| Wylie | e-texts based on the ACIP/ALL Input |
བྱ་བའི་རིམ་པ་མདོར་བསྡུས་པ་རྫོགས་སོ།། །། *། །རྒྱ་གར་སྐད་དུ། པོ་དྷི་པ་ད་ཏི་ནཱ་མ། བོད་སྐད་དུ། བྱང་ཆུབ་ཀྱི་གཞུང་ལམ་ཞེས་བགྱི་བ། །སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག ་འཚལ་ལོ། །ཐུབ་པ་ཆེ་ལ་ཕྱག་འཚལ་ནས། །ཐེམ་སྐས་ལྟ་བུའི་ལམ་གང་ཡིན། །དང་པོའི་ལས་མཆོག་རྒྱས་པ་ལས། །སྙིང་པོ་མདོ་རུ་བསྡུས་ཏེ་བརྗོད། །འདིར་ངེས་པར་སངས་རྒྱས་བྱོན་པ་དང། དེའི་ཆོས་ཐོས་པ་དང། དད་པ་དང་ལྡན་པ ་དང་།དམྱལ་བ་དང་ཡི་དགས་དང་དུད་འགྲོ་དང། ཀླ་ཀློ་དང་ལྷ་ཚེ་རིང་པོར་སྐྱེ་བ་དང། སངས་རྒྱས་ཀྱི་གསུང་མི་ཐོས་པ་དང། ལོག་པར་ལྟ་བ་དང། དབང་པོ་མ་ཚང་བའི་མཚན་ཉིད་ཅན་མི་ཁོམ་པའི་གནས་བརྒྱད་ལས་ཐར་བའི་མིའི་དངོས་པོ ་ཐོབ་པ་ཡང་ཤིན་ཏུ་རྙེད་པར་དཀའ་སྟེ། དེ་ཐོབ་པར་ཤེས་ནས་མྱུར་དུ་སྡིག་པ་ལས་བྱུང་བའི་ངན་འགྲོའི་སྡུག་བསྔལ་བསལ་ཞིང་དགེ་བ་ལས་བྱུང་བའི་བདེ་འགྲོའི་དགེ་བ་མཛའ་དག་དང། །བདེ་གཤེགས་དང་རྒྱལ་སྲས་ཀྱི་ཕུན་སུམ་ཚོགས ་པ་རང་དང་གཞན་གྱིས་ཐོབ་པར་བྱ་བའི་ཕྱིར་ཤིན་ཏུ་དད་པ་དང་སྙིང་བརྩེ་བའི་རང་བཞིན་གྱིས་བདག་གིས་ཡང་དག་པར་?་པའི་སྡོམ་པ་གཟུང། །ཆོ་གས་དགེ་བསྙེན་གྱི་སྡོམ་པ་ཐོབ་ཅིང་བྱང་ཆུབ་ཏུ་སེམས་བསྐྱེད་ནས་མཆོད་རྟེན་བྱ ་བ་ལ་སོགས་པ་དང་པོའི་ལས་རྣམས་དང། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བདག་ཉིད་ལ་ཆོ་ག་བཞིན་དུ་གོམས་པར་བྱའོ། །དེ་ནས་སྔར་ཉིད་ཀྱི་བླ་ན་མེད་པའི་འབྲས་བུ་འཐོབ་བོ། །དེ་ལ་ཨོཾ་ན་མོ་བྷ་ག་བ་ཏེ་བཻ་རོ་ཙ་ན་པྲ་བྷ། ་རཱ་ཛཱ་ཡ། །ཏ་ཐཱ་ག་ཏཱ་ཡ། ཨརཧ་ཏེ་སམྱཀསཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་སུ་ཀྵ་མེ་སུ་ཀྵ་མེ། ས་མེ་ས་མ་ཡེ། ཤཱནྟེ་དཱནྟེ་ཨ་ས་མཱ་རོ་པེ་ཨ་ན་ལམ་བེ། ཏ་ར་ལཾ་བེ། ཡ་ཤོ་བ་ཏི། མཧཱ་ཏེ་ཛེ་ནི་ར་ཀུ་ལ་ནིར་བཱ་ཎེ་སརྦ་བུདྡྷེ་ཨ ་དྷིཥྛ་ན། ཨ་དྷིཥྛི་ཏེ་སྭཱཧཱ། གཟུངས་འདིས་སའི་གོང་བུ་འམ་བྱེ་མའི་གོང་བུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་མཆོད་རྟེན་བྱའོ། །དེ་ལ་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་མཆོད་རྟེན་བྱེ་བ་རྣམས་བྱས་པར་འགྱུར་རོ། །རྡུལ་ཕྲ་རབ ་རྣམས་ཀྱི་གྲངས་དང་མཉམ་པའི་བསོད་ནམས་འཐོབ་པར་འགྱུར་རོ། །སའི་དབང་ཕྱུག་ཏུ་ཡང་འགྱུར་རོ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་སྐད་དུ་བཅོམ་ལྡན ་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོས་གསུངས་ཏེ། ཕན་ཡོན་ཆེན་པོ་དང་ལྡན་པའི་གཟུངས་སོ། །ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱཾ་ཏ་ཐཱ་ག་ཏོ་ཧཡ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་ཝཱ་དཱི་མ་ཧཱ་ཤ་མ་ཎ(རྒྱུད་འགྲེལ་བྱ་བའི་ཚིགས་སུ་བཅད་པས་རབ་ཏུ་གནས་པ་བྱས་ནས། ཨོཾ་ན་མོ་བྷ་ག་བ་ཏེ་པུཥཔ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརཧ་ཏེ་སམྱཀསཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཥཔེ་པུཥཔེ་མཧཱ་པུཥཔེ་པུཥཔེ། སུ་པུཥཔོད་བྷ་བེ་པུཥཔ་སཾ་བྷ་པེ་པུཥཔ་ཨ་པ་ཀིརྞི་སྭཱཧཱ། ་ཞེས་པའི་གཟུངས་འདིས་ལན་བདུན་བསྔགས་པའི་མེ་ཏོག་དབུལ་ལོ། །མེ་ཏོག་ཇི་སྙེད་དེ་བྱེ་བ་སྙེད་ཀྱི་མེ་ཏོག་ཕུལ་བར་འགྱུར་རོ་ཞེས་སོ། །དེ་ནས་ཨོཾ་ན་མོ་བྷ་ག་བ་ཏེ་རཏན་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརཧ་ཏེ་སམྱཀསཾ་བུདྡྷཱ་ཡ། ་ཏདྱ་ཐཱ། ཨོཾ་རཏནེ་རཏནེ་མཧཱ་རཏནེ་རཏན་བི་ཛ་ཡེ་སྭཱཧཱ། ཞེས་བྱ་བ་འདིས་མཆོད་རྟེན་ལ་ཕྱག་བྱའོ། །མཆོད་རྟེན་གཅིག་ལ་ཕྱག་བྱས་པས་མཆོད་རྟེན་བྱེ་བ་ལ་ཕྱག་བྱས་པར་འགྱུར་རོ། །མཆོད་རྟེན་བྱ་བའི་ཆོ་གའོ། །དེ་ནས ་ན་མ(རྒྱུད་འགྲེལ་ཕོར་དུ་གཞུག་པའི་སྔགས་སོ། །ོཾ་བཛྲ་མུངྒ་ར་ཨཱ་ཀོ་ཊཱ་ཡ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་བརྡུང་བའི་སྔགས་སོ། །ོཾ་དྷརྨཱ་ར་ཏེ་སྭཱཧཱ། སྐོར་ཕོར་ནས་དབྱུང་བའི་སྔགས་སོ། །ོཾ་སུ་པྲ་ཏིཥྛ་བཛྲེ་སྭཱཧཱ། ཞེས་པ་བཞུགས་སུ་གསོལ་བའི་སྔགས་སོ།། ་ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཎི་ཤ་ཏ་དཱི་བ་ཏེ་ཛཝ་ལ་ཛཝ་དྷརྨཱ་དྷཱ་ཏུ་གརྦྷེ་སྭཱཧཱ། ཞེས་པ་རབ་ཏུ་གནས་པའི་སྔགས་སོ། །ོཾ་སྭཱ་བྷ་བ་བི་ཤུདྡྷེ་ཨཱ་ཧ་ར་ཨཱ་ཧ་ར་ཨཱ་གཙྪ་ཨཱ་གཙྪ་དྷརྨཱ་དྷཱ་ཏུ་གརྦྷེ་སྭཱཧཱ། ཞེས་པ་གཤེགས་སུ་གསོལ་བའི་སྔགས་སོ། ། ་ཨོཾ་ཨ་ཀཱ་ཤ་དྷཱ་ཏུ་གརྦྷེ་སྭཱཧཱ། ཞེས་པ་བཟོད་པར་གསོལ་བའི་སྔགས་སོ། །འདི་ནི་ཚ་ཚ་གདབ་པའི་ཆོ་གའོ། །དེའི་རྗེས་སུ་ན་མ(རྒྱུད་འགྲེལ་ཨུཏྟ་མ། ཏ་ཐཱ་ག་ཏ། ཨུདབྷ་བ་ཧཱུཾ་ཕཊ་སྭཱཧཱ། འདི་གཟུང་བས་འཕགས་པ་སྡོང་པོ་བཀོད་པའི་མདོ་གཟུང་བར་འགྱུར་རོ། །བཅོམ་ལྡན་འདས་མ་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་མུ་ནི་དྷརྨ་སཾ་གྲ ་ཧ་དྷརྨེ་བ་མུཀ་ཏི་དྷརྨེ་ས་དཱ་ཨ་མུགྲ་ཧ་དྷརྨེ་བེ་ཤྲ་བ་ཎ་པ་རི་བརྟི་ཏ་དྷརྨེ་སརྦ་ཀཱ་ར་ཡ་པ་རི་པྲ་བ་ཎ་དྷ་རྨེ། ས་མ་ཏཱ་པ་རི་བརྟི་ཏ་དྷརྨེ་སྭཱཧཱ། ཨོཾ་པྲཛྙེ་ཤྲུ་ཏི་སྨྲི་ཏི་བི་ཛ་ཡ་དྷཱི་དྷཱ་ར་ཎི་ཡེ་སྭཱཧཱ། འདི་གཟུང་བས་ཤེས་ཀྱི་ཕ་རོལ ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་གཟུང་བར་འགྱུར་རོ། །ན་མ(རྒྱུད་འགྲེལ་མནྟ་བུདྡྷཱ་ནཱཾ་ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཨོཾ་མ་ཎི་དྷ་རི་བཛྲི་ཎི་མཧཱ་པྲ་ཏི་ས་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། འདི་གཟུང་བས་སོ་སོར་འབྲང་མ་ཆེན་མོ་གཟུང་བར་འགྱུར་རོ། །གཟུངས་འདི་དག་དང་ཚིགས་སུ་བཅད་པ་ལ་སོགས ་པ་བཀླགས་ཏེ་ཕྱག་བྱས་ནས་དེ་ནས་མཆོད་རྟེན་ལ་སོགས་པ་མི་འཇིག་པའི་ས་ཕྱོགས་སུ་བཞུགས་པར་བྱའོ། །འདིའི་ཕན་ཡོན་ཡང་བཅོམ་ལྡན་འདས་ཀྱིས་མཆོད་རྟེན་ནམ་གཟུགས་བརྙན་རྣམས་ལ་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ ་སྙེད་དུ་ངེས་པར་ས་སྟེང་དང་ལྷའི་རྒྱལ་པོ་བྱེད་པར་འགྱུར་རོ། །གཟུགས་དང་གཟུགས་མེད་པའི་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་མཛའ་དག་དང་བདེ་བ་ཐམས་ཅད་མྱོང་ནས་མཐར་སྐྱེ་བ་དང་རྒ་བའི་རྒུད་པ་སྤངས་ཏེ་བྱང་ཆུབ་ཀྱི་གོ་འཕངས ་ཐོབ་པར་འགྱུར་རོ། །གསལ་རྒྱལ་གྱིས་ཞུས་པ་ལས་ཀྱང། ཐུབ་པའི་དབང་པོའི་མཆོད་རྟེན་བྱས་པ་ཡིས། །མྱ་ངན་རྣམས་ལ་ལུས་ཀུན་རྒྱས་ཤིང་བརྟན། །གཙོ་བོར་འགྱུར་ཞིང་རིན་ཆེན་མཛོད་མང་དང། །ས་སྟེང་དགྲ་ཡི་ཚོགས་ལས ་རྒྱལ་བར་འགྱུར་ཞེས་སོ། །དེའི་རྗེས་སུ་ལག་པར་བསྒོམས་པའི་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་བཞུགས་པའི་བྷྲུཾ་ལ་སོགས་པའི་ས་བོན་ལྔ་ལས་བྱུང་བའི་རྟག་པ་ལ་སོགས་པ་ཞུ་བ་དང་ལྷན་ཅིག་འདྲེས་པའི་ཆུ་མདུན་དུ་ཛ་མ་ལས ་བྱུང་བའི་ཛམྦྷ་ལ་མེར་པོ་དུང་དང་པདྨའི་ཁ་གཏེར་གྱི་མིང་ཅན་གྱི་གཏེར་བདག་ལ་ཞབས་གཉིས་ཀྱིས་མནན་ཏེ་བཞུགས་པ་རྡོ་རྗེ་ཉི་མའི་ཅོད་པན་དང་ཨུཏཔ་ལའི་ཕྲེང་བ་ཅན་ཕྱག་གཉིས་ན་ནེ་ལེ་དང་བི་ཙ་པཱུཾ?་ར་བསྣམས་པ་བསམས་ཏེ། ཨོཾ་ཛམྦྷ ་ལ་ཛཝ་ལེན་དྲཱ་ཡ་སྭཱཧཱ་ཞེས་པས་བརྒྱ་རྩ་བརྒྱད་དེའི་སྤྱི་བོར་མཛུབ་མོ་བརྐྱང་པས་སྦྱིན་པར་བྱའོ། །ཛམྦྷ་ལ་ལ་ཆུ་སྦྱིན་པའི་ཆོ་གའོ། །ོཾ་ཛ་ལ་མི་དཾ་སརྦ་པྲེ་ཏེ་བྷཡ(རྒྱུད་འགྲེལ་སྦྱིན་ནོ། །དེ་ནས་ན་མ(རྒྱུད་འགྲེལ་ཟས་ལ་ལན་བདུན་ཡོངས་སུ་བཟླས་ཏེ་ལག་པ་གཡོན་བས་ས་གོལ་གྱི་སྒྲ་ལན་གསུམ་དུ་བྱས་ནས་ཡི་དགས་ཐམས་ཅད་ལ་དབེན་པའི་ས་ཕྱོགས་སུ་སྦྱིན་པར་བྱ་ཞིང། འདི་སྐད་ཀྱང་བརྗོད་པར་བྱ་སྟེ། སྐབས་ཚོལ་བ་དང་གླགས་ལྟ་བ་རྣམས ་དེངས་ཤིག། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་ཡི་དགས་རྣམས་ལ་བཟའ་བ་འདི་བདག་གིས་སྦྱིན་པར་བགྱིའོ་ཞེས་པའོ། །ཟས་མ་ཟོས་པའི་སྔོན་རོལ་ཉིད་དུ་སྦྱིན་པར་བྱའོ། །དེ་ལྟར་ན་ཡི་དགས་ཐམས་ཅད་ལ་འབྲས་བྲེ་བོ་ཆ ་རེའི་བཟའ་བ་སོ་སོར་བྱིན་པར་འགྱུར་རོ། །དེ་ལྟར་བྱས་ན་སྐྱེ་བ་ནས་སྐྱེ་བར་ཡང་ཉམ་ཆུང་བར་མི་འགྱུར་རོ། །དབུལ་པོར་མི་འགྱུར་རོ། །སྟོབས་ཆེ་བ་དང། མཛེས་པ་དང་མཐོང་ན་དགའ་བ་དང། ཕྱུག་ཅིང་ལོངས་སྤྱོད་ཆེ་བར་འགྱུར་རོ། །ཚེ ་རིང་ཞིང་ནད་མེད་པ་དང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་རོ། །ཤི་འཕོས་ནས་ཀྱང་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ། །གཟུགས་ལེགས་ཤེས་བྱ་བའི་གསུངས ་སོ། །ན་མ(རྒྱུད་འགྲེལ་ཆུ་དང་བཅས་པའི་གཏོར་མའི་བཟའ་བ་མངོན་པར་གང་བས་འབྲུ་ཉག་མ་དེ་ལ་ཡུལ་མ་ག་དྷའི་བྲེ་ལོ་ཆེ་ཁ་ལ་ལྔ་ཙམ་གྱི་བཟའ་བར་བལྟས་ལ་ཡི་དགས་མཛའ་དག་ཚིམ་པར་བྱེད་པ་ན་སེ་གོལ་ལན་གསུམ་བརྡབས་ནས་བྱང་ཆུབ ་སེམས་དཔས་གཏོར་མ་སྦྱིན་ནོ། །ཡི་དགས་ལ་ཆུ་སྦྱིན་པ་ལ་སོགས་པའི་ཆོ་གའོ། །དེའི་རྗེས་སུ་ཤར་གྱི་ལུས་འཕགས་དང། འཛམ་བུའི་གླིང་དང། བ་ལང་སྤྱོད་དང། སྒྲ་མི་སྙན་ཏེ་གླིང་བཞིའི་རྣམ་པར་དག་པ་ཟླ ་བམ་དང་གྲུ་གསུམ་དང། ཟླུམ་པོ་དང། གྲུ་བཞི་དང། གཞན་ཡང་མངོན་པར་འདོད་པའི་མཎྜལ་གྱི་ཆོ་ག་བཞིན་སངས་རྒྱས་ལ་སོགས་པ་རབ་ཏུ་མཆོད་པར་བྱའོ། །དེ་ལ་འདི་ནི་ཆོ་ག་སྟེ། རྐང་པ་བཀྲུ་བ་བྱས་ནས། ཨོཾ་ཨཱ་བཛྲ་སྣཱ་ནེ་ཧཱུཾ་ཞེས ་པས་ཁྲུས་བྱ་སྟེ། ཨོཾ་ཧྲཱི(རྒྱུད་འགྲེལ་བཛྲ་བྷཱུ་མེ་ཧཱུཾ་ཞེས་པས?་ས་བཟུང་བར་བྱ་སྟེ། ཨོཾ་སརྦ་བ་གྷ་ཨུཙྪ་རཱ་ཡ་ཧཱུཾ་སྭཱཧཱ། ཞེས་པས་མངོན་པར་བསྔགས་པའི་སྲོག་ཆགས་མེད་པའི་ལྕི་བ་དང་ཙན་དན་ལ་སོགས་པས་ས་གཙང་བའི་ས་ཕྱོགས་སུ་མཎྜལ་བྱུག་པ་ལ་སོགས་པ་བྱ ་སྟེ། ཨོཾ་ཨཱ་བཛྲ་དེ་ཁེ་ཧཱུཾ་ཞེས་པའི་སྔགས་ཀྱིས་ལག་པ་གཡོན་པས་མེ་ཏོག་གཅིག་བཟུང་སྟེ་ལག་པ་གཡས་པའི་རྒྱབ་ཀྱི་སྟེང་དུ་གཞག་ནས་མཎྜལ་དུ་དོར་རོ། །ོཾ་སུ་རེ་ཁེ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྚ་ནྟུ་སྭཱཧཱ། ཞེས་བརྗོད་དེ་ལག ་པ་བཀྲུའོ?། །ོཾ་མ་ཎི?་དྷཾ་ར་བཛྲི་རྦི?་མཧཱ་པྲ་ཏི་ས་རི?་རཀྵ་རཀྵ་མཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པའི་སྔགས་ཀྱིས་རང་གི་སྤྱི་བོར་མེ་ཏོག་བདག་ནས་བདག་ཉིད་བསྲུང་བར་བྱའོ། །མཎྜལ་བྱས་པས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ ་རྫོགས་པའི་གསེར་གྱི་མདོག་དང་ལྡན་པ་ལ་སོགས་པའི་ཡོན་ཏན་འཐོབ་སྟེ། དེ་ལྟར་ཡང་མཎྜལ་གྱི་ཕན་ཡོན་གྱི་མདོ་ལས། ཆུ་བཅས་ལྕི་བ་སྦྱིན་པ་སྟེ། ཡང་དག་བྱུག་པ་ཚུལ་ཁྲིམས་ཡིན། །གྲོག་སཕུར་ཕྲ་སེལ་བཟོད་པ་སྟེ ་བརྩོན་འགྲུས་བྱ་བ་བྱེད་ལ་བརྩོན། །བསམ་གཏན་དེར་སེམས་རྩེ་གཅིག་བྱེད། །རི་མོ་ལེགས་འབར་ཤེས་རབ་སྟེ། །ཕ་རོལ་ཕྱིན་དྲུག་འདི་རྣམས་ཉིད་ཐུབ་པའི་མཎྜལ་བྱས་པས་འཐོབ། །བདེ་གཤེགས་ཕྲོ་བྲང་དམ་པ་འདིར། །ལུས་ཀྱི་ལས ་རྣམས་བྱས་པས་ནི། གསེར་གྱི་ཁ་དོག་དང་ལྡན་ཞིང། །ནད་ཀུན་ལས་ནི་གྲོལ་བ་དང། །ཟླ་བ་ལྟར་གསལ་ཡིད་འོང་བའི། །ལྷ་མི་ཁྱད་པར་འཕགས་པ་དང། །ནོར་དང་གསེར་ནི་ཕུན་ཚོགས་པའི། །རྒྱལ་པོའི་རིགས་སུ་སྐྱེ་བར་འགྱུར། །ཞེས་པས་མཎྜལ ་དེ་ཉིད་མངོན་པར་བྱུགས་ཏེ་མཎྜལ་ལ་ཉི་མ་དང་ཟླ་བའི་དཀྱིལ་འཁོར་ལ་སོགས་པ་དམིགས་ནས་ཨོཾ་ཙ་ན་དྲ་ཨརྐ་བི་ལ་ལེ་སྭཱཧཱ་ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ་དཀྱིལ་འཁོར་དེར་སྣ་ཚོགས་པ་སྨའི་ལྟེ་བ་ཧཱུཾ་ལས་སྐྱེས་པའི་མི་བསྐྱོད་པ ་སྔོན་པོ་ས་ལ་རེག་པའི་ཕྱག་རྒྱའོ། །ཤར་ལ་སོགས་པའི་འདབ་མ་རྣམས་ལ་ཨོཾ་ཏྲཱི་ཧྲཱཾ་ཁམ་ལས་སྐྱེས་པའི་རྣམ་པར་སྣང་མཛད་དང། རིན་ཆེན་འབྱུང་ལྡན་དང། འོད་དཔག་མེད་དང། དོན་ཡོད་གྲུབ་པ་རྣམས ་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང། བྱང་ཆུབ་མཆོག་དང་མཆོག་སྦྱིན་དང་བསམ་གཏན་དང་མི་འཇིགས་པའི་ཕྱག་རྒྱ་ཅན་རྣམས་སོ། །ལྔ་ག་ཡང་ཆོས་གོས་གསུམ་དང་གཙུག་གཏོར་དང་བཅས་པ་རྣམས་སོ། །མེ་ལ་སོགས་སོ་པའི ་མཚམས་སུ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་ཡོངས་སུ་གྱུར་པ་ལས་སྤྱན་མ་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་མ་རྣམས་དཀར་བ་དང་སྔོ་བ་དང་དམར་བ་དང་ལྗང་བ་དང། འཁོར་ལོ་དང་རྡོ་རྗེ་དང་ཆུ་སྐྱེས་དམར་པོ་དང། ཨུཏཔ་ལ་སྔོན་པོ་འཛིན་པ་རྣམས་སོ།། ་འདི་རྣམས་ལས་རྣམ་པར་སྣང་མཛད་ཟླ་བ་ལ་གནས་པ་གཞན་རྣམས་ཉི་མ་ལ་གནས་པའོ། །ལྷའི་འཁོར་ལོ་འདི་དག་བལྟས་ཏེ། ཨོཾ་ཨཱ་གཙྪ་ཨཱ་གཙྪ་བྷ་ག་ཝཱན་ཨཀྵེ་བྷཡ་བཛྲ་ཨ(རྒྱུད་འགྲེལ་རྣམས་སོ་སོའི་མིང་གཞུག་པ་སྔོན་དུ་འགྲོ་བས་སྤྱན་དྲང་ངོ། །ོཾ་ན་མོ་ཨཀྵོ་བྷཡ་ཡ་ཧཱུཾ་ཨོཾ་ཨཱ(རྒྱུད་འགྲེལ་མོ་རཏན་སམ་བྷ་བཱ་ཨ་ཏྲཱཾ། ཨོཾ་ཨ(རྒྱུད་འགྲེལ་ཨོཾ་བཛྲ་པུཥཔེ་ཧཱུཾ་སྭཱཧཱ། ཨོཾ་ན་མོ་མཱ་མ་ཀཱི་མཾ། ཨོཾ་བཛྲ་པུཥཔེ་ཧཱུཾ་སྭཱཧཱ། ཨོཾ་ན་མ(རྒྱུད་འགྲེལ་འདི་ཉིད་ཀྱིས། ཨོཾ་ཨཱ(རྒྱུད་འགྲེལ་ས་ར་ས་མུ་དྲ་སཕ་ར་ཎ་ཧི་མཾ་ག་ག་ན་ཁཾ་ཧཱུཾ་ཞེས་པས་མཆོད་པ་རྣམས་བྱིན་གྱིས་བརླབ་པོ། །ནུས་པ་མེད་ན་ཡིད་ལས་བྱུང་བའི་མཆོད་པ་ཆེན་པོ་རྣམས་བྱ་སྟེ། འདི་ལྟ་སྟེ། གོས་དང་རྒྱལ་མཚན་དང་ནོར་བུ་དང་མུ་ཏིག་གི་དོ་ཤལ་ལ ་སོགས་པ་རྒྱན་གྱི་བྱེ་བྲག་རྣམས་དང། པདྨ་དང་ཨུཏཔ་ལ་སོགས་པ་མེ་ཏོག་གི་བྱེ་བྲག་རྣམས་དང། སྐུ་ཆིངས་དང་ཆོས་གོས་དང་ལྷུང་བཟོད་དང་གསིལ་བྱེད་ལ་སོགས་པ་ཡོ་བྱད་ཀྱི་བྱེ་བྲག་རྣམས་དང། གླིང་བཞི་དང་ཉེ་བའི ་གླིང་རྣམས་རིན་པོ་ཆེ་སྣ་བདུན་ལ་སོགས་པས་བཀང་བ་དབུལ་ལོ། །དེ་ནས་མཆོད་པ་མངོན་པར་འཕྲུལ་པར་བྱེད་པའི་རིག་པའི་རྒྱལ་མོ་འདི་ལན་བརྒྱད་བརྗོད་པར་བྱའོ། །ན་མ(རྒྱུད་འགྲེལ་ཎ་ཧི་མ་ག་ག་ན་ཁཾ་ས་མནྟ་སྭཱཧཱ། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མདུན་དུ་མཆོད་པའི་སྤྲིན་རྣམས་ཇི་ལྟར་བསམས་པ་བཞིན་བདེན་པར་གནས་པར་འགྱུར་རོ། སྐུ་བཀྲུས་ཀྱི་མཆོད་པ་ཡང་ཨོཾ་ཨཱ(རྒྱུད་འགྲེལ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་སྭཱཧཱ། ཞེས་པས་སྐུ་ཁྲུས་བྱས་ལ་སྔར་བཞིན་མཆོད་པ་ལ་སོགས་པ་བྱའོ། །བདག་ཆེ་གེ་མོ་ཞེས་བགྱི་བ་ཆོས་ཀྱི་དབྱིངས་སུ་གཏོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་རྣམས ་ལ་བདག་ཉིད་དབུལ་བར་བགྱིའོ། །རྣམ་པ་ཐམས་ཅད་དང་དུས་ཐམས་ཅད་དུ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཡོངས་སུ་བསྐྱབ་ཏུ་གསོལ། །དངོས་གྲུབ་དང་མཆོག་བདག་ལ་རབ་ཏུ ་སྩོལ་ཅིག་ཅེས་པས་བདག་ཉིད་དབུལ་བ་དང། དེ་ནས་སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །སྐྱོབ་པ་ཆོས་ལ་ཕྱག་འཚལ་ལོ། །དགེ་བདུན་ཆེ་ལ་ཕྱག་འཚལ་ལོ། །གསུམ་རྣམས་ལ་ཡང་རྟག་ཕྱག་འཚལ། །དཀོན་མཆོག་གསུམ་ལ ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི ་རབ་བསྒྲུབ་ཕྱིར། །བྱང་ཆུབ་ཀྱི་ནི་སེམས་འདི་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱི་ཞིང། །སེམས་ཅན་ཐམས་ཅད་བདག་གིས་འགྲོན་དུ་བགྱི། །བྱང་ཆུབ་མཆོག་གི་སྤྱོད་པ་ཡིད་འོང་སྤྱད། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་།ཅེས་གསུམ ་ལ་སྐྱབས་སུ་འགྲོ་བའི་ཚིགས་བཅད་བཀླག་པར་བྱའོ། །དེ་ནས་བསྟོད་པ་བྱ་སྟེ། གང་ཞིག་ཐོག་མ་དབུས་མཛའ་མེད་ཞི་སངས་རྒྱས་ཉིད་རང་རྣམས་སངས་རྒྱས། །སངས་རྒྱས་ནས་ནི་མ་རྟོགས་རྟོགས་ཕྱིར་འཇིག་མེད་རྟག་པའི་ལམ་སྟོན་པ།། ་མཁྱེན་བརྩེའི་རལ་གྲི་རྡོ་རྗེ་མཆོག་བསྣམས་སྡུག་བསྔལ་མྱུ་གུ་གཅོད་མཛད་ཅིང། །སྣ་ཚོགས་ལྟ་ཐིབས་ཀྱིས་བསྐོར་ཐེ་ཙོམ་རྩིག་པ་འཇིག་མཛད་དེ་ལ་འདུད་ཅེས་པ་ལ་སོགས་པས་སོ། །དེ་ནས་སངས་རྒྱས ་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བདེན་པར་བསྟོད་པ་ཉེ་བར་འབྱུང་བར་བྱེད་པའི་རིག་པའི་རྒྱལ་མོ་འདི་ལན་བརྒྱད་བརྗོད་པར་བྱའོ། །ན་མ(རྒྱུད་འགྲེལ་བདག་སྐྱེ་བ་ནས་སྐྱེ་བར་སངས་རྒྱས་ལ་གུས་པ་དང། རང་བཞིན་གྱི་གཡོ་མེད་པ་དང། སེམས་ཅན་ཐམས་ཅད་ལ་བྱམས་པ་དང། གཏོང་བ་ལ་གོམས་པ་དང། །འབྲས་བུ་ལ་ཕྱིར་ཕྱོགས་པའི་བྱང་ཆུབ་ཀྱི་སེམས་ཐོབ་པར་གྱུར ་ཅིག། ཤེས་རབ་རྣོ་བ་དང་རིགས་བཟང་པོར་སྐྱེ་བ་དང། གཟུགས་མཛེས་པ་དང། བདེ་གཤེགས་ཀྱི་སྙན་དངགས་རྒྱ་ཆེན་པོ་ལ་མཁས་པར་གྱུར་ཅིག་།ཚེ་རིང་ཞིང་མཐོ་རིས་སུ་སྐྱེ་བ་དང་སྐྱེས་བུ་བློ་གྲོས་སྒྲིན་ཞིང་མཁས་པ་དང། ་དབང་པོ་མ་ཉམས་པ་བདེ་ཞིང་སྙིང་རྗེ་དང་བཅས་པ་དང། རབ་ཏུ་དང་ཞིང་སྙན་དངགས་མཁས་པ་དང། ཕ་མ་ལ་བྱས་པ་ཤེས་ཤིང་གུས་པ་ཉིད་དང། རྟག་ཏུ་སྐྱེ་བ་དྲན་ཞིང་ཚུལ་ཁྲིམས་དང་ལྡན་པ་དང་ཆོས་ཀྱི་བདག་ཉིད་དང། ་ནོར་དང་ལྡན་པ་དང། རབ་ཏུ་སྦྱིན་པ་ལ་ངེས་པར་དགའ་བ་དང། དགེ་བའི་བཤེས་གཉེན་དང་ལྡན་པ་དང། སྤྲོ་ཞིང་སྟོབས་དང་ལྡན་པ་དང། ཡིད་དུ་འོང་ཞིང་མང་པོ་དགའ་བ་དང། ནད་ཐམས་ཅད་སྤངས་ཤིང་སེམས་ཅན་ལ་བརྩེ་བ ་ཅན་ཐོས་པ་འཛིན་ཅིང་བསམ་བདག་པ་དང། གཙང་སྦྲ་དང་ལྡན་པ་དང། ཇི་སྲིད་འཇིག་རྟེན་ལ་ཕན་པ་འབྱུང་བའི་ཕྱིར་བཅོམ་ལྡན་འདས་ཀྱི་བྱང་ཆུབ་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དེ་སྲིད་དུ་བདག་ཡོན་ཏན་འདི་རྣམས་ཀུན་གྱིས་བརྒྱན་པར ་གྱུར་ཅིག་ཅེས་སྨོན་ལམ་བཏབ་སྟེ། ཕན་ཡོན་ཆེན་པོ་དང་ལྡན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་ཡི་གེ་བརྒྱ་པ་སྔགས་ཀྱི་རྒྱལ་པོ་འདི་བཟླས་པར་བྱའོ། །ན་མ(རྒྱུད་འགྲེལ་ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏཱ་བཱཔཏི་དྷརྨཱ་ཏཱ་བ་ལི་ནཱཾ། ཨཾ་ཨཾ་ཨ་ས་མ་ས་མ་ས་མནྟ་ཏོ་ཨ་ནནྟཱ་བཱཔཏི་ཤཱ་ས་ནི་ཧ་ར་ཧ་ར་།སྨ་ར་སྨ་ར་ཎེ། བི་ག་ཏ་རཱ་ག་།བུདྡྷ་དྷརྨཱ་ཏེ། ས་ར་ས་ར། ས་མ་བ་ལཱ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ་།ག ་ག་ན་མ་ཧཱ་བ་ར་ལཀྵ་ཎེ་ཛཝ་ལ་ཛཝ་ལ་ན་སཱ་ག་རེ་སྭཱཧཱ། ཞེས་པའོ། དེ་ནས་ཕྱོགས་རྣམས་ཀུན་ན་ལུས་དང་སེམས། །སྡུག་བསྔལ་ནད་པ་ཇི་སྙེད་པ། །དེ་དག་བདག་གི་བསོད་ནམས་ཀྱིས། །བདེ་དགའ་རྒྱ་མཚོ་ཐོབ་པར་ཤོག་།ལྷ་ཡང་དུས་སུ་ཆར་འབེབས་ཤིང། ་ལོ་ཏོག་ཕུན་སུམ་ཚོགས་པར་ཤོག་།རྒྱལ་པོ་ཆོས་བཞིན་བྱེད་གྱུར་ཅིག་།འཇིག་རྟེན་དག་ཀྱང་དར་བར་ཤོག་།ངན་སོང་སྡུག་བསྔལ་མ་མྱོང་ཞིང། །དཀའ་བ་སྤྱད་པ་མེད་པར་ཡང། །ལྷ་བས་ལྷག་པའི་ལུས་ཀྱིས་ནི། །དེ་དག་སངས་རྒྱས ་མྱུར་གྲུབ་ཤོག་།ཅེས་པ་ལ་སོགས་པ་བཀླགས་ནས། །ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་སངས་རྒྱས་ཀྱི་ཡེ་ཤེས་དང་སངས་རྒྱས་ཀྱི་སྤྱན་གྱིས་མཁྱེན་ཅིང་གཟིགས་པའི་དགེ་བའི ་རྩ་བ་དང། དེ་རིགས་གང་ཡིན་པ་དང། སྡེ་གང་དང་ཅི་འདྲ་བ་དང། རང་བཞིན་གང་དང། མཚན་ཉིད་གང་དང་ཆོས་ཉིད་གང་གིས་གནས་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་ལ་རྗེས་སུ་ཡི་རང་ངོ། །ཇི་ལྟར་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་སངས་རྒྱས་ཀྱི་མངོན་པར་ཤེས་པས་ཡོངས་སུ་བསྔོས་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་བདག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ་ཞེས་བརྗོད་དོ།། ་རྗེས་སུ་ཡི་རང་བ་དང་བསྔོ་བའི་རྗེས་ལ་ཨོཾ་སརྦ་ཏ་ཐཱ་ག་ཏ་སུ་ལ་ལི་ཧ་ན་མི་ཏྲེ་ནཱ་མ་མི་བྷ་ག་བནྟཾ་ཨཀྵོ་བྷཡ་ན་ཐཾ་ཛ(རྒྱུད་འགྲེལ་ཀུན་མཛད། །རྗེས་མཐུན་དངོས་གྲུབ་སྩལ་ནས་ཀྱང། །སླར་ཡང་བྱོན་པར་བྱ་བའི་ཕྱིར། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །ོཾ་མུ(རྒྱུད་འགྲེལ་པའི་ཕན་ཡོན་ཡང་བཅོམ་ལྡན་འདས་ཀྱིས་དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས་གསུངས་ཏེ། །འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ ་དང་མཉམ་པའི་རང་སངས་རྒྱས་རྣམས་ལ་ཉིན་དང་ཉིན་ལ་རོ་བརྒྱ་པའི་ཁ་ཟས་དང་ལྷ་རྫས་ཀྱི་ན་བཟའ་རྣམས་བྱིན་ཞིང། །དེ་བཞིན་དུ་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱི་བསྐལ་པར་བྱིན་པ་དང། འཇམ་དཔལ་རིགས་ཀྱི་བུ་འམ་རིགས ་ཀྱི་བུ་མོ་གཞན་ཞིག་གིས་རི་མོ་མཁན་གྱིས་བྲིས་པའི་སངས་རྒྱས་སམ་གླེགས་བམ་དུ་བྱས་པ་མཐོང་ན་འདི་ཉིད་དེ་བས་བསོད་ནམས་ཆེས་གྲངས་མེད་པ་བསྐྱེད་ན་སླར་ཡང་གང་ཞིག་ཐལ་མོ་སྦྱོར་བ་འམ། །མེ་ཏོག་གམ་སྤོས ་སམ། མར་མེ་འབུལ་བར་བྱེད་ན། འདི་ཉིད་དེ་བས་དེ་བསོད་ནམས་མཆོག་ཏུ་གྲངས་མེད་པ་བསྐྱེད་པ་ལྟ་ཅི་སྨོས་ཞེས་སོ། །དཔལ་གསང་བ་འདུས་པ་ལས་ཀྱང། །སངས་རྒྱས་རྣམས་ལ་རྟག་ཏུ་ནི། །འདོད་ཡོན་ལྔ་དང ་ཉེར་སྤྱོད་ལྔས། །ཆོ་ག་བཞིན་དུ་མཆོད་བྱེད་ན། །མྱུར་དུ་སངས་རྒྱས་ཉིད་འཐོབ་འགྱུར་ཞེས་སོ། །གཞན་ནས་ཀྱང། །གང་ཞིག་བཞུགས་ལ་མཆོད་པ་དང། །གང་ཞིག་མྱ་ངན་འདས་པ་ལ། །མཉམ་པའི་སེམས་ཀྱིས་རབ་དང་ན། །བསོད ་ནམས་ཁྱད་པར་མེད་པ་ཡིན་ཞེས་སོ། །དགེ་བའི་ལས་བྱེད་པ་འདི་ནི་གཉེན་པོ་ཀུན་ཏུ་སྤྱོད་པའོ། །དགེ་བའི་ལས་རྣམས་བྱེད་པ་ནི་དོན་ལ་མངོན་པར་སྦྱོར་བའི་ངོ་བོའོ། །ཡང་ན་སྔར་བཞིན་བྱས་པའི་མཎྜལ་གྱི་དབུས་སུ་རང་འདོད་པའི་ལྷ་འཇིག་རྟེན་དབང་ཕྱུག་ལ་སོགས་པ་དེ་དང་དེའི ་རང་གི་ས་བོན་ལས་བྱུ་བསྟོད་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་བྱང་ཆུབ་ཀྱི་སེམས་སུ་རོ་གཅིག་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་མོས་ཏེ། སྔར་བཞིན་སྤྱན་དྲངས་ནས་དེའི་ཅོད་པན་ལ་འོད་དཔག་མེད་ལ་སོགས་པ་རིགས་ཀྱི་གཙོ་བོ་བསྐྱེད་ནས ་མན་ངག་ཇི་ལྟ་བ་བཞིན་དུ་ལྷ་ཐམས་ཅད་གནས་ཇི་ལྟ་བར་དམིགས་ཏེ། སྔར་མཆོད་པ་དང། བསྟོད་པ་དང་སྔགས་ཀྱིས་མཉེས་པར་བྱ་བ་ལ་སོགས་པ་རྣམས་བྱའོ། །མཐར་ན་མ(རྒྱུད་འགྲེལ་ཞེས་བརྗོད་པས་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་དང་ཉེ་གནས་དང་ཞབས་ལ་སྤྱི་བོས་ཕྱག་བྱས་པར་འགྱུར་རོ་ཞེས་སོ། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་མཆོད་པའི་ཆོ་གའོ། །དམ་པའི་ཆོས་བཀླག་པ་ལ ་སོགས་པའི་དོན་དུ་སྔགས་པས་རྐང་པ་ལ་སོགས་པ་བཀྲུ་བ་དང། ཁ་བཤལ་བ་ལ་སོགས་པ་བྱས་ནས་བདེ་བའི་སྟན་ལ་གནས་ཏེ། ཨོཾ་བཛྲ་སཏྭ་སརྦ་བི་གྷ་ན་ཨུད་ས་ར་ཧཱུཾ་ཕཊ་ཅེས་པའི་སྔགས་ཀྱིས་ས་གཞི་བྱིན་གྱིས་བརླབས་ཏེ་དྲི་བཟང་པོ་ལ་སོགས་པས ་མཎྜལ་ཟླུམ་པོ་བྱས་ནས་ཨོཾ་བཛྲ་མེ?་ཁེ་ཧཱུཾ་ཞེས་པ་འདིས་བྱིན་གྱིས་བརླབས་ཏེ། མཎྜལ་ལ་མེ་ཏོག་གཅིག་གཞག་ནས་ལག་པ་བཀྲུའོ། །དེ་ནས་མཎྜལ་དེའི་དབུས་སུ་རི་རབ་གྲུ་བཞི་པ་ལ་རྩེ་མོ་བརྒྱད་ཀྱིས་ཉེ་བར་མཛེས་པ། ཤར་དང་ལྷོ་དང་ནུབ་དང་བྱང་གི་ངོས ་རྣམས་ནི་བཻཌཱུརྱ་དང་ཤེལ་དང་ཕྱད?་དང་གསོར་གྱི་བདག་ཉིད་དེ་རིན་པོ་ཆེ་བཞིའི་རང་བཞིན་ནོ། །དེའི་མདུན་དུ་ཟླ་བ་ཕྱེད་པའི་རྣམ་པ་ཤར་གྱི་ལུས་འཕགས་དང། གཡས་སུ་གྲུ་གསུམ་པའི་ཛམྦུའི་གླིང་དང། རྒྱབ་ཏུ་ཡོངས་སུ་ཟླུམ་པོའི་བ་ལང ་སྤྱོད་དང། གཡོན་དུ་གྲུ་བཞིའི་སྒྲ་མི་སྙན་ནོ། །ཤར་ལུས་འཕགས་ལ་སོགས་པ་དང་ཉེ་བར་ལུས་འཕགས་དང། གཡོ་ལྡན་དང་ལི་མཆོག་འགྲོ་བ་དང། རྔ་ཡབ་དང་རྔ་ཡབ་གཞན་དང། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ་ཞེས ་པ་ཉེ་བའི་གླིང་རྣམས་ཏེ་སོ་སོར་པདྨ་རཱ་ག་དང། ཨིནྡྲ་ནཱི་ལ་དང། བཻཌཱུརྱ་དང། མར་གང་དང། རྡོ་རྗེ་དང་མུ་ཏིག་དང། བྱུ་རུ་ལ་སོགས་པས་ཡོངས་སུ་བསང?་བའོ། །ཤར་ལ་སོགས་པའི་ཕྱོགས་སུ་གླང་པོ་དང་སྐྱེས་པ་དང། རྟ་དང་བཙུན་མོ་རྣམས་སོ། །མེ་ལ་སོགས་པའི ་མཚམས་སུ་རལ་གྲི་དང་འཁོར་ལོ་དང་ནོར་བུ་དང། གཏེར་ཆེན་པོ་རྣམས་བསམས་ཏེ་སྔར་ཕུལ་བའི་མེ་ཏོག་བསལ་ལ། ཨོཾ་བཛྲ་པུཥཔེ་ཧཱུཾ་ཞེས་པ་འདིས་བསྔགས་ཏེ་རི་རབ་དང་གླིང་དང་ཉེ་བའི་གླིང་དང་གླང་པོ་ལ་སོགས་པ་རིན་པོ་ཆེ་དང། གཏེར་ཆེན་པོ་རྣམས་སུ་མེ་ཏོག་དབུལ་ལོ།། ་ཨོཾ་བཛྲ་དྷཱུ་པེ་ཧཱུཾ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་བདུག་སྤོས་ལ་སོགས་པ་ཇི་ལྟར་འབྱོར་པ་རྣམས་ཀྱང་ངོ། །དེ་ནས་མཆོད་པ་ཐམས་ཅད་ཆོ་ག་བཞིན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུའི་བདག་ཉིད་དམ་པའི་ཆོས་ཀྱི་གླེགས་བམ་ཡང ་མཎྜལ་གྱི་དབུས་སུ་བཞུགས་ཏེ་ཇི་ལྟ་བ་བཞིན་བཀླག་གོ་།ལྷའི་སྟེང་དུ་ནི་པ་ཡིན་ནོ། །དེ་ནས་ཡང་མཆོད་པའི་ཆོ་ག་ནི་བླ་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་གཅིག་ཉིད་དུ་འམ་རང་འདོད་པའི་ལྷ་སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་བྱང ་ཆུབ་ཀྱི་སེམས་སུ་རོ་གཅིག་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོར་མོས་ཏེ། རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་སེང་གེའི་གདན་དང་པདྨ་ལ་རྡོ་རྗེ་སེམས་དཔའ་ཨི་རོལ་པས་བཞུགས་པར་བསམས་ཏེ། མཆོད་པ་དབུལ་ཞིང་བསྟོད་པ་བཀླག་པ ་ལ་སོགས་པ་བྱའོ། །ོཾ་ཨཱ(རྒྱུད་འགྲེལ་རོལ་པས་ལྷག་ལྟ་བ། །བླ་མ་ཉི་མ་དེ་ལ་གུས་པས་ཕྱག་འདི་འཚལ། །ཞེས་པ་ལ་སོགས་པ་ས་རམ་ཧའི་ཞབས་ཀྱིས་མཛད་པས་བླ་མ་ལ་ཕྱག་བྱའོ། །སྔར་བཞིན་དགེ་བའི་རྩ་བ་ཡོངས་སུ་བསྔོ་སྟེ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་མཐུན་དངོས་གྲུབ ་སྩལ་ནས་ཀྱང། །སླར་ཡང་བྱོན་པར་བྱ་བའི་ཕྱིར། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །མུ(རྒྱུད་འགྲེལ་པ་རང་རང་གི་ས་བོན་ལས་བསྐྱེད་ནས་མཆོད་པའི་སྔགས་ཀྱང་སོ་སོར་གསུངས་པ་དེ་དག་གིས་མེ་ཏོག་ལ་སོགས་པ་དབུལ་ཏེ། དེ་ལ་ཨོཾ་ཧཱཾ་མ་ཧཱ་མེ་ར་བེ་ན་མ(རྒྱུད་འགྲེལ་བ་བི་དེ་ཧཱ་ཡ་ན་མ(རྒྱུད་འགྲེལ་ན་མ(རྒྱུད་འགྲེལ་གཞན་ཐམས་ཅད་སྔར་བཞིན་ནོ། །འདི་དག་ཐམས་ཅད་མེད་ཀྱང་ཕྱི་རོལ་གྱི་དངོས་པོར་རབ་ཏུ་དང་བའི་དངོས་པོ་རང་གི་ཀུན་རྟོག་གིས་དཔག་བསམ་ཤིང་ལས་བྱུང་བ་དབུལ་ཏེ་འབྲས་བུ་ཤིན་ཏུ་ཆེ་བ་ཉིད་དུ་འགྱུར་རོ། །རྫས་ཀྱི་དངོས་པོ་དངོས་སུ་ཡོད་པ་ལ ་ཡང་སེམས་གཡེངས་པ་དང་ཞན་པ་དག་གིས་འབུལ་བ་ནི་འབྲས་བུ་ཅུང་ཟད་མེད་ཅེས་ལུང་ལས་ཏེ་བྱང་ཆུབ་སྤྱོད་འཇུག་ལས་ཀྱང། །བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །ཡུན་རིངས་རུས་སུ་སྤྱད་བྱས་ཀྱང། །སེམས་གཡེངས་ཞན་པས་བྱས་པ་ནི། །ཐམས་ཅད ་རིག?་པས་དོན་མེད་གསུངས་ཞེས་སོ། །དེ་བཞིན་དུ་དགེ་འདུན་གྱི་སྟོན་མོ་དང་གཙུག་ལག་ཁང་གི་མཆོད་ཡོན་སྦྱིན་པ?་ཆོས་ཀྱི་མཆོད་ཡོན་སྦྱིན་པ་ལ་ཡང་དགེ་འདུན་ལ་སོགས་པ་རི་རབ་ཙམ?་སྟེང་དུ་གཙོ་བོར་བྱས་ཏེ་བཞུགས་ནས་མཆོད་པ་བྱའི། གང་དང་གང? ་ཚེ་འཚོ་བྱ་བ། །དག་པའི་འཚོ་བ་དེས་བསྒྲུབ་སྟེ། བཀྲེས་སྐོམ་ནད་ནི་ཞི་བའི་ཕྱིར། །ཟས་སྐོམ་སྨན་དང་འདྲ་བར་བསམ། །དེ་ཡང་དྲག་ཤུལ་ཅན་གྱི་ཞུས་པ་ལས། །ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་དང་མཐུན་པས་ལོངས་སྤྱོད་དེ་ཚོལ ་ཞིང་ཆོས་མ་ཡིན་པ་ཡ་ང་བས་མི་ཚོལ་ན་ཡང་དག་པའི་འཚོ་བར་གྱུར་ཏེ་ལོག་པའི་འཚོ་བར་མི་འགྱུར་རོ་ཞེས་སོ། །དེ་ནས་ཇི་ལྟར་རྙེད་པའི་ཟས་ལ་གཏོར་མ་དང་ལྷ་བཤོས་དང་འཕྲོག་མ་དང་ཕུད་ཀྱི་ཆང་བུ་དང་ལྷག་མ་སྟེ་ལྔ་པོ་འབྲས་བུ་ཆེན ་པོ་ལོངས་སྤྱོད་པའི་ཕྱིར་རྟག་ཏུ་སྦྱིན་ནོ། །དེ་ནས་ཨོཾ་ཨཱ(རྒྱུད་འགྲེལ་ཞེས་པས་ལྷ་བཤོས་སོ། །ོཾ་ཧ་རི་ཏེ་མཧཱ་བཛྲ་ཡཀྵི་ནི་ཧ་ར་ཧ་ར་སརྦ་པཱ་བ་ནི་ཀྵི་སྭཱཧཱ་ཞེས་པས་འཕྲོག་མ་ལ་ཟན་གྱི་ཆང་བུ་གཉིས་སྦྱིན་ནོ། །ོཾ་ཨ་གྲ་པིཎྜ་ཨ་སི་བྷཡ(རྒྱུད་འགྲེལ་ལིནད་དེ་ཏེ་ཛོ་བ་ལི་ནི་སྭཱཧཱ་ཞེས་པ་དང། ཨོཾ་ཨཱ(རྒྱུད་འགྲེལ་པ་དང། ཧ་ཅང་མྱུར་བ་དང། བུལ་བས་མི་བཟའ་སྟེ་ཕན་པ་དད་རན་པས་སོ། །ོཾ་ཨུཙྪིཥྚ་པིཎྜ་ཨ་ཤི་བྷཡ(རྒྱུད་འགྲེལ་སེམས་དཔའ་ཁྱིམ་གྱི་ནང་ན་གནས་པའི་ཁྱིམ་གྱི་གནས་ལས་ངེས་པར་བྱུང་བའི་རབ་ཏུ་བྱུང་པས་འཇིག་རྟེན་གྱི་ཁམས་མཛའ་དག་ན་གནས་པའི་སྐྱེ་བོ་རྣམས་ཀྱི་དགེ་བ་སྤེལ་བའི་ཕྱིར། རྒྱལ་པོ་སྦྱིན་བདག་ཉིད་དང་ནི། ་གང་ཡང་སེམས་ཅན་ཆོགས་གཞན་རྣམས། །ཚེ་དང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག་།སྦྱིན་པས་འབྱུང་པོ་དབང་དུ་འགྱུར། །སྦྱིན་པས་དགྲ་རྣམས་མེད་པར་འགྱུར། །ཕ་རོལ་གཉེན་ཡང་སྦྱིན་པ་ཉིད། ། ་དེ་ཕྱིར་སྦྱིན་པ་གཙོ་བོར་བརྗོད། །སྦྱིན་པ་འཇིག་རྟེན་རྒྱན་ཡིན་ཏེ། །སྦྱིན་པས་ངན་གྲོ་ཟློག་པར་བྱེད། །སྦྱིན་པ་མཐོ་རིས་སྐས་ཡིན་ཏེ། སྦྱིན་པ་ཞི་བྱེད་དགེ་བའོ། །བྱང་ཆུབ་སེམས་དཔའ་ཨི་ལོངས་སྤྱོད་རྣམས། །མི་ཟད་ན་མཁའ་ལྟ་བུ་གང།། ་ལོངས་སྤྱོད་དེ་ནི་ཐོབ་བྱའི་ཕྱིར། །སྦྱིན་པ་དེ་ནི་ཡང་དག་སྤེལ། །ཞེས་པ་ལ་སོགས་པ་སྦྱིན་པའི་ཚིགས་སུ་ཅད་པ་རྣམས་བརྗོད་པར་བྱའོ། །གཞན་དུ་མུ་སྟེགས་རྣམས་ལ་གུས་པ་ལ་སོགས་པ་མི་བྱ་སྟེ། དེ་ཡང་སྐྱབས་གསུམ་བདུན་ཅུ་པ་ལས་གསུངས ་པ་བདག་བསྙེན?་དུ་ནི་དམ་བཅས་ནས། །སྐྱབས་གསུམ་པོ་ནི་བསྲུང་བར་བྱ། །མུ་སྟེགས་གཞན་ལ་གུས་པ་དང། ཕྱག་དང་མཆོད་པ་རྣམས་མི་བྱ་ཞེས་སོ། །བརྒྱད་སྟོང་པ་ལས་ཀྱང་ལྷ་གཞན་རྣམས་ལ་མེ་ཏོག་དང་བདུག་སྤོས་དང་མར་མེ་རྣམས ་སྦྱིན་པར་མི་བྱ་རི་མོར་མི་བྱ་ཞེས་སོ། །དེ་ནས་ན་མ(རྒྱུད་འགྲེལ་ཛ་ལ་ལ་བ་དྷི་མཧཱ་མ་ཏེ་དཀྵེ་དཀྵི་ཎཱཾ་པ་རི་ཤོ་དྷཱ་ཡ་སྭཱཧཱ། གང་གཟུངས་འདི་ལན་གཅིག་བརྗོད་པར་བྱེད་པ་དེ་རི་རབ་ཙམ་གྱི་བསོད་སྙོམས་ཡང་ཡོངས་སུ་སྦྱོད་པར་འགྱུར་རོ་ཞེས་པ་བསོད་སྙོམས་ཡོངས་སུ་སྤྱོད་པའི་གཟུངས་བརྗོད་པར་བྱའོ། ། ་མཚན་མོའི་དང་པོ་མི་ཉལ་བར་དམ་པའི་ཆོས་ཀྱི་ཁ་དོན་དང་བཟླས་པ་ལ་སོགས་པ་བྱས་ནས། ཉལ་བ་ན་མལ་དུ་ཡན་ལག་ཐམས་ཅད་བཏུད་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱ་ཞིང ་གསོལ་བ་ཡང་བཏབ་ནས་ཉལ་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བླ་ན་མེད་པའི་དངོས་གྲུབ་དང་མཆོག་བདག་ལ་སྩོལ་ཅིག་།ཉེ་བར་འཚེ་བ་ཐམས་ཅད་ཀྱང་མེད་པར་མཛད་དུ་གསོལ་ཞེས ་པ་དང། རང་གི་འདོད་ལྷའི་རྣལ་འབྱོར་དང་ལྡན་པས། ན་མཾ་བྷྲ་ག་བ་ཏེ། ཨཱརྱ་པྲ་ཛྙཱ་པཱ་ར་མི་ཏཱ་ཡེ། སརྦ་ཏ་ཐཱ་ག་ཏཱ་པ་རི་མི་ཏཱ་བ་ར་བཱུ?་རི་ཏ་ཡེ། ཏདྱ་ཐཱུ་ཨོཾ་སིདྡྷི་སིདྡྷི་བུདྡྷ་བུདྡྷ། བོ་དྷ་ཡ་བོ་དྷ་ཡ། ཙ་ལ་ཙ་ལ། ཏིཥཐ། ཏིཥཐ། ཧི་ཀཾ་པ་ཀཾ་ད་ཀ་པཱ་ར་བཱ་ར། གཙྪ་གཙྪ་ཨཱ ་གཙྪ་ཨཱ་གཙྪ་བྷ་ག་བ་ཏི་མ་བི་ལཾ་བ་སྭཱཧཱ། གཟུངས་འདིས་ལག་པ་གཡས་པ་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ། དེའི་སྟེང་དུ་མགོ་བཞག་སྟེ་ས་དེ་གེའི་ཉལ་སྟབས་ཀྱིས་ཉལ་ལོ། །མཚན་མོ་ཐ་མ་ནས་དེ་བཞིན་དུ་ཡིད་མ་ཡེངས ་པ་དང་རྒྱུན་ཆད་པ་མེད་པར་ཡི་དམ་མཛའ་དག་བྱའོ། །དེ་ལྟར་ཉིན་རེ་ཞིང་བྱས་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་མྱུར་དུ་བྱང་ཆུབ་ཏུ་འགྱུར་རོ། །དེ་ཡང་གསུངས་པ། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ལ་སོགས་རྟག་བརྟེན ་བ། །དུས་ནི་ཡུན་མི་རིང་བ་ཡི། །བྱང་ཆུབ་མཆོག་ནི་ཐོབ་པར་འགྱུར། །ཞེས་སོ། གཞུང་བསྡུས་པ་ནི་བསོད་ནམས་ལས་ཀྱི་ནི། །བདག་ཅག་བྱང་ཆུབ་གཞུང་ལམ་འདི་བརྟེན་ནས། །སྤྲོ་བས་སྣ་ཚོགས་སྤྱོད་པ་སྤྱད་ནས་ནི། །སྐྱེ་བོས་བླ་མེད་གོ་འཕང་ཐོབ་པར་ཤོག ་བྱང་ཆུབ་གཞུང་ལམ་ཞེས་བགྱི་པ་སློབ་དཔོན་མཁས་པ་ཆེན་པོ་འཇིགས་མེད་འབྱུང་གནས་སྤས་པས་མཛད་པ་རྫོགས་སོ།། །།ཇི་ལྟར་མཐོང་པ་བཞིན་བསྡུས་པ་སྟེ་གཞུང་གི་ཚད་ནི་ཤལེ་ཀ་སུམ་བརྒྱ་ཉི་ཤུ་རྩ་ལྔའོ། དང་པོའི་ལས ་ཀྱི་བྱ་བ་མ་བརྟེན་པར། ངེས་པར་བྱང་ཆུབ་མཆོག་ཐོབ་མི་ནུས་ཀྱང། །ཙེད་དུས་སྐྱེ་བོ་སྟོང་པ་ཉིད་སྣར་ཞིང། །བཞུང་ལམ་དང་པོའི་ལས་ཀྱི་བྱ་བ་རྣམས། །མི་ཤེས་མི་ནུས་མི་བྱེད་པ་རྣམས་མཐོང། །སྤྱོད་འདོད་མི་ཤེས་འགྲོ་ལ་ཕན་འདོད་ནས། །ཐུབ་པའི་དགེ་སློང་ཆག་སྟོན ་ལོ་ཙ་བས། །བྱང་ཆུབ་གཞུང་ལམ་འདི་ནི་འབད་པས་བསྒྱུར། །ཉེས་ཀུན་བཟོད་གསོལ་དགེ་བས་བདག་གཞན་རྣམས། །སྒྲིབ་བྲལ་ཚོགས་གཉིས་རྫོགས་པའི་སངས་རྒྱས་ཤོག་ཁ་ཚའི་མཁན་པོ་ཆེན་པོ་ཆོས་ཀྱི་རྗེ་ཤཱཀྱ་ཤྲཱི་བྷ་དྲ་ལས་མཉན་ནས། །འབོད་ཡུལ་དབུས ་གྱི་སྡེ་སྣོད་འཛིན་པ་ཆག་ལོ་ཙ་བ་དགེ་སློང་དགྲ་བཅོམ་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ་ན་མཎྜལ་པི་བྷི། བོད་སྐད་དུ། མཎྜལ་གྱི་ཆོ་ག། ཐུགས་རྗེ་ཆེན་པོ་རྣམ་པར་སྐྱོབ་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་བཟང་པོས ་