| Wylie | e-texts based on the ACIP/ALL Input |
འདིས། །སྲིད་གསུམ་རིགས་དྲུག་འགྲོ་ཀུན་གྱིས། །མཉམ་པ་ཉིད་ཀྱི་དོན་རྟོགས་ནས། །བདེ་ཆེན་ཐང་ལ་ཕྱིན་པར་ཤོག། མཎྜལ་གྱི་ཆོ་ག་དངོས་གྲུབ་བརྙེས་པའི་སློབ་དཔོན་མཁས་པ་ཆེན་པོ་ཀམ་པ་ལའི་ཞལ་སྔ་ནས་མཛད་པ་རྫོགས་སོ། །སྔོན་གྱི་ལོ ་ཙ་བ་ཆེན་པོ་རྣམས་ཀྱིས་བསྒྱུར་བ་སྟེ་འགྱུར་རྙིང་ལགས་སྐད་དོ། །གསང་སྔགས་ཀྱི་ཐེག་པའི་མཎྜལ་གྱི་ཆོ་གའོ། །དེ་ལྟར་བསོད་ནམས་ཀྱི་ཚོགས་བསགས་པ་གཙོ་བོར་སྟོན་པའི་ཆོས་ཀྱི་སྡེ་ཚན་ལགས་སོ།། །། ་རྒྱ་གར་སྐད་དུ། མཎྜལ་ཀྲི་ཡ་བི་དྷི། བོད་སྐད་དུ། མཎྜལ་བྱ་བའི་ཆོ་ག། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དང་པོ་དཀྱིལ་འཁོར་ཆེ་ཆུང་གི། བསྡུས་པས་ཡོག་པའི་མར་བཤམས་ལ། །གཙེར?་དངོས་པོ་ཉི་ཤུར་འགྱུར ་ཆུ་ཡང་སྲང་གི་ཉི་ཤུར་འགྱུར་འོ་མ་དག་དང་ཞོ་དག་ཀྱང། །དང་པོ་མར་གྱི་སུམ་འགྱུར་རོ། །དང་པོར་གཅི་བ་བཙིར་བ་ཡང། །བ་ཡི་ཆུ་ཡིས་མནོས་ལ་བཙིར། །ད་ནས་ཚགས་ཀྱིས་བཅག་བྱ་སྟེ། །དེ་ནས་དེ་རྣམས་སྦྱར་བྱས་ལ། །ཞག་ནི་གཉིས་དང་གསུམ་བར་དུ།། ་དེ་ནི་ངས་སུ་བཅུག་པ་ཡང། །ཉི་མ་གཉིས་གཉིས་པར་ཆོད་པར། །ཉི་མ་བདུན་དུ་རིམ་གྱིས་བྱུག། དེ་ནས་ལག་སྣུམ་དག་གིས་བྱུག། དེ་ནི་མི་བརྟན་པར་ཡང་བཤད། །བརྟན་པར་བྱ་བའི་ཆོ་ག་ནི། །མཎྜལ་ཟུར་ནི་རམས་ཀྱིས་བྱུགས། །མདངས ་ནི་བྱུང་ན་ལེགས་པར་བཤད། །དེ་ནས་ས་རྫ་ར་རྫ་དང། མར་གྱི་འདི་གུ་བྱས་བ་ཡིས། །དཀྱིལ་འཁོར་ལ་ནི་བསྐུས་བྱས་ན། །མེ་ལོང་ཁུ?་ནི་ཆུ་ཤེལ་ལྟར། །བཞིན་ལ་སོགས་པ་སྣང་བར་འགྱུར། །མཎྜལ་བྱ་བ་པའི་ཆོ་ག་དངོས་གྲུབ ་བརྙེས་པའི་སློབ་དཔོན་སངས་རྒྱས་གསང་བའི་ཞལ་སྔ་ནས་མཛད་པ་རྫོགས་སོ། །མཎྜལ་བྱ་བའི་ཆོ་ག་འདི་ནི་ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་གཉིས་ཀའི་ཐུན་མོང་བའོ།། ་རྒྱ་གར་སྐད་དུ། མཎྜལ་བི་དྷི། བོད་སྐད་དུ། མཎྜལ་གྱི་ཆོ་ག་།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་བྱུག་པ་སྔོན་དུ་འགྲོ་བ་ཡི། །སྐྱེ་བ་གཞན་དུ་འབྱོར་བ་མི་ཟད་ལ། །ད་ལྟར་བཞེད ་