་གང་ཞུང་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པོ།། །། ་