| Wylie | e-texts based on the ACIP/ALL Input |
ཅིང། །ཐུགས་རྗེ་ཆེན་པོའི་ཡང་དག་སྦྱོར་ལ་གཞོལ། དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་དོན་གྱི་སྤྱོད་པ་ཡོངས་རྫོགས་མཛད། །བྱམས་དང་སྙིང་རྗེ་ཡོངས་སུ་བསྒོམས་པ་ཡིས། །རབ་ཏུ་གདུང་བ ་ཞི་བར་མཛད་པའི་སྐུ། །དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ། །དམ་པའི་མཚན་རྣམས་ཀུན་གྱིས་མངོན་པར་བརྒྱན། །རབ་ཏུ་རྒྱས་པ་པདྨའི་རྣམ་པའི་སྤྱན། །སེམས་ཅན་ལ་གུས་རྗེས་བརྩེས་མངོན་མཐོ་བའི། །དེ་བཞིན ་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ། །འདི་ལས་བསོད་ནམས་གང་ཡིན་འདི་ཡིས་བདག་།སྣ་ཚོགས་ཉོན་མོངས་བག་ཆགས་བཅས་དྲུང་ཕྱུང། །འཁོར་བའི་འབྲོག་དགོན་རྒྱ་མཚོ་ཆེན་པོ་འདིར། །བྱིང་བར་གྱུར་པའི ་འགྲོ་བ་འབྱིན་གྱུར་ཅིག། །དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་པ་ཞེས་བྱ་བ། སློབ་དཔོན་ཀླུའི་བློའི་ཞབས་ཀྱིས་མཛད་པའོ།། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་མཆོག་གྲུབ་པའི་དབང ་ཕྱུག་ཤྲཱི་བ་ན་རཏནའི་ཞལ་སྔ་ནས་དང། འགོས་ལོ་ཙ་བ་གཞོན་ནུའི་ཞབས་ཀྱི་བཀའ་དྲིན་ལས་དགེ་སློང་ཆོས་སྨྲ་བ་བསོད་ནམས་རྒྱ་མཚོའི་སྡེས་བསྒྱུར་བའོ།། །།བླ་མའི་བྲིས་ཐར་རྒྱབ་ཡིག་བཞུགས།། ་པུརྞའི་འཇིག་རྟེན་མགོན་པོའི་སྲས། །ཤ་ཝ་ར་དཔལ་གྲུབ་པའི་གཙོ། །དཔལ་ལྡན་བཅུ་གསུམ་དབང་ཕྱུག་ཏུ། །རྣམ་བཀྲ་སྡོམས་པའི་བདག་ཉིད་ལགས། །དུས་གསུམ་སངས་རྒྱས་ཀྱིས་སྤྲུལ་པ། །དཔལ་ལྡན ་ཀླུ་གྲུབ་ལ་གུས་པས། །བདག་ཉིད་ཞིང་རྡུལ་མཉམ་པར་ནི། །འདུད་ཅིང་བསྟོད་དེ་ཕྱག་འཚལ་ལོ། །ཀླུ་སྒྲུབ་ཀྱིས་ནི་མཆོག་གི་སྲས། །གདུལ་དཀའ་ཨི་རྟ་དབྱངས་ལ་སོགས་བ། བརྡུལ?་ནས་གྲུབ་དོན་རྩོལ་བའི་དཔལ། །འཕགས ་པ་ལྷ་ལ་ཕྱག་འཚལ་ལོ། །རྟག་ཆད་དཔྱིད་ཀྱི་ཚ་བ་དག། །གཞིལ་དད་དབུ་མར་ལྟ་བ་ཡི། །ཆུ་འཇིང་སྤེལ་ཕྱིར་ཉ་གང་བའི། །ཟླ་བར་གྲགས་པ་མཁའ་ལ་ཤར། །རྫོགས་སངས་རྒྱས་ཀྱི་དམ་པའི་ཆོས། །རྒྱ་ཆེར་སྟོན་པའི་དབྱངས་ཀྱིས་མཚོ།། ་འདི་ཉིད་ལོངས་སྤྱོད་རྫོགས་སྐུ་ཏེ། །སངས་རྒྱས་དབྱངས་སུ་རྣམ་པར་བཀྲ། །དེས་ནི་རྟག་ཏུ་མཉམ་བཞག་པས། །ལྷན་སྐྱེས་འཁོར་མོར་ཤར་བའི་ཕྱིར། །དེ་ཉིད་ལེགས་པར་སྐྱེས་སྨྲ་དེ། །བདག་གི་བླ་མ་ལེགས་སྐྱེས་མཆོག་།བཟུང ་དང་འཛིན་པ་མེད་ཉིད་ཕྱིར། །གཉིས་མེད་ཡེ་ཤེས་རྡོ་རྗེ་འཛིན། ། ཝ་དྷུ་ཏི་ཆོས་ཀྱི་རྗེ། །གཉིས་སུ་མེད་པའི་རྡོ་རྗེར་འདུད། །འཁྲུལ་པས་འགྲོ་བ་འཇིགས་བསྐྱེད་ན། །བྱ་བ་བྱས་པ་ག་ལ་འཇིགས། །འཇིགས་མེད་འབྱུང་གནས ་སྦས་པ་ཡི། །དཔལ་གྱུར་བླ་མ་ཁྱོད་ལ་འདུད། །བི་ཡིས་ས་བོན་རཱུ་པ་ནི། །ངོ་བོ་ཨཀྵས་དབང་པོ་ཞེས། །བརྗོད་དེ་ཡོངས་དག་ཡེ་ཤེས་ཉིད། །བི་ཌཱུ?་པའོ་རྟན་པར་འདུད། །པཎདི་ཏ་ཆེན་པོ་ཤྲཱི་བ་ན་རཏནའི་ཞལ་སྔ་ནས་ཀྱི་ཐུགས་དམ་རས? ་བྲིས་ལ། །བླ་མ་འདི་དག་གི་སྐུ་བརྙན་བཀོད་པའི་ཡི་གེ་སོ་སོ་ལས།། །།དགེ་སློང་རྒྱ་མཚོའི་སྡེS?་བསྒྱུར་བའོ།། དགེའོ།། *། །དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་སྙིང་པོའི་འགྲེལ་པ་དྲི་མ་མེད་པའི་འོད་ཅེས་བྱ་བ ་བཞུགས། །རྒྱ་གར་སྐད་དུ། ཀ་ལ་ཙག་ཀྲ་ཏན་ཏྲ། བྲི་ཏི་བི་མ་ལ་པྲ་བྷ་ན་མ། བོད་སྐད་དུ་།དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་སྙིང་པོའི་འགྲེལ་པ་དྲི་མ་མེད་པའི་འོད་ཅེས་བྱ་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ ་ཕྱག་འཚལ་ལོ། །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །སྟོང་པ་སྙིང་རྗེ་གཉིས་མེད་པའི། །སྲིད་གསུམ་སྐྱེས་དང་ཟད་པ་མེད། །ཡེ་ཤེས་ཤེས་བྱའི་བདག་ཉིད་སྐུ། །རྣམ་པ ་