| Wylie | e-texts based on the ACIP/ALL Input |
ནི་བསམ་པར་མི་བྱ་དངོས་སུ་སྨོས་ཅི་དགོས། །དེ་ཁོ་ན་ཉིད་བསྡུས་པའི་མན་ངག་།སློབ་དཔོན་ཤཱི་ལ་སམ་བྷ་བས་ལས་དང་པོ་པའི་ངོར?་བསྡུས་ཏེ་མཛད་པ་རྫོགས་སོ།། (།།རྒྱུད་སྣ་ཚོགས་ལས་བཏུས་པའི་གཏོར་མའི་ཚོགས་ཞུ?) ་རྒྱ་གར་སྐད་དུ། ནཱ་ནཱ་ཏནྟོདྡྷི་ཏོ་པ་ལི་བིདྷི། བོད་སྐད་དུ། རྒྱུད་སྣ་ཚོགས་ལཱ་བཏུས་པའི་གཏོར་མའི་ཆོ་ག། ཨོཾ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །སྐུ་མཆོག་རང་གི་སྣང་བས་འཁྱུད། །སྐྱོབ་པ་མ་ལུས ་སྤྲེ?་མཛོད་པ། །རྡོ་རྗེ་སེམས་དཔར་ཕྱག་འཚལ་ནས། །དེ་བཞིན་གཤེགས་རྣམས་རབ་སྟེར་བ། །ལྷ་མོ་ཆོས་དབྱིངས་དབང་ཕྱུག་མ། །མ་ལུས་རྒྱལ་བ་རྣམས་ཀྱི་ཡུམ། །འགྲོ་བ་སྐྱོབ་ལ་རབ་བཏུད་ནས། །གང་གི་སྐུ་དྲིན་ཆེན་པོ་ཡིས། །གསུང་ནི་བླ་མེད་ཐོབ་འགྱུར་བ། །འཇམ ་པའི་དབྱངས་ཀྱི་ཞབས་པདྨ། །ཆུ་སྐྱེས་གཉིས་ལ་ཕྱག་འཚལ་ལོ། །གང་གི་རེག་པ་འཁོར་བ་ཡི། །གདུང་བ་དག་ནི་ཞི་འགྱུར་བ། །བླ་མའི་ཞལ་སྔ་ནས་ཀྱི་ཞབས། །པདྨ་དང་འབྲེལ་བརྟུལ་བསྟོད་ནས། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །གཏོར ་མའི་སྒྲུབ་ཐབས་བདུད་རྩི་མཚུངས། །སྣ་ཚོགས་རྒྱུད་ཀྱི་རྒྱ་མཚོ་ལས། །ཡང་དག་བཏུས་ནས་བདག་གིས་བཤད། །སྔོན་གྱི་དུས་སུ་བཅོམ་ལྡན་གྱིས། །ཞལ་གྱི་མན་ངག་གསུངས་པར་གྱུར། །དེ་ཙམ་ཁོ་ནས་སེམས་ཅན་རྣམས། །གྲུབ་གྱུར་གླེགས་བམ ་དག་ལས་མིན། །དེ་ནས་གསུམ་ལྡན་དུ་གྱུར་ནས། །རྩ་བའི་རྒྱུད་རྣམས་སྦྲུལ་པར་གྱུར། དེ་ལས་དོན་གྱི་འབྲེལ་རྟོགས་ནས། །བསམས་ཏེ་སྐྱེ་བོས་དངོས་གྲུབ་ཐོབ། །གཉིས་ལྡན་དུ་ནི་གཙོར་རྒྱལ་བས། །བཤད་པ་རྒྱ་ཆེན་མཛད་པར་གྱུར། །དེ ་དོན་རྟོགས་པ་ཉིད་ཀྱིས་ནི། །མཁས་པས་དངོས་གྲུབ་ཐོབ་པར་འགྱུར། རྩེད་པའི་དུས་གྱུར་དེང་སང་ནི། །གསུང་རབ་ཡན་ལག་བཅུ་གཉིས་པོ། །བཅོམ་ལྡན་འདས་ཀྱིས་མང་དུ་གསུངས། །འོན་ཀྱང་སྐྱེ་བོས་ཞི་མ་གྱུར། །ཅི་ཕྱིར་འདི་ལྟར་སེམས་ཅན ་རྣམས། །རྟག་ཏུ་ཚེ་དང་བརྩོན་འགྲུས་ཆུང། །ཆགས་སོགས་ཉོན་མོངས་གདུང་བ་ཡིས། །རྟག་ཏུ་རང་གི་སེམས་གདུང་གྱུར། །རང་གི་ལྟོ་བ་དག་ལ་བརྩོན། །འབའ་ཞིག་ལྷུར་ལེན་ཡིད་ལྡན་པ། །རྒྱལ་པོ་མཉེས་སོགས་བྱས་པ་དང། །ཐོ་རངས་ལངས་ནས་ས?་པར་?།། ་ནང་པར་བཤད་གཅི་དག་གིས་ཏེ། ཉི་མ་ཕྱེ་འཕྲེང་ཟས་སྐོམ་གྱིས། །ཚིམ་ནས་འདོད་པས་གནོད་འགྱུར་ཏེ། །སྐྱེ་བོ་མཚན་མོ་གཉིད་ཀྱིས་སོ། །རེ་ཞིག་ལོ་ནི་བརྒྱ་ཐུབ་པ། །ཚེ་ཡི་མཆོག་ཏུ་བརྗོད་པར་བྱ། །སེམས་ཅན་དེ་དག་གཉིད་ཀྱིས་ནི། །ཕྱེད་ནི་ཡོངས་སུ་ཟད་པར ་འགྱུར། །བྱིས་པ་རྒས་པ་ནད་རྣམས་ཀྱིས། །དེ་ལས་ཀྱང་ནི་ཕྱེད་ཟས་འགྱུར། །ཚེ་ཡི་ཆ་ཤས་ལྷག་མ་ཡིས། །ནང་དུ་དགེ་བ་ཇི་སྙེད་བྱེད། །འོན་ཀྱང་གལ་ཏེ་དགེ་བ་ཡིས། །ལས་ལ་བརྩོན་འགྲུས་དང་བཅས་འགྱུར། །སངས་རྒྱས་ཉིད་ནི་ཐོབ་འགྱུར་ན། །དེ་མིན ་གཞན་གྱི་དབང་གྱུར་པས། །འདོད་ངན་ཁ་ཅིག་བུད་མེད་ཀྱི། །དབང་པོའི་ཆུ་སྒོ་ཉམ་པ་རུ། །ལྷུང་བར་གྱུར་ནས་འཁོར་བ་ཡིས། །རྒྱ་མཚོར་རབ་ཏུ་འབྱུང་བར་འགྱུར། །ཆོས་ཀྱི་ལམ་ལས་ཡོངས་ཉམས་ཤིང། །སྐད་ཅིག་ལོངས་སྤྱོད་ལ་བསྐུལ་བརྩོན། །དེ་ཉིད ་ཉམས?་པའི་གྲོགས?་ངན?་གྱིས། །ཁ་ཅིག་རྣམ་པར་ཉམས་པར་འགྱུར། ཁ་ཅིག་ཚོལ་བའི་སྡུག་བསྔལ་ཉེན། །བཟའ་བཏུང་དག་ནི་བརྩལ་པའི་ཕྱིར། །རྨོངས་པ་འཕད་པ་དང་ལྡན་པས། །ཕྱོགས་བཅུ་དག་ཏུ་འཁྱམ་པར་འགྱུར། །ཉིན་མཚན་གཉིད་ནི་མི་ལྡོག་ཅིང། །རྒྱལ་པོ་མཉེས ་སོགས་ཉོན་མོངས་ཀྱིས། །ཡོངས་སུ་གདུངས་པའི་སེམས་ལྡན་པ། །གཞན་དག་འབྲས་བུ་མེད་པར་འགྱུར། །དེ་ལྟར་སེམས་ཅན་རྣམ་དཔྱད་ནས། །རྟག་ཏུ་མི་ཁོམ་པ་ཡི་ཚོགས། །བརྩོན་འགྲུས་མི་ལྡན་དེ་བས་ན། །བདག་གིས་ངལ་འདི་འབྲས་བུར་བཅས། །སེམས་ཅན ་ལ་ནི་ཕན་འདོད་པས། །རྟོགས་པར་སླ་ཞིང་གཞུང་ཉུང་ལ། །རབ་ཏུ་དོན་མང་ཡིད་འོང་བ། །གཏོར་མའི་ལས་ཀྱི་ཆོ་ག་བཤད། །འདི་ན་ཁ་ཅིག་ཕྱོགས་སྔ་མ། །རབ་ཏུ་བྱེད་པ་འདི་ལྟ་སྟེ། །ཆོས་རྣམས་དག་ནི་མ་སྐྱེས་ཤིང། །གཉིས་ཀྱིས་སྟོང་ལ་སྔགས ་རིག་པར། །ཇི་ལྟར་གཏོར་སྦྱིན་གང་ཞིག་ལ། །ཡང་དག་པར་ནི་བགེགས་གང་ཡོད། །བྱུང་ནས་རབ་ཏུ་ཞིག་འགྱུར་ན། །སྔགས་ཀྱིས་གང་ཞིག་རབ་རྒྱས་བྱེད། །རང་བཞིན་གྱིས་ནི་བསྐལ་པ་ཡི། །ལྷ་ཚོགས་རྣམས་ལ་གཏོར ་མ་ནི། །དེ་ཉིད་རིག་པས་ཇི་ལྟར་གཏང། །དེ་རྣམས་དེ་ནི་ཇི་ལྟར་ཟ། །མཚན་མ་གཅིག་སོགས་གནས་སུ་ནི། །གཏོར་མ་ཇི་ལྟར་བོར་པར་བྱ། །གཞན་དུ་མིན་ཞིང་དེར་གཏོར་ཡང། །དེ་རྣམས་ཀྱིས་དེ་ཇི་ལྟར་འཁྱེར། །གཞན་ཡང་ཤིན་ཏུ་ཉུང་བ་ཡི། ། ་ཆུ་དང་བཟའ་བ་ལ་སོགས་པས། །ནམ་མཁའ་དང་མཚུངས་གྲངས་མེད་པའི། །འབྱུང་པོ་ཀུན་ནི་ཇི་ལྟར་ཚིམ། །ཡི་དགས་ལ་སོགས་གང་འགའ་ཞིག་།ཁྲག་གི་བཏུང་བ་མཐུང་བྱེད་པ། །སྔགས་པས་གཏོར་མ་ཙམ་གྱིས་ནི། །དེ་དག་ཇི་ལྟར་མགུ་བར ་འགྱུར། །གཟོད་ནས་མ་སྐྱེས་རྫོགས་བྱང་ཆུབ། །ཐོབ་པའི་སྐྱོབ་པ་རྣམས་དང་ནི། །མཁའ་འགྲོ་མ་དང་དེ་རྣམས་ལ། །གཏོར་སྦྱིན་རིག་པ་ཅི་ཞིག་ཡོད། །དེ་ཙམ་གྱིས་ནི་མཉེས་གྱུར་ནས། །བསྐལ་བ་མང་པོར་རྣལ་འབྱོར་པས། །ཐོབ་འགྱུར ་འདོད་པའི་དངོས་གྲུབ་གང། །མི་རྣམས་ལ་ནི་ཇི་ལྟར་སྟེར། །འདིར་ནི་བརྗོད་བྱ་རང་བཞིན་གྱིས། །ཆོས་རྣམས་རེ་ཞིག་བདག་མེད་ཅིང། །སྒྱུ་མ་སྨིག་རྒྱུ་དྲི་ཟ་ཡི། །གྲོང་ཁྱེར་དང་ནི་རྨི་ལམ་མཚུངས། །འོན་ཀྱང་སངས་རྒྱས་རྣམས་ཀྱིས་ནི། །འགྲོ་འདི ་བདེན་པ་གཉིས་སུ་བསྟན། །རྣམ་རྟོག་དང་བས་ཅིག་ཤོས་ལས། །ཀུན་རྫོབ་དང་ནི་དོན་དམ་མོ། །ཆོས་ཉིད་ལ་ནི་རབ་ཞུགས་པ། །གཉིས་མེད་རིག་པའི་རྣལ་འབྱོར་པས། །རེ་ཞིག་གཏོར་མ་དག་གི་ལས། །དམ་པའི་དོན་དུ་ཇི་ལྟར་བྱ། །འོན་ཀྱང་ཀུན་རྫོབ ་ཕྱོགས་བརྟེན་ནས། །བསོད་ནམས་ཚོགས་ནི་འཕེལ་བྱའི་ཕྱིར། །དེ་ལ་དང་པོའི་ལས་ཅན་གྱིས། །གཏེར་མའི་ལས་ནི་བྱ་བ་ཡིན། །དེ་ཉིད་ཀྱི་ནི་རིམ་གྱིས་འདིར། །བགེགས་རྣམས་ཀུན་ཏུ་འབྱུང་བ་ཡོད། །དེ་བས་དེ་རབ་ཞི་བྱའི་ཕྱིར། །མཁས་པ་རྣམས ་ཀྱི་གཏོར་མ་བསྔགས། །དངོས་རྣམས་སྐད་ཅིག་ཉིད་ཡིན་ཡང། །སྔགས་རྣམས་ལ་ནི་ནུས་པ་ཡོད། །དུག་འཇོམས་པའི་སྔགས་བཞིན་དུ། །དེ་དག་མངོན་སུམ་ཉིད་དུ་འགྲུབ། །སྔགས་རྣམས་ནུས་པ་འདི་འདྲ་སྟེ། མི་སྣང་ལྷ་ཚོགས་གང་ཡིན་པ། །དེ་ཉིད་རེ་ཞིག་སྤྱན ་དྲངས་པས། །མིའི་མངོན་སུམ་ཉིད་དུ་འགྱུར། །ཤིང་གཅིག་དྲུང་ལ་སོགས་པ་ཡང། །དངོས་གྲུབ་གནས་སུ་བཅོམ་ལྡན་གསུངས། །དེས་ན་རྣམ་པ་དེ་ལྟ་བུ། །གཏོར་མའི་གནས་སུ་གསུངས་པར་གྱུར། །ལྷ་རྣམས་རང་མཐུས་གཏོར་མ་ལས། །རོ་དག་མྱང་བར་བྱེད་པ་ཉིད་དེས་ན་སྣང་བར ་གྱུར་ཀྱང་ནི། །ཉེས་པ་རྩོད་པ་མ་ཡིན་ནོ། །གཞན་ཡང་དངོས་གྲུབ་མཆོག་ཐོབ་པའི། །རྣལ་འབྱོར་ལ་གནས་གཏོར་མ་མི། །གླངས་ན་ལྷ་རྣམས་ཟ་བར་བྱེད། །ནགས་སུ་ཀླུའི་བྱང་ཆུབ་བཞིན། །སྔགས་ཀྱིས་བདུད་རྩི་ལྔར་བྱས་ནས། །མཁས་པ་རྣམས་ཀྱིས་གཏོར་མ་གཏོང?། །དེའི ་མཐུ་ཡིས་ལྷ་ཚོགས་རྣམས། །མཉེས་འགྱུར་ཆུང་བའི་ཉེས་པ་མེད། །ཟང་ཟིང་ལ་སོགས་རབ་དབྱེ་བ། །དེ་བཞིན་གཤེགས་པས་སྦྱིན་རྣམ་བཞི། གསུངས་ཏེ་དེ་བས་ཡི་དགས་ཀྱི། །གཏོར་མ་ལ་ནི་ཆོས་བཤད་གྱུར། །འདི་ལྟར་འདམ་གྱིས་རྙོགས་པ་བཞིན། །གངྒཱའི ་ཆུ་བོ་གང་གི་རྒྱུན། །མཐོང་ནས་ཀྱང་ནི་ཁྱེད་རྣམས་ཁྲག་།ལག་པ་དག་གིས་ཅི་ཕྱིར་འཐུང། །དེས་ན་མ་བྱིན་བླངས་པ་ཡིས། །འདིའི་རྣམ་སྨིན་མི་བཟད་ཡིན། །དེ་བས་ཚིམ་བྱེད་གཏོར་མ་ནི། །ཁྱེད་རྣམས་ཀྱིས་ནི་བླང་བར་གྱིས། །དེ་ལྟར་རིམ་པ་འདི་བཞིན་དུ། །རྣལ ་འབྱོར་པ་འདི་ས་ཡི་དགས་རྣམས། །ཆོས་འདོད་པར་ནི་དེ་བས་སྐྱོན། །ཅུང་ཟད་ཙམ་ནི་ཡོད་མ་ཡིན། །བཅོམ་ལྡན་འདས་དང་མ་མོ་ལ། །ཅུང་ཟད་སོགས་པ་མེད་མོད་ཀྱི། །འོན་ཀྱང་བསོད་ནམས་ཚོགས་དག་ལ། །དང་པོའི་ལས་ཅན་བསྐུལ་བར་བྱ། །རིམ་གྱིས་ཡེ་ཤེས་ཚོགས ་དག་ཀྱང། །ཐོབ་ནས་རྣལ་འབྱོར་པ་དག་ནི། །རྫོགས་པའི་བྱང་ཆུབ་སྣོད་འགྱུར་ཏེ། །དེས་ན་དངོས་གྲུབ་ཅིས་མི་འཐོབ། །གྲངས་མེད་བསྐལ་པས་བྱང་ཆུབ་ནི། །ཐོབ་འགྱུར་འདི་ནི་བདེན་མོད་ཀྱང། །ཐབས་དང་མ་ཚད་ཉིད་གྱུར་པ། །རིམ་འདི་ཐེག་པ་ཆེན་པོ་ཡིན། །སྔགས་ ་ཚུལ་ཆེན་པོར་རྣལ་འབྱོར་པས། །སྐད་ཅིག་གཅིག་གིས་ངེས་པ་རུ། །རྡོ་རྗེ་འཆང་ནི་ཆེན་པོའི་གནས། །ཐོབ་འགྱུར་བློ་ཡིས་ཁྱད་པར་གྱིས། །དེ་ལྟར་ཕྱོགས་རྣམས་བརྩམས་ནས་ནི། །གཏོར་མའི་ཆོ་གའི་གཞུང་ལུགས་འགྲུབ། །ཡང་དག་བྱང་ཆུབ ་འདོད་རྣམས་ཀྱིས། །དེ་ཡང་མགུ་བར་བྱ་བ་ཡིན། །ཉིན་དང་མཚན་དུ་རྣལ་འབྱོར་པས། །དེ་ཐུན་གསུམ་མམ་བཞི་དག་ཏུ། །བསོད་ནམས་ཚོགས་དང་ཡེ་ཤེས་ཀྱི། །ཚོགས་ནི་སྤེལ་ཕྱིར་བྱ་བ་ཡིན། །ཚོགས་ཀྱི་འཁོར་ལོའི་ཆོ་ག་གང། །དེ་ནི་གཏོར་མ་ཆེན་པོར་བཤད། ། ་གང་ཕྱིར་དཀྱིལ་འཁོར་འཁོར་ལོ་ཡི། །རྣམ་པ་དང་བཅས་རབ་བརྙེས་ཕྱིར། །རེ་ཞིག་དེའི་རིམ་པ་འདི། །ཇི་ལྟར་དཀྱིལ་འཁོར་འཁོར་ལོ་ཡི། །ཕྱི་རོལ་མཁས་པས་ཚིམ་བྱ་བ། །མཁས་པ་རྣམས་ཀྱིས་མཉན་པར་གྱིས། །རེ་ཞིག་དང་པོ་རྣལ་འབྱོར་པ། །རང་གི་འདོད་པའི ་ལྷའི་ང་རྒྱལ་དང་ལྡན་པས་དང་པོ་སྦྱོར་བ་ལ་སོགས་པའི་ཏིང་ངེ་འཛིན་གྱི་བར་ལས་ལངས་ཏེ། །སྔར་བསྡུས་པ་པུལླི་ར་མ་ལ་སོགས་པ་གནས་ཉི་ཤུ་རྩ་བཞིའི་མཁའ་འགྲོ་མའི་འཁོར་ལོ་སྣ་ཁུར་གཡས་པ་དང་གཡོན་པའི་སྲོག་དང་རྩོལ་བས་བསྐུལ་བ ་ཇི་ལྟ་བ་བཞིན་དུ་རྗེས་སུ་འོད་ཟེར་སྤྲོ་བའི་སྦྱོར་བ་སའི་རྡུལ་ཚོན་ལ་སོགས་པས་སྦྲུལ་པའི་ཕྱི་རོལ་གྱི་དཀྱིལ་འཁོར་འཁོར་ལོར་སོ་སོའི་གནས་སུ་རྣམ་པར་སྤྲོས་ཏེ་བཀོད་ལ་མཆོད་པའི་ཆོ་གའི་རིམ་པ་བཞིན་དུ་ཡང་དག་པར་མཆོད་དེ་གཏོར་མའི་ལས་བྱའོ། ། ་དེ་ལ་རེ་ཞིག་དང་པོ་དཀྱིལ་འཁོར་གྱི་ཕྱི་རོལ་ན་གནས་པའི་ལྷ་དང། །ཀླུ་དང་གནོད་སྦྱིན་དང། འབྱུང་པོ་རྣམས་ལ་རིམ་པ་འདིས་གཏོར་མ་སྦྱིན་པར་བྱའོ། །དེ་ལ་འཇིག་རྟེན་པའི་ལྷ་རྣམས་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་རྣམ་པར་དགོད་པའི་རིམ་པ་ནི་འདི་ཡིན་ཏེ། ། ་ནང་གི་དཀྱིལ་འཁོར་ལས་ཕྱི་རོལ་གྱི་རྡོ་རྗེར་བ་ལས་ཕྱི་རོལ་གྱི་ཤར་དུ་དུར་ཁྲོད་མ་དང། དྲ་མི་རི་དང། གཏུམ་མོ་བདུད་རྩིའི་ཆུའི་སྣོད་ལག་ན་ཐོགས་པ་དཀར་མོ་དང། སེར་མོ་དང། དམར་མོའི་བདག་ཉིད་ཅན་དགོད་པར་བྱའོ། །བྱང་དུ་དྲག་མོ་དང། ཁྲག་མ་དང ་ཤ་ཟ་མ་ལྕགས་ཀྱུ་ལྔས་གང་བའི་སྣོད་ལག་ན་ཐོགས་པ་སེར་མོ་དང་དཀར་མོ་དང། །དམར་མོའི་མདོག་ཅན་རྣམས་སོ། །ནུབ་ཏུ་མི་?་མ་དང། འབར་མ་དང། འཇིགས་རུང་མ་ལག་ན་གཏོར་མའི་སྣོད་ཐོགས་པ་དམར་མོ་དང། སེར་མོ་དང། སྔོན་མོའི་མདོག་ཅན་རྣམས་སོ། །ལྷོ ་རུ་ཐོད་པ་མོ་དང། རྡོ་རྗེ་མ་དང། བུམ་པ་མ་བཟའ་བ་དང་བཏུང་བ་ལ་སོགས་གང་བའི་སྣོད་ཐོགས་པ་ནག་མོ་དང། དམར་མོ་དང། དཀར་མོའི་མདོག་ཅན་རྣམས་སོ། །དབང་ལྡན་གྱི་ཕྱོགས་སུ་སྒེག་མོ་དང། དྲི་མ་དཀར་མོ་དང། སེར་མོའི་མདོག་ཅན་དག་གོ། མེའི་ཕྱོགས་སུ་པི་བང་མ་དང ་མེ་ཏོག་པ་དཀར་མོ་དང། ནག་མོའི་མདོག་ཅན་རྣམས་སོ། །བདེན་བྲལ་གྱི་ཕྱོགས་སུ་གླུ་མ་དང། བདུག་པ་མ་ནག་མོ་དང། དམར་མོ་དག་གོ་།རླུང་གི་ཕྱོགས་སུ་གར་མ་དང། མར་མེ་མ་དམར་མོ་དང། སེར་མོ་དག་གོ་།དེ་དག་ཐམས་ཅད་འབར་བའི་ཕྲེང་བས་ཁྱབ་པའི་འོད་དང་ལྡན་པ། ་སྒྲ་བཤིག་པ་སྦྲུལ་རྣམས་ཀྱིས་བརྒྱན་པ། གོས་དང་བརྒྱན་སྣ་ཚོགས་ཀྱིས་བརྒྱན་པ། །བཟང་པོའི་འདུག་སྟངས་ཀྱིས་གནས་པ་རྣམས་སོ། །དེ་ནས་ཕྱི་རོལ་གྱི་ས་གཞིའི་གཡས་ཕྱོགས་ནས་བསྐོར་བར་འཆད་པར་འགྱུར་བའི་གཏོར་མའི་སྔགས་ཀྱི་རྗེས་སུ་འབྲངས་ནས་ཞིང་སྐྱོང ་བརྒྱད་ཡོངས་སུ་བརྟག་སྟེ། ཕྱོགས་བརྒྱད་དུ་དྲག་པོ་ནག་པོ་ལ་སོགས་པ་ཞིང་གི་བདག་པོ་རྣམས་བློ་ཡིས་དགོད་པར་བྱའོ། །དེ་ལ་རིམ་པ་འདི་ཡིན་ཏེ། ཤར་དུ་དྲག་པོ་ནག་པོ། བྱང་དུ་དྲག་པོ་ཆེན་པོ། ནུབ་ཏུ་ལྷ་སྦྱིན། །ལྷོ་རུ་ནག་པོ། །དབང་ལྡན་གྱི་ཕྱོགས་སུ་བརྩིགས་པ། མེའི་ཕྱོགས་སུ ་འཇིགས་སུ་རུང་བ། བདེན་བྲལ་གྱི་ཕྱོགས་སུ་རྣོན་པོ། རླུང་གི་ཕྱོགས་སུ་ལོག་འདྲེན་ཏེ། དེ་དག་ཐམས་ཅད་ཀྱང་མིག་གསུམ་པ། ལག་པ་བཞི་པ། གདོང་གཅིག་པ་ཇི་སྐད་བཤད་པའི་ཕྱག་མཚན་དང། གོས་དང་རྒྱན་གྱིས་བརྒྱན་པ་ནག་པོ་དང། སེར་པོ་དང། དཀར་པོ་དང། དམར ་པོའི་མདོག་ཅན་དང། དབང་ལྡན་ལ་སོགས་པའི་མཚམས་རྣམས་ཀྱི་དཀར་ནག་དང། དཀར་སེར་དང། དཀར་གནག་དང། དམར་གནག་རྣམས་ཏེ་འཁོར་དང་བཅས་པ་དག་གོ། ནག་པོ་དྲག་པོའི་མདུན་དུ་ཙཱ་མུཎ་ཌི། གཡོན་དུ་དྲག་མོ། རྒྱབ་ཏུ་འཇིགས་སུ་རུང་མ། གཡས་སུ ་ལྷ་མོ་དབུ་མ་བསམ་པར་བྱའོ། །ལྷ་མོ་དེ་དག་ཀྱང་མཁའ་འགྲོ་མ་ལ་སོགས་པའི་མདོག་ཅན་མཆོད་པ་རྣམ་པ་ལྔ་ལ་སོགས་པས་ལག་པ་བྲེལ་བ་མཆོད་པ་རྣམ་པ་ལྔ་ཁོ་ནས་ཡང་དག་པར་མཆོད་པར་བྱེད་པའོ། །དེ་བཞིན་དུ་བྱང་དུ་རྒྱལ་མ་དང། རྣམ ་པར་རྒྱལ་མ་དང། རྒྱལ་བྱེད་མ་དང། གཞན་གྱིས་མི་ཐུབ་མ་ཞེས་བྱ་བ་དྲག་པོ་ཆེན་པོའི་འཁོར་རྣམས་ཏེ། ཐུགས་ཀྱི་འཁོར་ལོའི་མཁའ་འགྲོ་མ་རྣམས་ཀྱི་མདོག་ཅན་ནོ། །དེ་བཞིན་དུ་ནུབ་དུ་ནག་མོ་ཆེན་མོ་དང། ནག་མོ་སྦོམ་མ་དང། རྣལ་འབྱོར་མ་དང། ལྷ་སྦྱིན་གྱི ་མཁའ་འགྲོ་མ་གསུང་གི་འཁོར་ལོའི་མཁའ་འགྲོ་མའི་མདོག་ཅན་རྣམས་བསམ་བར་བྱའོ། །དེ་བཞིན་དུ་ལྷོ་རུ་དབང་མ་དང། ཟླ་བ་མ་དང། དྲག་མོ་དང། གདུག་པ་ཞི་བྱེད་མ་དང། འཕྱང་མ་དང། ལྷའི་དབང་ཕྱུག་མ་ཞེས་བྱ་བ་ནག་མོའི་ལྷ་མོ་སྐུའི ་འཁོར་ལོའི་མཁའ་འགྲོ་མའི་མདོག་ཅན་རྣམས་སོ། །དབང་ལྡན་གྱི་ཕྱོགས་སུ་ཀམ་པོ་ཛི་མ་དང། འབར་མ་དང། འཇིབ་མ་དང། གྲོང་ན་ཀུན་ཏུ་གནས་པའི་རྣལ་འབྱོར་མ་རྩིགས་པའི་མཁའ་འགྲོ་མ་ཁྭའི་གདོང་ཅན་མའི་མདོག་ཅན་རྣམས་སོ། །མེའི་ཕྱོགས་སུ ་དྲག་པོའི་གཟུགས་ཅན་མདང། མཆེ་བའི་གཟུགས་ཅན་མ་དང། གཙིགས་མ་ཞེས་བྱ་བ་འཇིགས་སུ་རུང་བའི་མཁའ་འགྲོ་མ་འུག་པའི་གདོང་ཅན་མའི་མདོག་ཅན་རྣམས་སོ། །བདེན་བྲལ་གྱི་ཕྱོགས་སུ་ཐོད་པའི་ཕྲེང་བ་ཅན་མ་དང། ཕྲེང་ལྡན་མ་དང། མགོ་ཅན ་མ་དང། མཐུ་ཆེན་མ་ཞེས་བྱ་བའི་རྣོན་པོའི་མཁའ་འགྲོ་མ་ཁྱིའི་གདོང་ཅན་མའི་མདོག་ཅན་རྣམས་སོ། །རླུང་གི་ཕྱོགས་སུ་ལག་ན་རལ་གྲི་མ་དང། ལག་ན་དགྲ་སྟ་མ་དང། རྡོ་རྗེ་མ་དང། ལག་ན་གཞུ་ཐོགས་མ་ཞེས་བྱ་བ་ལོག་འདྲེན་གྱི་མཁའ་འགྲོ་མ་དག ་གི་གདོང་ཅན་མའི་མདོག་ཅན་རྣམས་སོ། །དེ་ནས་ཤར་གྱི་སྒར་ཁྱབ་འཇུག་དབྱིག་པ་ཐོགས་པ། ལྷོར་ཚངས་པ་རྔ་ཡབ་ཐོགས་པ། ནུབ་ཏུ་དྲག་པོ་མཚན་ནས་སྒྲོགས་ལྷུང་ལེན་པ། བྱང་དུ་དབང་པོ་གདུགས་ཐོགས་པ། དེ་བཞིན་དུ་ལྷོའི་སྣམ་བུ་ལ་དབང ་ལྡན་གྱི་ཕྱོགས་སུ་བརྒྱ་བྱིན། །མེའི་ཕྱོགས་སུ་ལུས་ངན་པོ། །བདེན་བྲལ་གྱི་ཕྱོགས་སུ་འབྱུང་པོའི་བདག་པོ། །གླུའི་ཕྱོགས་སུ་རླུང་གི་བདག་པོའོ། །དེ་རྣམས་བུ་དང་ཆུང་མ་དང་འཁོར་དང་བཅས་པ་སྟེ། ཁ་དོག་དང་ལག་པ་དང་ཕྱག་མཚན་ནི་སྒྲུབ་ཐབས་གཞན་གྱི་རྗེས་སུ་འབྲང་བར ་བྱའོ། །དེ་ལ་ཕྱི་རོལ་གྱི་ཁྱམས་ཀྱི་ཤར་གྱི་ཆར་རུས་གོང་འཇིགས་བྱེད་དང། ཁ་ཊཝཱཾ་ག་དང་ལྡན་པའི་ཚོགས་ཀྱི་སྲིན་པོ་དང། ཚོགས་ཀྱི་དབང་ཕྱུག་དང། དྲིལ་བུའི་རྣ་བ་ཅན་ཞེས་བྱ་བ་མཁའ་འགྲོ་མ་ལ་སོགས་པའི་མདོག་ཅན་རྣམས་བསམ་བར་བྱའོ། །དེ་བཞིན་དུ ་བྱང་དུ་གཏུམ་མོའི་དབང་ཕྱུག་དང། འདུན་སའི་ལྷ་དང། རྒ་པོའི་དབང་ཕྱུག་དང། སིལ་སྒྲས་འཇིགས་བྱེད་ཅེས་བྱ་བ་ལ་སོགས་པའི་མདོག་རྣམས་སོ། །ལྷོ་རུ་ནི་གཏུམ་པོ་རའི་དབང་ཕྱུག་དང། སྒྲ་ཆེན་དང། མཆེ་བ་གཙིགས་པ་དང་གཞུ་འཛིན་ཅེས ་བྱ་བ་ཀམ་པོ་ཛི་མ་ལ་སོགས་པའི་མདོག་ཅན་རྣམས་སོ། །དེ་བཞིན་དུ་འདོད་པ་དྲག་པོ་དང། གནས་ཀྱི་དབང་ཕྱུག་དང། ཅང་ཏེའུ་འདུལ་བ་དང། རྔ་སྒྲས་འཇིགས་བྱེད་ཅེས་བྱ་འཇིབ་བྱེད་མ་ལ་སོགས་པའི་མདོག་ཅན་རྣམས་སོ། །འདི་རྣམས་ཀྱང་ལག་པ་བཞི ་པ་ཁ་ཊཝཾ་ག་ཐོགས་པ་ལྷ་མོ་ལ་འཁྱུད་ཅིང་ལག་ན་རྩི་གསུམ་ཐོགས་པ་མིག་གསུམ་པ་སྟག་གི་པགས་པའི་ཤམ་ཐབས་ཅན་སྤྲུལ་གྱི་རྒྱན་གྱིས་བརྒྱན་པ་ཐོད་པའི་ཕྲེང་བ་ཅན་རྣམས་སོ། །དེ་ནས་ཕྱི་རོལ་གྱི་མུ་ཁྱུད་ཀྱི་ས་གཞི་ལ་འབྱུང་པོ་དང། །ཤ་ཟ་ལ ་སོགས་པ་ཅ་ཅོའི་སྒྲ་སྒྲོགས་པ་རྣམས་དང། དེ་དག་གི་འཁོར་རྣམས་ཀྱང་བལྟ་བར་བྱའོ། །དྲག་པོ་ལ་སོགས་པ་དང། རུས་གོང་འཇིགས་བྱེད་ལ་སོགས་པ་རྣམས་ཀྱི་ཡི་གེ་ནི་རང་གི་མིང་གི་དང་པོའི་ཡི་གེ་དེ་ཁོ་ན་ཡིན་ནོ། །རྡོ་རྗེ་ཁུ་ཚུར་གཉིས ་བཅིངས་ཏེ་གུང་མོ་དང་མཛུབ་མོ་དག་བརྐྱང་ནས་ལྕགས་ཀྱུའི་རྣམ་པར་སྦྱར་བར་བྱའོ། །ོཾ་ཨཱ་ཀརཥ་ཡ་ཧཱུཾ་ཕཊ་ཅེས་བྱ་བ་ནི་འཇིག་རྟེན་པའི་ལྷ་རྣམས་སྤྱན་དྲང་བའི་སྔགས་སོ། །ོཾ་ཡུཾ་སྭཱཧཱ་ཞེས་བྱ་བ་དང། རྩེ་གསུམ་གྱི་ཕྱག་རྒྱ་ནི་དུར་ཁྲོད་མ་ལ ་སོགས་པ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་དང་སྔགས་སོ། །ཐལ་མོ་སྦྱར་ནས་དེ་ཉིད་གཡས་སུ་ཕབ་སྟེ་གཟུང་བར་བྱ་ཞིང། །ོཾ་གྷཾ་སྭཱཧཱ་ཞེས་བྱ་བ་ནི་དྲག་མོ་ལ་སོགས་པ་རྣམས་ཀྱིའོ། །རྡོ་རྗེ་ཐལ་མོ་བཅིངས་ནས་དབྱེ་བར་བྱ་ཞིང། །ོཾ་ཀུ་རུ་ཀུ་རུ་སྭཱཧཱ ་ཞེས་བྱ་བ་ནི་གཙིགས་མ་ལ་སོགས་པ་རྣམས་ཀྱིའོ། །ལག་པ་གཡས་པ་ཀྱང་ནས་རྒྱབ་གཉིས་སྦྱར་ཏེ་སོར་མོ་རྣམས་སོ་སོར་བཅིང་ཞིང། ཨོཾ་པ་ཏ་ལི་ཧཱུཾ་སྭཱཧཱ་ཞེས་བྱ་བ་ནི་མི་བཟད་མ་ལ་སོགས་པ་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། དགུ་དག ་ཏུ་གཟུང་ཞིང། ཨོཾ་ཧཱུཾ་སྭཱཧཱ་ཞེས་བྱ་བ་ནི་སྒེག་མོའི་འོ། །གཡོན་གྱི་བརྐྱང་སྟེ་མཐེ་བོང་དང་སྲིན་ལག་སྦྱར་ནས་གཡས་པས་གཟུང་བར་བྱ་ཞིང། ཨོཾ་སུ་པྲི་ཡ་གན་དྷེ་ཧཱུཾ་ཞེས་བྱ་བ་ནི་དྲི་མའི་འོ། །པི་བང་གི་ཟློས་གར་དང། ཨོཾ་ཧཱུཾ་ཧོ་སྭཱ་ཧཱ་ཞེས་བྱ ་བ་པི་བང་མའིའོ། །ཐལ་མོ་སྦྱར་བ་སྤྱི་བོར་གཞག་ནས། །ོཾ་ཤྲཱི་སྭཱཧཱ་ཞེས་བྱ་བ་ནི་མེ་ཏོག་མའི་འོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་འཛུམ་མོ་བསྒྲེངས་ཏེ། བར་བསྐྱོད་ནས་ཧཱུཾ་ཧཱུཾ་ཧཱུཾ་སྭཱཧཱ་ཞེས་བྱ་བ་ནི་གླུ་མའི་འོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་ལག་པ ་བསྐྱོད་པའི་ཚིགས་སུ་བཟུང་ཞིང། ཨོཾ་ཨི?་སྭཱཧཱ། ཞེས་པ་ནི་གདུག་པ་མའིའོ། །ལག་བ་གཡོན་པས་གཡས་ཀྱི་རྐེད་པའི་ཆར་སྒེག་པ་དང་བཅས་པར་གཞག་ནས་གཡས་ཕྲག་པར་གཞག་ཅིང། ཨོཾ་སུ་ནི་ར་ཏེ་སྭཱཧཱ་ཞེས་བྱ་བ་ནི་གར་མའི་འོ། །ཐལ་མོ ་སྦྱར་བ་སྤྱི་བོར་གཟུང་ཞིང། །ོཾ་ཀླུཾ་སྭཱཧཱ་ཞེས་བྱ་བ་ནི་མར་མེ་མའི་འོ། །གཡས་པ་ཁུ་ཚུར་བཅིངས་ནས་མཛུབ་མོ་དང་གུང་མོ་དག་བསྒྲེངས་ཏེ་དཔྲལ་བར་རེག་པར་བྱ་ཞིང་ཨོཾ་མུ་མུ་ཧཱུཾ་སྭཱཧཱ་ཞེས་བྱ་བ་ནི་བརྒྱ་བྱིན་གྱིའོ། །རྡོ་རྗེ་བསྡམས་པ་བཅིངས ་ནས་མཛུབ་མོ་གཉིས་རིན་པོ་ཆེའི་རྣམ་པར་སྦྱར་ཞིང། །ོཾ་རཏནེ་གྲེ་སྭཱཧཱ་ཞེས་བྱ་བ་ནི་ནོར་སྦྱིན་གྱིའོ། །གཡས་པ་ཁུ་ཚུར་བཅིངས་ཏེ་སྡིགས་མཛུབ་བསྒྲེངས་ནས་གཡས་པའི་བ་དན་གསུམ་སྤྱི་བོར་གཞག་ནས་ཨོཾ་ཧཱུཾ་སྭཱཧཱ་ཞེས་པ་ནི་དྲག་པོའིའོ་? ་གཡས་པའི་ཁུ་ཚུར་སྙིང་གར་བསྐྱོད་ཅིང། ཨོཾ་སྭཱཧཱ་ཚངས་པའི་འོ། །ལག་པ་གཡས་པ་བརྐྱང་སྟེ་ཁ་སྤུབ་ནས་གཡོན་པའི་ཁུ་ཚུར་གྱིས་ཁྲོ་བོའི་སོར་མོ་བརྐྱང་སྟེ་དབུས་སུ་སྦྱར་ཞིང་གདུགས་ཀྱི་རྣམ་པར་བྱས་ནས། ཨོཾ་མུ་སྭཱཧཱ་ཞེས་བྱ་བ་ནི་དབང་པོའི་འོ། །དྲག་པོ་ནག་པོ་ལ་སོགས ་པ་རྣམས་དང། རུས་གོང་འཇིགས་བྱེད་ལ་སོགས་པ་རྣམས་ཀྱི་ནི་དྲག་པོའི་དམ་ཚིག་གི་སྔགས་དང་ཕྱག་རྒྱ་ཁོ་ན་ཡིན་ནོ། །དེ་ལ་ལྷ་རྣམ་པར་བཀོད་པའི་རྗེས་ཐོགས་ལ་མཆོད་པ་རྣམ་པ་ཉི་ཤུས་ཡང་དག་པར་མཆོད་དེ། སྒེག་མོའི་ཕྱག་རྒྱ་བཅིངས་ཏེ་ཡི་གེ་ཧཱུཾ་གི་སྒྲ ་བརྗོད་ནས། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཊུཾ་ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་གྷེ་གྷེ་གྷེ། ཧཱུཾ་ཨོཾ་གྷེ་ཏྱ་གྷེ་ཏྱ་ཧཱུཾ་སྭཱཧཱ་ཞེས་བྱ་བའི་སྔགས་འདིས་ཤིན་ཏུ་མཉེས་པར་བྱའོ། །དེ་ནས་རྡོ་རྗེ་དེ་ཉིད་ཀྱིས་བཟུང་ནས། །དྲིལ་བུ་ཆོས་ཀྱི་དཀྲོལ་བར་བྱ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་གནས། །རྒྱབ་ཏུ་རྒྱབ་ནི་སྦྱར་བར ་བྱ། །མཐེའུ་ཆུད་གཉིས་ནི་བཅིངས་བྱས་ནས། །ཅུང་ཟད་དུ་ནི་བཅིང་བར་བྱ། །ོཾ་བཛྲ་གྷ་ཎ་ཊེ་ཧོ། །དེ་ནས་ཨོཾ་བཛྲ་གྷ་ཎ་ཊེ། ར་ཎ་ར་ཎ། པྲ་ར་ཎ་པྲ་ར་ཎ། སཾ་པྲ་ར་ཎ་སཾ་པྲ?་ར་ཎ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ནི་ཏེ། པྲ་ཛྙཱ་པཱ་ར་མི་ཏཱ་ནཱཾ་སཾ་བྷ་པེ། བཛྲ་ཧྲི་ད་ཡཾ་སཾ་ཤི་ནི ་ཧཱུཾ་ཧཱུཾ་སྭཱཧཱ་ཞེས་བྱ་པའི་སྔགས་ཀྱི་དྲིལ་བུ་བཟུང་སྟེ། དཔལ་མཆོག་དང་པཱུཾ་རྒྱུད་ལས་གསུངས་པའི་མཚན་བརྒྱ་རྩ་བརྒྱད་ཀྱིས་ཡང་དག་པར་བསྟོད་ལ། །རྡོ་རྗེའི་གླུ་བླངས་ཏེ། དེ་བཞིན་དུ་རྣམ་པ་སྣ་ཚོགས་བའི་བསྟོད་པ་དང་མཆོད་པ་བྱས་ལ། །ཡང་དག་པར ་མཉེས་པར་བྱ་བའི་ཕྱིར་དྲིལ་བུ་དཀྲོལ་བར་བྱའོ། །དེ་ནས་སྙིང་གར་རྡོ་རྗེ་ཐལ་མོ་བཅིངས་ཏེ་སྙིང་ཁར་གཞག་ལ། །ོཾ་ཤུདྡྷ་དྷརྨེ་ཧཱུཾ་ཨ་ཨཱ་ཨོཾ་ཨ་ཞེས་བྱ་བ་བརྗོད་པས་ལྷའི་ང་རྒྱལ་བརྟན་པར་བྱས་ཕྱི་རོལ་གྱི་ལྷ་རྣམས་ལ་གཏོར་མ་སྦྱིན་པར་བྱའོ། །ཇི་སྐད ་བཤད་པའི་གོས་དང་རྒྱན་གྱིས་རྣམ་པར་བརྒྱན་པ། རྡོ་རྗེ་དང་དྲིལ་བུ་ཐོགས་པ། བརྒྱ་བྱིན་ལ་སོགས་པའི་འཁོར་དང་ལྡན་པའི་སློབ་དཔོན་རྐང་པ་གཡས་པ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་དུ་གནས་པ་གཡོན་བརྐྱང་བས་རོལ་པའི་ཚུལ་དུ་གནས་པ་རྫས ་དྲི་ཞིམ་པོ་རྣམས་ཀྱིས་དཀྱིལ་འཁོར་གྲུ་བཞིར་བྱས་ལ། །ཁ་དོག་དཀར་པོ་ལ་སོགས་པའི་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ། འབྲས་སཱ་ལུའི་དྲི་ཞིམ་པོའི་འབྲས་ཆན་ཞོ་དང་ཤ་ཁ་ར་དང། སྦྲང་རྩི་དང། མར་ནག་དག ་བསྲེས་པ་རྫས?་ལ་སོགས་པ་ལས་བྱས་པའི་སྣོད་རྣམས་སུ་བཞག་པས་ཤར་གྱི་སྒོར་གཏོར་མ་སྦྱིན་པར་བྱའོ། །འདོད་པའི་རྒྱལ་པོའི་ཕྱག་རྒྱ་བཅིངས་ལ། ཨོཾ་ཝད་ཏ་ལི་མཧཱ་ཝད་ཏ་ལི། ཧཱུཾ་ཧཱུཾ་ཧཱུཾ་ཛ(རྒྱུད་འགྲེལ་བྱའོ། །ོཾ་ཝ་ཧི་ནཱི། མཧཱ་ཝ་ནི་སཱུརྱ་ཙནྡྲ་སིདྡྷཡ་མུ་ཁི། ཛ་ཡ་ར་ཛི་སཽ་མ་ཛི་ཨུ་མ་དེ་བ་ག་གསུ་རུ་པི་ཏ་ར་ཡ། ས་ཏོད་གྲ་ཧ་ག་ཎ་སརྦེ་ག་ཎ་པ་ཏི་ཀརྟི་ཀར་ཤྲི་ཤ་ཤྲིར་ཏེ་བེ་དི་ག་ལོ་ཨ་སུ་ར་ས་རོ་ཙེ། པུཀྐ་སི། མཧཱ་པུཀ་སི་ཧཱུཾ་ཧེ་ཧོ། ཨརཥ་ཡ་ཨ་ཀརཥ་ཡ། ས་མ ་ཡ་དེ་བེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། སྤྱན་དྲང་པའི་ཕྱག་རྒྱ་གཉིས་བསྒྲེང་བ་དང། ཨོཾ་བྷཀཱ་ཡ་བྷཀཱ་ཡ། ས་མ་ཡེ་ཏིཥྛ་བ་ཧཱུཾ་ཕཊ་སྭཱཧཱ། ཞེས་བྱ་བས་མཉེས་པར་བྱས་ཏེ་སེ་གོལ་གསུམ་གྲདབས་ལ་གཏང་བར་བྱའོ། །དེ་ནས་ཤར་གྱི་ཕྱོགས་སུ་ས་ཕྱོགས་གཙང་མར་དོར ་བར་བྱའོ། །དེ་ནས་ལྷའི་གཏོར་མའོ།། །།དེ་ནས་སྔར་བཤད་པའི་ཆོ་ག་བཞིན་དུ་བྱས་པའི་དཀྱིལ་འཁོར་འོ་མ་ལ་སོགས་པ་ལས་བྱས་པའི་ལྷ་བཤོས་ཀྱིས་ཡོངས་སུ་བསྐོར་བར་མངར་གསུམ་དང་བསྲེས་པའི་འོ་ཐུག་གིས་བཀང ་པའི་གསེར་ལ་སོགས་པ་ལས་བྱས་པའི་སྣོད་དུ་བཞག་སྟེ། སྔགས་དང་ཕྱག་རྒྱ་དེ་ཉིད་ཀྱིས་མཛའ་ཡས་དང། ནོར་རྒྱས་དང། འཇོག་པོ་དང། སྟོབས་ཀྱི་རྒྱུ་དང། པདྨ་དང། པདྨ་ཆེན་པོ་དང། དུང་སྐྱོང་དང། རིགས་ལྡན་དང། ལྷ་ལྡན་དང། ལྷ་ལྡན་ཆེན་པོ ་དང། ཟླ་བ་དང། གཙུག་ཏོར་དང། གཙུག་ཏོར་ཆེན་པོ་དང། དབྱིག་པ་ཐོགས་པ་དང། །ཧཱུ་ལུ་དང། དགའ་བོ་དང། ཉེ་དགའ་བོ་དང། རྒྱ་མཚོ་ཆེན་པོ་དང། གདུང་བ་དང། གདུང་བ་ཆེན་པོ་དང། དཔལ་འོད་དང། འོད་ཆེན་དང། རིན་པོ་ཆེའི་འོད་དང། གཟུགས་བཟངས་དང ་གཟུགས་ཆེན་དང། སྦྲུལ་བཟངས་དང། གསུས་པོ་ཆེ་དང། ཛི་ལི་དང། མཧཱ་ཛི་ལི་སྟེ། ཨོཾ་ཨཱ་གཙྪ་ཨཱ་གཙྪ། མ་ཧཱ་ནཱ་ག་ཨ་དྷི་པ་ཏི་སརྦ་བྷུར་བྷུ་ཕྲུཾ་ཕྲུཾ་ཕྲུཾ་ཕུ་རྡོ་རྗེ་ཁུ་ཚུར་བཅིངས་ནས་ནི། །མཐེ་བོང་དང་ནི་མཐེ་ཆུང་སྦྱར། །དབུས་ཀྱི་སོར་མོ་དག་བརྐྱང་ནས། །གདེངས་ཀའི ་རྣམ་པར་སྦྱར་བར་བྱ། །དེ་ལྟ་བུ་འདིས་སྲིན་ལག་བཟུང་སྟེ་བཏང་བར་བྱའོ། །བྱང་ཕྱོགས་སུ་ཆུ་བོ་ལ་དོར་བར་བྱའོ། །ཀླུའི་གཏོར་མའོ།། །།དེ་ནས་ནུབ་ཕྱོགས་སུ་མངོན་པར་ཕྱོགས་པའི་རྣལ་འབྱོར་པ་དཀྱིལ་འཁོར་གྱི་འགྲམ་ན་གནས་པས་ཙན་དན ་དམར་པོ་ལ་སོགས་པ་ལས་བྱས་པའི་དཀྱིལ་འཁོར་གྲུ་གསུམ་མེ་ཏོག་དམར་པོ་ལ་སོགས་པས་མཛེས་པར་བྱས་ལ། སྔ་མ་བཞིན་དུ་ཞོ་དང་སྦྲང་རྩི་དང་བཅས་པའི་འབྲས་ཅན་བདུད་རྩི་ལྔ་དང་ཡང་དག་པར་ལྡན་པའི་སྣོད་མདུན་དུ་བཞག་ལ་སྔ་མ་བཞིན་དུ་ནོར་བུ་བཟང་པོ་དང ་གང་བ་བཟང་པོ་དང། རྒྱལ་བ་བཟང་པོ་ལ་སོགས་པ་གནོད་སྦྱིན་གྱི་བདག་པོ་རྣམས་བོས་ཏེ། རྡོ་རྗེ་བསྔགས་པ་སྙིང་གར་བཅིངས་པས་བཟུང་ཞིང། ཨོཾ་ནཱ་གཱ་དྷི་པ་ཏི་པཏྟ་ལི་ཧཱུཾ་སྭཱཧཱ་ཞེས་བྱ་བའི་སྔགས་འདིས་མཉེས་པར་བྱའོ། །དེ་ཁོ་ན་བཞིན་དུ་བཏང་ནས་ལྷོའི ་ཕྱོགས་སུ་ཤིང་གཅིག་པར་དོར་བར་བྱའོ། །དེ་ནི་གནོད་སྦྱིན་གྱི་གཏོར་མའོ།། །།ཡང་དེ་ཁོ་ན་བཞིན་དུ་ལྷོ་རུ་མངོན་པར་ཕྱོགས་པར་གནས་པ་རྡོ་རྗེའི་འགྲོས་དང་ལྡན་པས་ཙན་དན་དམར་པོ་ལ་སོགས་པ་ལས་བྱས་པའི་དཀྱིལ ་འཁོར་གྲུ་གསུམ་མེ་ཏོག་དམར་པོ་ལ་སོགས་པ་བཀྲམ་པར་ལྷ་བཤོས་ལ་སོགས་པ་ཡང་ཕུལ་ཏེ། ཉ་ཤ་སྐམ་པོ་དང། སྒོག་པ་དང། བཙོང་དང། ཁྲག་དང། ཏིལ་དང། བག་ཕྱེ་ལ་སོགས་པའི་ཁུར་བ་དང། བདུད་རྩི་ལྔ་དང། བཟའ་བ་དང། བཅའ་བ ་དང། བཏུང་བ་དང། མྱང་བ་དང། གཞིབ་པ་རྣམ་པ་ཐ་དད་པ་དང་ཉའི་གཟུགས་བརྙན་གྱིས་གང་བའི་མདུན་དུ་བཞག་ལ། སྔགས་དང་ཕྱག་རྒྱ་དེ་རྣམས་ཀྱིས་སྣོད་ལ་རེག་སྟེ། གདན་བཞི་པའི་རྒྱུད་ལས་གསུངས་པའི་ཨེ་ཀ་པྲིཀཱ་ཞེས་བྱ་བ་ལ་སོགས་པའི་སྔགས ་བརྗོད་ལ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ཏེ་མཛུབ་མོ་གཉིས་ལུ་གུ་རྒྱུད་བྱས་ལ། ཕྱག་རྒྱ་དེ་དང། ཨོཾ་ཏིཥྛ་ཏིཥྛ་ཧཱུཾ། བྷཀྵ་བྷཀྵ་ཛ(རྒྱུད་འགྲེལ་སྒྲ་དང། དྲིལ་བུའི་སྒྲ་དང། འབྱུང་པོའི་གཏོར་མ་ཡོ་བྱད་ཀྱི་སྔགས་དང། ཕྱག་རྒྱ་དང་ཉིད་ཀྱིས་གདན་དཀྱིལ་འཁོར་གྱི་གཞི་ཡོད་པ་དེ་ལ་ཕྱི་རོལ་གྱི་མཚམས་ཀྱི་ཕྱོགས་བརྒྱད་དུ་གཏོར་མ་དོར་བར་བྱའོ། །དེ་ནི་འབྱུང་པོའི་གཏོར་མའོ།། །། ་གཏོར་མ་དེ་དག་ཐམས་ཅད་ལ། །སྔགས་པ་བཟང་པོས་གཏོང་དུས་སུ། །དགེ་བསྙེན་གྱི་ནི་སྤྱི་བོ་རུ། །ལན་གསུམ་དུ་ནི་བསྐོར་བར་བྱ། །གཏོར་མ་སྐྱེལ་བྱེད་དང་ལྡན་གང། །འཕགས་པ་འཁྱིལ་བའི་སྔགས་ཀྱིས་ནི། །དེ་ལ་བསང་གཏོར་བྱ་བ་ཉིད། །མིན་ན་དེ ་རྣམས་ཀྱིས་ཟོས་འགྱུར། ནང་གི་དཀྱིལ་འཁོར་དག་གི་ནི། གཏོར་མ་གང་གིས་རྣལ་འབྱོར་པས། །དངོས་གྲུབ་མཆོག་ནི་འགྲུབ་འགྱུར་བ། །དེ་ནས་ཡང་དག་བཤད་བྱ་བ། སྒྱུ་མའི་རྒྱུད་ལས་ཇི་སྐད་བཤད་པ་བཞིན། །སྐྲ་བཤིག་རྐང་པ་ཡིས་ནི་གར་སྟབས ་བྱས། །གཅེར་བུ་ལྷོ་ཕྱོགས་གནས་པའི་བདག་ཉིད་ཀྱིས། །ཐུན་མཚམས་ཀུན་ཏུ་གཏོར་མ་རབ་སྦྱིན་བྱ། །དང་པོར་ཕྱོགས་ནི་བརྒྱད་རྣམས་སུ། །ཁྲོ་མོ་མཁའ་འགྲོ་མ་བསམ་བྱ། །དེ་རྣམས་ལ་ནི་བློ་རྒྱ་ཆེས། །བདུད་རྩི་ལྔ་ལྡན་གཏོར་མ་སྦྱིན། །བདུད་རྩི་ལྔ་དང ་ཡང་དག་ལྡན། །ཐུན་བཞི་རུ་ནི་རབ་ཏུ་བྱ། །སྔ་དྲོ་རྡོ་རྗེ་མཁའ་འགྲོ་ལ། །མཁའ་སྤྱོད་རྣམས་ལ་ཉིན་བྱེད་ན། །མཚོན་དུས་ས་སྤྱོད་རྣམས་ལའོ། །མཁའ་འགྲོ་མ་ལ་མཚན་བྱེད་ན། །གཡས་བརྐྱང་གནས་པས་མཁའ་འགྲོ་ལ། །གཡོན་བརྐྱང་བ་ཡིས་མཁའ་སྤྱོད་ལ ་ས?་སྤྱོད་རྣམས་ལ་ཁྱད་བར་དུ། །རྐང་པ་མཉམ་པར་བྱ་བ་ཡིན། །པདྨའི་བསྐོར་བའི་སྦྱོར་བ་ཡིས། །གཅེར་བུ་གང་དང་ཡང་དག་ལྡན། །དྲག་པོའི་ལྷ་སྟངས་དང་ལྡན་པ། །མིག་ནི་གཡོན་པ་དག་གིས་བལྟ། །རུས་སྦལ་ཕྱག་རྒྱ་བཅིངས་ནས་ནི། །དཔྲལ་བའི་སྟེང་དུ ་ཡང་དག་བཞག། སྐད་ཅིག་རྣམ་པའི་ཚུལ་གྱིས་ནི། །ཧེ་རུ་ཀའི་གཟུགས་སུ་བྱ། །ཅིག་ཅར་སྔགས་ནི་བརྗོད་བྱ་ཞིང། །ཅིག་ཅར་ཕྱོགས་ནི་རྒྱས་གདབ་ཅིང། །དུར་ཁྲོད་དམ་ནི་ཆུ་བོའི་འགྲམ། །མཚན་མ་གཅིག་གམ་བཞི་མདོ་རུ། །འདོད་པའི་འབྲས་བུ་རབ་སྟེར་བ། རྣལ་འབྱོར་རྒྱལ ་པོས་རྟག་ཏུ་སྦྱིན། །བདུད་རྩིས་ཁ་ནི་བཀང་ནས་སུ། །རུས་གོང་སྟེང་དག་གནས་བྱས་ལ། །ཕྱག་རྒྱ་ལྔ་ནི་འཆིང་བ་ཡིས། །སྔགས་ནི་བརྗོད་ཅིང་གཏོར་མ་སྦྱིན། །ོཾ་སརྦ་ཀྲོ་དྷ་ཌཱ་ཀི་ནྱ་མཾ་བ་ལཾ་པྲ་ཏིཙྪནྟུ་ཧཱུཾ་ཕཊ་སྭཱཧཱ། དེ་ནས་གཏོར་མ་དུར་ཁྲོད་ལ་སོགས་སུ། །རྣལ་འབྱོར་སྐྱེས ་མཆོག་དག་གིས་དོར། །དེ་ནས་མེ་ཏོག་མགོར་བཞག་སྟེ། རང་གི་གནས་སུ་འཇུག་པར་བྱ། །དེ་ནི་ནང་གི་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་གཏོར་མའོ།། །།གྲངས་ནི་བཞི་རུ་གྱུར་པ་ཡི། །རྒྱལ་ཆེན་ཇི་ལྟར་ཚིམ་གྱུར་པ། །གཏོར་མའི་ལས་ནི ་ཡིད་འོང་བ། །དེའི་རྗེས་ལ་བཤད་པར་བྱ། །རྩ་བའི་དཀྱིལ་འཁོར་ཤར་སོགས་ཀྱི། །ཕྱོགས་རྣམས་སུ་ནི་འཁོར་ལོ་བཞི། །རྣམ་པར་བསྒོམས་ནས་གང་བའི་སྣོད། །བཞི་ནི་དེ་རུ་བཞག་པར་བྱ། །ཡུལ་འཁོར་སྐྱོང་གི་སྣོད་གང་ཡིན། །དེ་ནི་བཟའ་བ་ཆང་སྦངས་པས། ་ཡོངས་སུ་གང་བར་རབ་ཏུ་བྱ། །དེ་བཞིན་རྣམ་ཐོས་སྲས་ཀྱི་ནི། །ཤ་དང་ཆང་ལ་སོགས་པས་དགང། །དེ་བཞིན་ལུས་འཕགས་པོའི་སྣོད། །ཁྲག་གིས་གང་བར་གྱུར་པར་བྱ། །མིག་མི་བཟང་གི་སྣོད་དག་ནི། །འོ་མ་དག་གིས་དགང་བར་བྱ། །དེ་ནི་སྣོད་ཀྱི་ཆོ་ག ་ཡིན། །བྱས་ནས་རྒྱལ་པོ་ཆེན་པོ་ནི། །བསྐྱེད་པའི་ཕྱིར་ནི་བསྒོམ་པར་བྱ། །དང་པོའི་ཡི་གེ་ལས་བྱུང་བའི། །རྒྱལ་པོ་ཆེན་པོ་བཞི་པོ་ནི། །ཡི་གེ་གསུམ་གྱིས་བྱིན་བརླབས་ཤིང། །ཡེ་ཤེས་སེམས་དཔའ་དང་ལྡན་བསྒོམ། །ཧེ་རུ་ཀ་ཡི་སྐུར་གནས་ཏེ། །ལག་ན་རྡོ་རྗེ ་དྲིལ་བུ་ཐོགས། །བརྟུལ་ཞུགས་བཟང་པོས་སྔགས་འདི་ཡིས། །དེ་རྣམས་སོ་སོར་གཏོར་མ་སྦྱིན། །ོཾ་དྷྲི་ཏ་རཥཌཱ་ཡ་གནདྷརྦ་ས་ནཱ་དྷི་པ་ཏ་ཡེ་ཨི་མཾ་པ་ལིཾ་པྲ་ཏཱིཙྪ་ས་མ་ཡ་མ་ནུ་སྨ་ར་ཨཱ(རྒྱུད་འགྲེལ་བ་ལིཾ་པྲ་ཏཱིཙྪ་ས་མ་ཡ་མ་ནུ་སྨ་ར་ཨཱ(རྒྱུད་འགྲེལ་སྨ་ར་ཨཱ(རྒྱུད་འགྲེལ་ཆོ་ག་ལས་གསུངས་པའི། །སྐྱེ་བོ་རྣམས་ནི་མཆོད་འགྱུར་བ། །གཏོར་མ་འབྱུང་པོ་ཐམས་ཅད་ལ། །དེ་ནས་ཡང་དག་རབ་བཤད་བྱ། །དམ་ཚིག་འཁོར་ལོའི་ཕྱི་རོལ་ཏུ། །ཧཱུཾ་གི་ས་བོན་ལས་བྱུང་བ། །ཤིང་གཅིག་དང་བཅས་དུར་ཁྲོད་བརྒྱད། །རྣལ ་འབྱོར་རིག་པས་བསམ་པར་བྱ། །གནོད་སྦྱིན་སྲིན་པོ་འབྱུང་པོ་དང། །དེ་བཞིན་ཡི་དགས་ཤ་ཟ་དང། །གྲུལ་བུམ་བརྗེད་བྱེད་མཁའ་འགྲོ་དང། །མཁའ་འགྲོ་མའི་ཚོགས་ཉིད་དག། ཤིང་དྲུང་གཅིག་ནི་བརྒྱད་པོའོ། །རྩེ་མོར་དྲག་པོ་རྣམས་བསམ་བྱ། །ཤིང ་གི་རྩ་རུ་དེ་མཚུངས་པའི། །འཁོར་དག་རྣམ་པར་བསམ་པར་བྱ། །ཁྭའི་གདོང་ཅན་ལ་སོགས་པའི། །འཁོར་གྱི་རང་གི་གཟུགས་དག་ནི། །ཐམས་ཅད་ཧཱུཾ་ལས་ཡང་དག་བྱུང། །མཚོན་ཆ་སྣ་ཚོགས་དག་ཐོགས་པ། ཆང་དང་ཤ་དང་གཙོང་ལ་སོགས།། ་ཁུ་བ་དེ་བཞིན་ཤའི་གཟུགས། །སྣོད་དུ་བཅུག་ནས་དེ་ཉིད་ནི། །བདུད་རྩིའི་རང་བཞིན་ཉིད་དུ་བྱ། །སྔར་བཞིན་སྐྲ་བཤིག་ལ་སོགས་ལྡན། །གཡོན་བརྐྱང་ལ་སོགས་སྦྱོར་བྱས་པ། །བརྟུལ་ཞུགས་བཟང་པོས་སྔགས་འདི་ཡིས། །དེ་རྣམས་ཉིད་ནི ་བོད?་པར་བྱ། །ོཾ་བཛྲ་ཨ་ར་ལི་ཏོ་ཛ(རྒྱུད་འགྲེལ་ཁྲོ་ཅིག་མཚན་ཅིག་ལ་སོགས་སུ། །སྒྲུབ་པ་པོ་ཡིས་སྔགས་འདི་ཡིས། །དོགས་པ་མེད་པར་གཏོར་མ་བཏང། །ོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཱཀྵ་ས་བྷཱུད་ཏྲ་ཏ་པི་ཤཱ་ཙོན་མ་ད་ཨ་བ་སྨ་ར་ཌཱ་ཀ་ཌཱ་ཀ་ནྱ་ད་ཡ་ཨི་མཾ་པ་ལི་གྲིཧྣཾ་ཏུ་ས་མ་ཡ་རཀྵ་དྷུ་མ་མ་སརྦ་སིདྡྷི་མེ་པྲ་ཡཙྪནདུ ་ཡ་ཐེ་པཾ། ཡ་ཐེ་ཥྚཾ་།བྷུ་ཉྫ་ཐ་པི་པ་ཐ། ཛི་ཊ་ཐ། མ་ཏི་ཀྲ་མ་ཐ་མ་མ་སརྦ་ཀརྟ་ཡ་སད་སུ་ཁཾ་བི་ཤུདྡྷ་ཡེ། ས་ཧ་ཡི་ཀ་བྷ་བནདཏུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། དེ་འདྲའི་སྔགས་ཆེན་བརྗོད་བྱས་ནས། །དུར་ཁྲོད་དུ་ནི་གཏོར་མ་སྦྱིན། །འཇིགས་བྱེད་སེམས་ཅན་དྲག ་པོའི་བདག། སྙིང་རྗེར་ལྡན་པས་གཏོར་མ་དོར། །དེ་ལྟ་བུ་ཡི་རིམ་འདི་ཡིས། །འདི་ནི་འབྱུང་པོ་ཐམས་ཅད་བརྗོད། །བགེགས་རྣམས་ཞི་བར་བྱ་ཕྱིར་ཡང། །གཏོར་མ་འདི་ནི་སྔགས་པ་ཡིན། །དེ་ནི་འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་གའོ།། །། ་གཞན་ཡང་རྡོ་རྗེ་མཁའ་འགྲོ་མ། །གུར་ལས་གསུངས་པའི་གཏོར་མའི་ལས། །ཁམས་གསུམ་དག་ཏུ་གཅིག་ཅར་དུ། །ཚིམ་པར་བྱ་ཕྱིར་ཡང་དག་བྱ། །ནམ་མཁའ་ཨི་དབྱིངས་ཀྱི་དབུས་སུ་ནི། །ཆུ་སྐྱེས་འདབ་བརྒྱད་དབུས་སུ་སྒོམ། །དབང་པོ་ཤར་གྱི་འདབ་མར ་བསམ། གཤིན་རྗེ་ལྷོ་རུ་དགོད་པར་བྱ། །ཆུ་ལྷ་ནུབ་ཀྱི་འདབ་མར་ཏེ། བྱང་དུ་གནོད་སྦྱིན་དགོད་པར་བྱ། །མེའི་ཕྱོགས་སུ་མེ་ཆེན་པོ། །བདེན་བྲལ་ཕྱོགས་སུ་བདེན་བྲལ་ཏེ། རླུང་གི་ཕྱོགས་སུ་རླུང་ལྷ་བསམ། །འབྱུང་པོའི་བདག་པོ་དབང་ལྡན་དུ། །ཟླ་བ་ཉི་མ་ཚངས་ལ ་སོགས། །ཚངས་རིས་དམ་པ་རྣམས་དང་ནི། །ཚངས་པའི་འདུན་ན་འདོན་བདག་ཉིད། །དགའ་ལྡན་འཐབ་བྲལ་ན་གནས་དང། རྒྱལ་པོ་ཆེན་པོ་ཀུན་དུ་སྐྱེས། །གཞན་འཕྲུལ་དབང་བྱེད་དག་དང་ནི། །འཕྲུལ་དགའ་ཡི་ནི་ལྷ ་རྣམས་དང། །གང་དག་གཙང་མའི་གནས་འདུག་དང། །བདེ་བ་ཅན་ན་ཀུན་ཏུ་གནས། །འོག་མིན་ན་ནི་གནས་པ་དང། །འོད་ཅན་འཇིག་རྟེན་ཁམས་གནས་དང། །སུམ་ཅུ་རྩ་གསུམ་ན་གནས་པ། །དེ་དག་ཐམས་ཅད་སྟེང་དུ་བསམ། །སྟོབས་རྒྱུ་དང་ནི་དུང་སྐྱོང་དང། ་མཛའ་ཡས་དེ་བཞིན་ནོར?་རྒྱས་དང། འཇོག་པོ་དང་ནི་རིག་ལྡན་ཉིད། །པདྨ་ཆེ་དང་པདྨ་ནི། །ཆོས་འབྱུང་གི་ནི་དབུས་ན་གནས། །ལྷ་མ་ཡིན་དང་སེམས་དམྱལ་དང། །ཆོས་འབྱུང་གི་ནི་འོག་ཏུའོ། །ོཾ་ལས་ཚངས་པ་ལ་སོགས་པ། །ཡི་གེ་ཧཱུཾ ་ལས་དབང་པོ་སོགས། ། ལས་སྟོབས་རྒྱུ་ལ་སོགས་པ། །ཞལ་གཅིག་ཕྱག་ནི་གཉིས་པའོ། །སྟེང་ག་ལྷ་ནི་ཤིན་ཏུ་དཀར། །དབང་པོ་ལ་སོགས་མདོག་སྔོན་པོ། །སྟོབས་རྒྱུ་ལ་སོགས་ཤིན་དུ་དམར། །རང་སྣང་རིག་མས་ཡན་ལག་འཁྱུད། །རྡོ་རྗེ་དྲིལ ་བུས་ཕྱག་བྲེལ་བ། །གཡས་བརྐྱང་བ་ཡི་གནས་པས་གནས། །ཚངས་སོགས་རྟག་པས་རྒྱས་གདབ་ཅིང། །རྡོ་རྗེ་ཅན་གྱིས་བརྒྱ་བྱིན་སོགས། །ལྟོས་འགྲོ་ལ་སོགས་གར་དབང་གིས། །ཐམས་ཅད་རིགས་ལས་བྱུང་བ་ཡི། །གོའུ་རཱི་ཡིས་ནི་དགུག་པར ་བྱ། །རྐུན་མོས་གཞུག་པར་བྱ་བ་སྟེ། རོ་ལངས་མ་ཡིས་ཞགས་པས་བཅིང། །དྲིལ་བུ་ཟ་བོད་མ་དཔང་བྱ། །དེ་ནས་མཆོད་ཡོན་ཞལ་བསིལ་དབུལ། །དེ་བཞིན་མེ་ཏོག་བདུག་པ་སོགས། །མཉམ་པར་བཞག་པའི་སེམས་ཀྱིས་ནི། །སྔགས་འདི་ཡིས ་ནི་ཚིམ་པར་བྱ། །ོཾ་ཨཱ(རྒྱུད་འགྲེལ་མེད་པའི་སེམས་ཀྱིས་ནི། །དེ་ནས་འཐོར་འཐུང་ཕུལ་བྱས་ནས། །སྔགས་འདི་ཡིས་ནི་གཤེགས་སུ་གསོལ། །ོཾ་བཛྲ་ཌཱ་ཀི་ས་མ་ཡ་མེ་ནུ་པཱ་ལ་ཡ། །བཛྲ་ཌཱ་ཀི་ཏྭེ་ན་པ་ཏིཥྛ་དྲི་ཌཧོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ ་བྷ་བ། སརྦ་སིདྡྷི་མ་མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡ(རྒྱུད་འགྲེལ་ལག་ལ། །བསྡུ་བ་བྱས་ནས་སྔར་རིམ་བཞིན། །ཡེ་ཤེས་འཁོར་ལོ་གཤེགས་སུ་གསོལ། །སྔ་དྲོའི་ཐུན་ལ་དེ་བཞིན་དུ། ཐམས་ཅད་མཉམ་པར་གཞག་པར་བྱ། །ཐུན་བཞི་དག་ནི་ཐམས་ཅད་ལ། །སྐད་ཅིག་གིས་ནི་བསྒོམ་པར་བྱ། །དེ་ལྟར་གུར་གྱི་རྒྱུད་གསུངས ་པ། །ཅིག་ཅར་འབྱུང་པོ་ཐམས་ཅད་ནི། །ཚིམ་པ་རུ་ནི་བྱེད་པའི་མཆོག་།གཏོར་མ་བདག་གིས་བཤད་པ་ཡིན། །དེ་ནི་དུས་གཅིག་ཏུ་ཁམས་གསུམ་པ་ཚིམ་པར་བྱེད་པའི་གཏོར་མའི་ཆོ་གའོ། །གང་ཚེ་རྣལ་འབྱོར་སྔར་བཤད་པའི། །གཏོར་མའི་ཆོ་ག་བྱེད་པས ་ནི། །གནོད་པ་བྱ་བྱེད་བགེགས་མཐོང་བ། །དེ་ཚེ་དེར་བཞི་བྱའི་ཕྱིར། །གཏོར་མ་བྱ་བ་དེ་རིམ་པ། །དཔལ་ལྡན་རྒྱུད་དྲ་དགྱེས་རྡོ་རྗེ། །རྒྱུད་གཉིས་ཀྱི་ནི་རྗེས་འབྲངས་ནས། །བདག་གིས་བཟང་པོར་བཤད་པར་བྱ། །རེ་ཞིག་དང་པོར་རྣལ་འབྱོར་པས་ཆོས་ཐམས་ཅད ་སྟོང་པ་ཉིད་དུ་བསམས་ཏེ། དེ་ནས་རམ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཁ་དོག་སྔོན་པོ་ལས་བྱུང་བའི་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཞལ་གསུམ་པ་ཕྱག་དྲུག་པ་ཕྱག་གཡས་པ་ན་རལ་གྲི་དང། རྡོ་རྗེ་དང། །རྩེ་གསུམ་བསྣམས་པ། ་གཡོན་པ་ན་དྲིལ་བུ་དང། དགྲ་སྟ་དང། ཐོ་བ་བསྣམས་པ། མཆེ་བ་གཙིགས་པ། །ལྗགས་བསྐྱོད་པ། །དབུ་སྐྲ་དམར་སེར། སྤྱན་དམར་པོ། མགུལ་བ་སྦྲུལ་གྱི་རྒྱན་གྱིས་བརྒྱན་པ་གཡོན་པ་བརྐྱང་བའི་སའི་སྟེང་མནན་པ། །ཁྲོ་བོ་འབར་བའི་ཕྲེང་བ་འཕྲོ་བ། །སྙིང་གར་ཡི ་གེ་ཧཱུཾ་གིས་མཚན་པ། ཧ་ཏ་ཞེས་སྒྲོགས་པར་བདག་ཉིད་བསྒོམས་ལ། །དེ་ནས་མདུན་དུ་ཅི་ནུས་པར་རྡུལ་ཚོན་ལ་སོགས་པས་དཀྱིལ་འཁོར་ཀུན་ཏུ་དྲིས་ཏེ། བུམ་པ་སྲོག་ཆགས་མེད་པའི་ཆུ་དྲི་བཟང་པོ་དང་ལྡན་པས། ཡོངས་སུ་བཀང་བ་ལྕུག་མས་ཁ་རྒྱན ་བྱས་པ། གོས་ཀྱིས་མགྲིན་པ་དཀྲིས་པ། །ནང་དུ་འབྲུ་དང། རིན་པོ་ཆེ་དང། སྨན་བཅུག་པ་བཅུ་འམ། ལྔ་འམ། གཅིག་དེ་ཉིད་དུ་གཞག་ལ། གཡོན་དུ་མཆོད་ཡོན་གྱི་སྣོད་དང། གཡས་སུ་མེ་ཏོག་ལ་སོགས་པའི་ཡོ་བྱད་གཞག་སྟེ། མཆོད་ཡོན་གྱི ་སྣོད་ལ་རང་གི་འདོད་པའི་ལྷའི་སྔགས་ལན་ཉི་ཤུ་གཅིག་བཟླས་པར་བྱའོ། །ལས་ཐམས་ཅད་པའི་སྣོད་ལ་ཡང་བདུད་རྩི་འཁྱིལ་པའི་སྔགས་དེ་ཁོ་ན་བཞིན་དུ་ཡོངས་སུ་བཟླས་པར་བྱའོ། །དེ་ནས་ཟླ་བ་དང་རྡོ་རྗེ་ལ་སོགས་པའི ་རིམ་པ་མདོར་བསྡུས་པས་བུམ་པ་རྣམས་སུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བདུད་རྩི་འཁྱིལ་པ་ལ་ཐུག་པའི་གཟུགས་བསྐྱེད་ལ་རྗེ་བཙུན་གྱི་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ནས་ཨོཾ་ཨཱ(རྒྱུད་འགྲེལ་པར་མཆོད་དེ་ཨོཾ་བཛྲ་གྷཎྚེ་ར་ན་ཞེས་བྱ་བའི་སྔགས་ཀྱིས་མཆོད་ལ། སྤོས་ཀྱིས་གདུགས་ཏེ། ཨོཾ་བཛྲ་དྷྲིཀ་ཅེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་བུམ་པ་དག་སྤྱན་དྲང་བར་བྱའོ། །དེ་ནས་མེ་ཏོག་དང་སྤོས་དང། ཡོན་ཆབ་དང། དྲི་དང། ལྷ་བཤོས ་ཕུལ། རང་རང་གི་སྔགས་རྣམས་ཡི་གེ་བརྒྱ་བ་འདོན་པ་སྔོན་དུ་འགྲོ་བ་ཅན་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་བུམ་པ་རྣམས་ལ་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ཏེ། རས་ལ་སོགས་པ་ལ་བཞུགས་པའི་བཅོམ་ལྡན་འདས་ལ་ཁྲུས་བྱའོ། །རི་མོ་བྲིས་པ ་རྣམས་ལ་ནི་མེ་ལོང་ལ་དང། སྐུ་གཟུགས་རྣམས་ལ་ནི་དངོས་སུའོ། །སྐུ་ཁྲུས་ཀྱི་ཡོ་བྱད་འབྲུ་ལ་སོགས་པ་རྣམས་ནི་ཁྲུས་ཀྱི་ཆོ་ག་ལས་བསྟན་ཏེ། དེ་ཉིད་ལས་ཤེས་པར་བྱའོ། །དེ་ནས་རང་གི་སྔགས་ཀྱིས་དཀྱིལ་འཁོར་གྱི་བུམ་པ་དག ་གིས་དབང་བསྐུར་ལ་དཀྱིལ་འཁོར་མཆོད་པ་ལྔ་ལ་སོགས་པས་མཆོད་པར་བྱའོ། །དེའི་རྗེས་ལ་ཕྱོགས་བཅུ་ན་གནས་པའི་སྤྲིན་ནག་པོ་དང་མཚུངས་པའི་གནོད་སྦྱིན་དང་སྲིན་པོ་དང་ཤ་ཟ་ལ་སོགས་པ་ལག་ན་རལ་གྲི་དང་། ་ཐོ་བ་དང། མདའོ་ཆེ་ལ་སོགས་པ་ཐོགས་པ་རྣམས་ཏེ། ནམ་མཁའ་ལ་ཡང་པཾ་ལས་བྱུང་བའི་པདྨ་ཆེན་པོ་དེའི་འདབ་མ་བརྒྱད་ལ་འཇིག་རྟེན་སྐྱོང་བ་བརྒྱད་ཁ་དོག་དང་དབྱིབས་དང། ཆ་བྱད་ཇི་ལྟ་བ་བཞིན་དང་ལྡན་པ། ལྟེ་བའི ་དབུས་སུ་བགེགས་ཀྱི་རྒྱལ་པོ་ལོག་འདྲེན་མདོག་དམར་པོ་གླང་པོ་ཆེའི་གདོང་ཅན། །གདོང་གཅིག་པ། ལག་པ་བཞི་པ། ལག་པ་གཡས་ན་དགྲ་སྟ་དང། རལ་གྲི་ཐོགས་པ། ལག་པ་གཡོན་ན་ཕྲེང་བ་དང། ལག་དུ་ཐོགས་པ། གསུས་བ་འཕྱང་བ་གར་བྱེད་པ། ཚངས་པ ་རྒྱབ་ཏུ་རྐང་པ་གཉིས་མནན་པ། གླང་པོ་ཆེའི་སྒྲས་གང་བའི་མཆུའི་རྩེ་མོའི་སྒྲས་ཕྱོགས་བཅུའི་གཏོས་ཀྱི་ནང་འགེངས་པ། མེ་ཏོག་གི་མཆེ་བ་ཅན་གྱི་ཚོགས་ཀྱིས་རྐང་བའི་པདྨ་གཉིས་ལ་ཕྱག་བྱས་པ་རྣམ་པར་བསྒོམས་ལ། །ོཾ་བཛྲ་ཨ་ར་ལི་ཧོ་ཛ(རྒྱུད་འགྲེལ་ཀི་ནི་ས་མ་ཡ་སྟཝཾ་དྲི་ཤྱ་ཧོ་ཞེས་བྱ་བའི་སྔགས་ཀྱིས་བོས་ལ། དཀྱིལ་འཁོར་གྱི་ཕྱོགས་བཅུ་ཀུན་ཏུ་བསམ་པར་བྱའོ། །དེ་ནས་ཡི་གེ་ཧཱུཾ་གི་སྒྲ་འཇིགས་སུ་རུང་བ་བརྗོད་ནས་འཁྱིལ་པའི་སྔགས་ཀྱིས་ཡུངས་ཀར་བྱིན་གྱིས་བརླབས་ཏེ་བགེགས་ཐམས་ཅད་ལ་དམིགས ་ནས་ཨོཾ་རི་རི་ཏི་ཏི་ཕཊ་སྭཱཧཱ་ཞེས་བྱ་བའི་སྔགས་དང་ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱཧཱ་ཞེས་བྱ་བའི་སྔགས་ཀྱིས་མེའི་སྣོད་དུ་གཞུག་པར་བྱའོ། །དེ་ནས་བགེགས་རྣམས་ཀྱི་སྤྱི་བོ་དང་སྙིང་ཨརྫ་ཀའི་དོག་པ་བཞིན་དུ་འགས་པར་འགྱུར་རོ། །གལ་ཏེ་དམ་ཚིག ་ལ་གནས་པར་མི་བྱེད་ན་དེའི་ཚེ་བག་ཕྱེ་ལས་བགེགས་རྣམས་ཀྱི་གཟུགས་བརྙན་བྱས་ཏེ་དཀྱིལ་འཁོར་གྱི་དབུས་སུ་གསོར་བའི་རྡོ་རྗེས་ཕྱེ་མར་བྱས་ན་སྐད་ཅིག་དེ་ཉིད་ལ་དེ་རྣམས་དམ་ཚིག་ལ་གནས་པར་འགྱུར་རོ། །དེ་ནས་སུམ་བྷ་ནི་སུཾ་བྷ་ཞེས་བྱ་བ ་ལ་སོགས་པས་ཕུར་བུ་གདབ་ཅིང། །དེ་བཞིན་དུ་སྔགས་རྐང་པ་ཕྱི་མས་བརྡུང་བར་བྱའོ། །དེའི་རྗེས་ལས་ལ་སོགས་པའི་བུམ་པ་འམ་ཕྲུ་བ་ཚད་ཆེན་པོ་དང་ལྡན་པ་ཆུས་ཡོངས་སུ་གང་བར་བྱ་སྟེ། ཉའི་ཤ་རློན་པ་དང། བཙོས་པ་དང། བསྲེགས་པའི་དབྱེ་བ་རྣམ ་པ་གསུམ་དང། དེ་བཞིན་དུ་པྲི་ཡང་ཀུ་དང་ཀོ་ལ་ཐ་དང་ཙ་ན་ཀ་དང། འབྲེང་བུའི་ཆུན་པོ་དང། འབྲས་ཡོས་དང། སྟར་གའི་འབྲས་བུ་དང། སྣུམ་ཁུར་དང། ཤ་དང། མ་ཡོ་སྟ་དང། ཐུག་བ་དང། བཙོང་དང། སྒོག་སྤྱ་དང། ཀེའུ་དང། ཁབ་དང། འགྲོན་བུ་དང ་སྙེ་མའི་འབྲུ་དང། ལན་ཚྭ་དང། སྦྲང་རྩི་དང། འབྲུའི་ཆང་དང། རྒྱུན་ཆང་དང། གོས་སྔོན་པོ་དང། སྒྲོན་བུའི་ཚོགས་ཀྱིས་གང་བར་བྱས་ལ། །ཁྲོ་བོ་དུད་རྩི་འཁྱིལ་པའི་སྔགས་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པར་བྱའོ། །འདིར ་སྔགས་ནི་འདི་ཡིན་ཏེ། ཨོཾ་ན་མ(རྒྱུད་འགྲེལ་པ་ཙ་པ་ཙ། གརྫ་གརྫ། བི་སཕོ?་ཊ་ཡ་བི་སཕོ་ཊ་ཡ། སརྦ་བགྷྣི་བི་ནཱ་ཡཀ?་ན། མཧཱ་ག་ན་པ་ཏི་ཛི་བི་ཏ་ཨནྟ་ཀ་རཱ་ཡ་སྭཱཧཱ། དེའི་རྗེས་ལ་རྗེ་བཙུན་ཡི་གེ་བརྒྱ་པས་མེ་ཏོག་དང་སྤོས་རྣམས་ཀྱིས་མཆོད་ལ། གཡས་བརྐྱང་བའི་འདུག་སྟངས་ཉེ ་བར་བཅིངས་ཏེ་དྲིལ་བུ་དཀྲོལ་ཞིང་རྡོ་རྗེ་གསོར་བས་སྔགས་འདིས་བརྗོད་པར་བྱའོ། །ོཾ་ཨིཎྚ་ཛ་མ་ཛ་ལ་ཛེཀྑ། བྷུད?་བ་ཎྞི?་བཱ་ཨུ་རཀྑ་ཙ་ནྡྲ་སུ་ཛཛ་མཱ་ད་བ་ཕུ། ཏ་ལ་པ་ཏ་ལཾ་ཨཎྛ?་ས་བུ་ས་ཧཧ། ཨི་དཾ་བ་ལིམྦྷུ་ཛ་ཛ་གྷ། ཕུ་ལླ་ཊཱུ?་པུ་མཾ་ས་བི་གྷཾ། ཨ ་མ་ས་པ་ཀཱ་ཛཛ་སཱ་ད། ཁནཧི་ཁ་ཎཱི་ཕེ་ཌ་ག་ཏ། དེ་བཞིན་དུ་ཨོཾ་ཨ་ཀཱ་རོ་མུཁཾ?་སརྦ་དྷརྨཱ་ཎཾ་ཨཱ་དྱཱ་ནུ་ཏ་པན་ན་ཏྭ་ཏ་ཏ་ཨོཾ་ཨཱ(རྒྱུད་འགྲེལ་གཤིན་རྗེའི་ཕྱོགས་སུའོ། །ོཾ་ཨ་པཱཾ་པ་ཏ་ཡེ་སྭཱཧཱ། ཆུའི་ཕྱོགས་སུའོ། །ོཾ་ཡཀྵ་བརྱི་དྷ་རཾ་སྭཱཧཱ། ལུས་ངན་པོའི་ཕྱོགས་སུའོ། །ོཾ་རུ་དྲཱ་ཡ་སྭཱཧཱ། དབང་ལྡན་གྱི་ཕྱོགས་སུའོ། །ོཾ་ཨགན་ཡེ་སྭཱཧཱ། མེའི་ཕྱོགས་སུའོ། །ོཾ་རཀྵ་སིདྡྷི་པ་ཏ་ཡེ་སྭཱཧཱ། ་བདེན་བྲལ་གྱི་ཕྱོགས་སུའོ། །ོཾ་ཝ་ཡ་བེ་སྭཱཧཱ། རླུང་གི་ཕྱོགས་སུའོ། །ོཾ་གཾ་ཀ་རི་སྭཱཧཱ། སྲིན་པོ་རྣམས་ཀྱིའོ། །ོཾ་བེ་ཙི་ལི་ཙི་སྭཱཧཱ། ཤ་ཟ་རྣམས་ཀྱིའོ། །ོཾ་གྷུཾ་གྷུཾ་སྭཱཧཱ། འབྱུང་པོ་རྣམས་ཀྱིའོ། །ོཾ་གཾ་ར་ལ་ཡེ་སྭཱཧཱ། ལྷ་མ་ཡིན་རྣམས་ཀྱིའོ། །ོཾ ་མ་ཏི་བྷཡོ་སྭཱཧཱ། མ་མོ་རྣམས་ཀྱིའོ། །ོཾ་བི་ཤུདྡྷ་སྭཱཧཱ། བ་ཧ་ནི་སྭཱཧཱ། དྲི་ཟ་རྣམས་ཀྱིའོ། །ོཾ་ཡཀྵ་ཤར་ཡ་སྭཱཧཱ། གནོད་སྦྱིན་རྣམས་ཀྱིའོ། །ོཾ་པི་ཤཱ་ཙ་ག་ཏི་སྭཱཧཱ། ཤ་ཟ་རྣམས་ཀྱིའོ། །ོཾ་གྲ་ཧ་སརྫ་པྲབ?་ཏ་ཛཧཡོ?་ཏི་མ་ཡསྭཱཧཱ། རྒྱུ་སྐར་རྣམས་ཀྱིའོ། །རིམ་པ་འདི་ཁོ་ན ་བཞིན་དུ་སྔགས་འདི་རྣམས་ཀྱིས་ཆུ་སྙིམ་པ་གསུམ་སྦྱིན་པར་བྱའོ། །དེ་ནས་ཐམས་ཅད་ཕུར་བུ་ལས་ཐལ་བར་འགྱུར་རོ། །འདིར་ཕྱག་རྒྱ་ཡང་འབྱུང་སྟེ། མཛུབ་མོ་འདུས་བྱས་གོད?་མོ་སྦྱར། །མཐེ་བོང་རྡོ་རྗེ་བརྟེན་པོར་སྦྱར། །དེ་ནི་དབྲལ་བའི་དབུས་བཞག ་ནས་བསྐོར་ཞིང་བསྐོར་ནས་བསྐྱོད་པར་བྱ། །ལྷོ་རུ་ལུས་ནི་བལྟས་བྱས་ནས། །གཅེར་བུ་སྒྲ་ནི་བཤིག་གྱུར་ཅིང། །དྲག་ཅིང་ཁྲོས་པའི་སེམས་ལྡན་པས། །ཐུན་གསུམ་དུ་ནི་གཏོར་མ་སྦྱིན། །ཡང་རྐད?་པའི་ཕྱོགས?་སུ་ལག་པ་གཡོན་པའི་དྲིལ་བུ་དང ་བཅས་པ་བཞག་ལ་གཡས་པས་སྙེམས་ཚལ་དང་བཅས་པའི་རྡོ་རྗེ་གསོར་ཞིང་གཏོར་མ་སྦྱིན་པར་བྱའོ། །ཡང་ན་གུང་མོ་དང་སྲིན་ལག་དག་བཀུག་ནས་དེ་དག་གི་རྩ་བར་མཐེ་བོང་བཅུག་སྟེ། མཛུབ་མོ་དང་མཐེའུ་ཆུང་དག་ལྕགས་ཀྱུའི་རྣམ་པར་བྱ་ཞིང ་ལག་པ་གཡོན་པའི་རྒྱ་ཚིགས་རྒྱབ་ཏུ་ལག་པ་གཡས་པའི་རྒྱ་ཚིགས་བཞག་སྟེ་སྙིང་གའི་གནས་སུ་གཞག་པར་བྱའོ། །དེ་ལྟ་བུ་དེ་ཡང་གཏོར་མའི་ཕྱག་རྒྱ་ཡིན་ནོ། །ཐུན་མཚམས་ཐམས་ཅད་དུ་རྒྱུའི་རྒྱུད་ལས་གསུངས་པའི་ཆོ་ག་བཞིན་དུ ་གཏོར་མ་སྦྱིན་པར་བྱའོ། །དེ་ནས་སྒྲུབ་བའི་གྲོགས་མཆོག་གིས་ཨོཾ་ཨ་མྲི་ཏེ་ཧཱུཾ་ཕཊ་ཅེས་བའི་སྔགས་བརྗོད་པས་སྒྲུབ་པ་པོས་བསྲུང་བ་བྱས་ཐོར་ཚུགས་བཅིང་བར་བྱས་ཤིང་གཅིག་གམ། ལམ་གྱི་བཞི་མདོ་འམ། །སུམ་མདོ་འམ། །མཚན ་མ་གཅིག་པ་འམ། །ཆུ་བོ་དག་ཏུ་གཏོར་མ་དོང་བར་བྱ་བ་འམ། བཀྲེས་པ་རྣམས་ལ་སྦྱིན་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་རྡུལ་ཚོན་ཆུ་བའོ་ལ་དབོ?་བར་བྱའོ། །དཀྱིལ་འཁོར་གྱིས་གཞི་བའི་ལྕི་བས་བྱུགས་ལ་བཅོམ་ལྡན་འདས་མ་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཀླག་པར་བྱའོ། །བསོད་ནམས་ཡོངས་སུ་བསྔོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ནས་བསྐོར་བ་བྱས་ཏེ་ལངས་ནས་ཁྱེད་ཀྱིས་ཞེས་བྱ་བ་ལ་སོགས་པ་དང། ངོ་མཚར་གྱི་ཕྱག་རྒྱས་བཏབ་ལ ་རང་གི་ལྷའི་ང་རྒྱལ་གྱིས་སྤྱོད་ལམ་རྣམ་བཞིའི་སྒོ་ནས་ཇི་ལྟར་འདོད་པས་གནས་པར་བྱའོ། །དེ་ནི་བགེགས་རབ་ཏུ་ཞི་བར་བྱེད་པའི་གཏོར་མའི་ཆོ་གའོ།། །།གདོན་དང་ཕྱོགས་སྐྱོང་ཚིམ་བྱའི་ཕྱིར། །དཔུང་བཟངས་རྒྱུད་ལས་ཇི་སྐད ་གསུངས། །གཏོར་མའི་ལས་ནི་ལུང་བཞིན་དུ། དེ་ནས་དང་པོ་རབ་བཤད་བྱ། །རེ་ཞིག་དང་པོར་སྔར་བཤད་པའི། །བཟའ་བ་དང་བཅའ་བ་ལ་སོགས་པ་ཉེ་བར་བསོགས་ཏེ། ཆ་གཉིས་སུ་བྱས་ནས་ཆ་གཅིག་ལ་གདོན་རྣམས་ཚིམ་པར་བྱ་བའི་ཕྱིར་ཚིགས་སུ་བཅད ་པ་འདི་རྣམས་བརྗོད་པར་བྱའོ། །ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟངས་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང། གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བདག་ཅག་པུས་མོ་ས་ལ་བཙུགས་ནས ་ནི། །ཐལ་སྦྱར་ཁྱེད་རྣམས་ལ་ཡང་གསོལ་འདེབས་ན། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་པ་རྣམས། །གསན་ནས་ཕན་འདོགས་སླད་དུ་འདིར་སྦྱོང་ཅིག། འབྱུང་པོ་གང་དག་རི་རབ་སྟེང་གནས་དང། དགའ་བའི་ཚལ་དང་ལྷ་ཡུལ་ཀུན་གནས་དང ་ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང། གྲོང་ཁྱེར་ཀུན་ན་གང་དག་གནས་པ་དང། །ཆུ་བོ་ཀུན་དང་ཆུ་བོའི་དོང་རྣམས་དང། རིན་ཆེན་གནས་ན་ལྷག་པར་གང་གནས་དང། རྫིང་དང་མཚོ་དང་ལུ་མ་ལྟེར་ཀ་དང། ཁྲོན་པ་དང་ནི་ངམ་གྲོག་ཆུ་མིག ་དང། གྲོང་དང་ཕྱུགས་དག་དང་ནི་ནག་ཚལ་དང། །ཁང་སྟོང་དང་ནི་ལྷ་ཡི་ཁང་པ་དང། གང་དག་གཙུག་ལག་ཁང་དང་མཆོད་རྟེན་གནས། །སོ་ནམ་ཁྱིམ་དང་གླང་པོའི་ཁང་རྣམས་དང། །གང་དག་རྒྱལ་པོའི་དཀོར་ཁང་གནས་པ་དང། སྲང་དང ་ཁྱམས་དང་གྲོང་དང་འདུན་ས་དང། །གང་དག་ཤིང་གཅིག་དྲུང་དང་ལམ་ཆེན་གནས། །དུར་ཁྲོད་དང་ནི་ནགས་ཚལ་ཆེ་གནས་དང། །སེང་གེ་གླང་ཆེན་དྲེད་ཀྱི་གནས་རྣམས་དང། །འཇིགས་སུ་རུང་བའི་དགོན་པ་ཆེ་གནས་དང། ཆུ་གླིང་མཆོག་དག་ཏུ་ནི་གནས ་བཅས་དང། གང་དག་འབྲོག་དགོན་དུར་ཁྲོད་གནས་ན་གནས། དགའ་ཞིང་མགུ་ནས་དྲི་དང་མེ་ཏོག་འཕྲེང། །སྤོས་དང་མེ་ཏོག་མར་མེ་གུས་ཕུལ་བ། །འདི་དག་སྣོམས་ཏེ་སོ་སོར་བཞེས་ནས་ཀྱང། །ལས་འདི་དག་གི་འབྲས་བུ་མཆིམ་པར་བརྗོད། །གདོན ་ལ་མཆོད་པ་བྱ་བའི་ཕྱིར་དེ་ལྟར་བྱ་སྟེ་།དེ་ནས་ཆ་གཅི་ལ་ཕྱོགས་སྐྱོང་རྣམས་ལ་མཆོད་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་འདི་རྣམས་བརྗོད་པར་བྱའོ། །ཤར་ཕྱོགས་རྡོ་རྗེ་ཅན་ཏེ་ལྷ་ཚོགས་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང ་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག། ཆུ་བདག་རླུང་བདག་ནོར་གྱི་བདག་པོ་དང། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང། ལྷ་རྣམས་ལ་ལུས་སའི་ཀླུ་དག་དང། རིའི་ལྷ་དང་གསང་བའི་ཚོགས་འདུས་ལ། །སོ་སོ་སོ་སོར་གཏོར་མ་ཕུལ་བ་རྣམས། །རང་རང་གི ་ནི་ཕྱོགས་སུ་བཞུགས་ནས་ཀྱང། །རང་གི་བུ་སྨད་གྲོགས་དང་གཡོག་འཁོར་བཅས། །དཔུང་དང་སྡེ་བཅས་མཉེས་ནས་བཞེས་སུ་གསོལ། །སྤོས་དང་མེ་ཏོག་གཏོར་མ་ལྷ་བཤོས་ནི། །འདི་དག་བཞེས་ཤིང་སོ་སོར་སྔོ་ནས་ཀྱང། །བྱ་བ་འདི་ནི་འབྲས་བུ་མཆིས་པར་མཛོད།། ་འདི་ནི་བགེགས་ཉེ་བར་ཞི་བར་བྱེད་པའི་དོན་དཱུམ། དགོས་པ་གཞན་འདོད་པའི་མཁས་པ་རྣམས་ཀྱིས་སྒྲུབ་པར་བྱའོ། །གཏོར་མ་འདི་ལ་སྔགས་རྣམས་ནི། །ཀུན་ཏུ་འབྱུང་བ་མེད་མོས་ཀྱི། །འོན་ཀྱང་ཚིགས་བཅད་ཙམ་གྱིས་ནི། །འདིར་ནི་གདོན་སོགས་ཚིམ ་པར་འགྱུར། །དཀའ་ཐུབ་མཐུ་དང་བདེན་བ་རྣམས། །ལྷག་པར་ཡང་དག་ཐོབ་འགྱུར་བ། །བཅོམ་ལྡན་འདས་ཀྱི་བཀང་ལུང་ནི། །འདི་ལྟར་སྔགས་དང་མཚུངས་པར་བརྗོད། །སླུ་བ་མེད་པའི་ཚིག་གང་ཡིན། །དེ་ནི་གསང་སྔགས་ཉིད་དུ་འདོད། །མུ་སྟེགས་ཀྱི་ནི ་བསྟན་པའི་སྔགས། །དེ་ཉིད་ཕྱིར་ནི་ཚད་མ་མིན། །དེ་བས་དངོས་གྲུབ་ཐོབ་རྣམས་ཀྱི། །ཚིག་གང་དེ་སྔགས་ཉིད་ཡིན་ཏེ། །སྤྱོད་ལམ་བཞི་པོ་དེ་དག་ནི། །ཕྱག་རྒྱ་ཉིད་དུ་བཤད་པ་ཡིན། །དེ་བས་གཏོར་མའི་ལས་འདི་ལ། །ཚིགས་བཅད ་གསང་སྔགས་ཉིད་དུ་འགྲུབ། །དེ་བས་འདིར་ནི་སྭཱཧཱ་སོགས། །སྤེལ་བའི་སྔགས་ནི་དགོས་པ་མེད། །དེ་ནི་གདོན་དང་ཕྱོགས་སྐྱོང་རྣམས་ཀྱི་གཏོར་མའི་ཆོ་གའོ།། །།དཀྱིལ་འཁོར་ཐམས་ཅད་ཚིམ་བྱའི་ཕྱིར། །དུས་ཀྱི་འཁོར་ལོ ་ལས་གསུངས་པ། །གཏོར་མའི་ལས་ནི་ཤིན་ཏུ་གསང། །དེ་བཞིན་གཤེགས་དང་ལྷ་མོ་རྣམས། །དཀྱིལ་འཁོར་གྱི་ནི་འཁོར་རྣམས་དང། ཁྲོ་བོ་མཁའ་འགྲོ་མ་རྣམས་ཀྱིས། །སུམ་ཅུ་དྲུག་གི་བར་གསལ་བར། །དེ་ནས་གཞན་ཡང་རབ་བཤད་བྱ། ་དང་པོའི་སྦྱིན་པ་སོགས་དབྱེ་བས། །ཏིང་ངེ་འཛིན་ནི་གསུམ་དུ་འདོད། །དེའི་ཐ་མར་རྣལ་འབྱོར་པས། །ཕྱི་རོལ་དཀྱིལ་འཁོར་ཚིམ་པར་བྱ། །ཡེ་ཤེས་འཁོར་ལོ་རབ་སྙིང་ནས། །སྣའི་བུ་ག་གཡས་དང་གཡོན། །གཉིས་ནས་ཀུན་ཏུ་སྤྲོ་བྱ་ཞིང། །དཀྱིལ ་འཁོར་ལོ་ནི་ཡང་དག་དགོད། །ཆོས་ཀྱི་འཁོར་ལོའི་ཕྱོགས་ཀྱི་མཛའ་། །བཞི་པོ་ལས་ཀྱང་མཁའ་འགྲོ་སོགས། །གནས་ནི་ཉི་ཤུ་རྩ་བཞི་ལས། །རབ་ཏུ་གཏུམ་མོ་ལ་སོགས་སྤྲོ། །ཁྭའི་གདོང་ཅན་ལ་སོགས་པ། །ཐམས་ཅད་ཟ་བྱེད་མཁའ་འགྲོ་མ།། ་རུལ་པའི་དྲི་ལྡན་ལ་སོགས་སྒོ། །དུར་ཁྲོད་རྣམས་ནས་ཡང་དག་སྤྲོ། །འཁོར་ལོའི་དཀྱིལ་འཁོར་ནང་དུ་ནི། །མཁའ་འགྲོ་མ་ཡིད་དཀྱིལ་འཁོར་མཆོག་།མཐོང་ནས་མཆོད་ཡོན་ཞབས་བསིལ་སོགས། །སྔར་བཞིན་རྣལ་འབྱོར་སོ་སོར་དབུལ།། ་དེ་ནས་སྔར་བཞིན་ཆུ་སྐྱེས་སོགས། །རྣལ་འབྱོར་པས་ནི་རྣམ་པར་བསམ། །བདུད་རྩི་ལྔ་ཡང་བསམ་པར་བྱ། །རང་གི་ས་བོན་བྱིན་བརླབས་ཤིང། །འོད་ཀྱི་ཚོགས་ནི་རྣམ་པར་འཕྲོ། །བྱང་ཆུབ་སེམས་ཀྱི་རང་བཞིན་དུ། །དེ་དག་བརྟུལ་ཞུགས་ཆེན་པོས ་བསམ། །དེ་ལས་རྣམ་པར་སྦྱང་བ་ལ་སོགས་པའི་སྔགས་ཀྱི་ཚིག་ནི་འདི་རྣམས་ཡིན་ནོ། །ོཾ་ན་མ(རྒྱུད་འགྲེལ་སྦྱང་བར་བྱའོ། །ལག་པ་གཡས་པས་རྟོགས་པར་བྱའོ། །ཐལ་མོ་བཀབ་ནས་སྤར་བར་བྱའོ། །ནམ་མཁའ་ལྡིང་གི་ཕྱག་རྒྱས་ཟླ་བ་ཞུ་བའི་རང་བཞིན་དུ་བདུད་རྩིར་བྱའོ། །དེ་ནས་གཡོན་པའི་སྲིན་ལག་གིས་དབུས་ནས་ཐིག་ལེ་བླངས་ཏེ་ས་ལ་ཆོས་འབྱུང་གྲུ ་གསུམ་བྱ་ཞིང། དེའི་ནང་དུ་ཟླུམ་པོའི་ཐིག་ལེའི་གཟུགས་ཅན་བྱའོ། །དེའི་ནང་དུ་མེ་ལོང་གི་གཟུགས་བརྙན་བཞིན་དུ་གསལ་བའི་དཀྱིལ་འཁོར་གྱི་འཁོར་ལོ་བསམ་ཞིང་དེ་ཚིམ་པར་བྱའོ། །ོཾ་ཨཱ་ཧཱུཾ། ཨ་ཨཱ། ཨི་ཨའི། ཨུ་ཨའུ། རི་རཱི། ལི་ལཱི། ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་རྣམས་དང། ནམ་མཁའ་ལ་སོགས་པའི་ཁམས་རྣམས་སོ། ། ཨཱ། ཨི་ཨའི། ཨེ་ཨི། ཨར་ཨཱར། ཨོ་ཨཽ་ཨལ་ཨཱལ། ཨོཾ་ཨཱ་ཧཱུཾ་ཞེས་བྱ་བ་ནི་དབང་པོ་དྲུག་གོ། ཡ་ཡཱ། ར་རཱ། ཝ་ཝཱ། ལ་ལཱ། ཧ་ཧཱ། ཞེས་བྱ་བ ་ནི་ཐབས་དང་ཤེས་རབ་ཀྱི་སྐུ་ཅན་གྱི་ཁྲོ་བོ་བཅུ་དང། ལས་ཀྱི་དབང་པོ་དང། ཞེ་སྡང་རྡོ་རྗེ་ལ་སོགས་པའི་བདག་ཉིད་ཅན་དག་གོ། ཀ་ཀཱ་ཁ་ཁཱ་ག་གཱ་གྷ་གྷཱ་ད་དཱ། ཙ་ཙཱ་ཚ་ཚཱ་ཛ་ཛཱ་ཛཧ་ཛཧཱ་ཉ་ཉཱ། ཊ་ཊཱ་ཋ་ཋཱ་ཌ་ཌཱ་ཌཧ་ཌཧ་ཎ་ཎཱ། པ་པཱ་ཕ་ཕཱ་བ་བཱ་བྷ་བྷཱ་མ་མཱ ་ཏ་ཏཱ་ཐ་ཐཱ་ད་དཱ་དྷ་དྷཱ་ན་ནཱ། ཤ་ཤཱ་ཥ་ཥཱ་ས་སཱ་ཧ་ཧཱ། ཚྱ་ཚྱཱ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཀྵ་ཀྵཱ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་རིགས་སུ་སུམ་ཅུ་རྩ་དྲུག་ཚིམ་པར་བྱ་བའི་ཆོ་གའི་སྔགས་སོ། །དེ་ལྟར་བརྗོད་ནས་དཀྱིལ་འཁོར་གྱི་འཁོར་ལོའི་མཁའ་ ་འགྲོ་མ་ཚིམ་པར་བྱ་བའི་ཕྱིར་སྲིན་ལག་དང་མཐེ་བོང་དག་གིས་ཐིག་ལེ་ཕུལ་ཏེ། དཀྱིལ་འཁོར་རང་གི་ཡན་ལག་ལ་བསྡུ་པར་བྱས་ནས། །རང་གི་ཁ་མཚན་མ་གཅིག་པར་བདུད་རྩི་ལྔའི་ཐིག་ལེ་མཁའ་འགྲོ་མའི་གྲངས་དང་མཉམ་པ་སྔགས ་འདིས་གཏོར་བར་བྱའོ། །ོཾ་སརྦ་ཀྲོ་དྷ་ཌཱ་ཀ་ནྱ་ཨི་མཾ་པ་ལིམ་པྲ་ཏཱིཙྪ་ན་ཏུ་ས་མ་ཡ་མ་ནུ་སྨ་ར་ཨཱ(རྒྱུད་འགྲེལ་དེའི་རྗེས་ལ་མཁའ་འགྲོ་མའི་འཁོར་ལོ་མ་ལུས་པ་ཡོངས་སུ་མཉེས་པར་གྱུར་ནས་ཁམས་གསུམ་པ་ཡང་དེ་ཁོ་ན་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་ལངས་ཏེ་ཡེ་ཤེས་ཀྱི་འཁོར་ལོ་གཤེགས་སུ་གསོལ་པ། །དམ་ཚིག་གི་འཁོར་ལོ་ནང་དུ་བཅུག་སྟེ། ། ་སྨོན་ལམ་བཏབ་ལ་བསོད་ནམས་ཡོངས་སུ་བསྔོས་ཏེ། རང་གི་ལྷའི་ང་རྒྱལ་དུ་དམིགས་ལ། སྣང་བ་ཙམ་གྱིས་རང་གི་ངོ་བོ་སྦྱོད་ལམ་རྣམས་ཀྱིས་གནས་པར་བྱའོ། །དེ་ནི་དུས་ཀྱི་འཁོར་ལོའི་མན་ངག་གི་རིམ་པའི་རྡོ་རྗེ་མཁའ་འགྲོ་མ་ནམས་ཀྱི ་གཏོར་མའི་ཆོ་གའོ།། །།གང་གིས་ལུས་ནི་རབ་རྒྱས་ཤིང། །བདེ་བ་ཆེན་པོ་ཐོབ་འགྱུར་བ། །ཡི་དགས་ཚིམ་བྱེད་གཏོར་མ་ནི། །དེ་ནས་གཞན་ཡང་རབ་བཤད་བྱ། །དང་པོ་ཆུ་ནི་དྲག་བླུགས་ཤིང། །ཆུ་བོ་ནུབ་བལྟས ་སོང་ནས་ནི། །ལག་པ་ལ་སོགས་བཀྲུས་ནས་ནི། །གུས་པ་ཡིས་ནི་བཟླས་པར་བྱ། །པདྨའི་ཕྲེང་བ་བླངས་ནས་ནི། །མཁས་པས་བརྒྱ་དང་རྩ་བརྒྱད་བཟླས། །སྔགས་ནི་ཡི་གེ་དྲུག་པ་སྟེ། དངོས་སུ་འཕགས་པ་སྤྱན་རས་གཟིགས། །ོཾ་དང་མ་ཎི་པདམེ་དང། ་ཧཱུཾ་གི་མཛའ་ཅན་སྔགས་རྒྱལ་པོ། །ཡི་དགས་རྣམས་ཀྱི་བཀྲེས་སྐོམ་སོགས། །ཉོན་མོངས་གདུང་བ་འཇོམས་བྱེད་པ། །འོ་མའི་འཚོ་ལྟར་དཀར་བའི་འོད། །ཞི་བ་འཕགས་པ་སྤྱན་རས་གཟིགས། །རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པ། །ཞལ ་གཅིག་ཕྱག་ནི་གཉིས་པ་སྟེ། མཆོག་སྦྱིན་ཆུ་སྐྱེས་དག་གིས་མཚན། །ཐུགས་རྗེའི་རང་གི་ཤུགས་ཀྱིས་ནི། །གདུངས་པར་འགྱུར་བའི་ཡིད་མངའ་བ། །མཚོ་སྐྱེས་ཆེན་པོའི་གེ་སར་གྱི། །ལྟེ་བའི་དབུས་ན་ཡང་དག་བཞུགས། །སྐྱིལ་ཀྲུང་ཕྱེད ་པར་བཞུགས་གྱུར་པ། འོད་དཔག་མེད་པས་དབུ་རྒྱན་བྱས། །ཟླ་པའི་འོད་ཀྱིས་བརྒྱན་གྱུར་ཅིང། །འོད་ཀྱི་འཁོར་ལོས་རྣམ་པར་བརྒྱན། །སྡུག་བསྔལ་གསུམ་གྱིས་སྡུག་བསྔལ་གྱུར། །མ་ལུས་འགྲོ་བ་སྐྱབ་བརྩོན་པ། །རྣལ་འབྱོར་པས་ནི་བདག་ཉིད་བསམ།། ་སྐྲག་འགྱུར་རི་དགས་གཞོན་ནུ་མའི། །གཡོ་བའི་མིག་ནི་ཟིལ་གནོན་མཛད། །ཡིད་འོང་ལྷ་མོ་སྒྲོལ་མ་ནི། །གཡས་ལོགས་སུ་ནི་བསྒོམ་པར་བྱ། །གཡོན་དུ་དེ་བཞིན་སེར་པོར་སྣང། །ཕྱག་བྱེད་པ་ལ་ཡང་དག་བརྩོན། །ཟླ་བ་ཕྱེད་པ་དང་མཚུངས་པའི།། ་ཕྲལ་བ་དང་ལྡན་ཁྲོ་གཉེར་ཅན། །དེ་ནས་སྙིང་གའི་པད་དབུས་སུ། །ཡི་གེ་ཧྭི(རྒྱུད་འགྲེལ་གཡོགས། །གསུས་པ་རི་བོ་དག་དང་མཚུངས། །མགྲིན་པའི་ཝ་ལས་བྱུང་བ་ཡི། །རྣག་ནི་འཐུང་བར་ཀུན་དུ་འདོད། །རུས་པ་སྣབས་ལུད་བཀྲེས་པས་ཉེན། །རང་གི་མཆུ་དང་ལྐོག་མ་རྣམས། །དེ་རྣམས་བལྟས་ནས་བསོད་ལྡན་པས། །སྙིང་རྗེ་ཆེན་པོ ་བསྐྱེད་བྱས་ནས། །དེ་རྣམས་སྟོང་དུ་བཀྲུས་བྱུང་བའི། །འོད་ཟེར་འཁོར་ལོ་དབབ་པར་བྱ། །དེ་ནས་སྙིང་རྗེའི་ཤུགས་ཀྱིས་ནི། །ལག་པ་དག་ལས་ཤིན་ཏུ་བྱུང། །འོ་མའི་རྒྱུན་གྱིས་དེ་དག་ནི། །སྙིང་མ་ཁ་དང་འབྲེལ་པ་དགང། །དེ་ནས་ལོ་མ་འབྲས ་?་?་དང?། འོ་མ་དང་ནི་?་གསུམ་གྱིས། །སྣོད་ནི་ཤིན་ཏུ་གང་བྱས་ནས། །དེ་རྣམས་འདི་ལྟར་བོད་པར་བྱ། །ོཾ་ཨ་ཡན་ཏུ་ཨ་ཡ་ནི་ཏུ་མ་ཧ་པྲེ་ཏ་སང་གྷ་ཤུཥྐ་མ་ཀན་ཐོ་ཥཱ་པུ་ཏ། ཀྵད་པི་པཱ་སཱ་ཝ་ཤྲཱི་ཀྲི་ཏ་དྷི་ནི་ཙིཏྟ་ཨི་མི་བི་བི? ་གྲིཧྣ?་ཏ་ཛི་གྲ་ཐ། པི་བ་ཐ། བྷུཉྫ་ཐ། སུ་ཁ་ཝ་ཏྱཾ་རཾ་མ་ཐ། པུ་ན་ར་ཀུ་ཤ་ལ་དྷི་མ་ར་ཐ་སྭཱཧཱ། སྔགས་འདི་ཡིས་ནི་ཡི་དགས་ཀྱི། །རིགས་ཆེན་པོས་ལ་དེ་ནས་ནི། །གཏོར་མ་སྦྱིན་ཕྱིར་སྔགས་འདི་ནི། །རྣལ་འབྱོར་པས་ནི་གསལ་བར་བརྗོད། །ོཾ་ན་མོ་བྷ ་ག་བ་ཏེ་ཨ་བ་ཡ་བྷི་རུ་ཀ་ཏེ་ཛོ་རཱ་ཛཱ་ཡ་ཏ་ཐཱ་ག་ཏ་ཡ་ཨརཧ་ཏེ་སམྱཀསཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་སརྦ་བ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ། བྷ་ར་བྷ་ར། སཾ་བྷ་སཾ་བྷ་ར། ཧཱུཾ་ཛཛ་སརྦ་པྲེ་ཏ་ཀ་ལ་ནི་སན་ཏར་བ་ནི་སྭཱཧཱ། དེ་ཉིད་ཀྱི་ཕྱག་རྒྱ་འབྱུང་སྟེ། ལག་པ་གཉིས ་ཀྱིས་ཐལ་མོ་བ་ཅུང་ཟད་ཕྱེ་བ་བྱས་ལ་མཛུབ་མོ་དག་རྣ་ཆའི་རྣམ་པར་བྱས་ཕྱག་རྒྱ་བྱས་ཏེ། ཡི་དགས་ཀྱི་གཏོར་མའི་སྔགས་དང་ཕྱག་རྒྱའོ། །དེ་ནས་ཆུ་བོ་དེ་ཉིད་འོ་མར་འབྲུག་པར་བསམས་ལ། དེ་ཉིད་དུ་གཏོར་མ་དེ་དོར་བར་བྱའོ། །ཡི་དགས་དེ་རྣམས་ཀྱང་ལུས ་ཡོངས་སུ་རྒྱས་པ་འོད་ཟེར་གྱི་ཚོགས་དེ་ཉིད་ཀྱི་སྟེང་དུ་བཏེག་ལ། །བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་འཇིག་རྟེན་དབང་ཕྱུག་བཞིན་དུ་པདྨའི་སྟན་ལ་ཉེ་བར་གནས་པ་བསམ་གཏན་ལ་དགའ་བའི་ཡིད་ཅན་དུ་བསྒོམ་པར་བྱའོ། །དེ་ནི་ཡི་དགས་ཀྱི་གཏོར ་མའོ།། །།བདག་ཉིད་སྐལ་བཟང་བསྒྲུབ་པ་དང། རྒྱལ་པོ་ལ་སོགས་དབང་བྱའི་ཕྱིར། །དྲི་ཟའི་གཏོར་མ་བསྒྲུབ་པ་ན། །དེ་ནས་གཏོར་མ་རབ་བཤད་བྱ། །དཀྱིལ་འཁོར་གྲུ་བཞི་བྱ་སྟེ། གླ་རྩི་དང། ག་བུར་དང། གཞི་མཉམ་དང། གུར་གུམ ་དང། ཙན་དན་དང། སི་ལ་ར་ས་དང། བ་ལཾ་ལ་སོགས་པ་རྣམས་ཀྱིས་ཉེ་བར་བྱུག་ལ། དབུས་ཀྱི་གནས་སུ་ཨ་ཀ་རུའི་སྤོས་དུད་སྣ་ཚོགས་ཀྱིས་དྲི་བསུང་ཡིད་དུ་འོང་བ། །ནོར་བུ་མཐིང་ཤུན་རང་བཞིན་ཅན་ཤིན་ཏུ་མཐོ་བ། །དངུལ་དང། བྱུ་རུ ་དང། གསེར་ལས་བྱས་པའི་རྩེ་མོ་གསུམ་གྱིས་ཉེ་བར་མཛེས་པའི་གཟུགས་ཀྱིས་དྲི་ཟའི་རྒྱལ་པོ་རྣམས་རྐང་པའི་ཆ་སྣ་ཚོགས་ལ་སྣ་ཚོགས་རྒྱན་ལྡན་དང། །སྣ་ཚོགས་མཐུ་ལྡན་ལ་སོགས་པ་དྲི་ཟའི་རྒྱལ་པོས་རྣམ་པར་བརྒྱན་པའི་རིའི་རྒྱལ ་པོ་སྤོས་ཀྱི་དང་ལྡང་རྣམ་པར་བསྒོམས་ལ། དེའི་སྟེང་དུ་སྔར་བཤད་པའི་དྲི་ཟའི་བདག་པོ་ལུས་རྫས་དྲི་ཞིམ་པོ་དག་གིས་ཉེ་བར་བྱུགས་པ་དྲི་ཞིམ་པོའི་ཚོགས་ཀྱིས་ཕྱོགས་བཅུར་གཏོགས་པའི་ཁོང་གང་བར་བྱས་ལ། །ལུས་ལྷའི་མེ་ཏོག་སྣ་ཚོགས ་ཀྱིས་ཕྲེང་བས་རྣམ་པར་བརྒྱན་པ། དྲི་ཟའི་བུ་མོ་ནུ་མའི་ལྗིད་ཀྱིས་སྐྱིབས་དགུ་པ་ལ་འཁྱུད་པ་ལས་བྱུང་བའི་དགའ་བ་དང་ལྡན་པ། ས་འཛིན་པ་ལ་སོགས་པ་གླུའི་བྱེ་བྲག་གླུ་ཡོངས་སུ་ལེན་པའི་སྒྲ་སྙན་པས་ལྐོག་མ་ཁྱབ་པ་དག་རྣམ་པར་བསྒོམས་ཏེ། དཀྱིལ ་འཁོར་གྱི་འགྲམ་དུ་གཏོར་མའི་སྣོད་ཆུ་དྲི་ཞིམ་པོ་དང། །ཞོ་དང་འབྲས་ཡོས་དང། སྨན་ཐམས་ཅད་དང། ཡུངས་ཀར་དང། ཙན་དན་དཀར་པོ་དང། ཙན་དན་དམར་པོ་དང། གླ་རྩི་དང་ཙན་དན་དང། གུར་ཀུམ་དང། སྤང་སྤོས་དང། དྭ་ཚྭ་དང། ཨ ་ཀ་རུ་ལ་སོགས་པའི་དྲི་ཞིམ་པོ་རྣམས་ཀྱིས་ཡོངས་སུ་བཀང་ལ། །སྣོད་གཞན་ཡང་ཞོ་དང། སྦྲང་རྩི་དང། མར་སར་དང། ཤ་ཁ་ར་དང། བུ་རམ་དང། འབྲས་ཅན་དག་གིས་གང་བར་བྱ་སྟེ། དེ་རྣམས་བོད་པའི་དོན་དུ་སྔགས་འདི་གསུམ་བརྗོད་པར་བྱའོ། །ོཾ་གནདྷ་? ་སརྦ་ཨ་དྷི་པ་ཏ་ཡེ། པི་ཙ་ཏྲི་ཨང་ག་དྷ་དྷ་ཡེ། མ་མ་ཀ་ཏྱ་སིདྡྷ་ཡེ། ཨི་ཧཱ་ཨ་ཡན་དུ། ས་ས་མ་ཡཾ་པ་ལ་ཡནྟུ། བྷ་ག་བང་བཛྲ་དྷ་ར་ཤཱ་ས་ནེ་ཏིཥཐནྟུ། ཨ་ཏྲ་ས་ན་ནི་ཧོ་ཏ་བྷ་ཝནྟུ་སྭཱཧཱ། དྲི་རྡོ་རྗེ་མའི་ཕྱག་རྒྱས་གཏོར་མའི་སྣོད་ཡོངས་སུ་བརྒྱས་བཏབ ་སྟེ་སྔགས་བརྗོད་པར་བྱའོ། །ོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷརྨཱ(རྒྱུད་འགྲེལ་སྟེ་རྣལ་འབྱོར་པས་གནས་པར་བྱའོ། །དེ་ནས་རྒྱལ་པོ་ལ་སོགས་པ་རྣམས་འདིས་དབང་དུ་འགྱུར་རོ། །དེ་ནི་དྲི་ཟའི་གཏོར་མའོ།། །།ཞིང་ནི་བསྲུང་བར་བྱེད་པ་དག་།ཐམས་ཅད་ཀྱིས་ནི་རབ་མཉེས་འགྱུར། །ཞིང་སྤྱད་གཏོར་མའི ་བྱ་བ་ནི། །དེ་ནས་གཞན་ཡང་རབ་བཤད་བྱ། །དེ་ནས་བཅོམ་ལྡན་འདས་ཀྱི་ཞིང། །ཐོད་པའི་དུམ་བུ་ལ་སོགས་པ། དངོས་གྲུབ་དོན་དུ་གང་དུ་གནས། །ཉི་ཤུ་རྩ་བཞི་གསུངས་པར་གྱུར། །དེ་ལ་འདི་རྣམས་ནི་ཞིང་རྣམས་ཀྱི་བརྡའི་མིང་ཡིན་ཏེ།། ་པུ་ཛ་ཨོ་ཨ་གོ་ར་དེ་མ། ཀ་ཨོ་ཏྲི་ཀོ་།ཀ་ལ་ཀ་ཧི་པྲི་གྲི་སོ་སུ་ནཱ་སི་མ་ཀུ། པུ་ལི་ར་མ་ཡ་དང། ཛ་ལན་དྷ་ར་དང། ཨོཾ་ཌི་ཡ་ན་དང་ཨོཾ?་རྦུ་ཏ་རྣམས་ནི་གནས་དག་ཡིན་ནོ། །གོ་ང་ཝ་རི་དང། རཱ་མེ་ཤྭ་ར་དང། དི་བི་ཀོ་ཊི་དང། མཱ་ལཱ་བ་རྣམས ་ནི་ཉེ་བའི་གནས་སོ། །ཀཱ་མ་རུ་པ་དང། ཨོ་ཌེ་དག་ནི་ཞིང་ངོ། །ཏྲི་ཤ་ཀུ་ནེ་དང། ཀོ་ས་ལ་དག་ནི་ཉེ་བའི་ཞིང་ངོ། །ཀ་ལིཾ་ཀ་།ལམ་བ་ག་དག་ནི་ཙྪན་དོ་ཧའོ། །ཀཉྩི་དང། ཧི་མ་ལ་ཡ་དག་ནི་ཉེ་བའི་ཙྪན་དོ་ཧའོ། །པྲེ་ཏ་པུ་རི་དང། གྲི་ཧ་དེ་པ་ཏ་དག་ནི ་འདུས་པའོ། །སཽ་རཥྚ་དང། སུ་ཝརྞྞ་དྭཱི་པ་དག་ནི་ཉེ་བའི་འདུས་པའོ། །ན་ག་ར་དང། སིན་དྷུ་ཤ་དག་ནི་དུར་ཁྲོད་དོ། །མ་རུ་དང། ཀུ་ལུ་ཏ་དག་ནི་ཉེ་བའི་དུར་ཁྲོད་དོ། །ཞིང་དེ་རྣམས་ཀྱི་བདག་པོ་དག་ནི་མིང་རྣམས་བརྗོད་པར་བྱ་སྟེ། །རྒས་པ་མེད་དང ་ཆུར་འགྱུར་དང། དེ་བཞིན་ཨི་དང་རྐུན་པོ་དང། ཟླ་བའི་གཟུགས་ཅན་དུག་གོང་དང། དྲོད་ཟ་དང་ནི་དྲག་པོ་འཇོམས། །ལུས་མེད་བྱུག་པའི་ལུས་ཅན་དང། རོལ་པས་འདོན་བྱེད་མཆེ་བ་ཅན། །ས་སྲུང་དང་ནི་རླབས་ཅན་དང། །དེ་བཞིན་དུ་ནི་སྨད ་འཇོམས་དང། །མཛའ་ཡས་དང་ནི་ཉོན་མོངས་སེམས། ། མྲ་ལེན་དང་མི་བཟད་གདོང། །བ་ལང་གདོང་ཅན་དྲིལ་བུའི་འོད། །ཟ་བྱེད་གཏུམ་པོ་དང་ལྡན་དང། རལ་པས་འགྱིང་པ་ཞིང་སྲུང་རྣམས། །གོ་རིམས་བཞིན་དུ་ཤེས་པར་བྱ། །སྤྱན་སེར་དགུ ་སྒྲ་གྱེན་དུ་བརྫེས། །མཆེ་གཙིགས་པ་ཡི་ཞལ་མངའ་དང། །ཐོད་པའི་ཕྲེང་བའི་རྒྱན་དང་ལྡན། །ཕྱག་ན་ཐོད་པ་ཁ་ཊཝཱཾ་ག་།ནགས་དང་འབྲོག་དང་གྲོང་སོ་སོ། །རི་དང་ཚང་ཚིང་ཆུ་འགྲམ་དང། ཆུ་བོ་རྫིང་འགྲམ་དག་དང་ནི། །ཁང་སྟོང་དང་ནི་བཞི་མདོ་དང། ་དབྱེན་བ་ཚོང་འདུས་ཡུལ་འཁོར་དང། གྲོང་ཁྱེར་ཤིང་དྲུང་དག་དང་ནི། །དུར་ཁྲོད་དང་ནི་ཚང་ཚིང་ཁྱིམ། །སྨད་འཚོང་ཁྱིམ་དང་མུན་ཁུང་དང། གནས་གཞན་དག་ཏུ་དེ་དག་ནི། །གནས་བཅས་ནས་ནི་རྟག་ཏུ་གནས། །ཧཱུཾ་གིས་ས་བོན་ལས་བྱུང་བ།། ་ནང་གི་ཡིག་གསུམ་བྱིན་གྱིས་བརླབས། །རྣལ་འབྱོར་པས་ནི་མདུན་གནས་པར། །འབད་པ་ཡིས་ནི་བསྒོམ་པར་བྱ། །ཆང་དང་ཤ་དང་འབྲུའི་ཆང། །འབྲས་ཀྱི་རྒྱལ་པོའི་ཆན་གྱིས་དགང། །སྣོད་ནི་ཉི་ཤུ་རྩ་བཞི་དག་།བླངས་ནས་གཏོར་མ་དབུལ་བར་བྱ། །དྲིལ་བུའི ་སྒྲ་བཅས་སྤོས་ཕུལ་ནས། །རྣལ་འབྱོར་རིག་པས་སྤྱན་དྲང་བྱ། །དེ་ནས་སྤྱན་དྲང་དོན་དུ་ན། །དེ་ཡིས་སྔགས་འདི་བརྗོད་པར་བྱ། །ོཾ་ཨ་ཨཱནྟུ། ཨོཾ་ཨ་ཡན་ཏུ། ཀྵེ་ཏྲ་ཨ་དྷི་པ་ཏ་ཡེ། མཱ་མ་ཤཱན་ཏི་པུཥྚི་ཝ་ཤྱས་དི་དྷི་སཱ་དྷཱ་ན་ཡ། ན་མོ་གྷ་ནཾ་ན་ཤཙ་ཌཧ ་ན་པ་ཏེ་ས་པ་རི་ཝཱ་རི་ས་རཀྵཱ་རཾ་སྠནྣ་ཧི་ཏ་ཨི་ཧ་བྷ་བནྟུ་སྭཱཧཱ། །དེ་ནས་བོས་ཏེ་དྲིའི་ཆུས། །ཞལ་བསིལ་མཆོད་ཡོན་དག་ཕུལ་ནས། །སྔགས་འདི་གསང་སྔགས་རིག་པ་ཡིས། །དེ་རྣམས་ལ་ནི་གཏོར་མ་དབུལ། ཨོཾ་ཧཱིཾ(རྒྱུད་འགྲེལ་རཀྵེ་ཏྲ་པཱ་ལ། མཧཱ་བ་ལ་ཀ་ལི་ལ་ཛ་ཏི་ལ་མ་ཧཱ་བ་ལ་བྷ་སུ་ར་ཏྲི་ནི་ཏྲ་ཛཝ་ལ་མུ། ག་གནདྷ་དྷུ་པ་བ་ལི་པུ་ཛ་གྲི་ཧྣ་གྲི་ཧྣ། བྷཻ་ར་བ་རཱུ་བེ་ཏ་ར་ཏ་ར། ཏུ་རུ་ཏུ་རུ་ཏུ་རུ། མུ་རུ་མུ་རུ། ཁ་ཁ་ཁཱ་ཁཱ་ལ་ལ་ལ། ཧེ་ཧེ་ཧ་ཧ། མཧཱ་དྷ་མ་ར་ཨ་ཏི་པ་ཏ་ཡེ ་སྭཱཧཱ། ཞེས་བྱ་བ་བརྗོད་ལ། །དཔལ་བདེ་མཆོག་འཁོར་ལོའི་རྒྱུད་ལས་བཤད་པའི་མཁའ་འགྲོ་ཕྱག་རྒྱས་བཏབ་སྟེ། ཤིང་གཅིག་གི་དྲུང་དུ་གཏོར་མ་དོར་བར་བྱའོ། །དེ་ལྟར་བྱས་ན་རྣལ་འབྱོར་པས། །གང་གིས་སེམས་ཅན་དག་གི་དོན། །རྒྱུན ་མི་འཆད་པར་བྱེད་པའི་ལས། །ཞི་བ་ལ་སོགས་དེ་འགྲུབ་འགྱུར། །གལ་ཏེ་ཐུན་ནི་གསུམ་མམ་བཞིར། །རྣལ་འབྱོར་པས་ནི་གཏོར་མ་སྦྱིན། །དེས་ན་དེ་ལ་ཞིང་སྲུང་རྣམས། །རྟག་ཏུ་སྲུང་བར་བྱེད་པར་འགྱུར། །དགྲ་བོ་དང་ནི་རྒྱལ་པོ་དང། །སེང་གེ ་སྟག་ལ་སོགས་པ་དང། །གཞན་ཡང་གསོད་བྱེད་རིགས་ཅན་དང། རྐུན་མའང་དེ་ལ་གནོད་མི་བྱེད། །ལངས་པ་འམ་ནི་འདུག་པ་འམ། །ཉལ་ལམ་འགྲོ་བར་འགྱུར་ཀྱང་རུང། །སྤྱོད་ལམ་ཐམས་ཅད་དང་ལྡན་པ། །དེ་ལ་དེ་རྣམས་སྲུང་བར་བྱེད།། ་བདག་ཉིད་དང་ནི་གཞན་དག་ལ། གང་ཞིག་མྱུར་དུ་སྐྱོབ་འདོད་པ། །དེ་ཡིས་ཞིང་སྲུང་གཏོར་མ་ནི། །གུས་པ་ཡིས་ནི་རྟག་ཏུ་བྱ། །དེ་ནི་ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་མན་ངག་གི་སྒོ་ནས་དཔལ་བདེ་མཆོག་གི་ཞིང་གི་བདག ་པོའི་གཏོར་མའི་ཆོ་གའོ།། །།གང་གིས་རིམས་སོགས་རྣལ་འབྱོར་པས། །སྐད་ཅིག་གིས་ནི་རབ་ཞི་བྱེད། །ཤ་ཟའི་གཏོར་མའི་སྒྲུབ་པ་ནི། །དེ་ནས་གཞན་ཡང་རབ་བཤད་བྱ། །དང་པོར་ཏིང་འཛིན་ལས་ལངས་ཏེ། །འཇིགས ་རུང་དུར་ཁྲོད་སོང་ནས་ནི། །དོགས་པ་མེད་པའི་ཡིད་ཀྱིས་ནི། །དེ་རུ་དཀྱིལ་འཁོར་བྲི་བར་བྱ། །དུར་ཁྲོད་ཀྱི་ནི་སོ་ཕག་ཚོགས། །ལག་པས་བརྡུངས་ཏེ་ཁྱེར་བྱས་ནས། །ཚོན་རྩི་ཁ་དོག་ལྔ་པ་དག་།དེ་ནི་རྣལ་འབྱོར་རིག་པས་བྱ། །དེ་ནི ་བདེ་མཆོག་དཀྱིལ་འཁོར་ནི། །གོ་རིམས་བཞིན་དུ་ལེགས་བྲིས་ནས། །མེ་ཏོག་ཀ་ར་བི་ར་སོགས་གོ་ཀུ་ད་ཧ་ན་རྣམས་དང། བདུད་རྩི་ཡི་ནི་རྫས་དག་དང། བཟའ་བཏུང་དེ་བཞིན་ཤེས་རབ་དང། །སྙོམས་འཇུག་མཆོད་པས་སྒྲུབ་པ་པོས། །གཙོ་བོ ་ཧེ་རུ་ཀ་མཆོད་བྱ། །ཇི་སྲིད་དཀྱིལ་འཁོར་ལས་འོད་ཟེར། །ཁ་དོག་སྔོན་པོ་རྣམ་བྱུང་བ། །དེ་སྲིད་རྐང་པ་བརྒྱན་པའི་སྔགས། །མཉམ་གཞག་རྣལ་འབྱོར་བ་ཡིས་བཟླ། །དེ་མཐོང་ཡིད་ཆེས་ཤེས་བྱས་ནས། །ཤ་ཟའི་གཏོར་མ་བརྩམ ་པར་བྱ། །ཆང་གི་བཏུང་བ་དང་ལྡན་ཁྲག་།ཉ་ཤ་རློན་པ་དག་དང་ནི། །བསྲེགས་དང་བཅོས་པའི་བྱེ་བྲག་དང། །དྲི་ཞིམ་མེ་ཏོག་དམར་པོ་དང། །ཁབ་དང་རས་ནི་སྔོན་པོ་དང། ཟངས་དང་མཁར་བ་ལས་བྱས་དང། །ལྕགས་ཀྱི་ཕྱེ་མ་དག་དང་ནི། །འབྲུ ་སྣའི་ཆན་གྱིས་ཡོངས་གང་བ། བྱས་ནས་སྤོས་དང་མེ་ཏོག་སོགས། །བྱིན་ཏེ་བོད་པ་ཡང་དག་བརྩམ། །ཁྲོ་བོའི་སེམས་ལྡན་ཐུབ་དཀའ་བ། །དོགས་མེད་ཡིད་ཀྱིས་སྔགས་པ་ཡིས། །དུར་ཁྲོད་གནས་པའི་ཤིང་གཅིག་ལ། །འཇོགས་ནས ་རྩེ་མོ་ལ་གནས་པ། །གཅེར་བུ་སྐྲ་བཤིག་གྱུར་པ་ཡིས། །དཔའ་བོ་དྲུག་གི་གོ་ཆ་དགོད། །ཊ་དང་མ་ལས་ཡང་དག་བྱུང། །ཟླ་བ་དང་ནི་ཉི་མ་དག་།མིག་ལ་བསམས་ནས་གནོད་མཛེས་ནི། །རྒྱལ་པོ་ཕྱོགས་དག་བཅིང་བར་བྱ། །ོཾ་ཨ་ར་ལི་ཧོ་ཛ(རྒྱུད་འགྲེལ་ཌཱ་ཀི་ནྱ་ས་མ་ཡ་སྟཝཾ་དྲི་ཤྱ་ཧོ། །དེ་ནས་ཤ་ཟ་བློ་ལྡན་གྱིས། །འདི་ཡིས་བོང་པ་བྱས་ནས་སུ། །བརྩེ་བའི་བདག་ཉིད་ཁྲོ་ཚིག་གིས། །ཚིགས་བཅད་འདི་ནི་བརྗོད་པར་བྱ། །ཤ་ཟ་འམ་དེའི་ཡིད་འོང་བ། །འདིར་ནི་མི་བཟད་སུ་ཞིག་གནས། །མིང་ནི་འདི་ཞེས་བྱ་བ ་དེས། །ཀྱེ་ལུས་གཏོར་མར་སྦྱིན་པར་བྱ། །ངའི་ལུས་ལས་ཤ་ཁྲག་སོགས། །བཟའ་བ་དང་ནི་བཏུང་བར་གྱིས། །ཚིགས་དང་རྐང་དང་གླང་པ་དང། །དེ་བཞིན་ཁམས་ནི་བདུན་པོ་དག་།འོངས་ཏེ་ང་ལས་བླངས་ནས་ནི། །ཅི་བདེ་བར་ནི་གནས་པར་གྱིས། །རྣལ་འབྱོར ་པ་ནི་དེའི་ཚིག་།དེ་སྐད་མཚན་ཕྱེད་ནས་ཐོས་ནས། །རབ་ཏུ་དགའ་བའི་ཡིད་ལྡན་པ། །ཤ་ཟ་ཀུན་ཀྱང་མཐོང་བར་འགྱུར། །གུས་པས་ཤ་ནི་བཟའ་བའི་ཕྱིར། །བྱིན་ཅིག་ཅེས་ནི་ངེས་པར་སྨྲ། དེ་ནས་དེ་ཡི་ཚིག་ཐོས་ཏེ། འདི་ནི་ཁྱེར་ཅིག་ཅེས་བརྗོད་བྱ།། ་གལ་ཏེ་ནུས་ཡོད་པའི་ལུས་ལས། །ཁྲག་ལ་སོགས་པ་དག་ཁྱེར་ཅིག་།དེ་ནས་ཧེ་རུ་ཀའི་གཟུགས་སུ་མཐོང་ནས། །དེ་དག་འཇིགས་པར་འགྱུར། །རྣལ་འབྱོར་པའི་རང་ལ་གནས། །གཏོར་མ་བླངས་ཏེ་འགྲོ་བར་བྱེད། །དེ་ལ་གཏོར་མའི་སྔགས་ནི་འདི་ཡིན་ཏེ། ཨོཾ ་པི་ཙི་པི་ཙི་པི་སྨ་ཤཱ་ན་ཝ་སི་བྷཡོ། མཧཱ་པི་ཤཱི་ཙ་བྷཡོ(རྒྱུད་འགྲེལ་གཤེགས་སུ་གསོལ། །རིམས་ལ་སོགས་པའི་ནད་ཞིག་།དེ་ནས་དེ་ཡི་རབ་འགྲུབ་འགྱུར། །རྣལ་འབྱོར་པ་ནི་ཇི་ལྟར་འདོད། །ལས་བྱེད་འགྱུར་འདིར་ཐེ་ཚོམ་མེད། །དེ་ནས་རང་གི་གནས་ཕྱིན་ཏེ། །ཆུའི་གཏོར་མ་གཏང་བར་བྱ། །དེ་ཡིས་སྔར་བཤད་རིམ་པ ་བཞིན་སྙིམ་པ་གསུམ་ནི་སྦྱིན་པར་བྱ། །དེ་ནི་རྡོ་རྗེ་འབྱུང་བ་ཞེས་བྱ་བའི་རྒྱུད་ཀྱི་མན་ངག་གི་ཆོ་གའོ།། །།རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས། །བཏུས་ནས་དུག་ནི་ཞི་བྱའི་ཕྱིར། །མཁའ་ལྡིང་གཏོར་མ་བྱ ་བ་ནི། །དེ་ནས་གཞན་ཡང་རབ་བཤད་བྱ། །ཕ་རོལ་ཆུ་རོལ་མེད་པའི་མཆོག་།འོ་མའི་རྒྱ་མཚོ་ཟབ་མོ་ནི། །ཆུ་སྲིན་འཛིན་ཀྲི་ཀུན་ཏུ་ཁྱབ། །གཡོ་ཞིང་ནམ་མཁའ་ཨི་གཏོས་རེག་པ། །རླབས་ཀྱིས་ཆུ་ནི་ཀུན་ཏུ་འཁྲུགས། །འོ་མ་མུ་ཏིག་ཀུན་ད་མཚུངས ་ཆུ་ནི་དཀར་པོ་མཁའ་གསལ་བ། །ཡི་གེ་སམ་ལས་བྱུང་བར་བསམ། །དེའི་དབུས་གནས་ཡི་གེ་ཏཱཾ། །ཤིན་ཏུ་དཀར་པོ་བསམ་པར་བྱ། །དེ་ལས་ཡོངས་སུ་གྲུབ་པའི་གྲུ། །གསེར་གྱི་རྒྱན་ནི་སྣ་ཚོགས་པས། །ཕྱོགས་བཞི་ནས་ནི་རྣམ་སྤྲས་པའཾ།། ་ཀ་བ་དག་གིས་བརྒྱན་པ་བསམ། །དེའི་སྟེང་པཾ་ལས་བྱུང་བ་ཡི། །པདྨ་དཀར་པོ་འདབ་བརྒྱད་པ། །ལྟེ་བ་གེ་སར་དང་བཅས་ཤིང། །འོད་ཀྱི་ཚོགས་ཀྱི་རབ་འབར་བསམ། །ཡཾ་སོགས་ས་བོན་ལས་བྱུང་བ། །རླུང་ལ་སོགས་པའི་དཀྱིལ་འཁོར ་བཞི། །དེའི་སྟེང་དུ་ཕྱོགས་སུ་ནི། །གོ་རིམས་བཞིན་དུ་བསམ་པར་བྱ། །སྔར་བཞིན་བདུད་རྩི་ཞེས་བྱ་བ། །སྤྲོ་དང་བསྡུ་པའི་རིམ་པ་ཡིས། །མཁའ་ལྡིང་བདག་པོ་སྐྱེད་བྱེད་པ། །ས་བོན་དེའི་སྟེང་དུ་དགོང། །དེ་ནས་དེ་ནི་གྱུར་པ་ལས། །མཁའ་ལྡིང་བདག ་བསམ་པར་བྱ། །གདོང་ཅིག་ལག་པ་བཞི་པ་སྟེ། །ཁ་དོག་དཀར་པོ་འོད་ཆེན་ལྡན། །གསེར་གྱི་གཤོག་པའི་དབུ་རྒྱན་ཅན། །ནོར་བུ་བཻ་ཌཱུརྱའི་མཆུ། །རྐང་སྡེར་གྱུ་རུ་ལས་བྱུང་བ། །ཤེལ་ལྟར་དཀར་བའི་གདོང་དང་ལྡན། །རྐེང་ལྟེ་བར་དུ ་བདུད་རྩིས་གང། །བུམ་པ་ལག་པ་གཉིས་ཀྱིས་ནི། །ཕྱག་བྱེད་པ་ལ་རབ་ཏུ་བརྩོན། །མིག་སོགས་ལ་ནི་གཏི་མུག་སོགས། །རྡོ་རྗེ་གསུམ་ལ་ཚིགས་གསུམ་དགོད། །བསྐྱེད་ནས་དེའི་ཡན་ལག་གི་།ཚིགས་རྣམས་ལ་ནི་ཧཱུཾ་དགོད་བྱ།། ་རིག་བྱེད་ཡི་གེ་དང་པོ་ནི། དེའི་སྤྱི་བོར་བསམ་པར་བྱ། །སྙིང་གའི་ཡི་གེ་ཧཱུཾ་བྱུང་བའི། །འོད་ཟེར་མང་པོ་ཚོགས་ཀྱིས་ནི། །མཁའ་ལྡིང་དབང་ཕྱུག་འཁོར་རྣམས་ནི། །རང་གི་རྣམ་པ་ཅན་ཉིད་སྤྲོ། །དེ་ནས་མཁའ་ལྡིང་དབང་ཕྱུག་གི་།དཀྱིལ་འཁོར་རྫོགས ་པར་བལྟས་ནས་ནི། །དྲི་ཞིམ་ཆུ་ཡིས་དེ་ཉིད་ལ། །མཆོད་ཡོན་བྱིན་ནས་དེ་བཞིན་ཡོད། །དུག་འཇོམས་པ་ལ་བརྩོན་ལྡན་པའི། །ཕྱག་རྒྱ་འབར་བ་བཅིང་བར་བྱ། །ོཾ་པ་ཤེ་སྭཱཧཱ། སྙིང་གའོ། །ོཾ་ཁྲི་བ་སྭཱཧཱ། མགོ་བོའོ། །ོཾ་ས་ཀཱི་པ་སྭཱཧཱ། གཙུག ་ཕུང་ངོ། །ོཾ་ཧ་ཀྵི་པ་སྭཱཧཱ། ཆོ་གའོ། །ཧ་སཀྵི་པ་ཨོཾ་མཚོན་ཆའོ། །ཡང་ཨོཾ་བ་ཀྵེ་སྭཱཧཱ། ལྟེ་བའོ། །དེ་ནི་ཡན་ལག་དྲུག་ལ་གོ་ཆ་དགོང་པའོ། །དེ་བཞིན་དུ་བོད་པའི་ཕྱག་རྒྱ་འབྱུང་སྟེ། ལག་པ་གཡོན་པའི་གུང་མོ་བསྒྲེང་སྟེ། མཛུབ་མོ་དང་སྲིན་ལག ་ཅུང་ཟད་བཀུག་ནས་མཐེའུ་ཆུང་དང་མཐེ་བོང་དག་དགུག་པར་བྱའོ། །དེ་ནི་ནམ་མཁའ་ལྡིང་བོང་པའི་ཕྱག་རྒྱའོ། །ོཾ་ཧྲི(རྒྱུད་འགྲེལ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ནམ་མཁའ་ལྡང་བོད་པའི་སྔགས་སོ། །དེ་ནས་མདུན་དུ་བ་ལང་དང་མ་ཧེ་ལ་སོགས་པའི་ཁ་ན་མ་ཐོ་བ་མེད་པའི་སྲོག་ཆགས་ཀྱི་རིགས་རྣམས་ཀྱི་འོ་མས་སྣོད་ཡོངས་སུ་བཀང་སྟེ། གངྒཱའི་ཆུ་དང་ཡང་བསྲེས་ནས་དེ་བཞིན ་དུ་སྣོད་གཉིས་པའོ། །ཐུགས་ཡོངས་སུ་གང་བར་བྱས་ལ་སྔགས་འདིས་བྱིན་བརླབས་བྱའོ། །སརྦ་ཏ་ཐཱ་ག་ཏ་མི་བཻ་དྱ་ས་མ་ཡ་མུ་ཏྲ་ས་པ་ར་ཎ་ཤྲཱི་ཡེ་ཧཱུཾ། དེ་ནས་སྤོས་དང་མེ་ཏོག་དང། མར་མེ་དང། དྲི་དང། ལྟ་བུ་ཤོས་རྣམས། ཛཱ་ཏི་པ་ལ་དང། གླ་གོར ་ཞོ་ཤ་ལ་སོགས་པ་རྣམས་ཀྱིས་གཏོར་མ་ལ་མཆོད་དེ་རྩེ་གསུམ་པའི་ནམ་མཁའ་ལྡིང་གི་ཕྱག་རྒྱས་མངོན་པར་བཏང་ལ་ཡི་གེ་བརྒྱ་པ་ལན་གསུམ་བཟླས་ཏེ་གཏོར་མའི་སྔགས་བརྗོད་པར་བྱའོ། །ོཾ་ན་མོ་བྷ་ག་ཏྱཻ་ཨཱརྱ་པ་ར་མ་ཨ་ཤྱ་ ་ཡ། །ཏ་ཐཱ་ག་ཏཱ་ཡ་ཨརཧ་ཏེ་སམྱཀསཾ་བུདྡྷ་ཡ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཨོཾ་གྲི་ཧྞ་གྲི་ཧྞ་པུཥཔ་དྷཱུ་པ་བ་ལིཾ་ཨི་མཾ་སརྦ་ཨུ་པ་ཙ་ར་སཾ་པནྣཾ། ཁ་གྷཱ་དྷི་པ་ཏེ། ཁ་ཁ་ཁཱ་ཧི་ཁཱ་ཧི་ས་མ་ཡ་མ་ནུ་སྨ་ར་ཨཱ(རྒྱུད་འགྲེལ་ལ་སྙིང་གར་པདྨ་བསྐོར་བ་ལ་ལན་ལྔ་བྱས་ཏེ། རྡོ་རྗེ་དང་དྲིལ་བུ་དཀྲོལ་བ་སྔོན་དུ་འགྲོ་བ་ཅན་གྱི་སྙིང་པོ་འཇུག་པའི་ཕྱག་རྒྱ་བཅིངས་ལ། རྟའི་རྒྱལ་པོ་ང་རྒྱལ་དང་ལྡན་པས་གཏོར་མ་དོར་བ་བྱ་སྟེ། པདྨའི་མཚོ་འགྲམ་མམ། ་རྫིང་ཆེན་པོའི་འགྲམ་དུ་གཏོར་མ་དོར་བར་བྱའོ། །དེ་ནས་ལངས་ཏེ། ཨོཾ་བྷ་ཀྵ་སྭཱཧཱ། ཞེས་བྱ་བའི་ཡི་གེ་ལྔའི་སྔགས་ཀྱིས་ལག་པ་གཡོན་པའི་སོར་མོ་རྣམས་བྱིན་གྱི་བརླབ་ལ། ལག་པའི་དབུས་སུ་དབྱངས་དྲུག་པ་རྣམ་པར་བཀོད ་དེ། དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རྣམ་པར་བསྒོམས་ལ། དེའི་སྟེང་དུ་བའི་འོ་མ་ལྟར་མདོག་དཀར་པོ་དང་ལྡན་པའི་ཡི་གེ་ཧཾ་རྣམ་པར་བཀོད་དེ། ལག་པ་དེས་ཆུལ་མངོན་པར་བསྔགས་ལ། །ཀུ་རུ་ཀུལླེའི་སྔགས་ཀྱིས ་གང་གི་ཁ་རུ་ཆུ་བླུགས་དེ་སྐད་ཅིག་ཉིད་ལ་དུག་སྐྱུགས་པར་འགྱུར་རོ། །བརྟན་པ་འམ་ནི་གཡོ་བ་འམ། །བཅོས་པ་ཡི་ནི་དུག་ཀྱང་རུང། །མཆེ་བའི་དུག་གམ་དྲན་པའི་དུག་།རེག་དང་མཐོང་བའི་དུག་ལ་སོགས། །སྦྲུལ་གང་གིས་ནི་ཟོས་པ ་ཡི། བདུག་ནི་སྐད་ཅིག་དེ་ལ་འཇོམས། །ཐ་ན་དྲག་པོའི་མགྲིན་གནས་པ་འང། །མ་ལུས་པར་ནི་འཇོམས་བྱེད་ན། །ཀ་ལ་ཀུ་ཊའང་འཇོམས་པ་ནི། །འགྱུར་བ་རུ་ནི་ཐེ་ཚོམ་མེད། །དེ་བས་མཁའ་ལྡིང་མཆོད་པའི་ཕྱིར། །རྣལ་འབྱོར་པ་ནི ་གཏོར་མའི་ལས། །གཞན་ལ་ཕན་པའི་སེམས་ཀྱིས་ནི། །བརྩོན་པ་ཡིས་ནི་ཀུན་ཏུ་བྱ། །བཟའ་བཏུང་ཁྱད་པར་ཅན་སོགས་དང། གོས་དང་རྒྱན་དང་བྱུག་པ་ཡིས། །སེམས་ཅན་ཁམས་ནི་མ་ལུས་པ། །རབ་གསོས་ལས་བྱུང་བསོད་ནམས ་གང། །གསོད་ནམས་དེ་ནས་སེམས་ཅན་ཅིག་།སྲོག་ནི་ཡོངས་སུ་སྲུང་ལས་བྱུང། །དེ་བས་དུག་ནི་གཞོམ་བའི་ཕྱིར། །མཁའ་ལྡིང་བདག་པོའི་གཏོར་མར་འདོད། །དེ་ནི་རིག་པ་འཛིན་པའི་སྡེ་སྣོད་ལས། །བདག་གིས་གཏོར་མའི་ཆོ་ག་གསལ་བར་བཏུས། །མཁས་པས་སེམས་ཅན ་ལ་ནི་ཕན་གདགས་ཕྱིར། །འབད་པ་ཡིས་ནི་རྟག་པ་ཉིད་དུ་བྱ། །དཔལ་རིག་པ་འཛིན་པའི་སྡེ་སྣོད་ཀྱི་ནང་ནས་བཏུས་པའི་མཁའ་ལྡིང་གི་གཏོར་མའི་ཆོ་གའོ།། །།རོ་ལངས་གཏོར་མ་སྒྲུབ་པ་ནི། །རྡོ་རྗེ་བདུད་རྩིའི་རྒྱུད་ལས ་གསུངས། །ཆོ་ག་ཡིས་ནི་རིམ་བཞིན་དུ། གསལ་བར་དེ་ནས་ཡང་དག་བཤད། །གཏོར་མའི་ལས་ནི་ཐམས་ཅད་ལ། །བསྒོམ་པའི་སྟོབས་ཀྱིས་འབྱུང་པོ་རྣམས། །།བསྐྱེད་ནས་མགུ་བར་བྱ་ཞེས་གྲགས། །རྣལ་འབྱོར་པས་འདིར་དེ་བཞིན་མིན། ། ་དང་པོར་རོ་ལངས་དག་གི་ཚོགས། །སྔགས་ཀྱི་མཐུ་ཡིས་བསྒྲངས་ནས་ནི། །དེ་ནས་འདས་སོགས་ཀུན་བྲིས་ནས། །རྡོ་རྗེ་ཆེན་པོས་གཏོར་མ་སྦྱིན། །རེ་ཞིག་དང་པོར་ཤིན་ཏུ་འཇིགས། །དུར་ཁྲོད་རོ་ཡིས་འཇིགས་བྱེད་པར། །སོང་ནས་དོགས ་མེད་སེམས་ཀྱིས་ནི། །མཚན་མོ་རོ་ནི་བཙལ་བར་བྱ། །རྒྱལ་པོས་ཉེས་པ་ལ་བརྟེན་ནས། །བསྒེགས་པར་གྱུར་པ་གང་ཡིན་དང། །བསལ་ཤིང་ལ་སྐྱོན་ཡན་ལག་ནི། །མ་ཉམས་རོ་ཆེན་བཙལ་བར་བྱ། །འཁྱུད་པ་དང་ནི་འོ་བྱས་ཏེ། དེ་བཞིན་དཔྱག ་རབ་བྱ་བ་ཡིས། །དགྱེས་གང་བཅོམ་ལྡན་འདས་ཀྱིས་ནི། །འདི་གསུངས་མཱ་མ་གཱི་ལ་གསུངས། །རོ་ལངས་ཆེན་པོ་སྒྲུབ་པ་ནི། །དེ་ནས་ཡང་དག་རབ་བཤད་བྱ། །མར་ངོའི་བརྒྱད་དམ་བཅུ་བཞི་ལ། །མཚན་མ་གཅིག་གམ་བཞི་མདོ་འམ། །ཤིང་གཅིག ་གམ་ནི་དུར་ཁྲོད་ནས། །ཆུ་ཡི་འགྲམ་དང་རི་བོ་རུ། །བྱ་བ་དག་ནི་ཐམས་ཅད་བསྒྲུབ། །དེ་བཞིན་རོ་ལངས་བསླང་བ་ནི། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །བསྒེགས་ནས་ཤི་བ་གང་ཡིན་པ། །གདོལ་པ་འམ་ནི་གཡུང་མོ་འང་རུང། །སྡུག ་ཅིང་མཛེས་ལ་རྨ་མེད་པ། །སུམ་ཅུ་རྩ་གཉིས་སོ་དང་ལྡན། །ལོ་ནི་ཉི་ཤུ་རྩ་ལྔ་ལོན། །ཡང་ན་བཙའ་བའ་ཨི་དུས་སུ་ནི། །ཤི་བའི་བུད་མེད་བསླང་བར་བྱ། །སྔགས་དང་སྨན་དང་ལྡན་པ་ཡི། །ཆུ་མདོག་དག་གིས་ཁྲུས་བྱ་ཞིང།། ་ཙན་དན་དཀར་པོ་གླ་རྩི་ཡིས། །དེ་ལ་རྣམ་པར་བྱུག་པར་བྱ། །སྤོས་དང་མེ་ཏོག་དག་གིས་མཆོད། །གཏོར་མ་སྣ་ཚོགས་སྦྱིན་པར་བྱ། །ཏིལ་མར་ཆེན་པོས་བྱུག་ནས་ནི། །ཡུངས་ཀར་གྱིས་ནི་གདོང་ལ་བརྡེག་།སྒྲུབ་པ་པོས་ནི་ཧེ་རུ་ཀ། ཞེས་ ་བྱའི་དཀྱིལ་འཁོར་དེ་བྲི་བྱ། །ཟླ་བ་ཕྱེད་པ་ཐོང་མཚུངས་པ། །གཞུ་གདུངས་པ་ཡི་རྣམ་པ་ཅན། །རིག་མ་བརྒྱད་དང་ཡང་དག་ལྡན། །ཐོད་པ་རྣམས་ཀྱིས་ཉེ་བར་མཛེས། །གཞི་ནི་ཐོད་པ་དག་ཡིན་ཏེ། །ཐམས་ཅད་ཁ་ཊཝཱཾ་ག་བསྣམས་པ། །སྤྱན་གསུམ་དྲག ་པོའི་གཟུགས་ཅན་ཏེ། སྤྱན་དྲུག་རལ་གྲི་ཕྱག་བསྣམས་པ། །དཀྱིལ་འཁོར་འདིའི་ཕྱི་རོལ་ཏུ། །སྒོ་བསྲུངས་དག་ནི་རབ་ཏུ་བརྟག་།བ་ལང་སྣ་དང་གླང་པོའི་སྣ། །བཞིན་བཟངས་དེ་བཞིན་བཞིན་ངན་པ། །དྲག་པོའི་ཞགས་པ་ལྕགས་ཀྱུ་ཐོགས། །མི་སྡུག ་རྣམ་གཙིགས་འཇིགས་རུང་བ། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །སྤོས་དང་མེ་ཏོག་ལ་སོགས་བྲི། །རོལ་ཆ་རྣམ་པ་སྣ་ཚོགས་མཆོག་།དཀྱིལ་འཁོར་དུ་ནི་རིམ་བཞིན་བྲི། །དེ་ནས་དཔའ་བོ་སྒྲུབ་པ་པོ། །ཧེ་རུ་ཀའི་གཟུགས་འཛིན་པ། །དུང་ཆེན ་དག་གིས་རྣམ་པར་བརྒྱན། །ཁ་ན་ཤ་ཆེན་ཟ་བྱེད་པ། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ཤིན་ཏུ་རྣམ་གཙིགས་འཇིགས་རུང་བས། །དེ་རུ་ཅང་ཏེའུ་བརྡུང་བྱ་ཞིང། །གར་གྱིས་གྲོང་ཁྱེར་འཇུག་པར་བྱ། །ལུས་ལ་སྔགས་ཀྱིས་གོ་བགོས་པས། །དེར ་ནི་ཡི་གེ་ཕཊ་བརྗོད་བྱ། །དཀྱིལ་འཁོར་མཆོག་ནི་སྔར་བཞིན་དུ། ཁྲག་ཆེན་པོ་ཡིས་བསང་གཏོར་བྱ། །ཧེ་རུ་ཀའི་སྔགས་ཆེན་པོ། །སྒྲུབ་པ་པོས་ནི་བཟླས་པར་བྱ། །ཁྲོ་བོ་བཅས་ནས་རོ་ལངས་ནི། །འབྲུག་གི་སྒྲ་ནི་སྒྲོགས་པར་འགྱུར། །སྔགས ་བས་འཇིགས་པར་མི་འགྱུར་ཞིང། །ཧེ་རུ་ཀ་ནི་རྗེས་དྲན་བྱ། །ཧེ་རུ་ཀ་ནི་འཇིགས་རུང་བཤད། །ཚངས་པའི་ཡུལ་ས་ཟ་བྱེད་བརྩོན། །དྲག་པོ་ཆེན་པོ་ལྗགས་བསྐྱོད་པ། །འགྲོ་བ་ཀུན་ཏུ་སྡུད་པ་པོ། །ཧ་ཧ་ཞེས་ནི་སྒྲོགས་བཞད་པ། །འཇིགས་བྱེད་ཇི་བཞིན་འཇིགས ་རུང་བ། །རྒྱ་མཚོའི་གླིང་གི་མེ་ལྟར་འབར། །ཉི་མ་བཅུ་གཉིས་དང་མཚུངས་འོད། །དཔའ་བོ་དབང་ཕྱུག་གཟུགས་ཅན་པ། །ཁམས་གསུམ་དག་ནི་གཡོ་མཛད་པ། །སྒོམ་པའི་བདག་ལྡན་དེ་ཡིས་གཟུགས། །སྒྲུབ་པ་པོས་ནི་དབང་པོ་བསམ། །ལངས་པར་གྱུར ་ནས་རོ་ལངས་ཏེ། །སྒྲུབ་པ་པོ་ལ་འདི་སྐད་སྨྲས། །དཔལ་ཆེན་བདག་གིས་ཅི་ཞིག་བགྱི། །རྡོ་རྗེ་ཅན་མཆོག་བཀའ་སྩལ་ཅིག་།རལ་གྲི་མིག་སྨན་ས་འོག་དང། །མཁའ་སྤྱོད་ཕབ་པར་བྱ་བ་དག་།ཇི་ལྟར་བསྒྲུབ་པར་འདོད་བཞིན་བུ། །ལས་དེ་རབ་ཏུ་སྒྲུབ་པར ་བྱེད། །ཡིད་ལ་འདོད་པའི་ལས་གང་ཡིན། །སྒྲུབ་པ་པོས་ནི་དེ་ལ་བརྗོད། །དེ་དག་ཐམས་ཅད་སྒྲུབ་པར་བྱེད། །པདྨ་རྒྱ་ཆེན་མཱ་མ་ཀཱི། ད་ནས་དེ་ཡི་ཁ་ལས་ནི། །འདས་དང་མ་འོངས་སོགས་ཤེས་བྱ། །རྒྱལ་པོ་ལ་སོགས་ཚེ་ཚད་དང། །བདག་ཉིད་ཀྱི་ཡང ་དེ་ལས་ཡིན། །ཤ་ཆེན་རྒུན་ཆང་ཟང་ཟིང་དང། །སྐྱེ་བ་བདུན་པ་ལས་བྱུང་བ། །ཤ་ནི་ཆེན་པོ་དག་གིས་ཀྱང། དེ་ནས་དེ་ལ་གཏོར་མ་སྦྱིན། །ཡང་ན་ལུས་ནི་མ་ཉམས་པར། །གཞོན་ནུའི་གཟུགས་ཅན་ཡོན་ཏན་ལྡན། །བ་ལ་ཁ་ན་མ་ཐོ་མེད། །རྙེད ་ནས་གཏོར་མའི་སྣོད་དུ་གཞུག་།བདུད་རྩི་དག་གིས་ཁ་བཀང་ནས། །ཧེ་རུ་ཀ་ཡི་གཟུགས་འཛིན་ཅིང། །སྔགས་པ་ཕྱག་རྒྱ་ལྔ་འཆང་བ། །རྡོ་རྗེ་དྲིལ་བུ་སྙེམས་བཅས་པས། །བཤང་གཅི་ཁྲག་ལྡན་བུད་མེད་གོས། །བདུད་རྩི་གུ་གུལ་གྱིས་ཐོད་པར ་རོ་བསྲེགས་མེ་ལ་སྤོས་བཏུལ་ཏེ། །སྒྲའི་མཆོད་པ་ཕྱིར་ལྡན་ཞིང། །དེ་བྱས་སོར་གཏུབ་དང་ལྡན་པས། །འབེབས་པར་བྱེད་པའི་མཆོག་འགྱུར་ཏེ། གསང་སྔགས་འདི་ནི་བརྗོད་པར་བྱ། །ོཾ་བྷཱུར་བྷུ་བ་སྭ། ཤྲཱི་ཧེ་རུ་ཀ་ཡ་བིད་མ་ཧེ། བིདྱ་རཱ་ཛ་ཡཱ་དྷི ་མ་ཧེ་སྭཱཧཱ་ཞེས་བྱ་བ་དེ་ཡིས་ཕབ་ནས་ནི། །མཁའ་སྤྱོད་ཕྱག་རྒྱ་བཅིངས་ནས་སུ། །བློ་གྲོས་ཆེན་པོས་རོ་ལངས་ལ། །ལག་པ་གཉིས་སུ་གཏོར་མ་སྦྱིན། །འདི་ནི་སྔགས་ནི་འདི་ཡིན་ཏེ། །ཧཱུཾ་བཛྲ་ཀ་ར་མུ་ཀ་ཡ་ན་མ(རྒྱུད་འགྲེལ་ས་མ་ཡཱ་ན་མ(རྒྱུད་འགྲེལ་དེ་ནི་རྣལ་འབྱོར་གྱིས་བཏེག་སྟེ། ཆེ་མཆོག་ལས་བྱུང་མཆོག་འཛིན་པས། །དཔྲལ་བ་རུ་ནི་བསྐོར་བྱས་ཏེ། སྤྱི་བོའི་གཙུག་ཏུ་བཟུང་བར་བྱས། །དེ་ནས་གར་བྱེད་ཕབ་བྱས་ནས། །ལྷ་མོའི་རྣལ་འབྱོར་གྱིས་གླུ་དག་།བླང་ཞིང་ཕྱག་རྒྱ་བརྒྱད་ཀྱིས ་ནི། །དེ་ཉིད་གསང་བ་ལ་སྦྱར་བྱ། །དེ་ལྟར་ཐམས་ཅད་བྱས་ནས་ནི། །གཏོར་མའི་ཆོ་ག་རབ་རྫོགས་ནས། །དེ་ནས་རོ་ལངས་དེ་ཡིད་ནི་མགུ་བར་རྟོགས་ནས་གུས་བཅས་པས། །དེ་ལ་རྣལ་འབྱོར་བདེ་མཆོག་གིས། །ཚིག་ནི་འདི་སྐད་བརྗོད་པར་བྱ།། ་ཁྱོད་ཀྱི་མགུལ་ནས་ཞགས་པ་གང། །དེ་ནི་གྲོགས་མཆོག་ང་ལ་བྱིན། །ཁ་ནས་བྱུང་བར་གྱུར་པ་ཡིན། །བེ་ནེ་འདི་ནི་ང་ལ་བྱིན། །དེ་ནས་ཞགས་པ་པེ་ནེ་དག་།དེ་ཡིས་དེ་ལ་སྟེར་བར་འགྱུར། །དེ་དག་བླངས་ནས་རྣལ་འབྱོར་པའི། །རྨད་ཆེན་ལས་ནི ་བྱེད་པར་འགྱུར། །ཞགས་པའི་ཐལ་བ་བླངས་ནས་ནི། །ཆུ་གྲང་ལྷན་ཅིག་འཐུང་བྱེད་གང། །བརྗེད་བྱེད་འཇིགས་པ་ཆེན་པོ་ལས། །དེ་ནི་སྐད་ཅིག་གིས་གྲོལ་འགྱུར། །བཙོང་པའི་དོན་དུ་གང་ཞིག་ལ། །སྔགས་པ་གང་གིས་པེ་ནེ་བྱིན། །དེ་ནི་ལག ་ཏུ་སླར་ལྡོག་པར། །འགྱུར་བ་རུ་ནི་ཐེ་ཚོམ་མེད། །དེ་ནས་བཏང་བར་བྱས་ནས་ནི། །རྣལ་འབྱོར་རང་གི་གནས་འགྲོ་བྱ། །སྨོན་ལམ་བཏབ་སྟེ་དགེ་བ་ཉིད། །ཡོངས་སུ་བསྔོས་ཏེ་བདེ་བར་གནས། །དེ་ནི་རྡོ་རྗེ་བདུད་རྩིའི་རྒྱུད་ལས་བཏུས་པའི་གཏོར་མའི ་ཆོ་གའོ།། །།དཔལ་ལྡན་གདན་བཞིའི་རྒྱུད་གསུངས་པའི། །ཆོ་གས་རྒྱས་པའི་ལས་ལ་ནི། །ཆུའི་ལས་བྱ་གཏེར་མའི་ལས། །དེ་ནས་ཡང་དག་བཤད་པར་བྱ། །ངོ་མཚར་གྱུར་པའི་ལྷ་ཐོས་ཏེ། །ཆུའི་སྦྱིན་སྲེག་ཇི་ལྟ་བུ། །དེ་ཉིད་ཆུའི ་སྦྱིན་སྲེག་གི་།མཚན་ཉིད་ཇི་ལྟར་ཤེས་པར་བགྱི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆུ་སོགས་མཚན་ཉིད་ཡང་དག་པ། །རྡོ་རྗེ་དེ་ཉིད་ཡང་དག་བྱིན། །བླ་རེ་དག་ནི་རྣམ་པར་བྲེས། །སྣ་ཚོགས་གོས་ནི་རབ་ཏུ་འཆང། །དེ་དག་གིས་ནི་ཀུན་ཏུ་བྱུགས། ་གྲུ་བཞི་ཤིན་ཏུ་རྒྱ་ཆེ་བ། །དབུས་སུ་སྣོད་ནི་དཀར་པོ་བཞག་།རྫས་ནི་དཀར་པོར་བྱུགས་པར་བྱ། །ཆུ་ནི་འོ་མ་དང་བསྲེས་ཤིང། །གཙང་མའི་ཆུ་ཡིས་ཡོངས་གང་བ། །དྲིའི་ཆུ་ཡིས་ཀུན་ཏུ་གང། །ལྕུག་མ་དག་གིས་རྒྱན་གྱུར་པ། །བུམ་པ་བརྒྱད་པོ་དག ་ཀྱང་ནི། །ཕྱོགས་བརྒྱད་དུ་ནི་བཞག་པར་བྱ། །སྐད་ཅིག་རྣམ་པས་བསྐྱེད་པ་ཡིས། །ཡེ་ཤེས་མཁའ་འགྲོ་བདག་ཉིད་ལ། །སྤོས་དང་མེ་ཏོག་དྲི་སོགས་ཀྱིས། །བདག་གིས་དངོས་པོ་མཆོད་པར་བྱ། །དེ་ནས་ཕྱི་རོལ་གནས་སུ་ནི། །ཆུ་ཡི་ལས་རྣམས་བྱ་བ་ཡིན། །ལག ་གཉིས་ཐལ་མོ་སྦྱར་བྱས་ནས། །པདྨའི་རྣམ་པར་བཟུང་བར་བྱ། །ོཾ་ཀ་མ་ལ་ཡེ་སྭཱཧཱ། །པདྨའི་སྔགས་དང་ཕྱག་རྒྱའོ། །ཆུའི་དབུས་སུ་པདྨ་ནི། །ཟླ་བའི་དཀྱིལ་འཁོར་བརྒྱན་པ་དགོད། །གདུགས་ནི་དཀར་པོ་གཡོགས་པ་ཡི། །ས་བོན་དབུས་སུ་བསྒོམ་པར་བྱ། །རང ་གི་དབྱུགས་ལས་བྱུང་གྱུར་པ། །ས་བོན་གྱིས་ནི་གཟུགས་བསྐྱེད་བྱ། །ཕྱག་གཉིས་སེམས་དཔའ་ཨི་སྐྱིལ་ཀྲུང་བཅས། །རྒྱན་ནི་ཐམས་ཅད་ཀྱིས་བརྒྱན་པ། །ཕྱག་ན་རྡོ་རྗེ་དབྱུག་པ་བསྣམས། །སྐུ་མདོག་དཀར་པོར་རབ་ཏུ་གྲགས། །བཞད་ཅིང་ཁྲོ་བོ་སྒེག་ལྡན ་པ། །རབ་ཏུ་མཛེས་པའི་གོས་ཀྱིས་བརྒྱན། །དམ་ཚིག་ཕྱག་རྒྱ་བསྟན་བྱ་ཞིང། །དམ་ཚིག་སྔགས་ནི་བརྗོད་པར་བྱ། །ལག་གཉིས་ཕན་ཚུན་ཁུ་ཚུར་བཅས། །མཛུབ་མོ་གཉིས་ནི་རབ་བརྐྱང་ཞིང། །བཀུག་ཅིང་མདུད་པ་བྱས་པ་ནི། །དམ་ཚིག་ཕྱག ་རྒྱར་རབ་ཏུ་བསྒྲགས། །ོཾ་ས་མ་ཡེ་ཏིཥྛ་ཧཱུཾ་ཕཊ། །དམ་ཚིག་སྔགས་དང་ཕྱག་རྒྱའོ། །ཤར་གྱི་བུམ་པར་ནོར་བུ་བཟང། །ལྷོ་རུ་གང་བ་བཟང་པོ་སྟེ། །ནོར་སྦྱིན་ནུབ་ཀྱི་བུམ་པར་རོ། །དེ་བཞིན་བྱང་དུ་རྣམ་ཐོས་སྲས། །རྣ་ཆ ་བཟང་པོ་དབང་ལྡན་དུ། །རྩེ་ལྡན་ཞེས་བྱ་མེ་ཕྱོགས་སུ། །བདེན་བྲལ་ཕྱོགས་སུ་ཕྲེང་ལྡན་ཉིད། །མུ་ཅོར་སྨྲ་བ་རླུང་ཕྱོགས་སུ། །ཡང་དང་ཡང་དུ་མངོན་བསྔགས་ནས། །ཛ་བྷ་ལ་ནི་དབུས་སུ་དགོད། །དེ་ནི་བུམ་པ་དགོད་པའོ། །ནོར་འདོད་པའི་རྣལ་འབྱོར་པས། ་དེ་ནས་ལག་པ་ལང་གོང་བྱ། །ལག་པ་དྲི་ཡིས་བྱུག་པ་ལ། །ནོར་བུ་བཟང་སོགས་ཡང་དག་དགོད། །ནོར་བུ་བཟང་པོ་མཛུབ་མོ་ལ། །གང་བ་བཟང་པོ་གུང་མོ་ལ། །ནོར་སྦྱིན་གནོད་སྦྱིན་སྲིན་ལག་ལ། །རྣམ་ཐོས་སྲས་ནི་མཐེའུ་ཆུང་ལ། །མཐེ་བོང ་ལ་ནི་རྣ་ཆ་བཟང། །འཁྲིག་མར་རྩེ་ལྡན་ཕྲེང་ཅན་དག་།ལག་པ་ཡི་ནི་ལག་ངར་ལ། །ཀུན་ཏུ་མུ་ཅོར་སྨྲ་དབང་ཕྱུག་།ཡང་དང་ཡང་དུ་མངོན་བསྔགས་ཏེ། །ཛི་བྷ་ལ་ནི་དབུས་སུ་དགོད། །ོཾ་ཛིུ?་པུཾ་པུཾ་ས་ཞེས་བྱ་བའི་ས་བོན་རྣམས་གུང་མོ་ནས ་བརྩམས་ཏེ་མཐེ་བོང་ལ་ཐུག་པ་ལ་དགོད་པར་བྱའོ། །དེ་ནས་སོ་སོའི་ཕྱག་མཚན་ནི། །དམ་ཚིག་ཕྱག་རྒྱ་བཞིན་དུ་བསྟན། །སྤོས་དང་མེ་ཏོག་ལ་སོགས་དྲིས། །མཁས་པ་ཡིས་ནི་མཆོད་པར་བྱ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། གཡོན་པ་སྙིང་གར ་བཞག་བྱ་ཞིང། །གཡས་པ་གོང་དུ་བཞག་བྱ་བ། །རྩའི་ཕྱག་རྒྱར་རབ་ཏུ་བསྒྲགས། །ོཾ་ན་མོ་རཏན་ཏྲ་ཡཱ་ཡ། །ོཾ་ཛཾ་ཧཱུཾ་སྭཱཧཱ། རྩ་བའི་སྔགས་སོ། །མེ་ཏོག་དཀར་པོ་ཀུན་ད་སོགས། །དུར་བ་བདུན་དུ་དབུལ་བར་བྱ། །སྦྱོར་བ་བརྒྱ་རྩ་བརྒྱད་པ་ནི། །མཁས ་པས་མགོ་བོའི་སྟེང་དུ་བླུགས། །སྦྱོར་བ་རེ་རེ་ཞིང་ནི་བླུགས། །ལན་ཅིག་བརྗོད་ནས་དབུལ་བར་བྱ། །ཁྲི་ཕྲག་གཅིག་གིས་དེའི་ལན། །ཐམས་ཅད་དག་ནི་འགྲུབ་པར་འགྱུར། །མེ་ཏོག་ཀ་ར་བི་ར་སོགས། །མེ་ཏོག་ཁ་དོག་དཀར་པོ་རུང། །ཁྱོར་བའི?་ཕྲག ་གཅིག་ཕུལ་ན། །ཁྱིམ་ནི་ཞི་བར་བྱས་པར་འགྱུར། །ཡང་ཞིང་ནཱ་ག་པུས་པ་དག་།འེ་མ་དང་བསྲེས་དབུལ་བྱ་ཞིང། །ཁྱོར་ཨིབ་ཁྲི་ཕྲག་གཅིག་པུལ་ན། །དེ་བཞིན་གྲོང་ནི་ཞི་བར་འགྱུར། །ལས་རྣམས་ཀུན་ལ་སྦྱར་བྱ་ཞིང། །པདྨ་རྣམ་པ་སྣ་ཚོགས་པ། །ཁྲི་ཕྲག་ཕུལ ་ར་ཙམ་གྱིས་ནི། །ཡུལ་ནི་ཞི་བར་བྱས་པར་འགྱུར། །པྲི་ཡང་ཀུ་དང་བིལ་བ་དང། ཨུཏཔལ་དང་ཀུ་མུ་ད། །རྒྱལ་པོའི་སྐྱོན་ལ་སྦྱར་བྱས་ན། །ཕ་རོལ་ཡུལ་འཁོར་འཇིག་པར་འགྱུར། །གང་ཞིག་ནང་པར་བརྒྱ་རྩ་བརྒྱད། །ཆུ་ལ་གཏོར་མ་སྦྱིན་བྱེད་པ། །སྔགས་པ་དེ་ལ ་ཡིད་འོང་བའི། །ནོར་དག་རྒྱས་པར་གྱུར་བ་ཡིན། །དེ་ནས་སྔ་མ་བཞིན་དུ་གསེར་ལ་སོགས་པ་ལས་བྱས་པའི་སྣོད་དགུ་ཆུ་དྲི་ཞིམ་པོས་གང་བར་བྱས་ཏེ་དེའི་ནང་དུ་འབྲུ་དང་རིན་པོ་ཆེ་དང་སྨན་དང་དེ་བཞིན་དུ་བའི་འོ་མ་བཅུག་ལ། །མེ་ཏོག་དང་སྤོས་ལ་སོགས་པའི ་མཆོད་པ་རྣམ་པ་ལྔས་ཡང་དག་པར་མཆེད་དེ། སྔར་བཤད་པའི་ཕྱག་རྒྱས་ཀྱང་མངོན་པར་རྒྱས་བཏབ་ནས་དྲིལ་བུ་དཀྲོལ་བ་སྔོན་དུ་འགྲེ་བས་སྔགས་འདི་བརྗོད་པར་བྱའོ། །ོཾ་ཛཾ་བྷ་ལ་ཛ་ལེན་དྲ་ཡ་སྭཱཧཱ། ཇི་སྲིད་ཨོཾ་མུ་ཁེ་ཤྭ་རཱ་ཡ་སྭཱཧཱ་ཞེས་བྱ་བ་ལ་ཐུག་པའི ་སྔགས་དགུ་བརྗོད་ལ་སྤྱན་དྲང་སྟེ། །དེ་རྣམས་མངོན་སུམ་དུ་གྱུར་པར་བལྟས་ལ་གཏོར་མ་སྦྱིན་པའི་ཕྱིར་ཡང་སྔགས་འདི་བརྗོད་པར་བྱའོ། །ོཾ་ན་མོ་བྷ་ག་བ་ཏེ་ཛཾ་བྷ་ལ་ཛ་ལེན་དྲཱ་ཡ་མཧཱ་ཡཀྵ་སེ་ནཱ་བ་ཏ་ཡེ། །ི་མཾ་བ་ལིཾ་པྲ་ཏཱིཙྪ་ས་མ་ཡ་མ་མུ ་སྨ་ར་ཧཱུཾ་བཛྲ་ཛ་ཕཊ་སྭཱཧཱ། མཱ་མ་ཧི་རན་ཎུ་སུ་བརྞ་མ་ཎི་མུག་ཏ་རཏན་ཧེ་མ་ནི་དྷ་ནི་དེ་ཧེ་མཾ། ཛཾ་གྷན་ཏུ། པི་བན་ཧུ། བ་དན་དུ། མ་མ་ཤཱན་ཏི་པུཥྚིཾ་ཀུ་རུ་བཛྲ་དྷ་རི་ཀ་པ་ལི་པྲ་ཏཱིཙྪ་ས་མ་ཡ་མ་ནུ་སྨྲ?་ར་ཛཾ་ཛཾ་ཛཾ་ཛཾ་ཧཱུཾ་ཛཱུཾ་ཛཱི་ཛ་ཕཊ་སྭཱཧཱ་ཞེས་བྱ་བ ་བརྗོད་ལ་དྲག་ཏུ་འབྲུག་པའི་ཆུ་བོ་ལ་དོར་བར་བྱའོ། །དེ་ནས་གཏོར་མ་བསྒྲུབ་པ་དང། །དེའི་བདག་རྡོ་རྗེ་གནོད་སྦྱིན་དང། །བུ་སྟེ་རྣམ་ཐོས་སྲས་ཀྱི་ནི། །དེ་བས་གཞན་ཡང་རབ་བཤད་བྱ། །རེ་ཞིག་དང་པོར་རང་གི་ཁྱིམ་མམ། །ལྷ་ཁང་ངམ ་མཆོད་རྟེན་གྱི་གནས་སམ་ལྷའི་ཁང་པ་འམ། གང་ཡང་རུང་བར་གནས་པས་ཉིན་ཞག་རྟག་ཏུ་བྱ་བའི་རིམ་པས་གཏོར་མའང་བྱའོ། བཟའ་བའི་བྱ་བའི་དང་པོར་ཡི་གེ་དང་པོ་ཡོངས་སུ་གྱུར་པ་ལས་གནོད་སྦྱིན་མ་ཆེན་པོ་འཕྲོག ་མ་གདོང་ཅིག་པ་ལག་པ་གཉིས་པ་ཁའི་ནད་མཆེ་བ་གཙིགས་པས་འཇིགས་སུ་རུང་བ་ཁ་ན་ལྕེ་འདྲིལ་བ། རྐེད་པའི་ཆ་མའི་པགས་པས་གཡོགས་པ། ལག་པ་གཡོན་པས་མིའི་མགོ་བོ་བཟུང་བ་གཡས་ན་ངོ་མཚར་གྱི་ཕྱག་རྒྱ་འཛིན་པ། གར་གྱི ་འགྱིང་ཚུལ་བྱས་པ་སྣ་ཚོགས་མདོག་ཅན་རྣམ་པར་བསྒོམས་ལ། །དེ་བཞིན་དུ་དེའི་བདག་པོ་རྡོ་རྗེ་གནོད་སྦྱིན་དེ་ཁོ་ན་བཞིན་དུ་བྱུང་བ་སྟེ། འོན་ཀྱང་གཅེར་བུ་སྐྲ་བཤིག་པ་རྣམ་པར་བསྒོམས་ཏེ། རེ་བཞིན་དུ་དེའི་བུ་རྣམ་ཐོས་སྲས་ཡི་གེ་དང་པོ ་ལས་བྱུང་བ་མདོག་དམར་པོ་ལག་པ་གཉིས་པ་གདོང་གཅིག་པ་མཆེ་བ་གཙིགས་པའི་གདོང་ཅན་སེང་གེ་ལ་ཞོན་པ་གཡོན་སེང་གེའི་རྒྱལ་མཚན་ཐོགས་པ་གཡས་ན་རིན་པོ་ཆེའི་གཏེར་ཐོགས་པ། རུང་གི་གཏེར་དང། པདྨའི་གཏེར ་གཉིས་ཀྱིས་སྒེག་བ་དང་བཅེས་པའི་གཡོན་དང་གཡས་པ་ན་ཐོགས་པའི་རྔ་ཡབ་དཀར་པོ་གཡོན་པར་ཡང་རྣམ་པར་བསྒོམས་ལ། །དེ་ནས་དེ་རྣམས་བོད་བའི་ཕྱིར་ཨུཏཔ་ལའི་ཕྱག་རྒྱ་བཅིང་བར་བྱའོ། །འདིར་སྔགས་ནི་ཨོཾ་ཨེ་ཧཡེ་ཧི་?་ཏེ ་ཡཱ་བ་ཤཱུ་པུ་ཏྲ་ཤ་ཏ་པ་རི་བཱ་རེ་བཛྲ་ཡཀྵ་པྲི་ཡེ་ཨ་སྨིན་སན་ནི་ཧི་ཏོ་བྷ་བ་སྭཱཧཱ། བོད་པའི་སྔགས་སོ། །དེ་ནས་ཟས་ཀྱི་སྣོད་ནས་འབྲས་ཆན་གྱི་ཆང་བུ་གསུམ་བྱས་ཏེ་ས་ལ་གཞག་པར་བྱའོ། །ཆང་དང་ཤ་ལ་སོགས་པ་ཇི་ལྟར་རྙེད་པར་ཅུང་ཟད་ཙམ ་བྱིན་ལ་སྔགས་བརྗོད་པར་བྱའོ། །ོཾ་ཧ་རི་ཏྱ་མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་ཧ་ར་ཧ་ར། སརྦ་པ་པ་པི་ནི་ཀྵིཾ་སརྦ་ཡཀྵ་ནི་པྲ་བེ་ཤ་ཏ་པ་རི་པཱ་རཱ་ཨི་མཾ་བ་ལིཾ་གྲིཧྞ་གྲཧྞ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་བཛྲ་ཡཀྵ་རུ་དྲ་ཕཊ་སྭཱཧཱ། ཨོཾ་པེ་ཤྲ་བ་ཎཱ་ཡེ་སྭཱཧཱ་ཞེས་བྱ་བའི་སྔགས ་བརྗོད་ལ་ཆུའི་སྣོད་དུ་བཅུག་སྟེ་དཔེན་པར་གཞག་པར་བྱའོ། །དེ་ནི་རྟག་པར་བྱ་བའི་གཏོར་མའི་ཆོ་གའོ། །མཁས་སྤྱོད་གཏོར་མའི་རིམ་པ་ནི། །ཆོ་ག་རབ་གསལ་ལ་བརྟེན་ནས། །རྣལ་འབྱོར་མ་རྒྱུད་རྗེས་འབྲངས་ནས། །དེ་ནས་གཞན་ཡང་རབ་བཤད་བྱ།། ་གཏོར་མའི་ལས་ལ་བྱ་རྣམས་ལས། །བྱ་རོག་གི་ནི་རིགས་རྣམས་བསྔགས། །འདི་ལྟར་དེ་དག་མཁས་རྣམས་ཀྱིས། །གཏོར་ཟན་ཉིད་དུ་བཤད་པ་ཡིན། །སྔགས་པས་བཟའ་བའི་སྔོན་རོལ་ཏུ། །དུར་ཁྲོད་ཆེན་པོར་སོང་ནས་ནི། །བྱ་རོག་ལྷའི་བདག ་ཉིད་ཅན། །ཚིམ་ཕྱིར་དེ་རུ་གཏོར་མ་བྱ། །མངོན་བརྗོད་བླ་མའི་རིམ་པ་བཞིན། །དེ་རུ་དཀྱིལ་འཁོར་བསམ་པར་བྱ། །གེ་སར་ལྟེ་བ་དང་ལྡན་པའི། །པདྨ་འདབ་མ་བརྒྱད་པ་བསམ། །དེའི་དབུས་སུ་ལྷ་མོ་དགོད། །དྲག་པོའི་གཟུགས་ཅན་མདངས་ཅན་མ། ་ཞལ་གཅིག་ཕྱག་ནི་བཞི་བ་སྟེ། ཐོད་པ་ཁ་ཌཱ་ག་ཡིས་བརྒྱན། །ཕྱག་ན་གྲི་གུག་མགོ་བསྣམས་ཉིད། །ལྟེ་བའི་དབུས་སུ་བསྒོམ་པར་བྱ། །སྤྱན་གསུམ་སྨིན་མ་ཁམ་ལྡན་པ། །རོལ་པའི་འདུག་སྟངས་གར་དང་ལྡན། །སྒེག་པ་ལ་སོགས་རོ་ལྡན་པ། །གར ་གྱི་སྦྱོར་ལྡན་བསྒོམ་པར་བྱ། །ཁྲོ་བོའི་རྒྱལ་པོ་སྟོབས་ཆེན་རྣམས། །ཕྱག་རྣམས་ཀུན་ན་ཐོ་སོགས་བསྣམས། །མི་སྡུག་དྲག་པོ་འཇིགས་རུང་བ། །འདབ་མ་བརྒྱད་ལ་རྣམ་དགོད་བྱ། །དེ་ནས་རང་རང་སྔགས་རྣམས་དང། སྤྲོ་དང་བསྡུ་བ་བྱེད་པ་ཡིན ་མཁས་སྤྱོད་ཕྱག་རྒྱ་བཅིངས་ནས་ནི། །དེ་ནས་ཀུན་ཏུ་སྤྱན་དྲང་བྱ། །སྤོས་དང་མེ་ཏོག་མར་མེ་དང། དྲི་དང་ལྷ་བཤོས་ལྔ་རྣམས་དང། མཆོད་ཡོན་ཞབས་བསིལ་རིམ་གྱིས་ནི། །དཀྱིལ་འཁོར་མཆོག་ནི་མཆོད་པར་བྱ། །ཁྭའི་གདོང་ཅན་མཁའ་ ་འགྲོ་མར། །བདག་ཉིད་ཀྱང་ནི་བསམ་པར་བྱ། །ཇི་ལྟར་དཀྱིལ་འཁོར་འཁོར་ལོ་བཞིན། །འཁོར་རྣམས་བརྒྱད་པོ་བསམ་པར་བྱ། །དེ་ནས་ཤིང་རྩེ་ལ་གནས་པའི། །བྱ་རོག་ཚོགས་རྣམས་གུས་བཅས་པས། །ཁ་གདོར་ཆ་བྱད་གཟུགས་ཅན་དག་། ་རིམ་པ་ལ་ནི་བརྟན་ནས་བསྒོམ། །དེ་ནས་དེའི་སྔགས་ཀྱིས་ནི། །དེ་རྣམས་ཀྱང་ནི་སྤྱན་དྲང་བྱ། །རྣལ་འབྱོར་པས་ནི་སྤྱན་དྲངས་ནས། །དེ་རྣམས་ལ་ནི་གཏོར་མ་དབུལ། །ཞོ་དང་འབྲས་ཆན་ཡིད་འོང་བས། །སྣོད་ནི་རབ་ཏུ་གང་བྱས ་ནས། །བློ་ལྡན་གྱིས་ནི་ཆང་གུ་དགུས། །གཉིས་པ་ཡང་ནི་དགང་བར་བྱ། །མཆོད་ཡོན་མེ་ཏོག་སོགས་རྣམས་ཀྱིས། །སྔར་བཞིན་སྣོད་གཉིས་མཆོད་པར་བྱ། །དེ་ནས་རྣལ་འབྱོར་མཉམ་གཞག་པ། །ཁྭའི་གདོང་ཅན་གཟུགས་འཛིན་ཅིང། །དཔའ་བོ་སེམས ་ལྡན་རྩེ་བདག་གིས། །གཏོར་མའི་སྔགས་ནི་བརྗོད་པར་བྱ། །དེ་ནས་ཐུགས་ཀྱི་འཁོར་ལོ་གནས། །མཁས་སྤྱོད་མའི་ཚོགས་ཇི་སྙེད། །འོལ་བ་བྱ་རོག་གཟུགས་ཉིད་དུ། །དེ་དག་ཐམས་ཅད་དེར་འོང་འགྱུར། །ཕྱོགས་བཅུའི་འཇིག་རྟེན ་ཁམས་གནས་པའི། །མཁའ་སྤྱོད་ངག་ནི་ཅི་འདྲ་དང། ཇི་སྙེད་ཡོད་པ་དེ་དག་ཀུན། །བྱ་རོག་རྣམ་པར་དེ་གནས་འགྱུར། ཨོཾ་ན་མ་ཤྲཱི་བཛྲ་ཌཱ་ཀཱ་ཡ་ཨོཾ་ཀཱ་ཀཱ་སྱེ་ཧཱུཾ་ཧཱུཾ་ཕཊ། དེ་ཡིས་རབ་ཏུ་གང་པའི་སྣོད། །སྙིང་གར་རབ་ཏུ་བསྐོར་བྱས་ནས། །དེ ་ནས་མདུན་སྦྱིན་རྣལ་འབྱོར་པས། །དེ་རུ་མཚན་མ་བརྟག་པར་བྱ། །དེས་ནི་ས་རབ་གཡོ་བར་འགྱུར། །ཕྱོགས་རྣམས་ལས་ནི་འབྲུག་སྒྲ་འབྱུང། །གླ་རྩེ་མཚོ་སྐྱེས་དག་དང་ནི། །དྲི་བསྲུང་ཡིད་དུ་འོང་བ་འང་འབྱུང། །དེ་ཡིས་སླར་ཡང་ཚིམ་བྱ་ཞིང། ། ་སེ་གོལ་བཅུ་པོ་དག་གིས་ནི། །ཕྱོགས་བཅུ་བཅིངས་པ་སྔོན་འགྲོ་བས། །སྡོམ་བརྩོན་གྱིས་ནི་སྔགས་འདི་བརྗོད། །ོཾ་བཛྲ་ཌཱཾ་ཀི་ནྱ་ཁེ་ཙ་རི་རུ་ཀ་ཀཱ་པ་ས་ཡ་རྩེ་ལ་ལ་ག་རུ་ཌ་ཨི་མཾ་བ་ལིཾ་གྲིཧྞ་ཏུ་ས་མ་ཡ་རཀྵནྟ། །ཡ་ཐེ་ཥྚཾ་སརྦ་སིད་དྷི་པྲ་ཡ ་ཙྪནྟུ་ཧཱུཾ་ཧཱུཾ་སྭཱཧཱ། དེ་ནས་ཤིང་གཅིག་དྲུང་དུ་ནི། །གཏོར་མ་ཆེན་པོ་དེར་དོར་ནས། །སྔར་བཞིན་གཤེགས་སུ་གསོལ་བྱས་ཏེ། །བསྟོད་པའི་ཚིགས་བཅད་འདི་རྣམས་བརྗོད། །ཀུན་ཏུ་རྟོག་པའི་འཆིར་བ་བཅད། །འཇིག་རྟེན་བྱ་བ་གྲུབ་བྱེད་པའི ་ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །དེ་སྙེད་རྣམས་ལ་རྟག་ཕྱག་འཚལ། །མཁའ་འགྲོ་མའི་འཁོར་ལོ་སྒྱུར། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་པ། །འགྲོ་བ་སྐྱོབ། །མཛད་དཔལ་ལྡན་པའི། །རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་ལོ། །དེ་ནི་མཁའ་སྤྱོད་མའི་གཟུགས་ཅན ་གྱི་བྱ་རོག་གི་གཏོར་མའི་ཆོ་གའོ། །གང་གིས་ས་སྦྱོང་ཚོགས་དག་ནི། །མཆོག་ཏུ་ཚིམ་པར་འགྱུར་བ་ཡི། །ཕྱིའི་གཏོར་མའི་རིམ་པ་ནི། །དེ་ནས་གཞན་ཡང་རབ་བཤད་བྱ། །དགོན་པ་ཆེན་པོའི་རྣལ་འབྱོར་ཆེས། །དཀྱིལ་འཁོར་ཆེན་པོ་བསམ ་བར་བྱ། །སྔར་བཞིན་འདབ་བརྒྱད་དག་གིས་ནི། །ཡོངས་སུ་མཛེས་བྱས་པདྨ་ནི། །དེ་དབུས་ལྷ་མོ་ཁྱི་གདོང་ཅན། །སྔ་མ་བཞིན་དུ་བསམས་ནས་ནི། །རྣལ་འབྱོར་དབང་ཕྱུག་བདག་ཉིད་ཀྱང། །དེ་བཞིན་ཁོ་ནར་རྣམ་པར་བསམ། །དེ་ནས་མཆོད་པ་རྣམ་ལྔ་ཡང ་ཆོ་ག་ཇི་བཞིན་མཆོད་པས་ནས། །འབྲས་ཆན་ཤ་དང་ཁྲག་རྣམས་ཀྱིས། །གཏོར་མའི་སྣོད་ནི་རབ་དགང་བྱ། །གཏོར་སྣོད་ཡང་དག་མཆོད་བྱས་ནས། །ཕྱོགས་བཅིང་བར་ནི་རབ་བྱས་ནས། །ཕྱག་རྒྱ་བཅིངས་ཏེ་བཟླས་བྱས་ལ། །དེ་ཡིས་སྤྱན་དྲང ་ཉིད་ཀྱང་བྱ། །ོཾ་ཨ་ཡན། ཏྲ་ཡན་ཏུ་ཌཱ་ཀི་ནྱ་ཤ་ན་ཝ་ག་ཏྲ་མ་ཧོ་གྲ་བྷཱིཾ་མ་ཝ་པུ་ཥ་ཨི་མཾ་པ་ལིཾ་བྷུཉྫ། ཛི་གྲ་ཐ་བི་པ་ཐ་གྲིཧྞ་ཏྭ་ཨསྨ་ཀཾ་པུ་ཥྚི་ཀུ་རུ་ས་མ་ཡམ་ནུ་སྨ་ར་ཨ(རྒྱུད་འགྲེལ་ཁྱིའི་གཟུགས་ཅན། །ཁྱི་གདོངས་སྤྱོད་འཁོར་ལོ་དང། །གཏོར་མ་བཟའ་ཕྱིར་མདུན་འོང་འགྱུར། །དེ་རྣམས་ཚིམ་པར་བྱས་ནས་ནི། །སྨོན་ལམ་བཏོབ་ནས་གཤེགས་གསོལ་ཏེ། །ཤིན་ཏུ་མཉམ་གཞག་བསྒྲུབ་པ་པོ། །ཅི་འདོད་གཟུགས ་ཀྱི་གནས་པར་བྱ། །ཡང་ན་ཆོ་ག་གཞན་གྱིས་ནི། །ཇི་ལྟར་འཇིག་རྟེན་ཐམས་ཅད་ལ། །འབྲས་བུ་བདེ་འགྲོ་སྟེར་འགྱུར་བ། །ཁྱི་རྣམས་ལ་ནི་གཏོར་མ་སྦྱིན། མངོན་པར་འདོད་པའི་དོན་སྒྲུབ་ཕྱིར། །འཕོ་ཞག་གཉིས་ལ་རྟེན་ནས་ནི། །བཟའ་བའི ་སྔོན་དུ་གུས་བཅས་པས། །ཁྱི་རྣམས་ལ་ནི་གཏོར་མ་སྦྱིན། །ཕྱི་དྲོ་ཁང་པའི་སྒོ་ཁང་དུ། །ཆོན་རྩི་དཀར་པོས་དཀྱིལ་འཁོར་ནི། །གྲུ་བཞི་ཤིན་ཏུ་མཛེས་འགྱུར་བ། །རི་མོ་བརྒྱད་པར་རབ་ཏུ་བྱ། །ཁམ་ཕོར་འབྲས་ཆན་དག་དང ་གཞན། །ཆད་མ་ཡིད་འོང་དེ་བཞིན་དུ། །ལྷའི་ཡོ་བྱད་རྣམས་ཀྱིས་བཀང། །ས་ལས་བྱས་པ་དེར་བཞག་བྱ། །གཉིས་པ་ཆང་གིས་ཀུན་ཏུ་དགང། །སྣོད་ནི་དེའི་འགྲམ་དུ་བཞག་།གསུམ་པ་སྤོས་དང་མེ་ཏོག་སོགས། །སྣོད་ནི་གཡས་ཀྱི་འགྲམ་དུའོ། ། ་དེ་ནས་ཁྱི་ནི་བོས་ནས་སུ། །དཀྱིལ་འཁོར་མདུན་དུ་བཞག་པར་བྱ། །ཁྱི་གདོང་རྩ་བའི་སྔགས་ཀྱིས་ནི། །དེ་ལ་བསང་གཏོར་ཀུན་ཏུ་བྱ། །དེ་ལ་མེ་ཏོག་སྔགས་སོགས་ཀྱིས། །གོ་རིམས་བཞིན་དུ་མཆོད་པར་བྱ། །དེ་ནས་སྔགས་ནི་འདི་དག་གིས།། ་གཏོར་མ་མདུན་དུ་སྦྱིན་པར་བྱ། །ོཾ་ཤྭ་ན་སྱེ་བྷུ་ཙ་རི་ཡེ་ཨི་མི་བ་ལི་གྲིཧྞ་གྲིཧྞ་ཧཱུཾ་ཧཱུཾ་ཕཊ། ཏྲི་སྲིད་མདུན་དུ་ཁྱི་གཏོར་ཟ། །དེ་ནས་བཟླས་པ་རབ་ཏུ་བྱ། །ཟོས་པ་ཡི་ནི་ཐ་མ་རུ། །སྔར་བཞིན་རབ་ཏུ་བཏང་བར་བྱ། །གཏོར་མ་འདི་ནི་ཉིན་རེ་བཞིན།། ་གལ་ཏེ་སྔགས་པས་བྱས་ན་ནི། །ཐམས་ཅད་འགྲུབ་པར་འགྱུར་བ་ཡིན། ཚོགས་པ་མེད་ན་སྔར་བཤད་པའི། །རིམ་པ་ཉིད་ལ་བརྟོན་པར་བྱ། །ཡང་ན་ཟླ་བ་རེ་རེ་ཞིང། །ཡར་གྱི་ངོ་ཡི་བཅུ་གཉིས་ལ། །དེ་ནི་ས་སྤྱོད་མའི་གཟུགས་ཅན་གྱི་ཁྱིའི ་གཏོར་མའི་ཆོ་གའོ། །གང་གིས་སའི་གསེར་འཛུགས་པ། །རྣལ་འབྱོར་པས་ནི་འགྲུབ་འགྱུར་བ། །ས་འོག་གནས་པའི་གཏོར་མའི་ལས། །དེ་ནས་ང་ཡིས་གཤད་པར་བྱ། །བསོད་ནམས་འབྲས་ཆེན་ཐོབ་བྱའི་ཕྱིར། །ཉིན་རེ་ཞིང་ངམ་བཅོ་ལྔ ་འམ། །བཅུ་གཉིས་བར་གྱི་གཏོར་མའི་ལས། །འདི་ནི་རྣལ་འབྱོར་དབང་པོ་བྱ། །ཆུ་བོ་འམ་རྒྱ་མཚོའི་ཆུ་འགྲམ་དུ། །ས་འོག་གནས་པའི་སེམས་ཅན་རྣམས། །ཚིམ་པར་བྱ་ཕྱིར་རྡུལ་ཚོན་གྱིས། །དཀྱིལ་འཁོར་དག་ནི་ཆེན་པོ་བྱ། གཽ་རི་ནག ་མོ་ཕྱག་གཉིས་པ། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །ཉ་དང་གྲི་གུག་བསྣམས་པ་མཆོག། །ཉའི་གདན་ཅན་ཉ་གསོལ་བ། །ཉའི་རྒྱན་དག་གིས་བརྒྱན་པ། །དཀྱིལ་འཁོར་དབུས་སུ་དགོད་པར་བྱ། །འདབ་མ་གཞན་ལ་སྔ་མ་བཞིན། གང་གྱི་འགྱིང་ཚུལ ་ལ་བརྩོན་པ། །ཧ་ཧ་ཧི་ཧི་ཞེས་སྒྲོགས་འཇིགས། །ཁྲོ་བོའི་གཟུགས་དག་རྣམ་པར་དགོད། །དེ་ནས་དཀྱིལ་འཁོར་དེ་ཉིད་ནི། །སྤོས་དང་མེ་ཏོག་ལྷ་བཤོས་སོགས། །དྲི་ཡིས་ཆོ་ག་བཞིན་མཆོད་ནས། །གཏོར་མའི་ལས་ནི་ཡང་དག་བྱ། །གཽ་རིའི་གཟུགས་འཛིན ་རྣལ་འབྱོར་པ། །སེམས་དཔའ་གསུམ་དག་སྐུ་འཛིན་པས། །སྐད་ཅིག་གིས་ནི་སྔར་བརྗོད་ནས། །གཅིག་ཅར་དུ་ནི་ཕྱོགས་བཅིང་བྱ། །སྐད་ཅིག་དུ་ནི་བསྒོམ་པར་བྱ། །དེ་ནི་དབང་རྣོན་རིམ་པའོ། །དེ་ནས་ཡི་གེ་ཐ་ལས་བྱུང། །ཉ་རྣམས་ཁྱབ་འཇུག་གཟུགས་ཅན ་དུ། །རྣམ་པར་བསམས་ནས་བསྒྲུབས་པ་པོས། །དེ་རྣམས་སྔགས་ཀྱིས་བོང་པར་བྱ། །ོཾ་ཨེ་ཧཡ་ཧི་མ་ཧཱི་བ་ལ་བི་ཏྱ་པ་ར་ཀྲ་མ། །མཧཱ་ཡོ་ཛ་ན་ས་ཧཱ་སྲ་པྲ་ལཾ་བ་ཝ་བུ་ཤཱ། །ཏི་ལི་ཏི་མི་གི་ལི། མ་ཧཱ་ཏ་མི་གིཾ་ལི་པྲ་བྷི་ཏ་ཡོ། །མཧཱ་མི་ན་ཨ་དྷི་པ་ཏ་ཡེ། ཨཏྲས་ནི་ཧ་ཏཻ་བྷོ་བནྟུ། མ་མ ་ཨ་བྷི། པྲེ་ཏཱརྠ་སིདྡྷི་མ་བི་ཏ་རནྟུ་སྭཱཧཱ། དེ་ནས་དེ་རྣམས་བོད་བྱས་ནས། །ཁ་ར་ཁན་དྷ་འབྲས་ཆན་ཕྱེ། །ལ་དུ་གློ་ཁ་ས་སོགས་ཀྱིས། །གཏོར་མའི་སྣོད་ནི་རབ་ཏུ་དགང། །ཆུ་ནི་གཙང་མ་དྲི་ཞིམ་པོ། །སྲོག་ཆགས་དག་ནི་རྣམས་སྤངས་པ། །ཁྱབ་འཇུག ་གིས་ནི་ཆང་སང་ཕྱིར། །ཆང་མ་གཏོགས་པ་སྦྱིན་པར་བྱ། །མཆོད་ཡོན་ཞབས་བསིལ་མཆོད་ནང་དུ། །བྱིན་ནས་མེ་ཏོག་ལ་སོགས་གཞུག་།བྱིན་ནས་སྔགས་ནི་འདི་ཉིད་ཀྱིས། །གཏོར་མའི་སྣོད་ནི་དོར་བར་བྱ། །ོཾ་ཨ་ཨཱ་ཨི་ཨའི་ཨུ་ཨའུ། རི་རཱི། ་ལི་ལཱི་ཨེ་ཨི་ཨོ་ཨཽ་ཨཾ་ཨ(རྒྱུད་འགྲེལ་མའི་ཆོགས། །དངོས་གྲུབ་ཡིད་འོང་སྟེར་བར་འགྱུར། །འདོད་ཆགས་བྲལ་བསྟོང་ཕྲག་ལ། །ཉིན་རེ་གསང་བ་མཆོག་ཕུལ་ལས། །བྱུང་བའི་བསོད་ནམས་གང་ཡིན་ཏེ། ཉ་རྣམས་ཚིམ་པར་བྱས་ལས་འབྱུང། །རང་རྒྱལ་གྱི་ནི་དགེ ་འདུན་ལ། །བསོད་སྙོམས་ཕུལ་ལས་དགེ་གང་འབྱུང། །ཉ་རྣམས་ཚིམ་པར་བྱས་པ་ལས། །བསོད་ནམས་དེ་ནི་ཐོབ་པར་འགྱུར། །དེ་ནི་ས་འོག་ན་གནས་པའི་གཟུགས་ཅན་གྱི་ཉའི་གཏོར་མའི་ཆོ་གའོ།། །།གང་གིས་སྤྱོད ་ལམ་རྣམ་བཞི་རུ་རྣལ་འབྱོར་པ་ཡིས་འགྲུབ་འགྱུར་བ། །ཕྱོགས་སྤྱོད་གཏོར་མ་བསྒྲུབ་བ་ནི། །དེ་ནས་གཞན་ཡང་རབ་བཤད་བྱ། །རབ་ཏུ་གྲགས་པའི་བཞི་མདོ་རུ། །རྒྱལ་པོའི་སྐྱེད་མོས་ཚལ་བརྟེན་ནས། །རྡུལ་ཚོན་ཁ་དོག་ལྔ་པ་ཡིས། །དེ་རུ ་དཀྱིལ་འཁོར་བྲི་བར་བྱ། །པདྨ་འདབ་བརྒྱད་ལྟེ་བར་བཅས། །པདྨ་སྣ་ཚོགས་དང་ལྡན་པ། །རྣལ་འབྱོར་པ་ཡིས་དེར་བྲིས་བྱ། །དབུས་སུ་ཐོད་པ་བྲི་བར་བྱ། །སྡིགས་མཛུབ་རྡོ་རྗེ་འགྱིང་བཅས་པས། །ཤིན་ཏུ་མི་བཟད་འཇིགས་མཛད་པ། །སྤྲིན ་ནི་སྔོན་པོའི་མདོག་དང་ལྡན། །འབར་བ་སྔོན་པོ་རབ་ཏུ་ཁྱབ། །གཽ་རི་གཽ་རིའི་བདག་པོ་ཡིས། །སྙིང་གར་གཡས་བརྐྱང་ཞབས་ཀྱིས་མནན། །ལྟེ་བའི་དབུས་སུ་བཅོམ་ལྡན་འདས། །རྡོ་རྗེ་ཧཱུཾ་མཛད་བསྒོམ་པར་བྱ། །ཤར་འདབ་ཚངས་པའི་ལྷ་མོ ་བསམ། །ཁྱབ་འཇུག་གི་ནི་ལྷོན་གནས། །གཞན་དུ་ཡི་ནི་ནུབ་ཏུ་བསྒོམ། །གཤིན་རྗེའི་བྱང་གི་ཕྱེས་ན་གནས། །སྲིན་པོའི་ཕྱོགས་སུ་ལུས་ངན་པོ། །མེའི་ཕྱོགས་སུ་ཙཱ་མུན་ཌི། །དབང་ལྡན་ཕྱོགས་སུ་དབང་ལྡན་མ། །རླུང་གི་ལྷ་གོ་དང་ཕྱོགས་གནས ་ཞལ་གཅིག་སྤྱན་ནི་གསུམ་པ་སྟེ། །ཕྱག་གཉིས་གར་ལ་རབ་བརྩོན་པ། །ལག་པ་ཡི་ནི་ཕྱག་རྣམས་སུ། །ཕྲེང་བ་དེ་བཞིན་འཁོར་ལོ་དང། རྩེ་གསུམ་དབྱུག་པ་དབྱུག་ཏོ་དང། རལ་གྲི་མདུང་དང་གོས་ཉིད་དེ། །ཕྱག་མཚན་འདི་རྣམས་བསམ་པར ་བྱ། །སྤྱི་བླུགས་དང་ནི་པདྨ་དང། །ཕྲེང་བ་དང་ནི་དེ་བཞིན་མགོ་།སེང་གེའི་རྒྱལ་མཚན་ཐོད་པ་དང། །ཁཊཝཾ་ག་དང་ངོ་མཚར་གཞན། །གཡོན་པ་རྣམས་སུ་བསམ་པར་བྱ། །དམར་པོ་ལྗང་གུ་གསེར་དང་ཚུངས། །སྔོན་པོ་དམར་པོ་དམར་དཀར་འོད། །ིནྡྲ་ནཱི་ལའི་? ་ལྡན་པ། །མི་མོ་མཆོག་ནི་འདི་རྣམས་བསམ། །སྔགས་དང་དམ་ཚིག་ཕྱག་རྒྱ་ཡིས། །དེ་རུ་སྤྱན་ནི་དྲང་བར་བྱ། །དེ་ནས་གཏོར་མ་རྒྱ་ཆེན་པོ། །སྔགས་པས་སྦྱིན་བྱ་ལུང་ཇི་བཞིན། །ོཾ་ན་མོ་བྷ་ག་བ་ཏེ། བཛྲ་ཧཱུཾ་ཀ་ར། ཧྲིཥྚཱི་སརྦ་བྷུཏ་ནི་སྟཝཾ་བྷ་ཡ་སྭཱཧཱ། །ོཾ ་བྲཧམ་ཎཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོ་བཻཥྞ་བཱི་ཡེ་ཧྲཱི(རྒྱུད་འགྲེལ་གུང་མོའི་རྩ་བར་མཐེ་བོང་དག། ཐལ་སྦྱར་ཚིག་འདོན་སྦྱོར་བ་ནི། །ཚངས་པའི་ཕྱག་རྒྱར་རབ་ཏུ་བསྒྲགས། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །མཛུབ་མོ་རྣ་ཆའི་དབྱིབས་བྱས་པ། །ཁྱབ་འཇུག་ལྷ་མོའི་ཕྱག་རྒྱ་ཡིན། །གཡས་པའི་ཁུ་ཚུར་གཞོན་ནུ་མའི། ་ཁུ་ཚུར་གཉིས་ནི་གཤིན་རྗེ་མའི། །གཉིས་ཀྱིས་མཆོག་སྦྱིན་ནོར་སྦྱིན་མའི། །ལག་གཉིས་ཁུ་ཚུར་བཅིངས་བྱས་ནས། །མཛུབ་གཉིས་བསྒྲེང་བ་ཙཱ་མུན་ཌིའི། །མཐེའུ་ཆུང་མཐེ་བོང་དག་བཀུག་ནས། །གཞན་དག་བསྒྲེང་བ་དབང་ལྡན་མའི། །གོས་ཀྱི ་རོལ་བས་ལག་བ་གཉིས། །སྤྱི་བོ་རུ་ནི་གཞག་པར་བྱ། །ཕྱག་རྒྱ་འདི་ནི་རླུང་གི་སྟེ། དེ་ནི་ཕྱག་རྒྱའི་ཚིག་རིམ་པ། །དེ་ནས་སྣོད་ནི་གང་བ་དགུ་།ཁྱད་པར་དུ་ནི་བདུད་རྩི་ལྡན། །སྔ་མ་བཞིན་དུ་གཞག་པར་བྱ། །བ་ལང་ཁྱིམ་བྱ་ལས་བྱུང་དང། །བོད་མི་རུས་སྦལ ་རྔ་མོ་དང། ཁྱེ་དང་ཅི་སྤྱང་རྟ་ལས་བྱུང། །ཤ་རྣམས་ཀྱིས་ནི་གོ་རིམས་བཞིན། །རྣལ་འབྱོར་པ་ཡིས་དགད་བར་བྱ། །དོགས་པ་མེད་པའི་སེམས་ཀྱིས་ནི། །སྤོས་དང་མེ་ཏོག་སོགས་ཕུལ་ནས། །སྔར་བཤད་སྔགས་དང་ཕྱག་རྒྱ་ཡིས། །དེ་རྣམས་ལམ་གྱི ་བཞི་མདོང་དོར། །མ་མོ་རྣམས་ནི་རང་གནས་སུ། །དེ་ནས་གཤེགས་སུ་གསོལ་བྱས་ནས། །བསོད་ནམས་བསྔོས་ཏེ་རྣལ་འབྱོར་པ། །སྐྱེས་མཆོག་ཇི་ལྟར་འདོད་གནས་བྱ། །འགྲོ་བ་འམ་ནི་འགྲེང་ཡང་རུང། །གཉིད་ལོག་པ ་འམ་སད་པ་འང་རུང། །མི་གཅད་པ་འམ་གཅང་ཡང་རུང། །མ་མོ་རྣམས་ནི་བསྲུང་བར་འགྱུར། །བློ་མཆོག་རྣམས་ནི་ཞི་རྒྱས་སོགས། །ལས་ནི་ཅུང་ཟད་གང་བྱེད་པ། །དེ་ལ་གཏོར་མ་དག་གིས་ནི། །མཉེས་ནས་དེའི་གྲོགས་བྱེད་འགྱུར། །དེའི་བཀའ་ནོར ་ལ་བརྩོན་པ། །བགེགས་ལ་སོགས་པ་འགའ་ཡང་རུང། །དེ་རྣམས་ཀྱང་ནི་དེ་ཉིད་ལ། །སྲུང་དང་སྐྱེ་བ་དང་སྦེད་པར་འགྱུར། །མར་ངོ་ཡི་ནི་ཆེས་བརྒྱད་དམ། །ཡང་ན་ཆོས་ནི་བཅུ་བཞི་ལ། །མཚན་ཕྱེད་ལ་ནི་གཏོར་མ་བྱ། །དེ་ནི་དུས་ཀྱི་ཆོ་ག་རིམ ་པའོ། །དེ་ནི་ཕྱོགས་ན་སྤྱོད་པའི་སྒོ་ནས་མ་མོ་རྣམས་ཀྱི་གཏོར་མའི་ཆོ་གའོ།། །།བྱས་ན་བསོད་ནམས་མཛའ་ཡས་པ། །མི་བཟད་གང་དུ་འབྱུང་འགྱུར་བ། །གང་ཞིག་ཐང་ལ་སྤྱོད་རྣམས་ཀྱི། །གཏོར་མ་གཞན་ཡང ་རབ་བཤད་བྱ། །ཐང་སྤྱོད་རྣམས་ཀྱི་ནང་ནས་ནི། །བ་ལང་མཆོད་པ་རབ་ཏུ་བསྔགས། །སྐྱུགས་ལྡང་བྱེད་པའི་ལྷ་ཡིན་པས། །བདེ་མཆོག་ལས་ནི་བཅོམ་ལྡན་གསུངས། །སྒྲུབ་པ་པོས་ནི་ཡར་ངོ་ཡི། །བཅུ་བཞི་ལ་ནི་སྔར་ལངས་ཏེ། །ཆུ་པོ་དྲི ་མེད་ཆུ་ལྡན་པར། །སོང་ནས་ཁྲུས་ནི་ཀུན་ཏུ་བྱ། །མདོ་ལས་གསུངས་པའི་ཆོག་བཞིན། །ལུས་ནི་རབ་ཏུ་བཀྲུ་བར་བྱ། །སྡོམ་བརྩོན་གྱིས་ནི་གདོང་ལ་སོགས། །དབང་བར་བཤང་གཅི་དོར་བྱས་ཏེ། །མཚན་མར་བདུན་དང་འཕོངས་སུ་བདུན།། ་ལག་པར་ས་ཕུར་བདུན་བླུགས་ཤིང། །དེ་ནས་ཆུ་ཡིས་བཀྲུས་ནས་ནི། །དེ་ནས་ལན་གསུམ་འཐོར་འཐུང་བྱ། །རྣ་སོགས་ལྟེ་བ་ལ་ཐུགས་པར། །ལན་བདུན་ཉེ་རེག་བྱས་ནས་ནི། །དབང་བསྐུར་བྱས་པས་ལན་གསུམ་དུ། །ཆུ་ལ་ཇི་བཞུལ་བྱས ་ནས་ནི་ཁྱོར་བ་དག་ནི་བརྒྱ་རྩ་བརྒྱད། །ཛ་བྷ་ལ་ལ་སྦྱིན་པར་བྱ། །རྡོ་རྗེ་འཛིན་པའི་དཀྱིལ་འཁོར་ལ་འང། །ཆུ་ནི་སྙིམ་པ་གསུམ་དག་ཉིད། །རེ་རེ་ཞིང་ནི་རང་སྔགས་ཀྱིས། །མཁས་པ་རྣམས་ཀྱིས་དབུལ་བར་བྱ། །དེ་ནས་སྙིམ་བ་གསུམ་གྱིས་ནི། །ཡི་གེ་བརྒྱ ་པས་ཚིམ་པར་བྱ། །ཡི་དགས་རྣམས་ལ་ཆུ་སྙིམ་ལྔ། །འཇིག་རྟེན་དབང་པོའི་སྔགས་ཀྱིས་ནི། །དེ་ནས་ལངས་ཏེ་བ་བརྒྱད་ནི། །ཁྱུ་མཆོག་མཐོན་པོ་དང་ལྡན་པ། །འཁོར་ལོའི་ཚུལ་དུ་བཞག་ནས་ནི། །དབུས་སུ་ཁྱུ་མཆོག་མཐོན་པ ་གཞག་།དེ་ནས་ས་མཆོད་ཡོན་དག་གི་སྣོད། །བའི་རྣམ་ལྔས་དགང་བར་བྱ། །དུར་བའི་ཚུན་པོས་བསངས་ནས་ནི། །མཁའ་འགྲོ་དྲག་མོ་རོ་ལངས་མ། །དེ་བཞིན་གཞན་ཡང་གཏུམ་མོ་དང། སེང་མོ་སྟག་མོ་འུག་པ་མོ། །དེ་བཞིན་གཞན་ཡང་ཅེ་སྤྱང་མའི། །ས ་བོན་དེ་དག་ལ་དགོད་བྱ། །རྡོ་རྗེ་སེམས་དཔའ་ཨི་ས་བོན་གྱིས། །དབུས་སུ་ཁྱུ་མཆོག་བྱིན་བརླབས་བྱ། །དེ་ལ་ས་བོན་ནི་འདི་རྣམས་ཡིན་ཏེ། །ཡེ་ཤེས་མཁའ་འགྲོ་མ་རྣམས་ཀྱི་ས་བོན་ནི་ཡི་གེ་ཧཱུཾ། །དྲག་མོའི་ས་བོན་ནི་ཡི་གེ་ཀྵུཾ། །རོ་ལངས ་མའི་ས་བོན་ནི་ཡུམ། །གཏུམ་མོའི་ས་བོན་ནི་ཡི་གེ་ཧཱུཾ། །སེང་མོའི་ས་བོན་ནི་ཡི་གེ་སྨི། །སྟག་མོའི་ས་བོན་ནི་ཡི་གེ་ཧཱུཾ། །འུག་པ་མོའི་ས་བོན་ནི་ཡི་གེ་ཡམྲཡུཾ། ཅེ་སྦྱང་མའི་ས་བོན་ནི་ཀྵྨརྨུ་།ས་བོན་བརྒྱད་པད་དག་དང། །དགུ་བ་ཡེ་ཤེས་ས་བོན་ནི། །དེ་དག ་སྙིང་གར་བཀོད་ནས་ནི། །དེ་ནས་གཏོར་མ་སྦྱིན་པར་བྱ། །འབྲས་ཆན་ཆང་བུ་རྣམས་ཀྱིས་ཀྱང། །སྣོད་ནི་དགུ་དག་དགད་བར་བྱ། །འོ་ཐུག་ཡུལ་ན་ཚྭ་དང་ལྡན་པ། །དེ་རྣམས་ཀྱི་ནི་ནང་དུ་གཞུག། དེ་རྣམས་ལོགས་སུ་ས་ལ་ནི། །ཆུ་ནི་སྙིམ ་པ་གསུམ་བླུགས་བྱ། །མེ་ཏོག་སྤོས་ལ་སོགས་རྣམས་ཀྱིས། །མཉམ་པར་གཞག་པས་མཆོད་པར་བྱ། །བདག་ཉིད་ཞི་བར་མཐུ་ལྡན་པ། །བཅོམ་ལྡན་སྒྲོལ་མ་དབང་ཕྱུག་མ། །མ་དུ་ལུང་ཀ་རྩེ་གསུམ་བསྣམས། །ཁྱུ་མཆོག་ལ་ནི་བཅིབས་པར ་བསྒོམ། །དེ་ནས་གསང་སྔགས་འདི་ཡིས་ནི། །གང་གི་སེམས་ཅན་ཁམས་རྣམས་ནི། །བདེ་བྱེད་རྣལ་འབྱོར་པས་འགྲུབ་འགྱུར། །གཏོར་མ་དེའི་མདུན་དུ་སྦྱིན། །ོཾ་ཨ་ཨཱ་ཨཾ་ཨ་ཀཱ་རོ་མུ་ཁམ་སརྒ་དྷརྨམ་ཎཱཾ་ཨདྱ་ནུཏ་པན་ནཱ་ཏྭཏ ་ཏ་ཞེས་བྱ་བའི་སྔགས་འདི་ཡིས། །གཏོར་མའི་སྣོད་ནི་གུས་བཅས་པས། །ལན་གསུམ་བྱིན་གྱིས་བརླབས་ནས་སུ། །དེ་ནས་དེ་རྣམས་ལ་སྦྱིན་བྱ། །ཇི་སྲིད་པ་ལ་ཟ་འགྱུར་བ། །བཞི་པའི་མཐུ་ལྡན་སྒྲོལ་མ་ཡི། །དེ་ཉིད་གསུམ་དང་ཡོངས་སྤེལ་བའི། ་སྔགས་འདི་དེ་སྲིད་བརྗོད་པར་བྱ། །ོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨཱ(རྒྱུད་འགྲེལ་པ་དག་།བརྗོད་ནས་སྒྲོལ་མའི་རིགས་དག་ལ། །ཕྱག་བྱེས་ནས་ནི་ཀུན་ལངས་ཏེ། །དེ་ནས་ཇི་ལྟར་འདོད་བཞིན་གནས། །དེ་ནི་ཐད་ལ་སྤྱོད་པའི་གཟུགས་ཅན་གྱི་བ་ལང་རྣམས་ཀྱི་གཏོར་མའོ།། །།གང་གི་འཁོར་ལོ་གསུམ ་མཁའ་འགྲོ། །བསྒྲུབ་བ་པོ་ལ་ཀུན་ཏུ་སྲུང། །གཞོན་ནུ་མའི་གཏོར་སྒྲུབ་པ། །དེ་ནས་ཡང་དག་རབ་བཤད་བྱ། །རེ་ཞིག་དང་པོར་ནམ་མཁའ་ཉི་མའི་སྟེང་གི་ཟླ་བའི་མཆོད་རྟེན་གྱི་དབུས་སུ་ཡི་གེ་མཾ་ལས་ཡོངས་སུ་སྤྲུལ་པ་གཞོན་ནུ་མའི་གཟུགས་ཅན། ་གསེར་བཙོ་མ་ལྟ་བུ་ཉི་མ་འཆང་ཀའི་འོད་ཟེར་གྱི་ཕྲེང་བ་སྟོང་ཕྲག་འཕྲོ་བའི་མེ་ཏོག་མན་དུ་ཛི་བ་ཀ་དང། ཛ་བ་ལྟ་བུའི་གོས་དང་ལྡན་པ། །ང་ག་རེགས་དང་སྟོད་གཡོགས་དམར་པོ་རྣམ་པ་སྣ་ཚོགས་པ་དང་ལྡན་པ། ལག་གདུབ་དང། ་རྣ་རྒྱན་དང། སྐེ་རགས་དང། རྐང་གདུབ?་དང། གཡེར་ག་རྣམས་གྱི་སྒྲ་དང། སོར་གདུབ་ཁ་དོག་སྣ་ཚོགས་པའི་རྒྱ་མདག་གིས་རྣམ་པར་བརྒྱན་པ། །རྣམ་བར་སྣང་མཛད་ཀྱིས་དབུ་རྒྱན་བྱས་པ། །མགོ་ལ་མྱ་ངན་མེད་པའི་ཕྲེང་བས་རྣམ་པར ་བརྒྱན་པ། །ཕྱག་བརྒྱད་པ། །ཞལ་གསུམ་པ། སྤྱན་གསུམ་པ་ཕྱག་གཡོན་པ་རྣམས་ན་གཞུ་དང། ཤིང་མྱ་ངན་མེད་པ་དང། སྐུར་པ་དང་ཞགས་པ་བསྣམས་པ། ཕྱག་གཡས་པ་རྣམས་ན་རྡོ་རྗེ་འབར་བ་དང། ཁབ་དང། ལྕགས་ཀྱུ་དང། མདའ་གསོར་བ ་ལ་བརྩོན་པ། ཞལ་དང་པོ་ཞི་བ་པདྨ་ཁ་རབ་ཏུ་བྱེ་བ་ལྟ་བུ་གསེར་རབ་ཏུ་སེར་མའི་མེ་ཏོག་ཅན་མིག་རབ་ཏུ་ཡངས་པ་མཆུ་ལི་ཁྲིའི་ཕྱེ་མ་བཞིན་དུ་དམར་བ་སྒེག་ཅིང་རོལ་པ་དང་བཅས་པ། །ཞལ་གཡོན་པ་ཕག་གི་གདོང་ཅན་ཁྲོ་བ་དང་བཅས་ཤིང་རྣམ་པར ་གཙིགས་པ་ལ། །མི་སྡུག་ཅིང་དྲག་པོ་འཇིགས་སུ་རུང་བ་ཨིནྡྲ་ནཱི་ལའི་མདོག་དང་མཚུངས་པ་མཐིང་ཤུན་ལྟར་སྣང་བ། །ཉི་མ་སྟོང་ཕྲག་བཅུ་གཉིས་དང་མཚུངས་པའི་འོད་དང་ལྡན་པ། ཁྲོ་གཉེར་གཙིགས་པ་དང་བཅས་པ་འཇིགས་པར་མཛད་པ། ཞལ ་གཡས་པ་པདྨ་རཱ་ག་ལྟར་ཤིན་ཏུ་དམར་བ་མཆོག་ཏུ་འབར་བའི་ཉི་མ་སྟོང་ཕྲག་ལྟར་རབ་ཏུ་གསལ་ཞིང་ཞི་བ་མཆོད་རྟེན་གྱི་བུམ་པ་ལས་བྱུང་བའི་ཤིང་མྱ་ངན་མེད་པའི་མེ་ཏོག་གིས་གཡོགས་པ། དེའི་འོག་ཏུ་རྣམ་པར་སྣང་མཛད་རལ་པའི ་ཐོར་ཚུགས་ཀྱིས་བརྒྱན་ཅིང་ཞིག་གསེར་རབ་ཏུ་སེར་པོའི་མདོག་ལྟར་འབར་བ། །བྱང་ཆུབ་མཆོག་གིས་ཕྱག་རྒྱ་དང་ཡོངས་སུ་ལྡན་པར་བཞུགས་པ། །ཕག་པའི་གདན་ལ་གཡོན་བརྐྱང་བའི་གནས་པས། །གཞོན་ནུ་མའི་ན་ཚོང་དུ་བཞུགས་པ། དེའི ་འོག་ཏུ་རླུང་གི་དཀྱིལ་འཁོར་ལ་ཡི་གེ་རཾ་ལས་ཡོངས་སུ་སྤྲུལ་པའི་གཟའ་ཆེན་པོ་སྒྲ་ཅན་འཛིན་དང། མཆན་དུ་ཟླ་བ་དང་ཉི་མ་དག་ཟ་བར་བྱེད་བ་རྣམ་པར་བསྒོམས་ལ། །རང་གི་སྔགས་ཀྱིས་བདག་ཉིད་བྱིན་གྱིས་བརླབས་ཏེ། །ོཾ་མཱ་རཱི་ཙཡཻ་སྭཱཧཱ། ་ཞེས་བྱ་བའི་སྔགས་འདི་བཟླས་པར་བྱའོ། །དེ་ནས་མདུན་དུ་ཁྱིའུ་གཅིག་ཏུ་བུ་མོ་དང་བརྒྱད་བཀུག་སྟེ་གོ་རིམས་བཞིན་དུ་དཀྱིལ་འཁོར་གྱིས་རིམ་པས་རྣམ་པར་བཞག་ལ། དེ་དག་ལ་ནི་བཅུ་གཉིས་ལོན་པའི་མིག་ཡངས་རབ་ཏུ་མཛེས་རྙེད་ནས། ། ་ས་ཕྱགས་དབེན་པར་ཁྲུས་ལེགས་བྱས་ཤིང་གོས་ནི་གར་དགར་གོན་པ་ཡི། །གུར་ཀུམ་དང་ནི་གླ་རྩི་ལ་སོགས་བྱུགས་ཤིང་སྤོས་ཀྱིས་རབ་བདུགས་ལ། །དེ་དག་ཐམས་ཅད་དེ་ཁོ་ན་བཞིན་ཉེ་བར་བྱུགས་ཏེ་བདུག་བྱས་ནས། །དེའི་མདུན ་ས་གཞི་བའི་ལྕི་བས་བྱུགས་ཏེ་དེ་ཉིད་དུ་བཞག་ལ། །གུ་གུལ་བདུག་པ་རབ་བྱིན་གསང་སྔགས་བརྒྱ་རྩ་བརྒྱད་བཟླས་བསྒྲུབ་བྱ་ཡི། །སྙིང་གར་ཟླ་བའི་དཀྱིལ་འཁོར་རྣམ་པར་བཀོད་དེ་དེ་ཡི་སྟེང་དུ་ཡི་གེ་མཾ། །རྣམ་པ་དེ་བཀོད་པས་འོད་ཟེར་ཅན་གྱི་ང་རྒྱལ་རབ ་ཏུ་བསྙེམས་ཚུལ་གྱིས། །དྲིལ་བུའི་སྒྲ་དང་གུ་གུལ་བདུགས་པས་སྐད་ཅིག་དེ་ཉིད་ལ་འབབ་འགྱུར། །འདིར་ནི་སྔགས་ཀྱང་འབྱུང་བ་སྟེ། ཨོཾ་མཱ་རཱི་ཙཡཻ་ཨཱ་པེ་ཤ་ཡ་ཨཱ་བེ་ཤ་ལ། ཀཾ་པ་ཀཾ་པ། དྷུ་ན་དྷུ་ན། གྲིཧྞ་གྲིཧྞ། ཧཱུཾ་མཱ་རཱི་ཙཡེ་སྭཱཧཱ། ཞེས་བྱ་བའི་སྔགས ་འདིས་བབ་སྟེ། དེ་ནས་དེ་རྣམས་ལ་མེ་ཏོག་དང་སྤོས་ལ་སོགས་པས་ཇི་ལྟར་རྗེས་སུ་མཐུན་པ་ཉིད་ཀྱི་སྔགས་རྣམས་ཀྱིས་བྱིན་ལ། །མེ་ཏོག་ཕྲེང་བ་གཙུག་ཕུད་ཀྱི་ནང་དུ་བཙུག་སྟེ་མདུན་དུ་བཟའ་བ་དང་བཅའ་བ་དང་བཏུང་བ་ལ་སོགས་པས་ཡོངས་སུ་གང་བའི ་སྣོད་གཞོན་ནུ་མའི་གྲངས་དང་མཉམ་པ་རྣམས་ཨོཾ་མཱ་རཱི་ཙཡཻ་བར་ལེ་བ་ད་ལེ། བར་ཏ་ལི་བཱ་རཱ་ཧ་མུ་ཁི་སརྦ་དུཥྚཱ་ནཱཾ་མུ་ཁཾ་བནདྷ་བནདྷ་ཧཱུཾ་ཧཱུཾ་ཕཊ། ཨི་མཾ་བཾ་ལི་པྲ་ཏཱིཙྪ་ས་མ་ཡ་མ་ནུ་སྨ་ར་ཨཱ(རྒྱུད་འགྲེལ་ཇི་སྲིད་གཏོར་མ་ཟ་བ་དེ་སྲིད་དུ་བཅོམ་ལྡན་འདས་མའི་རྩ་བའི་སྔགས་བཟླས་བར་བྱའོ། །ཟས་ཀྱི་བྱ་བའི་མཛའ་མར་མགྲོན་བུ་དང། སྟར་ཀཱི་འབྲས་བུ་དང། །ཚོན་སྣ་ལྔའི་སྐུད་པ་སྣ་ཚོགས་པ་དང། རྣ་བ་དང་ལག་པ་དང། མགུལ་བརྒྱན་ཅི་འབྱོར་པའི ་ཡོ་བྱར་བྱིན་ཏེ། །བྱང་གྱིས་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་ཀྱིས་བཏབ་སྟེ། །ཡེ་ཤེས་ཀྱི་འཁོར་ལོ་གཤེགས་སུ་གསོལ་ནས་འོད་ཟེར་ཅན་གྱི་ང་རྒྱལ་གྱིས་གནས་པར་བྱའོ། །དེ་ནི་གཞོན་ནུ་མའི་གཏོར་མའི་ཆོ་ག་གོ། །། ་གང་གིས་ས་གཞི་ཇི་སྲིད་པར། །མཆོད་རྟེན་རྒྱལ་བའི་གནས་སྲུང་འགྱུར། །ནག་པོ་ཆེན་པོའི་གཏོར་མའི་རིམ། །དེ་ནས་གཞན་ཡང་རབ་བཤད་བྱ། །ལྷ་ཁང་ལ་སོགས་ཟིན་ནས་ནི། །རབ་གནས་རྒྱུད་ལས་གསུངས་པ་ཡི། །ཚོགས་དེ་རབ་གནས་བྱས་ཏེ། །དེ་ནས་གཏོར ་མ་ཀུན་ཏུ་བྱ། །རྒྱལ་བའི་གནས་ནི་བསྲུང་བའི་ཕྱིར། །གཙུག་ལག་ཁང་གི་སྒོར་གནས་ཤིང། །དྲི་གཙང་ཁང་གི་ནང་གནས་པར། །ནག་པོ་ཆེ་དགོད་རྣལ་འབྱོར་པས། །སྐུ་མདོག་ནག་པོ་ཞལ་བཞི་པ། །ལྟོ་པ་ཆེན་པོ་ཕྱག་བཅུ་བ། །ནམ་མཁའ་ཨི་གོས་ཅན་སྟག་ལྤགས ་ཀྱིས། །སྨད་ཀྱིས་ཆ་ནི་རབ་བཀྲིས་པ། །དབུ་ལ་ཐོད་པའི་ཕྲེང་བར་ལྡན། །མཆེ་བ་གཙིགས་ཤིང་མི་བཟད་པ། །ཐོད་པའི་ཕྲེང་བ་བཀོད་བ་ཡིས། །མགྲིན་པ་རྐང་པ་རྣམ་བརྒྱན་པ། །སྨིན་མ་ཁམ་པའི་སྨིན་ཁྱུགས་དང། སྤྱན་གསུམ་གྱིས་ནི་རྣམ་པར་སྤྲས།? ་དང་པོའི་ཞལ་ནི་ནག་པོ་མཚུངས། །གཡས་པ་སྔོན་པོར་སྣང་བ་སྟེ། གཡོན་པ་དམར་པོ་ཤིན་ཏུ་མཛེས། །ཉི་མ་ཁྲི་དང་མཚུངས་པའི་འོད། །རྒྱབ་ནི་དྲི་བཅས་དུ་བའི་མདོག་།དེའི་གདོང་ནི་བསམ་པར་བྱ། །རལ་གྲི་དང་ནི་མཐོ་བ་དང། །རྩེ་གསུམ་རྒྱུད ་མངས་དག་གི་རྒྱུད། །སྒྲེང་བ་ལ་ནི་བརྩོན་འགྱུར་བ། །དེའི་གཡས་ཀྱི་ཕྱག་དུ་བསམ། །གཡོན་དུ་ཐོད་པ་ཁ་ཊཝཱཾ་ག་།པི་ཝང་དེ་བཞིན་གར་བྱེད་པའི། །མིའི་པགས་པ་ཁྲག་འཛག་པ། །སྟེང་གི་ཕྱག་དག་ན་བསྣམས་ཤིང། །གཡས་བརྐྱང་འདུག ་སྟངས་གར་བྱེད་བ། །མཉམ་པར་བཞག་པས་བསྒོམ་པར་བྱ། །དེ་བཞིན་དུ་ནི་དེའི་འཁོར། །མི་སྡུག་གདོང་ཅན་མཁའ་འགྲོ་མ། །སེང་གེ་གླང་ཆེན་དྲེད་དང་སྦྲལ། །བྱི་ལ་ཁྱིའི་གདོང་ཅན་ཏེ། །ཧ་ཧ་ཞེས་སྒྲོགས་ཅ་ཅོའི་སྦྲས། །རྨོངས་པ་རྣམས ་ནི་སྐྲག་བྱེད་པ། །ཐོད་པའི་ནང་དུ་བླུགས་པའི་ཁྲག་།འཐུང་བྱེད་པ་ནི་བསྒོམ་པར་བྱ། །དེ་ལྟར་བསམས་ནས་རྣལ་འབྱོར་དབང། །བདག་ཉིད་མ་ཧེ་ལ་ཞོན་ཅིང། །དྲག་པོ་ཆེན་པོ་གཤིན་རྗེ་གཤེད། །གདུག་པ་ཐམས་ཅད་འཇོམས་མཛད་པ། །ཞལ་དྲུག ་དང་ནི་ཞབས་དྲུག་དང། ཕྱག་དྲུག་ཉིད་ཀྱིས་རྣམ་རྒྱན་པ། །ལྷ་དང་ལྷ་མིན་ཟ་བྱེད་པ། །གཡས་པའི་ཕྱག་རྣམས་ན་ཐོ་བ། །རལ་གྲི་ལྕགས་ཀྱུ་བསྣམས་སྡིགས་མཛུབ། །ཞགས་པ་དང་ནི་དྲིལ་བུ་ཡིས། །གཡོན་པ་རྣམས་ནི་མཛེས ་བྱས་བ། །གཡས་བརྐྱང་བ་དང་གཡོན་བརྐྱང་དང། དེ་བཞིན་མཉམ་པའི་འདུག་སྟངས་ཀྱིས། །ལྷའི་ཚོགས་རྣམ་དྲུག་པོ་ཡིས། །སྟོབས་ནི་ཀུན་དུ་མནན་ནས་བཞུགས། །སྙིང་གའི་ཡི་གེ་ཧཱུཾ་ལས་བྱུང། །འོད་ཟེར་འཁོར་ལོ་འབར་བ་ལས། །ཁྲོ་བོའི ་སྤྲིན་གྱི་ཚོགས་དག་ནི། །ཆ་བྱད་མཚུངས་བའི་ཚོགས་རྣམས་སྤྲོ། །ིནྡྲ་ནཱི་ལ་ལྟར་སྣང་བསམ། །དེ་འདྲའི་གཟུགས་སུ་གནས་ནས་ནི། །ནག་པོ་ཆེན་པོ་སྙིང་འགེས་པར། །བརྩོན་པར་གྱུར་པའི་སྔགས་འདི་ཡང། །ཁྲོ་བོའི་ཚིག་གི་བརྗོད་པར་བྱ།། ་ཨོཾ་ཧྲཱི(རྒྱུད་འགྲེལ་བཀའ་བསྒོ་བར་བྱ་སྟེ། ཀྱེ་ནག་པོ་ཆེན་པོ་བཙུག་ལག་ཁང་འདི་ཇི་སྲིད་གནས་པ་དེ་སྲིད་དུ་ཁྱོད་ཀྱིས་བསྲུང་བར་བྱ་ཞིང་འཁོར་དང་བཅས་པ་ཁྱོད་ཀྱིས་འཕགས་པའི་དགེ་འདུན་གྱི་བཀའ་ཡང་མཉན་པར་བྱའོ། །དེའི་རྗེས་ལ་རྣལ་འབྱོར ་པ་དེ་ཉིད་ཀྱིས་ཡོངས་སུ་མཉེས་པར་བྱ་བའི་ཕྱིར་ད་ལ་གཏོར་མ་སྦྱིན་པར་བྱའོ། །ཟངས་ལ་སོགས་པ་ལས་བྱས་པའི་སྣོད་ཚད་ཆེན་པོ་དང་ལྡན་པ་ཙན་དན་དམར་པོ་ལས་བྱས་པའི་དཀྱིལ་འཁོར་གྲུ་བཞི་པ་བཞག་སྟེ། ཐུག་པ་ནག་པོ་དང། ་གློ་བ་དང། འོ་ཐུག་དང། རློན་བ་དང། བཅོས་པ་དང། བསྲེགས་པའི་དབྱེ་བས་ཉའི་ཤ་རྣམ་པ་གསུམ་དང། ཁྲག་དང། ཞག་དང། གླད་པ་དང། ཚིལ་རྣམས་དང། རྒྱུན་ཆད་དང། འབྲུའི་ཆང་དང། ཉའི་གཟུགས་བརྙན་དང། འབྲང་བུའི་ཆུན་པོ་དང།། ་སྒོག་པའི་བྱེ་བྲག་བདུན་དང། སྣུམ་ཁུར་དང། ནས་དང། གྲོ་ལ་སོགས་པའི་བྱེ་བྲག་གི་འབྲུ་རྣམས་དང། ཟངས་དང་ལྕགས་ལས་བྱས་པའི་ཁབ་ཀྱི་ཆགས་ཀྱིས་ཡོངས་སུ་བཀང་ལ། མེ་ཏོག་དང་སྤོས་ལ་སོགས་པའི་མཆོད་པའི་ཡོ་བྱད་རྣམ་པ་ལྔས་ཡེ?་མཆོད?་དེ། ་གཤིན་རྗེ་གཤེད་ཀྱི་ཕྱག་རྒྱས་ཀྱང་མངོན་བར་བཏབ་ལ་ཕྱོགས་བཅིང་བར་བྱ་ཏེ། ཁྲོས་པའི་སེམས་དང་ལྡན་ཞིང་དྲིལ་བུ་དང་རྡོ་རྗེ་གསོར་བ་ལ་བརྩོན་པའི་རྣལ་འབྱོར་པས་སྔགས་འདིས་སྤྱན་དྲང་བར་བྱའོ། །ོཾ་མཧཱ་ཀཱ་ལ་ཨ་ཡ་ཏི་མཧཱ་བི་ཧེ་ར་པཱ ་ལ་ན་ཡ། སརྦ་ཌཱ་ཀི་ནཱི་ཡཀྵ་རཱཀྵ་མ་ས་བ་རཱི་ཝ་ར་ན་ཏྲ་སན་ནི་ཏི་ཏོ་བྷ་བ་སྭཱཧཱ། དེའི་རྗེས་ལ་སྔགས་འདི་དང་སྙོམས་པར་འཇུག་པའི་ཕྱག་རྒྱས་ཚིམ་བར་བྱ་བའི་ཕྱིར་གཏོར་མ་བྱིན་གྱིས་བརླབས་པར་བྱའོ། །ོཾ་ཨ(རྒྱུད་འགྲེལ་སརྦ་ད་ཤ་དིཀ་ལོ་ཀ་དྷ་ཏུ་པ་ར་མ་ནུབ་རན་ཏ་ར་པ་ཏི་སརྦ་བ་ཏེ་ཀ་ལོ་ཀ་པཱ་ལ། མཧཱ་ཀཱ་ལ་བཛྲ་ཨཱ་ཡུ་དྷ་མ་ཡ་བཛྲ། བཛྲ་ནཱི་ལ། བཛྲ་ཀཱ་ལ་བཛྲ་མུས་ལ། ནཱ་ག་བཛྲ། བཛྲ་ཨ་ནི་ལ། བཛྲ་ཤོ་ན་དྷ། བཛྲ་ཀུཎ་ཌ་ལི་མོ་ན་བཛྲ། བེ་མ་ཙི་ཏྲི། པྲི་ཏི་བ་དེ་བ ་ཏ། སརྦ་ཨི་ཏྱ་བ་སར་ག་ཨུ་བ་ཤཱནྟི་ཡེ། སརྦ་གནདྷ་པུཥཔ་དྷཱུ་པ། དཱི་པ་ནེ་པེ་ཏ། སརྦོ་པ་ཏྲ་ཨ་ལཾ་ཀ་ར་དན་ཤཙ་པྲ་ཏཱིཙྪ། ཨུ་པ་པུ་ཛཡ། སརྦ་ཥ་ནཾ། ཀཱ་ཡ་བཱཀ་ཙིཏྟཾ། སྟཾ་བྷ་ཡ་སྟཾ་བྷ་ཡེ། མ་མ་སརྦ་ཨ་ཤཾ་པ་རི་པུ་ར་ཡ་ཐ་ཡ་བ་དཱ་སཾ་ས་ར། མ་མ ་སརྦ་ཨཏྭཱ་ནཱཾ་ཙ། སད་སུ་ཁ་སིདྷ་ཡེ་སྭཱཧཱ། ཀཱ་ཡ་བྷ་བནདྷུ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བརྗོད་ལ། གཏོར་མའི་སྣོད་སྒྲུབ་པའི་གྲོགས་མཆོག་ཐོར་ཚུགས་བཅིངས་པའི་ལག་ཏུ་བྱིན་ཏེ་དུར་ཁྲོད་ཆེན་པོར་དོར་བར་བྱའོ། །དེ་ནས་ནག་པོ་ཆེན་པོ་ནི། འཁོར་དང ་བཅས་བ་མཉེས་གྱུར་ནས། །ཇི་སྲིད་ནམ་མཁའ་ཉི་ཟླ་དང། །ཇི་སྲིད་སྐར་མ་དག་དང་ས། །ཇི་སྲིད་རྒྱ་མཚོ་དང་ནི་གླིང། །ཇི་སྲིད་འགྲོ་བ་རིས་དྲུག་གནས། །དེ་སྲིད་རྒྱལ་བཅས་གཙུག་ལག་ཁང། །མཆོད་རྟེན་བཅས་བ་དེས་སྲུང་འགྱུར། །དེ་ནི་འཕགས་པའི ་དེ་འདུན་ཡང། །ཚེ་ནི་རིང་པོར་བྱེད་པར་འགྱུར། །མེ་ལ་སོགས་པ་བགེགས་ཀྱི་ཚོགས། །འབྱུང་བ་དེ་ཡིས་འཇིག་པར་བྱེད། །རབ་གནས་དུས་སུ་རྣལ་འབྱོར་པས། །གཏོར་མ་འདི་ནི་ཡང་དག་བྱ། །ཕན་ཕྱིར་བྱ་བའི་རྒྱུད་ལས་ནི།། ་བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས། །དེ་ནི་ནག་པོ་ཆེན་པོའི་གཏོར་མའོ།། །།སྐྱེའོ་སྡིག་པ་བྱེད་པ་རྣམས། །གང་གིས་བདེ་འགྲོར་སྐྱེ་འགྱུར་བ། །འཆི་བའི་དུས་ཀྱི་གཏོར་མ་ནི། །བཟང་པོ་དེ་ནས་བཤད་པར་བྱ། །བློ་གྲོས ་ཆེན་པོས་བུད་མེད་དམ། །སྐྱེས་པ་ཤི་བ་མཐོང་ནས་ནི། །དེ་ཚེ་བདག་ཉིད་བྱང་ཆུབ་སེམས། །ཕྱག་ན་རྡོ་རྗེར་བསམ་པར་བྱ། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །ུཏཔ་ལ་སྔོན་པོའི་འདབ་འདྲའི་འོང། །མཆེ་བ་ཅུང་ཟད་གཙིགས་པ་སྟེ། །སྒེག་པ་ཡི་ནི་རོ་ཡིས ་བརྒྱན། །གཡོན་པ་སྡིགས་མཛུབ་དང་ལྡན་ཞིང། །གཡས་པ་རྡོ་རྗེ་གསོར་མཛད་པ། །གར་བཅས་དེ་དག་མཚུངས་ཉིད་ཀྱིས། །འདྲེན་པ་རྣམས་ཀྱིས་ཡོངས་སུ་བསྐོར། །ས་སྙིང་ལ་སོགས་ས་དོན་གྱིས། །ཡན་ལག་དྲུག་གི་གོ་ཆ་དགོང།། །མིག་ལ་སོགས ་པ་བྱིན་བརླབས་ནས་དེ་ནས་ལྷའི་མིག་སོགས་འགྱུར། །དེའི་མགོ་དང་ལོགས་སོགས་སུ། །དེ་ཡིས་གཤིན་རྗེའི་ཕོ་ཉ་མཐོང། །ལག་པ་དབྱུག་པའི་ཐོ་བ་ཅན། །དེ་ནས་མཐོང་ནས་འདི་ལྟར་བསྡིགས། །གཤིན་རྗེའི་ཕོ་ཉ་ཁྱེད་རྣམས་ནི། །འདི་ནི་མདུན ་ནས་འགྲོ་བར་གྱིས། །ང་ནི་གནས་པ་འདི་རུ་ཁྱེད། །སྐད་ཅིག་ཙམ་ཡང་གནས་སྐབས་མེད། །དེ་མིན་རྡོ་རྗེ་རྣན་པོ་ཡིས། །ཁྲག་དང་རྣག་འཛགས་འཇིགས་རུང་བར། །ཁྱོད་ཀྱི་མགོ་ནི་དགས་པར་བྱ། །རྡོ་རྗེ་འཛིན་པའི་རྣལ་འབྱོར་པ། །དེའི་ཚིགས་དེ་ཐོས་ནས ་ནི། །མི་བཟད་གཤིན་རྗེས་ཕོ་ཉ་སོགས། །ཕྱོགས་རྣམས་ཀུན་དུ་འགྲོས་པར་འགྱུར། །དེ་ནས་ངའི་སྙིང་ག་ནས། །འབྱུང་བར་འགྱུར་བའི་རླུང་དག་དང། རྣམ་པར་ཤེ་པ་ཚིམ་བྱའི་ཕྱིར། །གཏོར་མ་དང་ནི་བྱ་བ་ཡིན། །རྣ་བའི་དྲུང་དུ་སྔགས་འདི་ནི། །རྣལ་འབྱོར ་རིག་པས་བསངས་ནས་ནི། བཟླས་ན། དེ་ལས་རྡོར་འཛིན་དང། །མཚུངས་པ་ཉིད་དུ་འགྲུབ་པར་འགྱུར། །ོཾ་ན་མོ་བྷ་ག་བ་ཏེ་སརྦ་དུ་རྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛ་ཡ་ཏ་ཐཱ་ག་ཏཱ་ཡ་ཨར་ཏ་ཏེ་སམྱཀསཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བྷཡོ་མ་བྱ་བི་ནེ། བྷཡོ་མ་རུ་སྤཱ་ཡ། སརྦ་བྷཡ་བི་ནེ་། ་ཤི་བ་ཡ་ཧྲིཾ། བྲཧམ་མ་ཧཱ། ཧྲིཾ་པིཥྞ་ར་ཡེ་ཏེ། ཀྵྱཾ་རུ་དྲཀྵ་བི་སརྦི་ནི་ཧཱུཾ་རུ་ཏྲ་ས་རུ་པེ། །ཧྲི་ནཱ་ད་ཨཱ་ཏ་མ་ཀེ། ཧཱུཾ་བིན་དུ་ཤ་རཱི་རེ་ཨོཾ་ཤག་སཾ་ཡ་ཛ་ནེ་མེ་བྷཡོ་མ་ཡོ་ཛ་ནི། བཱི་ཤཱ་ཏ་ཀེ་བ་ལྱེ་པ་དེ་བྷམ་བི་དྷཡེ་ན་མ(རྒྱུད་འགྲེལ་མེ་བྱ་བི་ནི་བྷཡ་ཕཊ། དེ་ནས་གསང་སྔགས་འོད་ཡིས་ནི། །མི་སྐྱོད་གནས་ནི་ཉམས་དགའ་བ། །རྒ་དང་འཆི་བ་རྣམ་སྤངས་པར། །རྣམ་པར་ཤེས་པ་བྱུང་ནས་འགྲོ། །དེའི་ཚངས་པའི་སྒོ་ནས་ནི། །རྣམ་ཤེས་མྱུར་དུ་འབྱུང་བར་འགྱུར། །བཞིན ་ནི་རབ་ཏུ་འཛུམ་བྱེད་ཅིང། །དོ་ནི་ངོ་མཚར་ཕྱག་རྒྱར་ལྡན། །རླུང་རྣམས་ཀྱི་སྔགས་འདི་ཡིས་ནི། །ོཾ་ཧཱུཾ་པྲ་ནཱ་ཡ་སྭཱཧཱ། ཨོཾ་ཨཾ་པཱ་ནཱ་ཡ་སྭཱཧཱ། ཨོཾ་ཨ་ས་མཱ་ནཱ་ཡ་སྭཱཧཱ། ཨོཾ་ས་ཨུ་དྷུ་ན་ཡ་སྭཱཧཱ། ཨོཾ་ཧཱ་བྱ་ནཱ་ཡ་སྭཱཧཱ། ཨོཾ་ཀྵཾ་ཨུད་ཝ་ཧ་ཡ་སྭཱཧཱ། །ོཾ ་བཛྲ་བཾ་ཝ་ཧ་ཡ་སྭཱཧཱ། ཨོཾ་གཾ་ས་ཝ་ཧཱ་ཡ་སྭཱཧཱ། ཨོཾ་ཀྵ་ཥྚ་ནི་ཝ་ཧཱ་ཡ་སྭཱཧཱ། ཨོཾ་སཾ་བི་ཛྙཱ་ན་ཡ་ཨ་རུ་བི་ནི་ག་ག་ན། རུ་པ་ཡ། ཨ་ཧཡེ་ཧི་པྲ་བྷ་སྭཱཧཱ་སྭ་བྷཱ་བ་བཛྲ་དྷ་བ་རུ་ར་པ་ནེ་ཧཱུཾ་?་ཕཊ། སྔགས་མཆོག་གི་བཟང་པོ་འདི་རྣམས་ཀྱིས། །ཚིགས ་དག་ནས་ནི་རླུང་ལོ་རྒྱུད་བས། །སྐྱེ་བོ་བདེ་བར་བྱེད་པར་འགྱུར། །ནམ་མཁའ་ཨི་རང་བཞིན་དུ་མར་འགྱུར། །དེའི་རྗེས་ལ་ནམ་མཁར་སྲིད་པ་བར་མའི་ཡི་གེ་ཧོ་གཉིས་ཀྱིས་བརྟེན་པ་རྣམ་པར་བསྒོམས་ཏེ་དེའི་མངོན་སུམ་ཁོ་ནར་ཤི་བའི་རོ་བསྲེགས་པར་བྱའོ། ། ་འཕགས?་པ་འཁྱིལ་པའི་སྔགས་ཀྱིས་ནི། །བྱིན་གྱིས་བརླབས་ནས་ཆུས་བསངས་ཏེ། །དེ་ནས་ཆུ་བོར་ཁྲུས་བྱས་ནས། །བའི་རྣམ་ལྔས་དགའ་བར་བྱ། །དེ་ནས་དྲི་མ་དག་བྱུགས་ཏེ། །ཁ་རུ་གོ་ལ་གཞུག་པར་བྱ། །མེ་ཏོག་སྤོས་ལ་སོགས་རྣམས ་ཀྱིས། །མཆོད་བྱས་ནས་ནི་སྤོས་ཀྱིས་དཀྲིས། །གླུ་དང་རོལ་མོ་ཡིད་འོང་བས། །དེ་ལ་རབ་ཏུ་མཆོད་པར་བྱ། །ཡིག་གསུམ་བྱིན་བརླབས་མེ་ལྷ་ནི། །སྦྱིན་སྲེག་ལས་བཤད་ཆོ་གས་གཞག་།ཚིག་པར་གྱུར་གྱི་བར་དུ་ནི། །མཁས་པས་ལན་བརྒྱ་རྩ་བརྒྱད ་དམ། །སྟོང་དམ་ཁྲི་ནི་བཟླས་ནས་ནི། །འདི་ནི་ཤི་བའི་ཆོག་རིམ་པ། །རུས་པ་བླངས་ནས་དག་བྱས་ཏེ། རྡུལ་ནི་ཆུ་བོ་ལ་དར་བྱ། །རྡུལ་ཚོན་ཁ་དོག་དམར་པོ་ཡིས། །ཁྲོ་བོའི་གཟུགས་ཅན་གཤིན་རྗེ་གཤེད། །དཀྱིལ་འཁོར་དེ་རུ་བྲི་བར་བྱ། །ཁྲོ་བོ་བརྒྱད་དང ་ཡང་དག་ལྡན། །སྔར་བཤད་སྐུ་མདོག་ཕྱག་མཚན་སོགས། །གདན་བཅས་ཁྲོ་བོའི་སྐུ་འཛིན་པ། །དེ་ནས་མཉམ་གཞག་གྱུར་པ་ཡིས། །སྔགས་ཀྱི་བཟླས་བརྗོད་སྔོན་འགྲོ་བའི། །མེ་ཏོག་ལ་སོགས་ཡིད་འོང་བའི། །དཀྱིལ་འཁོར་དེ་རུ་བྲི་བར་བྱ། ཁྲོའོ ་བརྒྱད་དང་ཡང་དག་ལྡན། །སྔར་བཤད་སྐུ་མདོག་ཕྱག་མཚན་སོགས། །གདན་བཅས་ཁྲོ་བོའི་སྐུ་འཛིན་པ། དེ་ནས་མཉམ་གཞག་གྱུར་པ་ཡིས། །སྔགས་ཀྱི་བཟླས་བརྗོད་སྔོན་འགྲོ་བའི། །མེ་ཏོག་ལ་སོགས་ཡིད་འོང་བའི། །དཀྱིལ་འཁོར་བ་ཡང ་མཆོད་ནས་ནི། །བརྒྱད་པོ་གོ་རིམས་བཞིན་དུ་འབུལ། །དབུས་སུ་ཡང་ནི་མར་མེའི་སྣོད། །ཆོ་ག་བཞིན་དུ་གཞག་པར་བྱ། །མཆོད་པ་བྱས་ནས་གཏོར་མི་སྦྱིན། །ཁམ་པའི་སྣོད་ནི་བཅུ་གཅིག་དང། འོ་མ་སྦྲང་རྩི་དེ་བཞིན་དུ། །ཙན་དན་དཀར་པོའི་ཆུས ་བཀང་སྟེ། མེ་ཏོག་བཀྲམ་པ་མཛེས་གྱུར་པའི། །བའི་རྣམ་ལྔས་དག་བྱས་ནས། །དེ་ནས་འབྲས་ཆན་ཆང་བུ་གཅིག་སྣོད་གཅིག་ཏུ་ནི་གཞག་པར་བྱ། །གཉིས་པ་གཉིས་དེ་གསུམ་པ་ལ། །དེ་བཞིན་གསུམ་ཏེ་བཅུ་གཅིག་པར། །བཅུ་གཅིག་བར་དུ ་གཞག་པ་འདི། །གཏོར་མ་སྦྱིན་པའི་ཆོ་ག་རིམ་པ། །སྔར་བཤད་སྔགས་ནི་བཅུ་དྲུག་གིས། །བྱིན་གྱིས་བརླབས་ནས་མེ་ཏོག་སྤོས་སོགས་ངམ་དེ་རྣམས་རབ་མཆོད་དེ། །དེ་ནས་ཆུ་བོར་དོར་བར་བྱ། །དཀྱིལ་འཁོར་གཤེགས་སུ་གསོལ་ནས་ཀྱང ་རྡུལ་ཚོན་ཆུ་བོར་དོར་ནས་ནི། །ནམ་མཁའ་སྲིད་པ་བར་མ་ནི། །དེ་བཞིན་གཤེགས་པས་ཡོངས་བསྐོར་ཅིང། །ཆོས་སྟོན་པ་ནི་ལྷུར་ལེན་པ། །མི་བསྐྱོད་གཟུགས་ཅན་བལྟ་བར་བྱ། །དེ་ནས་ལངས་ནས་དེ་ཉིད་ཀྱི། །རུས་པ་བླངས་ཏེ་ཕྱེ་མར་བྱ། །ས་ལས་བྱས་པའི ་མཆོད་རྟེན་གྱི། །ནང་དུ་རབ་ཏུ་གཞུག་པར་བྱ། །དེ་ལ་རིམ་པ་འདི་ཡིན་ཏེ། ཨོཾ་ཝ་བ་ར་དྷེ་ཛི་ནི་གོ་ལེ་ཡ་ཤོ་ཏེ་སརྦ་བུདྡྷ་ཨ་དྷིཥཐི་ཏེ་སྭཱཧཱ། འཛེ་བ་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ་མཆོད་རྟེན་བྱའོ། །ོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱ། ཞེས་བྱ ་བས་སྐོར་ཕོར་དུ་གཞུག་པར་བྱ། །མཆོད་རྟེན་འབྱིན་པ་ན་ཡང་འདི་སྐད་བརྗོད་པར་བྱ་སྟེ། །ོཾ་དྷརྨམ་དྷཱ་ཏུ་གར་བྷེ་སྭཱཧཱ། ཨོཾ་ཨ་བྷ་བ་སྭ་བྷ་བ་དྷརྨམ་ཏེ་སྭཱཧཱ། ཨོཾ་པྲ་མ་རྡ་ན་ཡེ་སྭཱཧཱ། །ོཾ་ས་པྲ་ཏིཥྛི་ཏ་སྟུ་པེ་སྭཱཧཱ། ཨོཾ་ན་མོ་རཏན་ཏྲ་ཡཱ་ཡ། །ོཾ་ན་མོ ་བྷ་ག་བ་ཏེ་ཨཀྵོ་བྷཡ(རྒྱུད་འགྲེལ་མཾ་བནདྷ་མི། །སི་མཾ་དེ་བ་དཱད་ཏེ་ཤཙ་མ་ཀ་ཤིན་བྱ་ཏི་ཀྲེ་མ་ཏུ་སྭཱཧཱ། སྔགས་འདིས་ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ་ཕྱོགས་བཅུར་གཏོར་ན་ཕྱོགས་བཅིང་བ་བྱས་པར་འགྱུར་རོ། །དེས་ནི་མཆོད་རྟེན་རབ་ཏུ་གནས་པར ་བྱའོ། །དེའི་རྗེས་ལ་བདག་དང་གཞན་བསྲུང་བའི་དོན་དུ་སྔགས་འདི་བརྗོད་པར་བྱའོ། །ོཾ་ན་མོ་རཏན་ཏྲ་ཡཱ་ཡ། ན་མ་ཤཙཎྜ་བཛྲ་པཱ་ཎ་ཡེ། །མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་བཛྲ་གྲོ་དྷ་མཧཱ་བ་ལ་མཧཱ་ཏེ་ཙ་ཡ་མཧཱ་ཏེ་ཙ་ཡ། །མཧཱ་ཧ་ན་ད་ཧ ་པ་ཙ་མ་ཐ། བི་ཀི་རན་བི་དྷཱཾ་ས་མ་ཡ། བི་དྲ་བ་ཡ། ཛཱ་ཏི་ཡཾ་བོ་དྷ་ག་ཨུཙྪུ་སྨ་ཀྲོ་དྷ་ཧཱུཾ་ཕཊ། རཀྵ་རཀྵ། ཛ་པཾ་མ་མ་དེ་བ་རཏྟ་སྱ་ཙ་སརྦ་བཾ་ཡོ་བ་དྲ་བེ་བྷཡ(རྒྱུད་འགྲེལ་བདེར་གནས་པར་བྱའོ། །འཆི་བའི་དུས་ཀྱི་གཏོར་མའི་ཆོ་གའོ།། །།དེ་ནས་ཟོས་པའི་ཐ་མ་རུ། གང་གི་རྣལ་འབྱོར་ཞི་བ་དང་རྒྱས་པར་འགྱུར་བའི་གཏོར་མ་ནི། །ལྷག་མ་ཞེས་བྱ་རབ་བཤད་བྱ། །ཚོགས ་ཀྱི་འཁོར་ལོར་ཟོས་པ་ཡང། །ཡང་ན་རང་གིས་ཟོས་པའི་མཐར། །བཟའ་བ་ལ་སོགས་ཀུན་བསྡུས་ཏེ། །སྣོད་གཅིག་ཏུ་ནི་གཞུག་པར་བྱ། །ཆང་དང་སྲུ་ཡི་ཆང་ལྟ་?་གང། །དེ་ཡང་གཅིག་ཏུ་བླུགས་པར་བྱ། །དེ་རུ་འབྲས་ཀྱི་ཕྱེ་མ་ཡིས། །དེ་ནི་དཀྱིལ་འཁོར ་གླུ་གསུམ་བྱ། །དབུས་སུ་དང་པོའི་དབྱངས་དགོད་ཅིང། །ཟུར་གསུམ་དུ་ནི་ཡི་གེ་གསུམ། །བཅོམ་ལྡན་འཁོར་བ་ལས་སྒྲོལ་བ། །དབུས་སུ་སྒྲོན་མ་བསམ་པར་བྱ། །སྤྱན་ནི་རྟག་པ་དང་ལྡན་པ། །ོཾ་གྱི་གྲཝ་རུ་ཡང་དག་བསམ། །ཱ(རྒྱུད་འགྲེལ་ནི། །གོས་དཀར་མོ་ནི་བསྒོམ་པར་བྱ། །མི་བསྐྱོད་དང་ལྡན་མཱ་མ་ཀཱི། ཧཱུཾ་གི་གྲཝ་རུ་ཡང་དག་བསམ། །འབར་བའི་ཕྲེང་བས་ཁྱབ་ཅིང་དག། གྲུ་གསུམ་མཁས་པས་བསྒོམ་པར་བྱ། །དེའི་དབུས་བུམ་པ་གང་བ་ནི། །ས་ལས་བྱས་པ་ལ་སོགས་གཞག ་བཟའ་དང་བཅའ་བ་སོགས་གང་དེ། །བུམ་པ་ད་རུ་རབ་ཏུ་གཞུག། དེ་ནས་གྲུ་གསུམ་ཐ་མ་རུ། །དུར་ཁྲོད་ཆེན་པོ་བསམ་པར་བྱ། །ཁ་ཊཝཾ་ག་དང་མགོ་ལ་སོགས། །ཐོད་པ་རྣམས་ཀྱིས་ཡོངས་སུ་བརྒྱན། །ཤིང་གཅིག་དང་ནི་ལྡན་པ་ཉིད། །ཁྭ་དང ་ཁྱི་སོགས་རྣམ་འཇིགས་པ། །དཔའ་བོ་རྣལ་འབྱོར་མ་ཚོགས་ཀྱིས། །ཉེ་བར་སྤྲས་པའི་གཟུགས་འཛིན་པ། །ཀེང་རུས་མཁའ་འགྲོ་མ་ཉིད་ནི། །དུར་ཁྲོད་གནས་པར་དེ་བསྒོམ་བྱ། །དྲག་མོ་གྲི་གུག་སྣོད་ཐོགས་པ། །སྐྲ་བཤིག་སྤྱན་ནི་གསུམ་པ་སྟེ། ་ཁ་ནི་ཡི་དགས་ཟ་བྱེད་ཅིང། །རྒྱས་པ་མི་བཟད་གསུས་པ་འཕྱང། །སྟག་གི་པགས་པའི་གོས་ཀྱིས་ནི། །སྨད་ཀྱི་ཆ་ནི་རྣམ་པར་བརྒྱན། །མགོ་བོའི་སྟེང་དུ་རྐང་པ་གཉིས། །གང་གྱི་འགྱིང་ཚུལ་ལ་བརྩོན་པ། །ཐོད་པའི་ཕྲེང་བའི་རྒྱན་དང ་ལྡན། །རྒྱུ་མའི་ཕྲེང་བས་རྣམ་པར་བརྒྱན། །ཡི་དགས་བླང་པོ་ཚིལ་དང་ཞག། རབ་ཏུ་བྱུགས་པ་ལ་དགྱེས་པ། །མི་ཡི་རུས་པའི་ཕྲེང་ལྡན་པའི། །སྐ་རགས་ཁྲག་གི་ཐིག་ལེ་ཅན། །ལག་འགྲོ་ཆེན་པོའི་རྣ་ཆ་ཅན། །བྲང་འགྲོའི་རྐང་གདུབ་འཇིགས་རུང། །ཁ ་དོག་དམར་པོ་འབར་བའི་ཚོགས། །གཟི་བརྗིད་ཐུབ་པར་དཀའ་བ་ཡི། །ཤིན་ཏུ་མི་བཟད་ཁྲོས་པ་ཡིས། །གནོད་སྦྱིན་ལ་སོགས་བསྡིགས་བྱེད་པ། །ཡཀྵ་ཆེན་པོའི་སྒྲ་སྒྲོགས་པ། །ཤ་ཟ་ལ་སོགས་རྣམས་ཀྱིས་བསྐོར། །དེ་བལྟས་ནས་ནི་རྩེ་གསུམ་གྱི།། ་ཕྱག་རྒྱ་བཅིངས་ནས་རྣལ་འབྱོར་པས། །སྤྱན་འདྲེན་སྔགས་ནི་བཟླས་བྱ་ཞིང། །ཆད་གི་བཏུང་བ་དབུལ་བར་བྱ། །ོཾ་ཨེ་ཧཡ་ཧེ་ཤམ་ཤཱ་ན་ཝ་སེ་ནི་མ་མ་སེ་བ་རི་བ་རཱ་སྱ་རཀྵ་ཀུ་རུ་ཨི་ཧ་སན་ནི་ཧོ་ཏོ་བྷ་བ་སྭཱཧཱ། །རང་རང་སྔགས་ཀྱིས་གོ་རིམས་བཞིན།། ་དེ་ནས་མེ་ཏོག་སོགས་ཕུལ་ནས། །སྔགས་ཀྱི་རྒྱལ་པོ་འདི་ཡིས་ནི། །དེ་ལ་གཏོར་མ་དབུལ་བར་བྱ། །ོཾ་ཀུ་རུ་ཀུ་རུ། ཝད་ཏ་ལི་མཧཱ་ཝ་ཏ་ལི། །སིད་ཏ་མུ་ཁི་ཤམ་ཤཱ་ན་ཝ་སི་ནི། །པྲ་ཏི་ཝ་ད་ནི། ཙཎྜ་ཀ་ར་ལི་རུ་བྷི་ར་པྲི་ཡེ། ས་མ་ཡ་རཀྵི་ཏ་ཡོ་ག་དྷ་རཾ ་ཀི་ལི་ཀི་ལི། ར་བཻ་བཛྲ་པྲཾ་ཏི་ཝ་མ་ནི་དྷེ་བུ་ཛ་ཏེ། །བག་ཏི་གཱུ་ཧ་ན་དཱ་ཏེ། ཧཱུཾ་མཾ་ག་གྲ་རི། །ཙཎྜ་ཀ་ར་ལི། ཏིཥཐ་ཏིཥཐ། ཨ་མཾ་ཨུཙྪིཥྚ་བ་ལིཾ་གྲིཧྞ་སརྦ་དུཥྚན་བྷཀྵ་ཡ། ཧ་ཧཱུཾ་ཕྲོཾ་ཕཊ་སྭཱཧཱ། །ཞེས་བྱ་བའི་ལྷག་མའི་སྔགས་བརྗོད་ལ། །གཏོར་མའི་སྣོད ་ལན་གསུམ་བསྐོར་ལ་མཚན་མ་གཅིག་པར་དོང་བར་བྱའོ། །དེ་ནས་ལངས་ཏེ་ལག་པ་དང་ཁ་བཀྲུས་ལ་དཀྱིལ་འཁོར་ཕྱིས་ཏེ། སྔ་མ་བཞིན་དུ་གཤེགས་སུ་གསོལ་ལ་ཅི་བདེར་ཉལ་བར་བྱའོ། །དེ་ནི་ལྷག་མའི་གཏོར་མའི་ཆོ་གའོ། །ཉལ ་བའི་དུས་སམ་རབ་གནས་སམ། །སྦྱིན་སྲེག་མཐར་ཡང་རྣལ་འབྱོར་པས། །ཕྱོགས་བཅུ་ཚིམ་པར་བྱ་བའི་ཕྱིར། །ཁྲོ་བོའི་རྒྱལ་པོའི་གཏོར་མ་བྱ། །གཤིན་རྗེ་མཐར་བྱེད་ནས་བཙམས་ཏེ། གནོད་མཛེས་རྒྱལ་པོ་ལ་ཐུག་པའམ་སྐུ་མདོག་ཕྱག ་མཚན་ཆ་ལུགས་ནི། །ཇི་བཞིན་ཁྲོ་བོ་བཅུ་པོ་བསྒོམ། །མདུན་དུ་དཀྱིལ་འཁོར་བསམ་པར་བྱ། །ཡང་ན་རྡོ་རྒྱུས་དག་གིས་དྲིས། །མཚོ་སྐྱེས་འདབ་མ་བརྒྱད་པ་སྟེ། །དེ་ལ་ཁྲོ་བོ་རྣམ་པར་བསམ། །དབུས་སུ་དཔལ་ལྡན་རྡོ་རྗེ ་སེམས། །གཤིན་གཤེད་གཙུག་ཏོར་ལ་ཐུག་རྣམས། །གོ་རིམས་བཞིན་དུ་ཤར་སོགས་དང། འོག་དང་སྟེང་གི་ཕྱོགས་སུ་བསམ། །ཤ་དང་འབྲས་ཆན་ཆད་བཏུང་བས། །གད་པར་གྱུར་པའི་སྣོད་བཅུ་དག་།རིམ་པ་བཞིན་དུ་བཞག་བྱ་ཞིང། །མཆོད ་ཡོན་ཕུལ་ཏེ་དེ་ནས་མཆོད། །སྔགས་འདི་ཡིས་ནི་སྒྲུབ་པ་པོས། །དེ་ནས་སྤྱན་ནི་དྲང་བར་བྱ། །ོཾ་ཨེ་ཧཡེ་ཧི་བྷ་ག་པཱན། །ི་ཧཱ་བྷ་ག་ཧཡ་ཙ་ས་མ་ཡེ་ན་ཙ་ཨརྒྷཾ་པུཥཔཾ་པྲ་ཏཱིཙྪ་ཨི་དམ་པུ་ཛ་ཝཱ་དྱ་པྲ་ས་ད་མི། །དེ་ནས་རང་རང་གི་སྔགས་བཅུ་པོ་ཁོ་ནས ་གཏོར་མའི་སྣོད་རྣམས་བྱིན་གྱིས་བརླབ་པར་བྱའོ། །ོཾ་ན་མ(རྒྱུད་འགྲེལ་སོ་ར་ཁ་ར་ད་ན་བུདྡྷེ་ནི་ར་མ་ཐ་ནི་རྨ་ཐ་ཧཱུཾ་ཕཊ། ཤེས་རབ་མཐར་བྱེད་ཀྱིའོ། །ོཾ་ན་མ(རྒྱུད་འགྲེལ་ཡ། མཧཱ་ཏེ་ཨཥྚ?་ཨུད་ག་ཏེ་ལྷེ་ར་བཱ་ཡ། བཛྲ་སན་བྷ་ར་བཱ་ཡེ། ཨ་མྲི་ཏེ་ཀུཎྜ་ལི་ཧཱུཾ་ཕཊ། བགེགས་མཐར་བྱེད་ཀྱིའོ། །ོཾ་ན་མ(རྒྱུད་འགྲེལ་གྱིའོ། །?་མཛའ་མནྟ་བུདྡྷེ་བྷཡོ། ན་མོ་མཧཱ་བ་ལ་ཡ། ཨུཙྪུཥྨ་ཀྲོ་དྷ་རཱ་ཛཱ་ཡ། སརྦ་ནཱ་ག་ནཱི་ཧྲི་དེ་ཡ་ཧཱུཾ་ཕཊ། །སྟོབས་པོ་ཆེའི་འོ། །ོཾ་ན་མ(རྒྱུད་འགྲེལ་ཏ་ཡ་ཧཱུཾ་ཕཊ། མི་གཡོ་བའི་འོ། །ོཾ་ན་མ(རྒྱུད་འགྲེལ་སནྟ་བུདྡྷ་ནཱཾ་ན་མ(རྒྱུད་འགྲེལ་ཏཾ་ཏད་སརྦ་ན་ཏུ་ཙྪིནདྷ་ཙྪིནདྷ་བྷིནད་བྷནདི་བྷནདི། ཙི་རི་ཙི་རི། གི་རི་གི་རི། མི་རི་མི་རི། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་གཙུག་ཏོར་འཁོར་ལོས་སྒྱུར་པའི་འོ། །ཐམས་ཅད་བསྲུང་བར་བྱེད་པའོ། །སྔགས་མཆོག་བཟང་པོ་འདི་རྣམས ་ཀྱིས། །ཁྲོ་བོའི་རྒྱལ་པོ་བཅུ་པོ་ནི། །རྫོགས་པར་ཚིམ་པར་བྱས་པར་འགྱུར། །དེ་ནས་ཤར་སོགས་ཕྱོགས་རྣམས་སུ། །སྔགས་ཀྱི་གོ་རིམས་ཇི་བཞིན་དུ། །ཁྲོ་བོ་རྣམས་ཀྱི་གོ་རིམས་བཞིན། །གཏོར་མའི་སྣོད་རྣམས་དོར་བར་བ། །དེ་ཡིས་ནམ་ཡང ་རྨི་ལམ་ནི་ངན་པ་ཉིད་ནི་མཐོང་མི་འགྱུར། །ཁྲོ་བོ་ཚིམ་ལས་རྣལ་འབྱོར་དབང། །རྨི་ལམ་བཟང་པོ་ཉིད་མཐོང་འགྱུར། །རབ་གནས་མཛའ་མར་གཏོར་མ་འདིས་།ལྷ་ཁང་ཤིན་ཏུ་བརྟན་པར་གྱུར། །སྦྱིན་སྲེག་མཛའ་མ་མཁའ་འགྲོ་མ། །སྟོབས ་ཆན་མ་དག་རབ་མཉེས་འགྱུར། །གང་ཕྱིར་སྣ་ཚོགས་མ་ལུས་འདི། །ཕྱོགས་བཅུའི་སེམས་ཅན་དང་བཅས་པ། །ཁྲོ་རྒྱལ་གྱིས་ནི་?་གི་མཐུས། །རྟག་ཏུ་ཕམ་པར་བྱས་ཏེ་གནས། །དེ་ཕྱིར་དེ་ནི་ཚིམ་བྱས་པས། །ཀླུ་དང་འབྱུང་པོ་དྲང་སོང་དང། །གནོད ་སྦྱིན་ལྷ་མིན་བཅས་འགྲོ་བ། །རྒྱུ་དང་མི་རྒྱུ་ཚིམ་པར་འགྱུར། །རང་གི་འདོད་ལྷའི་རྣལ་འབྱོར་རམ། །རྟའི་རྒྱལ་པོའི་རིམ་གྱིས་ནི། །རྩེ་གཅིག་སེམས་ལྡན་སྒྲུབ་པ་པོས། །ཁྲོ་རྒྱལ་རྣམས་ལ་གཏོར་མ་དབུལ། །དེས་ཁྲོ་བོའི་རྒྱལ་པོ་བཅུའི་གཏོར་མའི་ཆོ་གའོ།། ་གང་ཞིག་བྱས་པས་རྣལ་འབྱོར་དབང། །རྡོ་རྗེ་སེམས་དཔའ་ཉིད་ཐོབ་འགྱུར། །ནང་གི་གཏོར་མ་ཞེས་བྱ་བ། །དེ་ནས་གཞན་ཡང་རབ་བཤད་བྱ། །བཞིན་བཟངས་མིག་ནི་རབ་ཡངས་པའི། །སིཧལ་ག་བུར་དག་གིས་བརྒྱན། །ཕང་པ་རུ་ནི་གཞག ་བྱ་སྟེ། ནུ་མ་བཟུང་པར་རབ་ཏུ་བསམ། །རྡོ་རྗེ་པདྨར་འོ་བྱས་ཞིང། །རྡོ་རྗེ་བསྐྱོད་པས་མཉེ་བར་བྱ། །རྡོ་རྗེ་འཁྱུད་པས་འཁྱུད་ནས་ནི། །རྡོ་རྗེ་མཆུ་ནི་རབ་ཏུ་གཞིག། །རྡོ་རྗེ་སེམས་མའི་སྦྱོར་བ་ཡིས།། །།རྡོ་རྗེ་གནས་ནི་རབ་ཏུ་བསྐྱོད། །རྡོ་རྗེ་སེམས ་ནི་རབ་ཕྱུང་ནས། །རྡོ་རྗེའི་ལྕེ་ཡིས་བཟའ་བར་བྱ། །དེ་ནས་དེའི་བདེ་ཆེན་དུ། །རྡོ་རྗེ་སེམས་དཔའ་རབ་ཏུ་གཞུག་།རྡོ་རྗེ་བསྡམས་པའི་སྦྱོར་བ་ཡིས། །རྡོ་རྗེའི་མཆོད་པ་རབ་ཏུ་བརྩམས། །རྡོ་རྗེ་སེམས་དཔའ་ཐོབ་པ་ན། །བརྟུལ་ཞུགས་ཅན་གྱིས་རྡོར་སེམས ་སྤྲོ། །པདྨའི་མེ་ཏོག་ཡང་དག་ལྡན། །མེ་ཏོག་དམར་པོས་མཆོད་པར་བྱ། །པདྨ་མཉེས་གྱུར་རྡོ་རྗེ་ཅན། །པདྨ་དམར་པོས་ཁྱད་པར་དུ། །དྲི་ལྔ་ཡི་ནི་སྦྱོར་བ་དང། །སྤོས་དང་ག་བུར་མཆོད་པས་སོ། །འདི་ཡིས་རྒྱས་པར་འགྱུར་བ་སྟེ། །སྟོབས?་དང་མཐུ་དང་རྩལ ་ལྡན་འགྱུར། །བལྟས་པ་ཙམ་གྱིས་བསྐུལ་ནས་ནི། །འཇིག་རྟེན་དག་ནི་དབང་དུ་འགྱུར། །ཤེས་རབ་ཡན་ལག་སྦྱོར་བ་ཡིས། །ནང་གི་གཏོར་མའི་རི་མོ་འདི་བཤད། །གཞན་ཡང་བཟའ་བའི་སྦྱོར་བས་ཀྱང། །ནང་གི་གཏོར་མ་བཤད་པར་བྱ། །ཇི་སྐད་དུ་དཔལ ་ལྡན་ལྷ་མོ་བཞིས་ཆོས་ཀྱི་དབྱིངས་ཞུས་པ་ལས་ལྷ་མོ་སྒྲོལ་མའི་ཐེ་ཚོམ་བསལ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཏེ། །རྫས་ཀྱི་སྒྲུབ་པ་ཡན་ལག་བརྒྱད། །ཆོས་རྣམས་བསྒྲུབ་པ་བཤད་པར་བྱ། །མི་དང་གླང་པོ་རྟ་དང་ནི། །བ་ལང་ཁྱི་དང་བོང་བུ་ཉིད ་རྔ་མོང་དང་ནི་མ་དེ་ཉིད། །ཆ་དག་མཉམ་པར་བྱས་ནས་ནི། །མཐེ་བོང་གི་ནི་རྩེ་མོ་ཙམ། །མཉམ་པར་མཉམ་པས་ངེས་པར་སྦྱར། །བཤང་གཅི་ཁྲག་དང་ཁུ་བདག་།ནས་ཀྱི་འབྲུའི་ཚང་ཙམ་ཡང། །སྔགས་ཀྱི་སྒོ་ནས་སྦྱར་བྱ་ཞིང། །བྱིན་གྱིས་ཀྱང་ནི ་བརླབ་པར་བྱ། །ོཾ་དང་ཡི་གེ་ཨཱ(རྒྱུད་འགྲེལ་ལྔ་དང་ནི་བསྲེ་བྱ་ཞིང། །ཡུངས་ཀར་ལྔའི་ཚད་ཙམ་གྱིས། །དེ་ནས་རི་ལུ་དག་བྱས་ནས། །པདྨའི་སྣོད་དུ་བཞག་ནས་སུ། །སྟོང་ཕྲག་བརྒྱ་ནི་བཟླས་པར་བྱ། །ཉིན་རེ་བཞིན་དུ་བཟའ་བྱ་ཞིང། །ཐུན་བཞི་དག་ཏུ་བསྒོམས་བྱས་ན། །བསྐལ་པའི་མཛའ་ ་ལ་ཐུག་པ་རུ། །དངོས་གྲུབ་རྒྱ་ཆེན་ཐོབ་བར་འགྱུར། །རི་ལུ་ཆེན་པོ་ཟོས་པ་ཡིས། །མདོག་དང་གཟི་བརྗིད་སྟོབས་དང་མཐུ། །ལྔ་པ་སྨོན་ལམ་ཉིད་དང་ནི། །མངོན་པར་ཤེས་པ་ལྔ་ཐོབ་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་ནང་གི་གཏོར་མ་ནི།། ་རྟག་ཏུ་བྱ་བ་རྣལ་འབྱོར་པོས། །འདིར་ནི་དཔལ་ལྡན་རྡོ་རྗེ་སེམས། །རྒ་ཤི་མེད་པའི་གནས་མྱུར་འགྲུབ། །དེ་ནི་ནང་གི་གཏོར་མའི་ཆོ་གའོ། །སྣ་ཚོགས་རྒྱུད་ཀྱི་རྒྱ་མཚོ་ལས། །བདག་གིས་གཏོར་མའི་ཆོ་ག་ནི། །མ་ལུས་ཐམས་ཅད་མཉེས་བྱེད་པ། ། ་རིན་ཆེན་ཚོགས་མཚུངས་སུམ་ཅུ་བཏུས། །རྒྱ་ཆེན་རྒྱུད་འཛིན་འཇིགས་པ་ལ། །གཞུང་ཆད་དགུ་བརྒྱ་དང་ལྡན་པ། །ལག་མཐིལ་འབྲས་མཚུངས་གཏོར་མ་ཡི། །སྒྲུབ་ཐབས་འདི་ནི་བདག་གིས་བྱས། །རྣམ་པ་སྣ་ཚོགས་རྒྱུད་ལས་བཏུས་ལས་ངལ ་བར་གྱུར་པ་བདག་གིས་ནི། །ཕན་དང་བདེ་བ་ཕྱོགས་ཡང་དག་སྒྲུབ་བྱེད་གཏོར་མའི་སྒྲུབ་ཐབས་བྱས་པ་ལས། །དེ་རིང་ཟླ་བའི་འོད་མཚུངས་ཤིན་ཏུ་རྒྱ་ཆེན་དགེ་བ་གང་བསགས་པ། །དེ་ཡིས་དེང་སང་སྐྱེ་བོ་མང་པོ་བདེ་གཤེགས་ཉིད་ནི ་རབ་ཐོབ་ཤོག་།བདག་ཀྱང་སྲིད་པ་འདི་རུ་ནི། །རྡོ་རྗེ་སེམས་དཔར་འགྱུར་པར་ཤོག་།མ་ལུས་བདེ་གཤེགས་བསམ་བྱ་བ། །ལྷ་ཆེན་སོགས་གྱིས་བསམ་མི་ཁྱབ། །རྟོགས་པའི་རླབས་ནི་འཇོམས་བྱེད་བློ་མཆོག་སྐལ་ལྡན་སྐྱེ་བོ་ཡི། །སྙིང་ལ་རྟག ་ཏུ་ཤིན་དུ་བརྟན་པར་གནས་པར་བྱེད་པར་ཤོག་།རྒྱུད་སྣ་ཚོགས་ལས་?་པའི་གཏོར་མའི་ཆོ་ག་སློབ་དཔོན་དཔལ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ ་སློབ་དཔོན་ཀརྨ་བཛྲའི་ཞལ་སྔ་ནས་དང། ལོ་ཙ་བ་དགེ་སློང་གཞོན་དུ་ཚུལ་ཁྲིམས་ཀྱིས་བསྒྱུར་ཅིང་ཞུས་པའོ།། །། *། །རྒྱ་གར་སྐད་དུ། སརྦ་དྷརྨམ་པཱ་ལ་བ་ལིནྟ་བི་དྷི། བོད་སྐད་དུ། ཆོས་སྐྱོང་ཐམས་ཅད ་