CLOSE WINDOW

N3369: maN+Dala gyi cho ga
Wyliee-texts based on the ACIP/ALL Input

ཁ་ཏོན་དུ་གདོན་པར་བྱའོ།། །། *། །རྒྱ་གར་སྐད་དུ། མཎྜལ་བི་དྷི། བོད་སྐད་དུ། མཎྜལ་གྱི་ཆོ་ག་།བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྗེ་བཙུན་འཇམ་དཔལ་གཞོན ་ནུ་ལ། །ཕྱག་འཚལ་མཎྜལ་ཆོ་ག་བཤད། །མཎྜལ་བསྡུ་ན་རྣམ་གཉིས་ཏེ། ཡིད་ཀྱིས་བསམ་དང་དངོས་བྱེད་པའོ། །ཡིད་ཀྱིས་དབུལ་བ་ཡིད་ཀྱིས་ཡིན། །དངོས་བྱེད་ཡན་ལག་དགུ་རྫོགས་དབུལ། །རྒྱུ་རྐྱེན་སྔོན་འགྲོ་མཚམས་དང་ཚད། །དབྱིབས ་དང་ཁ་དོག་བྱིན་བརླབས་རྒྱན། །ས་བཟང་བྱེ་མ་གཅི་བ་ལ། །སྲོག་ཆགས་ལ་སོགས་གསལ་བ་ལ། །འཇིམ་པ་ལེགས་པར་བསྒྲུབ་པར་བྱ། །དེ་ནས་ཚད་མེད་སྟོང་ཉིད་བསམ། །བདུད་རྩི་འཁྱིལ་པའི་སྔགས་འདི་ཡིས། །ཐོག་མར་མཚམས་བཅད་བདག་ཉིད ་བསྲུང། །ོཾ་ཨ་མྲི་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཞེང་དུ་བྲུ་གང་ཡན་ཆད་ཚད། །དབྱིབས་ནི་གྲུ་བཞི་ལྟམ་པ་ལ། །ནང་དུ་ཟླུམ་པོར་བསྐོར་བར་བྱ། །ཁ་དོག་ཀུན་ཀ་སྔོ་ཡང་རུང། །ཡང་ན་ཡིད་དང་ཅི་འཐད་བྱ། །ཡང་ན་ཚད ་དང་ཁོ་དག་དབྱིབས། །ཕྲིན་ལས་རྣམ་བཞི་ཚུལ་དང་སྦྱར། །དེ་ནས་སྙིང་གའི་ས་བོན་ལས། །འོད་འཕྲོས་ཡི་གེ་ཏྲཾ་ཞུ་བསམ། །སྟེགས་ནི་རིན་ཆེན་སྣ་ལྔར་བསམ། །ོཾ་པཉྩ་རཏན་མཎྜལ་ཧཱུཾ། པ་ཡི་རྣམ་ལྔ་དྲི་ལྔ་ལ། །ས་བོན་འོད་འཕྲོས ་ཨ་ཞུ་བས། །བདུད་རྩིའི་རང་བཞིན་གྱུར་པར་བསམ། །ོཾ་ཨ་མྲི་ཏ་ཧཱུཾ་ཕཊ། དེ་ནས་ལེགས་པར་བྱུག་པར་བྱ། །ཙན་དན་ལ་སོགས་དྲི་ལྔ་ལ། །འོད་འཕྲོས་ཡི་གེ་དུ་ཞུ་བས། །བདུག་པའི་མཆོག་ཏུ་གྱུར་པར་བསམ། །ོཾ་བཛྲ་དྷཱུ་པ་ཨཱ: ་ཧཱུཾ་རྣལ་འབྱོར་འབྱོར་པ་ཆུང་ནའང་རུང། །ཙན་དན་མེད་དུ་མི་རུང་ངོ། །དེ་ལྟར་དྲི་ཞིམ་ལེགས་པར་བྱུག་།དེ་ནས་མེ་ཏོག་རྒྱན་བཀྲམ་པ། །ལྔ་སོགས་ཡང་ན་ལྷ་གྲངས་བསྟུན། །དེ་སྟེང་པཾ་ལས་པདྨར་བསམ། །ོཾ་པདྨ་མཎྜལ་ཧཱུཾ། དེའི་སྟེང ་ཨ་ལས་ཟླ་དཀྱིལ་བསམ། །ོཾ་ཙནྡྲ་མཎྜལ་ཧཱུཾ། དེ་སྟེང་བྲུཾ་ལས་གཞལ་ཡས་ཁང། །ཤིན་ཏུ་མཛེས་བ་བསམ་པར་བྱ། །དེ་ནས་མགོན་པོ་སྤྱན་དྲངས་ལ། །ཕྱག་འཚལ་མཆོད་དང་སྡིག་པ་བཤགས། །གཞན་གྱི་དག་ལ ་ཡི་རང་བྱ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་གསོལ་བ་གདབ། །དགེ་བ་དག་ནི་ཐམས་ཅད་ལ། །འགྲོ་བའི་དོན་དུ་བྱང་ཆུབ་བསྔོ། །དེ་ལྟར་ཕུལ་བའི་ཡོན་ཏན་ནི། །ཕ་རོལ་ཕྱིན་བཅུ་རྫོགས་ལྡན་ཞིང།། ་སྒྲིབ་པ་གཉིས་བྱད་ཚོགས་རྫོགས་ཏེ། ཏིང་ངེ་འཛིན་དཀྱིལ་འཁོར་གསལ་གྱུར་ནས། །རང་བཞིན་དཀྱིལ་འཁོར་མཐོང་པར་འགྱུར། དེ་ལྟར་མ་བྱས་ཉེས་དམིགས་ནི། །རྫོགས་ལ་བརྟན་པ་མ་ཐོབ་པར། །མཎྜལ་འཇོག་ནམ་མཁའ་འགྲོས ་གསོད། །དེ་བས་ནན་ཏན་གུས་པར་བྱ། །ལུང་དང་མན་ངག་བླ་མ་ལས་བརྒྱུད་པ། །མཎྜལ་ཆོ་ག་རིམ་བར་བཀོད་པ་འདི། །བློ་ཞན་དོན་དུ་བདག་གིས་ཅུང་ཟད་བསྡུས། །འཁྲུལ་ན་བཟོད་མཛོད་མཁས་རྣམས་གཞན་དུ་རྩོམས། །དྲི་མེད་བློས་བསྡུས་དགེ་བ ་འདིས། །སྲིད་གསུམ་རིགས་དྲུག་འགྲོ་ཀུན་གྱིས། །མཉམ་པ་ཉིད་ཀྱི་དོན་རྟོགས་ནས། །བདེ་ཆེན་ཐང་ལ་ཕྱིན་པར་ཤོག། མཎྜལ་གྱི་ཆོ་ག་དངོས་གྲུབ་བརྙེས་པའི་སློབ་དཔོན་མཁས་པ་ཆེན་པོ་ཀམ་པ་ལའི་ཞལ་སྔ་ནས་མཛད་པ་རྫོགས་སོ། །སྔོན་གྱི་ལོ ་