| Wylie | e-texts based on the ACIP/ALL Input |
བསྒྱུར་བའོ། །འདི་ལ་འཕགས་མོས་མཛད་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྒྱ་དང་ཞེས་རྒྱ་གར་ན་གྲགས་པ་ཆེན་པོ་བོད་སྐད་དོ།། །། *། །རྒྱ་གར་སྐད་དུ། མི་ག་ལ་གཱ་ཐ། བོད་སྐད་དུ། བཀྲ་ཤིས་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ་དམ་པ་ཏོག?་དཀར་དགའ་ལྡན་ཕོ་བྲང་དམ་པ་རུ། །མི་ཕམ་མགོན་ལ་རྒྱལ་ཚབ་དམ་པར་དབང་སྐུལ་ཞིང། །འཛམ་གླིང་ཉིད་དུ་གླང་ཆེན་ཐལ་ཀ་ལྟར་གཤེགས་གང། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག་།སེར་སྐྱའི་གནས་ཀྱི་གྲོང་ཁྱེར་དམ་པར་ཟས་གཙང ་སྲས། །བུད་མེད་སྐྱོན་བྲལ་གཡོ་སྒྱུ་སྤངས་པ་ལྷ་མཛེས་ཡུ། །ལྷུམས་སུ་ཟླ་བཅུར་བློ་གྲོས་ལྡན་པ་ཤཱཀྱའི་རིགས། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག་།ལུམ་པའི་ཚལ་དབེན་ཞིང་ཉམས་དགར་པལཀྲའི?། །ཡལ་ག་ནས་གཟུང་བལྟམས་གྱུར་ཚངས ་དང་བརྒྱ་བྱིན་བདུད། །མཁའ་ལ་གཤེགས་ཏེ་ཕྱོགས་བཅུར་པདྨ་བྱུང་གྱུར་གང། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག་།གཞལ་མེད་ཁང་མཛེས་དམ་པར་དྲང་སྲོང་འདུན་མཛད་ནས། །མཚན་ལྟས་ཤིས་པར་བརྗོད་དེ་སྟོན་པ་འབྱུང་གྱུར་གང། །ཤཱཀ ་རིགས་བུད་མེད་?་ལྡན་ཀུན་བསུས་རྒྱན་བཏགས་གང། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། གཞོན་ནུའི་སྟོབས་ནི་སྒྱུ་རྩལ་ཡིག་རྩིས་འཕོངས་ལ་སོགས། །ཀུན་ལས་མཐར་བྱུང་ལྷ་མི་ལ་སོགས་ཀུན་གྱིས་མཆོད། །ཤཱཀྱའི་རིགས ་འཁྲུངས་ལོག་རྟོག་བསལ་ཕྱིར་བཙུན་མོའི་འཁོར། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག་།ཕོ་བྲང་ནས་བྱུང་རྒན་ཤི་བ་ལ་སོགས་གཟིགས། །མི་རྣམས་རྨོངས་མཛད་ལྷ་ཡིས་མདུན་བ་དང་མཁའ་ལ་ནི། །སྲིད་གསུམ་དག་ལས་རྒལ་ཕྱིར ་མཐོན?་མཐིང་དབུས་ཕྱོགས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། །ལྷ་རྣམས་རྫུ་འཕྲུལ་གྱིས་ནི་ཕུར་སྨིགས་གང་རྣམས་ཕུལ། །ནོ་རཉྫ་ནའི་ཆུ་བོར་དཀའ་ཐུབ་མ་ལུས་རྫོགས། །ཐུབ་པ་བསམ་གཏན་ལས་བཞེངས་བཀྲ་ཤིས་?་ཐུག ་བཞེས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག་།པདྨ་ལས་བྱུང་ཁྱུ་མཆོག་བྱང་ཆུབ་ཤིང་དྲུང་དུ། །སྐྱིལ་མོ་ཀྲུང་བཅས་མི་གཡོ་མཆོག་གི་བདུད་བཏུལ་ནས། །ཐོ་རངས ་བདུད་བཏུལ་མི་འགྱུར་ཕུན་སུམ་སངས་རྒྱས་པ། །བཀྲ་ཤིས་དམ་བ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག་།བཱ་ར་ཎ་སིར་ཆོས་ཀྱི་འཁོར་ལོ་མགོན་པོས་བསྐོར། །ཀུན་ཤེས་ལ་སོགས་ལྔ་སྡེ་བཟང་ལ་བདེན་བཞི་བསྟན།། ་ལྷ་ཀླུ་ལྷ་མིན་མི་དང་མི་མིན་འདུན་གྱུར་གང། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག་།ང་རྒྱལ་བསྙེམས་པར་ལྡན་པའི་སྟོན་པ་དྲུག་བཏུལ་ཅིང། །གླང་ཆེན་རབ་སྨྱོན་མི་བཟད་ལྷ་བྱིན་གྱིས་སྦད་བཏུལ། ་དྲང་སྲོང་མཆོག་ལ་སྤྲེ་རྒྱལ་ཅང་ཤེས་སྦྲང་རྩི་ཕུལ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག་།པདམོ་གཞོན་ནུ་ལྟ་བུའི་མཚན་ལྟས་ཤཱཀྱའི་རིགས། །ཟས་གཙང་སྲས་སུ་རྒྱལ་རིགས་འཁོར་ལོ ་སྒྱུར་རྒྱལ་དུ། །བལྟམས་པ་ནས་བཟུང་ལྷའི་ཚལ་དུ་མ་ལུས་རྫོགས། །བཀྲ་ཤིས་དམ་བ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། བྱམས་པའི་སྟོབས་ནི་འགྲོ་བ་མ་ལུས་སྒོལ་མཛད་ཅིང། །སེམས་ཅན ་མཛའ་ཡས་ཞི་བདེའི་ལམ་ལ་བཀོད་གྱུར་ཏེ། གྲོང་ཁྱེར་རྩཝ་མཆོག་དམ་པར་དགོངས་པ་ཡོངས་རྫོགས་གང། །བཀྲ་ཤིས་པ་དམ་པ་དེས་ཀྱང་དེས་འདིར་བདེ་ལེགས་ཤོག་།བཀྲ ་ཤིས་ཀྱི་ཚིགས་སུ་བཅད་པ་རྫོགས་སོ།། མངྒ་ལཾ་།། །། ་