CLOSE WINDOW

N3368: bla ma dam pa bsod nams dpal zhes bya ba la bstod pa
Wyliee-texts based on the ACIP/ALL Input

ལ་འོད་གསལ་བསྐྱེད་དུ་གསོལ། །སྐུ་གསུང་ཐུགས་ཀྱིས་བྱིན་།གྱིས་རློབས། །བྱིན་རླབས་ཆུ་རྒྱུན་མ་གཅོད་ཅིག་།ཆོས་སྐུ་གཅིག་ཏུ་མ་གྱུར་པར། །ཐུགས་རྗེ་ལྕགས་ཀྱུ་མ་བཏང་ཞིག་།ཁྱེད་ལ་བདག་གིས་གསོལ་བཏབ་པས།། ་དེ་ལས་བྱུང་བའི་བསོད་ནམས་ཀྱིས། །འགྲོ་དྲུག་གནས་པའི་སེམས་ཅན་དོན་མཛད་ནས། །སྙིང་པོ་ཕྱག་རྒྱ་ཆེན་པོའི་དོན་རྟོགས་ཤོག་།སྒྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས། །བླ་མ་རྡོ་རྗེ་གདན་པས་མཛད་པ་རྫོགས་སོ།། །། ་རྒྱ་གར་སྐད་དུ། གུ་རུ་པ་ར་མ་པུ་ཎྱ་ཤྲཱི་ནཱ་མ་ཏོ་སྟྲཾ། བོད་སྐད་དུ། བླ་མ་དམ་པ་བསོད་ནམས་དཔལ་ཞེས་བྱ་བ་ལ་བསྟོད་པ། ཆོས་འབྱུང་རབ་གཟིགས་ཤིན་ཏུ་ཡངས་པའི་སྐུ། བསོད་ནམས་དཔལ་གྱི་ཞབས་ཟུང་དག་ལ་བསྟེན ་པར་བགྱི། །མཁས་པ་འདི་ནི་ཀུན་ཏུ་བསྐྱོད་པར་གྱུར་པ་ལ། །སྔོན་ཆད་མ་མཐོང་སྟོང་ཉིད་རྩེ་མོས་ངོ་མཚར་མཐོང། །ཤིན་ཏུ་རྒྱ་ཆེན་ཟབ་པ་འདི་ནི་ཆེན་པོའི་ཚུལ། །མཆོད་རྟེན་བསྐྱོད་པ་ལྟ་བུའི་སྐུ་ལ་ལྷག་པར་བརྟེན། །དཔལ ་མཆོག་བླ་མ་སྟོན་པའི་བསྟན་པ་ལ། །དུས་དེས་གསལ་བ་འོད་གསལ་ཆེན་པོའི་ཚུལ། །མཚུངས་མེད་སྙིང་རྗེའི་བཅུད་ཀྱིས་སེམས་ཅ་ན་བདེ་མཛད་པ། །འདི་ནི་ངོ་མཚར་བསོད་ནམས་དཔལ་གྱི་ཡེ་ཤེས་སྐུ། །དེ་ནི་ཀུན་ལ་བྱམས་པས ་ཕྱག་རྐྱང་རབ་ཏུ་འཚལ། །བདེ་ཞིང་བདེ་བའི་སྣང་ལྡན་སྤྲོས་པ་མི་མངའ་བ། །བཟོད་པའི་གཏེར་ཆེན་དགའ་བའི་རོ་མཆོག་དང། །རྣམ་པ་ཀུན་ཏུ་རྫོགས་སངས་བྱང་ཆུབ་ལམ་རྣམས་མཁྱེན། །གཏི་མུག་མུན་ལྗོངས་འགྲོ་ལ་རབ་ཏུ་གསལ ་བར་མཛད། །དེ་ནི་རྩེ་ལྡན་བསོད་ནམས་དཔལ་གྱི་ཡེ་ཤེས་སྐུ། །པ་ཏ་ལ་གར་སྤྱན་རས་གཟིགས་དབང་ཞབས་པད་ལ། །བུང་བ་རོལ་པ་ཞེས་བྱའི་སྟོབས་ལྡན་སྤྱན་དག་གིས། །ལྷོ་ཕྱོགས་ཡུལ་དུ་ལམ་ཚོལ་ཡང་དག་བསྐྱོད་པ་ཡིས། །རིམ ་བཞིན་འཆག་ལ་དུབ་པ་མེད་པའི་བསོད་ནམས་དཔལ། །སངས་རྒྱས་མཐུ་ཡིས་རྒྱ་མཚོ་ཟླ་བས་གང་བ་བཞིན། །དཔལ་མཆོག་བླ་མ་འདི་ནི་ལམ་མཆོག་དེད་དཔོན་མཁས། །ཡེ་ཤེས་བདུད་རྩིའི་བརླབས་ཀྱིས་ལམ་གྱིས་དུབ་པ་ལ། །ཉེར་ཕྱིན་ལམ་ལ་མཁས ་རྣམས་ཀུན་གྱིས་བརྟེན་པར་བྱ། །དཔལ་མཆོག་བླ་མ་འདི་ནི་སྟོན་པའི་བསྟན་པ་ལ། །དུས་ལ་རབ་གསལ་འོད་གསལ་ཆེན་པོའི་ཚུལ། །མཚུངས་མེད་བླ་མའི་ཞབས་ལ་རབ་ཏུ་འདུད། །རྒྱ་གར་ལྷོ་ཕྱོགས་ཀྱི་ཡུལ་དཔལ་ལྡན་འབྲས་ཀྱི་ཕུང་པོ་ཞེས་བྱའི ་མཆོད་རྟེན་བཞུགས་པའི་གནས་དེར། བླ་མ་མན་ལུངས་པའི་སྐུ་གསུང་ཐུགས་ཀྱི་སྤྱོད་པ་རླབས་པོ་ཆེ། བྱང་ཆུབ་སེམས་དཔའ་ཨི་རྣམ་པར་ཐར་པས་ཆ་མཐུན་པ་ལ་མོས་པའི་པཎྜི་ཏ་བི་མ་ལ་ཤྲཱི་ཞེས་བྱ་མཁས་ཤིང་བཙུན་པ་དེས་ཚིགས་སུ་བཅད ་པ་འདིས་བསྟོད་པའོ། །དཔལ་ལྡན་མན་ལུངས་ཀྱི་གཙུག་ལག་ཁང་ཆེན་པོར། །པཎྜི་ཏ་གོ་ཏ་མ་བྷ་དྲ་དང། ལོ་ཙ་པ་གྲགས་པ་བྱང་ཆུབ་གཉིས་ཀྱིས་བསྒྱུར་པའོ། །བླ་མའི་བསྟོད་པ་ཆོས་འབྱུང་རབ་གཟིགས་ཞེས་བྱ་བ་ལགས་སོ། །འདི་ཐམས་ཅད་ཀྱིས ་ཁ་ཏོན་དུ་གདོན་པར་བྱའོ།། །། *། །རྒྱ་གར་སྐད་དུ། མཎྜལ་བི་དྷི། བོད་སྐད་དུ། མཎྜལ་གྱི་ཆོ་ག་།བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྗེ་བཙུན་འཇམ་དཔལ་གཞོན ་ནུ་ལ། །ཕྱག་འཚལ་མཎྜལ་ཆོ་ག་བཤད། །མཎྜལ་བསྡུ་ན་རྣམ་གཉིས་ཏེ། ཡིད་ཀྱིས་བསམ་དང་དངོས་བྱེད་པའོ། །ཡིད་ཀྱིས་དབུལ་བ་ཡིད་ཀྱིས་ཡིན། །དངོས་བྱེད་ཡན་ལག་དགུ་རྫོགས་དབུལ། །རྒྱུ་རྐྱེན་སྔོན་འགྲོ་མཚམས་དང་ཚད། །དབྱིབས ་དང་ཁ་དོག་བྱིན་བརླབས་རྒྱན། །ས་བཟང་བྱེ་མ་གཅི་བ་ལ། །སྲོག་ཆགས་ལ་སོགས་གསལ་བ་ལ། །འཇིམ་པ་ལེགས་པར་བསྒྲུབ་པར་བྱ། །དེ་ནས་ཚད་མེད་སྟོང་ཉིད་བསམ། །བདུད་རྩི་འཁྱིལ་པའི་སྔགས་འདི་ཡིས། །ཐོག་མར་མཚམས་བཅད་བདག་ཉིད ་