| Wylie | e-texts based on the ACIP/ALL Input |
བའོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ལ་གང་ཇག་གཅིག་གི་ཉིན་ཞག་གཅིག་གི་བྱ་བ་བརྗོད་པར་བྱ་སྟེ། །དང་པོ་མཐོ་རངས་ཀྱི་ཆ་ནས་བརྩམས་ཏེ། །ཇི་སྲིད་ཉལ་བ་ལ་ཐུག་པའི་བར་ལ། །བྱ་བ་བསྡུས་པ་ནི?་?བརྒྱད་དེ། །གོས་དང་ཁྲུལ?་? ་མ་མཆོད། །ཆམ་དང་སྐོམ་དང་སྤྱོད་ལམ་དང། ཏིང་འཛིན་?་པ་ཐར་ཐུག་པ། །བརྒྱད་པོ་འདི་ནི་བསྡུས་པའོ། །ཞེས་སྤྲིན་ལས་གྲོལ་གསུངས་ཏེ། མདོར་བསྡུས་པའོ། །ད་ནི་དེ་དག་གི་མཚན་ཉིད་རེ་རེ་ནས་རྒྱས་པར་བཤད་པར་བྱ་སྟེ། །དེ་ལ་དང་པོ་འགོས་དང་ཞེས་པ་ནི། ་ཐོག་མར་མལ་ནས་ལངས་གོས་བགོ་བའི་ཕྱིར། །གོས་ཀྱི་རྣལ་འབྱོར་བྱ་ཏ། །རང་གི་གོས་བྱིན་གྱིས་བརླབས་པ་འམ། མ་བརླབས་པ་ཡང་རུང་སྟེ། གོས་ཅུང་ཟད་སྟོང་པ་ཉིད་དུ་བསམས་ཏེ་རང་གི་སྙིང་ག་ནས་འོད་འཕྲོས་པས། །བཅོམ་ལྡན་འདས་རྡོ་རྗེ་འཆང་གི་ཐུགས་ཀ་?? ་སྟེ། དེ་ལས་ཡི་གེ་ཧཱུཾ་དཔག་ཏུ་མེད་པ་བཀུག་སྟེ་རང་གི་གེས་ལ་བསྟིམ་།དེ་ཞུ་རྡོ་རྗེ་རྒྱ་གྲམ་དུ་གྱུར། །རང་གི་སྔགས་བརྗོད་གོས་གྱུར་ཏེ། །རང་ལྷའི་ང་རྒྱལ་ལ་གནས་པས། །བགོས་པས་བར་ཆད་རྣམ་སེལ་དང། མ་འོང་པ་ན་རྡོ་རྗེ་འཆང། །འགྲོ་བའི་དོན ་རྣམས་བྱེད་པར་འགྱུར། །དེ་ཕྱིར་ནན་ཏན་ཐམས་ཅད་ཀྱིས། །དང་པོ་དབང་བསྐུར་དུས་དག་ཏུ། །གོས་ཀྱི་དབང་བསྐུར་བྱ་བ་བཅས། །ཁྲུས་དང་ཞེས་པ་ནི། དེ་ནས་ཁྲུས་ཀྱི་དུས་དག་ཏུ། །རང་གི་ལྷ་ཡི་ང་རྒྱལ་གྱིས། །བུམ་པའམ་གཞན་ཡང་རུང་བ་ནི། །ཆུ ་ཡིས་བཀང་སྟེ་མདུན་བཞག་ནས། །ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། །དབང་བསྐུར་བླ་མའི་ཐུགས་ཀར་ཕོག་།དེ་ལས་ཀྱང་འོད་འཕྲོས་པ་ལས། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དང། །རང་འདོད་ལྷ་ལ་འོད་ཟེར་ལས། སྒྲ་བྱུང་གསོལ་བ་བཏབ་པར་བསམ། ། ་བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་མཆོད་ཆེན་བགྱིད་པ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་སླད་དུ། །ནམ་མཁའ་རྡོ་རྗེ་དང་བདག་སྩོལ། །ཞེས་བསྐུལ་བས་དེ་དག་གི་ཐུགས་ཀ་ནས། །བགེགས་རྣམས་མ་ལུས་ཚད་གཅོད་པའི། །རིགས་པའི་རྒྱལ་པོ་མ་ལུས་ ་དང། །བྱང་ཆུབ་སེམས་དཔའ་གྲངས་མེད་རྣམས། །ཇི་ལྟར་བལྟམས་བ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གི་ཁྲུས་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཀ་ལ་ཤ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཧཱུཾ་ཞེས ་བརྗོད་མཁའ་ལ་སྤྲིན་ཕུང་བཞིན། །ལྷ་མོ་ཕྱག་དང་བུམ་པ་ནི། །བདུད་རྩིས་གང་པ་གར་སྐར་གྱི། །ཕྱག་རྒྱས་བཟུང་སྟེ་གླུ་འདི་ལེན། །དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱི་ཕྱག་བྱས་པ། །གསང་གསུམ་གནས་ལས་བྱུང་བ་འདི།། ་སངས་རྒྱས་ཀུན་གྱིས་བྱིན་པ་ཡིན། །ཞེས་པས་བདག་པ་དབང་བསྐུར་བསམ། །ལུས་ཀྱི་དྲི་མ་དག་པ་ལྟར། །སྒྲིབ་པ་རྣམས་ནི་དག་པར་བསམ། །ཆུ་ཡི་ཟེར་མ་འཕྲོས་པ་ལས། །མཛའ་ཡས་སེམས་ཅན་མ་ལུས་པའི། །སྒྲིབ་པ་རྣམས་ནི་དག་པར་བསམ། །རང ་གི?་ཁྲུས་?་?་ནི། །མི་བསྐྱོད་པས་མ་ཞིང་སྔགས་འདི་བཟླས། །ོཾ་བཛྲ་སྣ་ན་ཧཱུཾ། བླ་མ་མཆོད་ཅེས་པ་ནི། དེ་ནས་བླ་མ་མཆོད་པ་ནི། ཐང་ལ་མཎྜལ་བྱུག་བྱ་ཞིང། །བྱིན་གྱིས་བརླབས་པར་བྱ་བ་སྟེ། ལྕི་བ་ཆུ་དང་བཅས་པ་ཡིས། །བཛྲ་རེ་གེ་ཞེས་བརྗོད་ཅིང། །ར་རི ་ཨ?་ཡེ་མེད་པར་བྱུག་།དེ་ནས་རང་སྙིང?་ས་བོན་ལས། །ཡི་གེ་ཧཱུཾ་འཕོས་མཎྜལ་སྟོང། །གནས་ལ་སྔགས་འདི་བརྗོད་པར་བྱ། །ོཾ་ཏཱཾ་རཏན་མཎྜལ་བཛྲ་རེ?་ཧཱུཾ། །ལན་བདུན་ནམ་གསུམ་མམ་གཅིག་ཀྱང་རུང། །བརྗོད་པས་ཞུ་སྟེ་ས་གཞི་ནི། །རིན་པོ་ཆེ་ཡི་རང ་བཞིན་གྱུར། །དེ་ཡི་སྟེང་དུ་ཨ་དཀར་འཕྲོས། །སྔགས་འདི་བཟླས་ལ་ཟླ་བར་བསམ། །ོཾ་ཙནྡྲ་མཎྜལ་ལ་བཛྲ་རེ་ཀེ་ཧཱུཾ། དེའི་སྟེང་དུ་ཙན་དན་གྱི། །ཆུ་གཏོར་ཡི་གེ་ཧཱུཾ་གྱུར་ཏེ། །སྔགས་འདི་བཟླས་ཞུ་དྲི་ཞིམ་པའི། །རང་བཞིན་མཎྜལ་གྱུར་པར་བྱ།། ་ཨོཾ་དྷཱུ་པ་ར་ཡ་རཏན་མཎྜལ་བཛྲ་རེ་ཀེ་ཧཱུཾ། དེ་ནས་ནོར་བཱུམ་སྨན་ནམ་འབྲུ། །མེ་ཏོག་ཉིད་ཀྱིས་དགྲམ་བྱ་སྟེ། །རང་གི་འདོད་པའི་བྱེ་བྲག་གིས། །ཇི་སྙེད་འདོད་པའི་ཚོམ་བུ་བྱ། །དེ་དག་བཾ་བསམ་སྔགས་འདིས་ཞུ། །པདྨའི་གདན་དུ་གྱུར་པར་བསམ། །ོཾ་པི་པདྨ ་མཎྜལ་བཛྲ་རེ་ཀེ་ཧཱུཾ། དེའི་སྟེང་དུ་བྲུམ་ཡིག་བསམ། །ོཾ་བྲུཾ་བི་ཤ་བི་ཤུདྡྷེ་མཎྜལ་བཛྲ་རེ་ཀེ་ཧཱུཾ། རིན་ཆེན་ལས་བྱུང་གཞལ་ཡས་ཁང། །མཛེས་པ་ཉིད་དུ་གྱུར་པར་བསམ། །དེ་དབུས་བླ་མ་ཡི་དམ་ལྷ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས་ཀྱི ་སྲས་དང་བཅས་པ་སྤྱན་དྲངས་ལ། །དང་པོར་ལུས་ངག་ཡིད་ཀྱིས་ནི། །གུས་བ་ཡིས་ནི་ཕྱག་འཚལ་ཏེ། །ཕྱི་ནང་གསང་བ་བླ་མེད་པའི། །མཆོད་པའི་སྤྲིན་གྱིས་མཆོད་པར་བྱ། །བླ་མ་དཀོན་མཆོག་གསུམ་པོ་དང། ཞེས་པ་ལ་སོགས་ཚིག་རྣམས་ཀྱིས། །སྡིག་བཤགས་སྡོམ་པ ་གཟུང་བར་བྱ། །དེ་ཡི་རང་རྒྱུད་དག་འགྱུར་ཏེ། བདུད་རྩིའི་སྣོད་དུ་འགྱུར་བ་ཡིན། །དེ་ནས་ཡི་གེ་བརྒྱ་བརྗོད་ཅིང། །བཟོད་གསོལ་ཨོཾ་ཨཱ(རྒྱུད་འགྲེལ་སྦྱང་གཏེར་མ་དང་མཐུན་ནོ། །དེ་ནས་ལྟེ་བའི་ལྐོག་ཏུ་ཡཾ། །ཞུ་བས་རླུང་གི་དཀྱིལ་འཁོར་བསམ། །དེ་སྟེང་རཾ་ལས་ཙནྡྲ་ལི། །མར་མེ་རྩེ་མོ་ལྟ་བུར་གསལ། །དེ་ནི་ལྟོ་བ་སྦྱང་བའོ། །དེ་ནས་རླུང་གིས་མེ་སྦར་བ། །སྙིང་ནང་ལྷ་དང་ཕུང་པོ་ཁམས། །སྐྱེ་མཆེད་ལ་སོགས་ལྷར་གསལ་བྱ།། ་དེ་ནི་སྙིང་གར་སྦྱར་བར་འདོད། །གལ་ཏེ་ལ་ལ་འདི་སྐད་དུ། སྙིང་གའི་ལྷ་ཉིད་གསལ་བ་ནི། །སྙིང་ག་སྦྱང་པར་རིགས་མོས་ཀྱི། །ཕུང་པོ་ཁམས་ལ་སོགས་པ་ལ། །སྙིང་ག་སྦྱང་ཞེས་ཅིའི་ཕྱིར། །ཞེ་ན་དེ་ནི་གཙོ་བོ་སྟེ། དང་པོ་དབང་བསྐུར་དུས་ན་ནི། །ཡེ་ཤེས་ལྷ་ནི་དུ་མ ་དག། ལུས་ལ་བཅུག་ཅིང་བྱིན་བརླབས་ལ། །སྙིང་གི་གཅིག་བུར་བཅུག་པ་ནི། །མཐོང་དང་ཐོས་པ་མེད་ཕྱིར་དང། །རྣལ་འབྱོར་རྒྱུད་ནི་དུ་མ་ལས། །ཕུང་པོ་ཁམས་དང་སྐྱེ་མཆེད་སོགས། །ལྷ་ཉིད་ཡིན་པ་གསུངས་ཕྱིར་རོ། །དེ་ནས་ཁ་ནི་ཐབ་ཁུང་ལ། །ལྕེ་ལ་མེ་ལྷ ་རྣམ་པར་བསམ། །དེ་ནས་ལག་གཉིས་དགང་བླུགས་ཀྱིས། ཟས་ཟ་སྦྱིན་བསྲེག་ཡིན་པར་འདོད། །ཡང་ན་ལྕེ་ལ་རྡོ་རྗེ་ལ། །རྐན་ལ་པདྨ་རབ་བསམས་ཏ། །གཉིས་སྦྱོར་བ་བྱས་པ་ལས། །བྱང་ཆུབ་སེམས་བྱུང་ལྷ་རྣམས་ཀུན། །ཚིམ་པར་བྱེད་པ་ལ་ལ་འདོད། །དེ་ནི་ལྕེ་རྐན་སྦྱང་པའོ།། ་དེ་ནས་ལུས་ཀྱི་དཀྱིལ་འཁོར་ནི། །ཚིམ་པར་བྱ་ཕྱིར་མ་ཡེངས་པར། །ཟ་བ་འདི་ནི་མཆོག་ཡིན་ནོ། །སྐོམ་དང་ཞེས་པ་ནི། །དེ་ནས་སྐོམ་གྱི་རྣལ་འབྱོར་ནི། །རང་ཉིད་ལྷ་ཡི་རྣལ་འབྱོར་གྱིས། །ལག་མཐིལ་གཡས་པར་ཉི་མ་ནི། །མམ་ལས་སྐྱེས་པ་བལྟ་བར་བྱ། །དེ་སྟེང་ཆར ་སྣོད་ཨ་ལས་ནི། །ཐོད་པ་ཆང་གིས་བཀང་བ་ཡི། །ཁ་ནི་ཟླ་བས་མནན་པའོ། །དེ་ནང་ཧ་ཞུ་ཁ་དོག་སྦྱངས། །ཧོས་ནི་རོ་ཡི་རྟོག་པ་སྦྱང། །ཧྲཱི(རྒྱུད་འགྲེལ་ཏེ། །སུམ་ལས་སྲིན་ལག་རི་རབ་བསྐྱེད། །ཧཱུཾ་ལས་མཐེ་བོང་ས་བཞིར་བསམ། །བར་དུ་མམ་མར་བསམ་བྱས་ཏེ། །དེ་ལས་འོད་འཕྲོས་འོག་མིན་དུ། །རང་འདོད་ལྷ་ཡི་སྨིན་མཚམས་ཕོག། །ཡབ་ཡུམ་སྙོམས་བཞུགས་བདུད་རྩི་དབབ། །ཐོད་པར་བབ་སྟེ་ས་གཞི་དང།། ་རི་རབ་བཅས་ལས་དཀྲུགས་པས་ནི། །ས་གཞི་རི་རབ་ཉིད་ཀྱང་ཞུ། །ོཾ་ཨཱ(རྒྱུད་འགྲེལ་འམ། །ཡང་ན་བདུན་གྱི་བར་སྣང་ལ། །དེ་དག་བསམས་ལ་མཆོད་པར་བྱ། །རང་རང་སྔགས་ལ་བདུད་རྩིའི་སྔགས། །བཏགས་པས་ལུས་ངག་ཡིད་གསུམ་དང། །བླ་མ་ལ་ནི་དབུལ་བར་བྱ། །དེ་ནས་གོང་དུ་བཤད་མཆོད་བྱ། །དེ་ནས་ཅི་རན་གནོད ་མེད་པར། །ཚོད་ཟིན་པར་ནི་བཏུད་པར་བྱ། །ཚོགས་ཀྱི་མཆོད་པའི་དུས་སུ་ནི། །ནད་ལ་གནོད་པར་གྱུར་ན་ཡང། །ཐིགས་པ་གསུམ་ནི་དམ་ཚིག་གོ། །དེ་ལྟར་མ་བྱས་གླང་པོ་ཆེ། །སྨྱོན་པ་བཞིན་དུ་འཐུང་བྱེད་ན། །སྐྱེ་བ་ལྔ་བརྒྱར་སྨྱོན་བར་འགྱུར། ། ་སྤྱོད་ལམ་དང་ཞེས་པ་ནི་དེ་ནས་སྤྱོད་ལམ་གྱི་དུས་སུ་སོ་སོར་བརྟགས་པ་རྣམ་པ་གཉིས་ཏེ། །སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང། །བཅུད་ཀྱི་སེམས་ཅན་བྱེ་བྲག་གི།ལྷ་དང་ལྷ་མོར་མོས་པར་བྱ། །རང་གི་བྱ་བ་ཅི་བྱེད་ཀྱང། །ལྷ་ཡི་ང་རྒྱལ་ལ་གནས་ནས ་ཤེས་རབ་ཕ་རོལ་ཕྱིན་ལ་སོགས་སོ། །པ་ཏི་ཀློག་པའི་ཚེ་བདག་ཉིད། །ལྕེ་ལ་རྡ་རྡུངས་རྡོ་རྗེ་བསམ། །རྐན་ལ་རྔ་ཆེན་རབ་བསམས་ཏེ། རྡོ་རྗེས་རྔ་ལ་རབ་བརྡུངས་པས། །སྒྲ་སྐད་ཆེན་པོ་ཕྱོགས་བཅུར་ཁྱབ། །མཛའ་ཡས་སེམས་ཅན་མ་ལུས་ཀྱི། །རྣ་བར ་གང་དང་གང་མོས་ལ། །དེ་དང་དེ་ལྟར་རྟོག་པར་བསམ། །ཡང་ན་མཛའ་ཡས་སེམས་ཅན་རྣམས། །མ་ལུས་མདུན་དུ་བཀུག་བྱས་ལ། །བདག་གི་སྐད་ནི་གང་མོས་པར། །སོ་སོར་གོ་བར་ཆོས་བྱས་ལ། །རྟག་ཏུ་དག་པར་བསྒྲག་པར་བྱ། །འདིར་མང་སྨྲ་བས་ཅི ་ཞིག་བྱ། །གང་བྱེད་ལྷ་ཡི་ང་རྒྱལ་གྱིས། ཁ་དགེ་དང་གཞན་གྱི་བྱང་ཆུབ་ནི། །ཐོབ་པར་བསམ་ཞིང་བྱ་བའོ། །ཏིང་ངེ་འཛིན་ཞེས་པ་ནི། །དེ་ནས་ཕྱི་དྲོའི་ཐུན་དག་ལ། །རང་གི་རྟོག་པའི་དོན་ལ་ནི། །བློ་གཞག་ལྷ་ཡི་ང་རྒྱལ་ནི། །ཆོ་ག་ལྔ་འམ་ཆོ་ག་གསུམ།། ་སྐད་ཅིག་བསྡུས་རྒྱས་ཤིན་ཏུ་བསྡུས། །གང་མོས་པ་ལ་བོལ?་གཞག་ལ། །ཐུན་མོང་དངོས་གྲུབ་འདོད་པ་འམ། །དག་གི་སྒྲིབ་པ་སྦྱོང་འདོད་པས། །བཟླས་པ་གང་མོས་ལས་གཞི་ལ། མི་སྐྱེའི་བར་དུ་བཟླས་པར་བྱ། །བཟླས་པས་སྐྱོན་རྫོགས ་རིམས?་མི། སྟེང་དང་འོག་གི་སྒོ་དག་ལ། །བསྟེན་ནས་བསྒོམ་པར་བྱ་བའོ། །དེ་ནས་གལ་ཏེ་གཏོང་འདོད་ན། །མན་ངག་བཞིན་དུ་གཏོར་མ་ནི། བྱིན་གྱིས་བརླབས་ཏེ་དབུལ་བར་བྱའོ། །དེ་ནས་བསྟོད་དང་བཤགས་པ་དང། ཕྲིན་ལས་བཅོལ་ལ ་གཤེགས་སུ་གསོལ། །རང་གི་ཡེ་ཤེས་གཤེགས་པར་བྱའོ། །དེ་ནས་སྨོན་ལམ་གདབ་པ་དང། །སྟོང་པ་ཉིད་ཀྱིས་རྒྱས་གདབ་བྱ། །ཉལ་བའི་མཐར་ཐུག་ཅེས་པ་ནི། །དེ་ནས་ཉལ་ན་རྣམ་གསུམ་སྟེ། །སྟོང་པ་ཉིད་ཀྱིས་ཉལ་བ་དང། །བསྐྱེད་བའི་རིམ་པའི་ཉལ་ལུགས་དང། ། ་འཆི་བ་བསླུ་བའི་ཉལ་ལུགས་སོ། །སྟོང་པ་ཉིད་ཀྱི་ཉལ་བ་ནི། །སྣོད་ཀྱི་འཇིག་རྟེན་བཅུད་ལ་བསྡུ། །བཅུད་ཀྱི་སེམས་ཅན་ཡུམ་ལ་བསྡུ། །ཡུམ་ཡང་བདག་ལ་བསྡུས་ནས་ནི། །བདག་ཉིད་ཡེ་ཤེས་སེམས་དཔའ་ལའོ། །ཡེ་ཤེས་སེམས་དཔའ་རྡོ་རྗེ་ལའོ། །རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་རིམས ་ཀྱིས། །ནཱ་དའི་བར་དུ་བསྡུ་བའོ། །ནཱ་ད་སྟོང་པ་ཉིད་ལ་བསྡུ། །དེ་ཡི་ངང་ལ་ཉལ་བའོ། །བསྐྱེད་པའི་རིམ་པའི་ཉལ་ལུགས་ནི། །ཡེ་ཤེས་ལྷ་རྣམས་གཤེགས་གསོལ་ཏེ། །དམ་ཚིག་སེམས་དཔའ་ཨི་ང་རྒྱལ་གྱིས། །གཉིད་ཀྱིས་དུབ་བ་བསལ་བ་དང། །སྔ་བར་ལྡང་ཞིང ་སྣང་བ་ཡི། །དྲན་པ་ཡིད་ལ་གཞག་པས་ཉལ། །འཆི་བ་བསླུ་བ་ཀ་པཱ་ར་ལ། །སྐམ་པོ་དམིགས་ཏེ་ཉལ་བའོ། །བརྒྱད་བ་འདི་ནི་བསྡུས་པར་ཞེས་པའི་དོན་ནི། །ནད་པར་ལངས་ཏེ་སྔ་མ་བཞིན། །ཀོས་ནས་བརྩམས་ཏེ་ཉལ་བའི་བར། །བྱ་བ་བརྒྱད་པོ་རྫོགས་པར་བྱ། འདི ་ལྟའི་བྱ་བ་བརྒྱད་པ་ནི། །དབང་བསྐུར་ཐོབ་ཅིང་དམ་ཚིག་སྐྱོང། །བླ་མ་ལ་གུས་གཏོད་ཕོང་ཆེ། །དད་ལྡན་བརྩོན་འགྲུས་ཆེ་བ་དང། །ལུས་ངག་སྤྱོད་པ་མཛེས་པ་ཡིས། །བླ་མ་རྡོ་རྗེ་སྤུན་ལ་གུས། ང་རྒྱལ་ཆུང་ཞིང་བཤགས་ལ་བརྩོན། །གསོད་པར་སྨྲ་ཞིང་གཞན་དོན ་ཕྱག། དེ?་ལྟ་བུ་ལ་སྦྱིན་བྱ་ཡི། །བླ་མ་མི་བསྟེན་དམ་ཚིག་མེད་དང་རྣམ་པར་སྨིན་ལ་མི་འཛེམ་རང་ཚུལ་དྲེགས། །ཐོས་བསམ་བསྒོམ་ལ་མ་སྦྱངས་དྲོ་ནི་རྟོག་པའི་དྲ་བས་རྣམ་པར་གཡེངས། །ཙན་དན་ཤིང་བཞིན་ཡོན་ཏན་ཆུང་ལ་ང་རྒྱལ་ཚེ་ཕྱིར་བླ་མ་རྡོ ་རྗེ་སྤུན་སོགས་ལ། །བསྐུར་སྟིའི་སེམས་བྲལ་འཇིག་རྟེན་གྲགས་པ་དོན་དུ་གཉེར་ཞིང་གཞན་ཚིག་ཁྱད་དུ་གསོད། །འདི་འདྲའི་གང་ཟག་རྣམས་དང་སྟན་གཅིག་ལ་ཡང་མི་འདུག་པོ་ཏིའང་མི་བསྟན་ན། །བཤད་དང་གདམས་ངག་སྦྱིན་པར་བྱ་བ་ཡིད་ཀྱིས་ཀྱང ་ནི་བསམ་པར་མི་བྱ་དངོས་སུ་སྨོས་ཅི་དགོས། །དེ་ཁོ་ན་ཉིད་བསྡུས་པའི་མན་ངག་།སློབ་དཔོན་ཤཱི་ལ་སམ་བྷ་བས་ལས་དང་པོ་པའི་ངོར?་བསྡུས་ཏེ་མཛད་པ་རྫོགས་སོ།། (།།རྒྱུད་སྣ་ཚོགས་ལས་བཏུས་པའི་གཏོར་མའི་ཚོགས་ཞུ?) ་