| Wylie | e-texts based on the ACIP/ALL Input |
གྱི་རྒྱུད་ཀྱི་དཀྱིལ་འཁོར་གྱི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་ལྷ་སུམ་ཅུ་རྩ་བདུན་གྱི་བཀྲ་ཤིས་ཚིགས་སུ་བཅད་པ་རྫོགས་སོ།། །། *། །རྒྱ་གར་སྐད་དུ། མིག་ལ་ཨཥྚ་ཀ་།བོད་སྐད་དུ། བཀྲ་ཤིས་བརྒྱད་པ། སངས་རྒྱས་དང་བྱང ་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཇམ་པའི་དཔལ་དང་འཇིག་རྟེན་མགོན་པོ་རྒྱལ་བ་མཆོག་གི་ཅོད་པན་དང་འཇམ་བྷ་ལ། །རྡོར་སེམས་བྱམས་པ་ཕྱག་ན་རྡོ་རྗེ་ལག་ན་ཨུཏཔལ་བཟང་སྐྱོང་དང་ནི་སྒྲ་གཅན་འཛིན། །སངས་རྒྱས་རྣམ་པར་སྣང ་འཛད་ལ་སོགས་ས་གསུམ་ཕྱག་བྱས་ཉེས་པ་མ་ལུས་ཟད་གྱུར་པ། དགྱེས་པ་རྣམས་ཀྱིས་དྲི་མེད་ཡིད་བདེ་དོན་ཀུན་གྲུབ་པའི་བཀྲ་ཤིས་ཁྱོད་ལ་སྩལ་དུ་གསོལ། །རྡོ་རྗེ་ཧཱུཾ་མཛད་ཕྱུག་བདག་འདུལ་བྱེད་རྡོ་རྗེ་དྲིལ་བུ་པདྨའི་ལག་པ་ཅན་དང་ནི། །ཧ་ལཱ་ཧ་ལཱ་སེར ་པོ་དག་དང་དགྲ་ཡི་ཚོགས་འཛོམས་ཊཀྐིའི་རྒྱལ་པོ་བདག་ཉིད་ཆེ། །མི་སྐྱོད་པ་དང་སྤོས་ཀྱི་གླང་པོ་རིན་ཆེན་ཏོག་དང་རབ་འཇིགས་མི་གཡོ་གཤིན་རྗེའི་དགྲ། དགྱེས་པ་རྣམས་ཀྱི་དྲི་མེད་ཡིད་བདེ་དོན་ཀུན་གྲུབ་པའི་བཀྲ་ཤིས་ཁྱོད་ལ་སྩལ་དུ་གསོལ། །ཡོན་ཏན་ཚོགས ་མངའ་བྱང་ཆུབ་སེམས་ཀྱིས་སེམས་བརྒྱན་དགེ་འདུན་འཇིག་རྟེན་གསུམ་གྱིས་ཕྱག་བྱས་དང། དགའ་བ་རབ་གྲུབ་སངས་རྒྱས་རྩོད་པའི་དྲི་མ་ལས་རྒྱལ་ཧེ་རུ་ཀ་དང་དཔྱིག་སྔོན་ཅན། །སངས་རྒྱས་ས་ལའི་དབང་པོ་རྒྱལ་པོ་རྒྱལ་བའི་ཡོན་རིགས་སེམས་ཅན་ཀུན་ལ་རྗེས་བརྩེ་བ། ་དགྱེས་པ་རྣམས་ཀྱིས་དྲི་མེད་ཡིད་བདེ་དོན་ཀུན་གྲུབ་པའི་བཀྲ་ཤིས་ཁྱོད་ལ་སྩལ་དུ་གསོལ། །ཤེས་རབ་སྐུལ་བྱེད་སྒྲོལ་མ་དག་དང་ཡེ་ཤེས་ཚོགས་ནི་བསགས་པར་གྱུར་པའི་ཁྲོ་གཉེར་ཅན། །བདུད་ཀྱི་བདུད་གྱུར་འོད་ཟེར་ཅན་མ་ཞལ་གསུམ་མདོག་སེར་འཇིགས་པ་མཛའ་ ་དགར་བ་འཇོམས་མ། །རྨ་བྱ་ཆེན་མོ་མ་མཱ་ཀཱི་དང་དགྲ་ཡི་ཚིགས་འཇོམས་གོས་དཀར་མོ་དང་སངས་རྒྱས་སྤྱན། །དགྱེས་པ་རྣམས་ཀྱིས་དྲི་མེད་ཡིད་བདེ་དོན་ཀུན་གྲུབ་པའི་བཀྲ་ཤིས་ཁྱོད་ལ་སྩལ་དུ་གསོལ་གནྟཱ་རི་དང་ལག་ན་ལྟོས་འགྲོ་ཞགས་པ་ལྕགས ་ཀྱུ་རལ་གྲི་འཛིན་བྱེད་དུག་སེལ་མ། །རྡོ་རྗེ་ལག་པ་མ་དང་ཕོག་མི་དགྲ་སྟ་རལ་གྲི་འཛིན་བྱེད་ཆོས་ཀྱི་དབང་ཕྱུག་མ། །བདེ་མཆོག་ལས་བྱུང་ཡེ་ཤེས་དཔའ་བོ་དཔུང་རྒྱན་ཕྱག་དྲུག་རྒྱལ་མཚན་རབ་ཏུ་འཆར་བྱེད་པ། །དགྱེས་པ་རྣམས་ཀྱི་དྲི་མེད་ཡིད་བདེ་དོན་ཀུན་གྲུབ ་པའི་བཀྲ་ཤིས་ཁྱོད་ལ་སྩལ་དུ་གསོལ། །རྒྱལ་བ་མཆོད་བྱེད་པའི་ཝང་ཕྲེང་མ་གླུ་མ་དང་ནི་རི་ཁྲོད་བདུག་སྤོས་རྡོ་རྗེ་མ། །རོ་ལངས་མར་མེ་དྲི་ཡི་རྡོ་རྗེ་རབ་ཏུ་བཞད་གདོང་བདེ་འགྲོ་དག་དང་མི་ཕམ་མ། །སངས་རྒྱས་བྱང་ཆུབ་དཔལ་མོ་དང་ནི་རྒྱལ་བ་མཛའ་དག་མཉེས་པར་བྱེད ་པའི་དབྱངས་ཅན་མ། །དགྱེས་པ་རྣམས་ཀྱི་དྲི་མེད་ཡིད་བདེ་དོན་ཀུན་གྲུབ་པའི་བཀྲ་ཤིས་ཁྱོད་ལ་སྩལ་དུ་གསོལ། །རྒྱལ་བ་མཆོག་གི་ཆོས་འཁོར་བསྐོར་གྱུར་ཡངས་པ་ཅན་དང་བྱ་རྒོད་ཕུང་པོའི་རི་བོ་དང། །ལུམ་བི་ནི་དང་མཉན་ཡོད་དང་ནི་ས་ཡི་སྟེང་གནས ་ཀོ་ཀ་མེད་དང་བྱང་ཆུབ་ཤིང། །དཔལ་གྱི་བེའུ་དང་ཨ་ཤ?་འདབ་མ་ཞོ་འབྲས་མེ་ཏོག་དཔལ་འབྲས་དུང་དང་འཁོར་ལོ་ཅན། །དགྱེས་པ་རྣམས་ཀྱིས་དྲི་མེད་ཡིད་དགའ་དོན་ཀུན་གྲུབ་པའི་བཀྲ་ཤིས་ཁྱོད་ལ་སྩལ་དུ་གསོལ། །གདུགས་དང་དུར་པ་པདྨ་དང་ནི་རྒྱལ ་མཚན་དག་དང་ཉ་དང་གི་ཝང་སིལ་སྙན་འཛིན?། །ཕག་པ་དག་དང་རབ་གང་བུམ་པ་ཐུབ་པ་གསུང་མཆོག་རྡོ་རྗེ་དྲིལ་བུའི་སྒྲ་དང་ནི། སངས་རྒྱས་ཆོ་འཕྲུལ་འཇོ་སྒེག་གཞད་འགྲོས་རྣམ་པར་རོལ་པ་ལྷ་དང་མི་ཡིས་ཕྱག་བྱས་པ། །དགྱེས་པ་རྣམས་ཀྱིས ་དྲི་མེད་ཡིད་དགའ་དེ་ཀུན་གྲུབ་པའི་བཀྲ་ཤིས་ཁྱོད་ལ་སྩལ་དུ་གསོལ། །རྗེ་བཙུན་འཕགས་མ་སྒྲོལ་མས་གསུངས་པའི་བཀྲ་ཤིས་བརྒྱད་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་མ་ཡ་ཤྲཱི་མི་ཏྲ་དང། ལོ་ཚ་བ་འདན་མ་ཚུལ་ཁྲིམས་སེངྒེས ་བསྒྱུར་བའོ། །འདི་ལ་འཕགས་མོས་མཛད་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྒྱ་དང་ཞེས་རྒྱ་གར་ན་གྲགས་པ་ཆེན་པོ་བོད་སྐད་དོ།། །། *། །རྒྱ་གར་སྐད་དུ། མི་ག་ལ་གཱ་ཐ། བོད་སྐད་དུ། བཀྲ་ཤིས་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ་