CLOSE WINDOW

N3367: grub thob brgyad cu rtsa bzhi'i gsol 'debs
Wyliee-texts based on the ACIP/ALL Input

རྟེན་དུ། །རི་ཁྲོད་ལྷག་པའི་རྒྱལ་བ་རི?་བོ་དཔེའི་མཆོག་ལ་ཡང་དག་བཞུགས། །། *། (།བླ་མ་རྡོ་རྗེ་གདན་པས་མཛད་པའི་གྲུབ་ཐོབ་བརྒྱད་བཅུ་རྩ་བཞིའི་གསོལ་འདེབས་བཞུགས་སོ།།)་།། *། །དཀོན་མཆོག་གསུམ་ལ ་ཕྱག་འཚལ་ལོ། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། བླ་མ་དཔལ་ལྡན་རྡོ་རྗེ་འཆང། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །གསོལ་བ་འདེབས་སོ། །ཐུགས་རྗེས་དགོངས་ལ་བྱིན་གྱིས་བརླབ་ཏུ་གསོལ། །དགེ་སློང་ལུས་ལ་དངོས ་གྲུབ་བརྙེས། །ནགས་ཀྱི་ལྷ་མོས་བདུད་རྩི་ཕུལ། །ཀླུ་སྒྲུབ་སྙིང་པོ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །བླ་མ་ལ་གུས་དངོས་གྲུབ་བརྙེས། །པདྨ་ལས་འཁྲུལ་ལུས་མཆོག་འཛིན། །ཨཱརྱ་དེ་བ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཡིག ་མཁན་རིགས་ལ་སྐལ་པར་ལྡན། །ཉ་ལྟོ་ཟ་ཞིང་དངོས་གྲུབ་བརྙེས། །ལཱུ་ཡི་བ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཁྱིམ་པའི་ལུས་ལ་ཐར་པུའི་རིགས། །ཤིང་ཏོག་ཟ་ཞིང་ལམ་མཆོག་བརྙེས། །པདྨ་བཛྲ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག ་འཚལ་ལོ། བྲམ་ཟེའི་རིགས་ལ་གར་མཁན་ལུས། །དཔལ་གྱི་རི་ལ་དངོས་གྲུབ་བརྙེས། །ས་ར་ཧ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཟླ་བའི་རིགས་ལ་དངོས་གྲུབ་བརྙེས། །པདྨ་ནི་དང་ལྷན་ཅིག་བཞུགས། །མཚོ་སྐྱེས་རྡོ་རྗེ་ཞེས་བྱ་བའི། །བླ་མ་དེ་ལ ་ཕྱག་འཚལ་ལོ། །གདིང་བ་བཏིང་ནས་གངྒཱ་བརྒལ། །སྟག་ལ་ཞོན་ནས་དངོས་གྲུབ་བརྙེས། །ཌོཾ་བི་ཧེ་རུ་ཀ་ཞེས་བྱའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཆུ་བོ་ཆེན་པོ་གྱེན་ལ་བཟློག་།ཆང་ལ་ཉི་མ་གཏེ་བར་བཙུང། །བི་རཱུ་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག ་འཚལ་ལོ། །ན་ལེནྡྲ་རུ་ཐུགས་དམ་གཟིགས། །བསྟན་བཅོས་རྩོམ་ཞིང་མཁའ་ལ་གཤེགས། །བྷུ་སུ་ཀུ་བ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །བུ་སྨད་བཅས་ཤིང་དངོས་གྲུབ་བརྙེས། །བྷཾ་གྷ་ལ་རུ་དངོས་གྲུབ་ཐོབ། །རྡོ་རྗེ་དྲིལ་བུ་ཞེས་བྱ་བའོ། ། ་བླ་མ་དེ་ལ་ཕྱག་འཚལ་ལོ། །དཀའ་ཐུབ་མཛད་ཅིང་དངོས་གྲུབ་བརྙེས། །རལ་གྲི་ཁྱེར་ནས་མཁའ་ལ་གཤེགས། །ན་ལེན་དྲ་པ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །དགེ་སློང་ལུས་ལ་གདོལ་བའི་རིགས། །ཕྱག་རྒྱ་མ་དང་དངོས་གྲུབ་བརྙེས། ། ་ཀུ་ཀུ་རི་པ་ཞེས་བྱ་བའི། བླ་མ་དེ་ལ་ཕྱག་འཚལ་ལོ། །དགེ་སློང་ལུས་ལ་ཡེ་ཤེས་སྤྱན། །ཤིང་ཀུན་གནས་སུ་གསང་འདུས་གཟིགས། །སངས་རྒྱས་ཡེ་ཤེས་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །དཀའ་ཐུབ་དོར་ནས་སྤྱོད་པ་མཛད།། ་སྟང་སྟབས་མཛད་ཅིང་དངོས་གྲུབ་བརྙེས། །ནག་པོ་རྡོ་རྗེ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །རྒྱལ་རིགས་ཨོ་རྒྱན་གནས་ན་བཞུགས། །ལྕམ་དང་ལྷན་ཅིག་དངོས་གྲུབ་བརྙེས། །ིནྡྲ་བྷཱུ་ཏི་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག ་འཚལ་ལོ། །བྲམ་ཟེ་རང་གི་བུ་མོ་བསྟེན། །རྡོ་རྗེ་བསྣུན་ཅིང་ས་འོག་བགྲོད། །ནཱ་རོ་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཐ་རུའི་རིགས་ལ་ཤིང་མཁན་ལུས། །ཕྱག་རྒྱ་མ་དང་དངོས་གྲུབ་བརྙེས། །ཏོག་རྩེ་མ་ཞེས་བྱ་བ་ཡི། །བླ་མ ་དེ་ལ་ཕྱག་འཚལ་ལོ། །བྲམ་ཟེ་དམན་པའི་སྤྱོད་པ་མཛད། །ཐབས་ཀྱིས་འཚོ་ཞིང་དངོས་གྲུབ་བརྙེས། །ཏན་ཏྭ་ལ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །དགེ་སློང་སྤྲོས་མེད་སྤྱོད་པ་མཛད། །འཇག་སྤྱིལ་ནང་དུ་དངོས་གྲུབ་བརྙེས།། ་ལ?་པ?་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །མུ་སྟེགས་རྩོད་པ་ལས་རྒྱལ་ཞིང། །རྒྱ་མཚོའི་གླིང་ལ་སྒྲོལ་མ་སྐྱབས། །ཙནྡྲ་གོ་མི་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །རྒྱལ་རིགས་དམན་པའི་སྤྱོད་པ་མཛད། །འབྲས་སོ ་འབྲུ་ཞིང་དངོས་གྲུབ་བརྙེས། །ཤཱན་ཏི་བ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །རིག་པའི་གནས་ལྔ་མཁྱེན་པས་བརྒྱན། །བདག་གཞན་གཉིས་སུ་མེད་པར་མཛད། །མར་མེ་མཛད་ཅེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཏིལ ་བརྡུང་མཆོག་གི་དངོས་གྲུབ་བརྙེས། །བྷཾ་ག་ལ་རུ་སངས་རྒྱས་འཇལ། ཏེ་ལོ་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །བླ་མའི་བཀའ་བཅག་སྤྱོད་པ་མཛད། །སྲིད་པ་བར་དོར་རྫོགས་སངས་རྒྱས། །ནག་པོ་སྤྱོད་པ་ཞེས་བྱ་བའི། །བླ་མ་དེ?་ལ ་ཕྱག་འཚལ་ལོ། །བླ་མ་ཟོ?་སངས་རྒྱས་དངོས་དང་མཇལ། །དགེ་བསྙེན་ལུས་ལ་དངོས་གྲུབ་བརྙེས། །ཕག་ཚང་པ་ཞེས་བྱ་བ་ཡིས། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཉི་ཤུ་རྩ་བཞི་གནས་མཆོག་བཙལ། །ཏ་ལ་བཤགས་ནས་བྷ་ལིང་སྒྲོགས ་བཟང་པོ་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །གར་མཁན་དཔལ་གྱི་རི་ལ་བཞུགས། །ལྕམ་སྲིང་གཉིས་ཀྱིས་དངོས་གྲུབ་བརྙེས། །ཤ་བ་རི་པ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །རྒྱལ་རིགས་ཐ་མལ་སྤྱོད་པ་མཛད། །སྨད་ཚོང ་མ་དང་དངོས་གྲུབ་བརྙེས། །དཱ་རི་ཀ་པ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །པ་ལང་སྐྱོང་ཞིང་དངོས་གྲུབ་བརྙེས། །ལུས་མཆོག་དཔལ་གྱི་རིལ་བཞུགས། །ནཱ་ག་བོ་དྷི་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །སྣ་ཚོགས་ལུས་ལ ་དངོས་གྲུབ་བརྙེས། །དུར་ཁྲོད་གནས་སུ་རྒྱན་དྲུག་གསོལ། །མར་མེ་ལྷ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །འབྲས་བུ་སྤྱོད་ཅིང་དངོས་གྲུབ་བརྙེས། །མདའའཆོད་ལྔ་བརྒྱ་མཁའ་ལ་གཤེགས། །ལྡིང་གི་བ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག ་འཚལ་ལོ། །གཞན་གྱི་སྤྱོད་པ་ལས་རྒྱལ་ཞིང། །བྷ་ག་ལ་རུ་དངོས་གྲུབ་བརྙེས། །ཛེ་ཏ་རི་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །སྨོན་ལམ་དབང་གིས་ཐུགས་དམ་གཟིགས། །ཡིད་ཆེས་མཆོག་གི་དངོས་གྲུབ་བརྙེས། །སར་ཀ་པ་ཞེས་བྱ་བ་ཡི། ། ་བླ་མ་དེ་ལ་ཕྱག་འཚལ་ལོ། །རྒྱལ་རིགས་སྤྱོད་པ་མཐར་ཕྱིན་ནས། །འདུལ་འཛིན་གསང་སྔགས་དངོས་གྲུབ་བརྙེས། །ཤཱན་ཏི་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །གདོལ་པའི་ལུས་ལ་ཐབས་མཁན་ལས། །ཕྱག་རྒྱ་མ་དང་དངོས ་གྲུབ་བརྙེས། །ཐག་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས། །རྒྱུད་སྡེ་བཞི་ཡི་དགོངས་པ་མཁས། །ཛ་ལནདྷ་ར་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །སྒྲ་ཚང་ལུང་རིགས་བསྟན་བཅོས་མཁས། །རིག ་འཛིན་ཆ་ཡི་དངོས་གྲུབ་བརྙེས། །ཀ་མ་ལ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཐབས་དང་ཤེས་རབ་ཕ་རོལ་ཕྱིན། །སྡེ་སྣོད་དགོངས་པ་ཐུགས་ལ་ཤར། །གསེར་གླིང་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །གདོལ་པའི་རིགས ་ལ་མར་ནག་མཁན། །ཕྱག་རྒྱ་མ་དང་དངོས་གྲུབ་བརྙེས། །བྷ་ཝ་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །བྲམ་ཟེའི་རིགས་ལ་སྙན་དག་མཁན། །བུ་སྨད་བཅས་ཤིང་མཁའ་ལ་གཤེགས། །ཀོང་ཀ་ན་ཞེས ་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །རྒྱལ་རིགས་ལྐུགས་པའི་སྤྱོད་པ་མཛད། །གསང་སྤྱོད་མཆོག་གི་དངོས་གྲུབ་བརྙེས། །ཀ་མཱ་ལ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །བྲམ་ཟེའི་རིགས་འགྲངས?་མགར་ལུས། །རྫུ་འཕྲུལ་རྐང ་མགྱོགས་དངོས་གྲུབ་བརྙེས། །ཏམ་པཀ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །རྒྱལ་རིགས་པི་ཝང་གླིང་བུ་འཁྲོལ། །ཐུགས་དམ་ཞལ་གཟིགས་མཁའ་ལ་གཤེགས། །བྷི་ན་ས་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །བྲམ་ཟེའི ་རིགས་དམན་པའི་ལུས། །སྨད་འཚོང་མ་དང་དངོས་གྲུབ་བརྙེས། །སུ་ཏ་ལོ་ཀི་ཞེས་བྱ་པའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཆུ་སྟེགས་རིགས་ལ་སྒྲ་ཚད་མཁན། །ཕྱིར་རྒོལ་ཚར་བཅད་མཁའ་ལ་གཤེགས། །དྷརྨཱ་ཀཱིརྟི་ཞེས་བྱ་བའི། །བླ ་མདོ་ལ་ཕྱག་འཚལ་ལོ། །ལྷ་མཁན་རིགས་ལ་སྐལ་བར་ལྡན། །དུར་ཁྲོད་གནས་སུ་དངོས་གྲུབ་བརྙེས། །ཀུ་མཱ་ར་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །དགེ་ཚུལ་ལུས་ལ་མཛེ་མེ?་མ་ཁུར། །གངྒར་བཞུགས་ནས་མཁའ་ལ་གཤེགས།། ་ཚེ་འུ་བ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །རམས་མཁན་ལུས་ལ་དགེ་བསྙེན་ལུས། །ཚངས་སྤྱོད་ཨོ་རྒྱན་གནས་ན་བཞུགས། །ནི་ལ་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །དགེ་སློང་ལུས་ཀྱི་ཕྱག་རྒྱ་བསྟེན། །ལྷོ་ནུབ་སྲིན ་པོའི་ཁོ?་གནོན་མཛད་དོ། །པདྨ་ཀ་ར་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཤན་པའི་རིགས་ལ་སྐལ་པར་ལྡན། །སེང་གེ་ཞོན་ནས་སྤྱོད་པ་མཛད། །སིདྡྷི་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཉ་པའི་རིགས་ལ་དགེ་ ་བསྙེན་ལུས། །རྒྱ་མཚོའི་གླིང་དུ་དངོས་གྲུབ་བརྙེས། །མིན་པ?་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །རྒྱལ་རིགས་རིག་པའི་གནས་ལྔ་མཁས། །ནམ་མཁའ་ཨི་ལྷ་དང་ཐེ་ཚོམ་མེད། །སྤྲིན་གྱི་ཤུགས་ཅན་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཐ་རུ ་རིགས་ལ་མཉེན་པའི་ལུས། །སྡུག་བསྔལ་རྒྱ་མཚོ་ཀུན་ལས་རྒལ། ཀ་རུ་པ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །རྒྱུད་སྡེ་བཞི་ཡི་སྒྲ་དོན་མཁས། །དབང་བཞི་རྫོགས་ནས་མཁའ་ལ་གཤེགས། །ད་སི་རི་པ་ཞེས་བྱ་བའི། །བླ ་མ་དེ་ལ་ཕྱག་འཚལ་ལོ། །བྲམ་ཟེའི་རིགས་ལ་སྤྱོད་པ་བྱེད། །རྟོག་མེད་སེམས་ལ་རང་དབང་ཐོབ། ། ནན་ཏ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས། །བུམ་པ་ཐོགས་ནས་དྲི་མ ་འཁྲུད། །སེང་གེ་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །བྲམ་ཟེའི་རིགས་ལ་རྣལ་འབྱོར་ལུས། །ལྡོམ་བུ་མཛད་ཅིང་དངོས་གྲུབ་བརྙེས། །ཟླ་བ་བཟང་པོ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །སྒྲོལ་མ་དཀར་མོས་བྱིན་གྱིས ་བརླབས། །རྣལ་འབྱོར་རྒྱུད་ལ་འབྲེལ་པ་མཛད། །ཀུན་དགའ་སྙིང་པོ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །འཇམ་དཔལ་སྐུའི་སྤྲུལ་པར་འཁྲུངས། །ཀླུ་སྒྲུབ་དགོངས་པ་ཐུགས་ལ་ཆུང། །ཟླ་བ་གྲགས་པ་ཞེས་བྱ་བའི། །བླ་མ་དེ་ལ ་ཕྱག་འཚལ་ལོ། །མི་གཡོ?་ཞལ་གཟིགས་སྤྱོད་པ་མཛད། །གཅེར་བུ་བརྟུལ་ཞུགས་དུར་ཁྲོད་གནས། །སྨད་དཀྲིས་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །རྒྱལ་པོ་དམན་པའི་སྤྱོད་པ་མཛད། །རིགས་ངན་མདང་དངོས་གྲུབ་བརྙེས།། ་གང?་ཎ?་པ་ཞེས་བྱ་བ་ཡི། །བླ་མ་དེ་ཕྱག་འཚལ་ལོ། །ཐུགས་རྗེ་སྒྲོལ་མས་བྱིན་གྱིས་བརླབ། །གནོད་སྦྱིན་འཇིགས་པ་བརྒྱད་ལས་ཐར། ། བོ་དྷྲུ་ཏཱི་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །རྩ་རླུང་ཐབས་ཀྱི་ལམ་ལ་མཁས།། ་འབྱུང་བ་རླུང་ལ་རང་དབང་ཐོབ། །ཅེ་ར་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཤིང་ཐུན་རིགས་ལ་དངོས་གྲུབ་བརྙེས། །ཐེག་ཆེན་ཀླུ་སྒྲུབ་རྗེས་སུ་འབྲངས།། ཤཱཀྱ་བཤེས་གཉེན་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ།། ་ཉ་པའི་རིགས་ལ་རྩ་རླུང་མཁན། །བདེ་བ་ལམ་སློངས་གཅེར་བུ་མཛད། །ཙཎྜ་ལི་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །རང་འབྱུང་རྟན་ལ་བསྐོར་བ་མཛད། །ཐུགས་དམ་ཞལ་གཟིགས་མཁའ་ལ་གཤེགས། །གླུ་དབྱངས་མཁན་ཞེས ་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །བྲམ་ཟའི་རིགས་ལ་དགེ་སློང་ལུས། །སྤྱངས་པ་བཅུ་གཉིས་སྤྱོད་པ་མཛད། །བྷ་གྷ་ལ་ན་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །རི་ཁྲོད་མི་ཏྲའི་བརྒྱུད་པ་འཛིན། །ཕྱག་རྒྱ་ཆེན་པོ་ཐུགས་ལ་ཤར།། ་སྒྲ་མཁན་ཞབས་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །དུར་ཁྲོད་ལ་སོགས་མཛའ་རུ་བཞུགས། །སྐལ་ལྡན་འདུལ་ཞིང་ཚོགས་འཁོར་མཛད། །ཀོན་ཏ་ལི་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །རྟ་མགྲིན་ཞལ་གཟིགས ་གདུག་པ་འདུལ། །འདོད་ཡོན་སྤྱོད་ཅིང་མཁའ་ལ་གཤེགས། །ཙ་པ་རི་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །རྒྱལ་རིགས་དམན་པའི་སྤྱོད་པ་མཛད། །དུར་ཁྲོད་རྒྱུ་ཞིང་ཤ་ཆེན་གསོལ། །སི་ཡ་ལི་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །སྒྲོལ་མའི ་ཞལ་གཟིགས་ལུང་ཡང་བསྟན། །གཙུག་ལག་ཁང་དུ་དངོས་གྲུབ་བརྙེས། །ཉི་མ་སྤས?་པ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །རྒྱལ་རིགས་ཉི་མའི་ཟེར་ལ་གཤེགས། །རི་ལུ་མིག་སྨན་ས་འོག་སྤྱོད། །ངག་གི་དབང་ཕྱུག་ཅེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། ་དམན་པའི་རིགས་ལ་དགེ་སློང་ལུས། །གདན་ཅིག་མཛད་ཅིང་དངོས་གྲུབ་བརྙེས། །ཧོ་ལ་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །གླང་ཆེན་ཞོན་ནས་དུར་ཁྲོད་རྒྱུ། །རྒྱལ་པོ་བཏུལ་ནས་མཁའ་ལ་གཤེགས། །ཀ་ལ་ཀ་ཞེས་བྱ་བ་ཡི། །བླ་མ་དེ་ལ ་ཕྱག་འཚལ། །བདེ་མཆོག་ཞལ་གཟིགས་སྤྱོད་པ་མཛད། །དུག་སྦྲུལ་ཆེན་པོ་དབུ་ལ་བཅིངས། །ཀུ་བུ་རྩ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །རྒྱ་མཚོའི་གླིང་དུ་དཀའ་ཐུབ་མཛད། །ོ་རྒྱན་གནས་སུ་དབང་བཞི་རྫོགས། །སེང་གེ་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ ་ཕྱག་འཚལ་ལོ། །ནགས་ཚལ་ནང་དུ་དཀའ་ཐུབ་མཛད། །བྱམས་པའི་ཞལ་གཟིགས་བསྟན་བཅོས་བརྩམས། ཐོག་པ་མེད་པ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །དཔལ་གྱི་རི་ལ་བསྐོར་བ་མཛོད། །ོ་རྒྱན་གནས་སུ་དཀའ་ཐུབ་བྱས། །ན་ཏ་པ་ཞེས་བྱ་བ་ཡི། །བླ་མ་དེ ་ལ་ཕྱག་འཚལ་ལོ། །ོ་ཏ་པ་ཡི་གཙུག་ལག་ཏུ། །དགྱེས་པ་རྡོ་རྗེས་བྱིན་གྱིས་བརླབས། །གླིང་བུ་མཁན་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །བྷ་གྷ་ལ་རུ་དཀའ་ཐུབ་མཛད། །རྡོ་རྗེ་གདན་དུ་ཐུགས་དམ་གཟིགས། །ས་ར་པུ་ཞེས་བྱ་བ་ཡི། །བླ་མ་དེ་ལ ་ཕྱག་འཚལ་ལོ། །བྷ་གྷ་ལ་ཡི་བྱང་ཤར་དུ། །གཤིན་རྗེ་དམར་པོས་བྱིན་གྱིས་བརླབས། །ཀ་ལ་ང?་གེ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །སེང་ལྡེང་ནགས་ལ་དཀའ་ཐུབ་མཛད། །ཁར་ས་པ་ཎི་ཐུགས་དམ་གཟིགས། །བྷ་ཡིན་ཞེས་བྱ་བ་ཡི། །བླ་མ ་དེ་ལ་ཕྱག་འཚལ་ལོ། །མ་གྷ་དྷ་རུ་རྒྱལ་པོ་བརྟུལ། །དུར་ཁྲོད་གནས་སུ་རོལ་པ་མཛད། །མེ་ཏོག་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །གཞན་ཡང་གསང་སྔགས་ལམ་རྟེན་པའི། །མཁས་སྤྱོད་གཤེགས་པ་ཐམས་ཅད་དང། དངོས་གྲུབ་ཐོབ་པ་ཐམས ་ཅད་ལ། །བདག་ནི་གུས་པས་ཕྱག་འཚལ་ལོ། །ཕྱག་འཚལ་གསོལ་བ་འདེབས་པ་ན། །ཐུགས་རྗེས་དགོངས་ལ་བྱིན་གྱིས་རློབས། །དེ་ལྟར་གསང་སྔགས་སྤྱོད་མཛད་པ། །གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་ལ། །བདག་ཉིད་གུས་པས་གསོལ་འདེབས་ན། །ཐུགས ་རྗེས་དགོངས་ལ་བྱིན་གྱིས་བརླབས་ཏུ་གསོལ། །སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལ། །ལུས་ལ་བདེ་ཆེན་སྤར་དུ་གསོལ། །གསུང་གིས་བྱིན་གྱིས་བརླབ་ཏུ་གསོལ། །དག་ལ་ནུས་པར་བྱིན་གྱིས་བརློབས། །ཐུགས་ཀྱིས་བྱིན་བརླབ་ཡེ་ཤེས་ཕོག?་།སེམས ་ལ་འོད་གསལ་བསྐྱེད་དུ་གསོལ། །སྐུ་གསུང་ཐུགས་ཀྱིས་བྱིན་།གྱིས་རློབས། །བྱིན་རླབས་ཆུ་རྒྱུན་མ་གཅོད་ཅིག་།ཆོས་སྐུ་གཅིག་ཏུ་མ་གྱུར་པར། །ཐུགས་རྗེ་ལྕགས་ཀྱུ་མ་བཏང་ཞིག་།ཁྱེད་ལ་བདག་གིས་གསོལ་བཏབ་པས།། ་དེ་ལས་བྱུང་བའི་བསོད་ནམས་ཀྱིས། །འགྲོ་དྲུག་གནས་པའི་སེམས་ཅན་དོན་མཛད་ནས། །སྙིང་པོ་ཕྱག་རྒྱ་ཆེན་པོའི་དོན་རྟོགས་ཤོག་།སྒྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས། །བླ་མ་རྡོ་རྗེ་གདན་པས་མཛད་པ་རྫོགས་སོ།། །། ་