| Wylie | e-texts based on the ACIP/ALL Input |
མ་འཕགས་མ་རྡོ་རྗེ་ལྕགས་སྒྲོག་མ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།དེ་གནོད་སྦྱིན་བགེགས་འབྱུང་བར་མི་འགྱུར་རོ། །དེ་ནས་དེའི་རྗེས་སུ་མ་ལ་ཡའི་ཡུལ་དུ་འགྲོ་བར་བྱའོ། །དེར་ཕྱིན་ནས་ཆོས་ཀྱི་རྒྱལ་པོའི་མཆོད་རྟེན་རྗེ་བཙུན་ལ་བསྐོར་བ་སྟོང་ཕྲག་གསུམ ་བྱའོ། །བྱས་ནས་བསྔགས་ཁྲི་ཕྲག་དྲུག་སྟོང་བཟླས་པར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། །ོཾ་མ་ནི་བཛྲ་ཧཱུཾ། གལ་ཏེ་གང་ཞིག་སྐྱེས་བུ་ཆེན་པོ་བརྩོན་འགྲུས་ཆེན་པོ་རྣམས་ཀྱིས་འགྲོ་བར་འགྱུར་བ་ཉིད་དུ་འདོད་པས་ཁྱིམ་གྱི་བསམ་པ་དྲན་པར་མི ་བྱའོ། །བྱས་ན་སྡུག་བསྔལ་དང་ཉོན་མོངས་པ་རྣམས་ཀྱིས་འཇོམས་པར་འགྱུར་རོ། །དཔལ་ལྡན་པོ་ཏ་ལ་ཀའི་རྗེ་བཙུན་གྱི་ཞལ་མཐོང་བ་དོན་དུ་གཉེར་བའི་སེམས་ཅན་དེ་རྣམས་ཀྱིས་ངེས་པར་བརྩོན་འགྲུས་བརྟན་པ་དེ་རྣམས་ཀྱིས ་བགྲོད་པར་བྱའོ། །དེའི་ཚེ་སྐྱེས་བུ་དེ་རྣམས་ཀྱིས་ངེས་པར་རང་གི་ལུས་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་བདག་ཉིད་ཀྱི་ལུས་སྦྱིན་པར་བཏང་བར་བྱའོ། །ལུས་སྦྱིན་པར་བྱིན་ནས་ཕྱིས་དཔལ་པོ་ཏ་ལ་ཀར་བགོད་པར་བྱའོ། །བསམ ་པ་ཐམས་ཅད་ཡོངས་སུ་སྤངས་ཏེ་འདོད་འཆགས་ལ་སོགས་པའི་བསམ་པ་དོར་ནས་བགྲོད་པར་བྱའོ། །སྤྲོ་བའི་སེམས་ཀྱིས་ཀླུ་དང་གར་དང་དམ་པའི་ཆོས་ཀྱི་ཡིད་མདོང་བཅས་པ་དང། སྔགས་ལ་སོགས་པ་དང་བསྒོམ་པར་བྱའོ། །གཡེང་བའི་སེམས ་ཀྱིས་འགྲོ་བར་མི་བྱའོ། །ངེས་པ་ཉིད་དུ་རྗེ་བཙུན་གྱི་ཞལ་ལམཐོང་བར་འགྱུར་བར་བྱའོ་ཞེས་སྨྲས་ནས་སྤྲོ་བའི་སེམས་ཀྱིས་བགྲོད་པར་བྱའོ། །སེམས་དེ་ཉིད་ཀྱིས་འགྲོ་བ་ན་གལ་ཏེ་རྗེ་བཙུན་གྱི་ཞབས་མཐོང་བར་མ་གྱུར་ན། །དེའི་ཚེ་བདག་ཉིད ་འཇམ་པའི་མགོན་པོ་མཚམས་མེད་པ་ལྔའི་ལས་བྱེད་པར་འགྱུར་རོ། །དེ་ལྟར་བྱས་ན་?་ས་མ་ལ་ཡའི་རི་ལ་བགྲོད་པར་བྱས་པས་རིའི་དབུས་སུ་ཨུ་དུམ་བ་རའི་ནགས?་མཐོང་བར་འགྱུར་རོ། །མཐོང་ནས་ཀྱང་འབྲས་བུ་རྣམས་བཟའ་བར་བྱའོ།། ་བཟའ་བ་བྱས་ནས་ཀྱང་འབྲས་བུ་རབ་ཏུ་མང་པོ་རྣམས་བཟུང་བར་བྱའོ། །བཟུང་ནས་ཡང་འགོ་བ་ན་སུམ་རྩེགས་ཅེས་བྱ་བའི་གནས་ཀྱི་འདུགས་མཐོང་བར་འགྱུར་རོ། །དེའི་ཚོང་འདུས་ཀྱི་དབུས་སུ་འཇུག་པར་བྱའོ། །ཞུགས ་ནས་སྔགས་སྟོང་ཕྲག་གསུམ་བཟླས་པར་བྱའོ། །དེའི་སྔགས་ནི་འདི་ཡིན་ཏེ། ཨོཾ་མ་ཎི་པདམེ་ཧཱུཾ། ཚོང་འདུས་དེ་ལ་གཡོན་ནས་བསྐོར་ཏེ་འགྲོ་བ་ན་རིགས་ལྡན་མ་ཞེས་བྱ་བའི་དྲི་མ་མེད་པའི་ཆུ་རྒྱུན་མཐོང་པར་འགྱུར་རོ། །དེ་རྣམས་ལས ་རྒལ་ཏེ་མཐོང་བར་འགྱུར་བ་ནི་ཤིང་རྟ་ལ་དང་ཤིང་ས་ལ་དང། པི་པ་ལའི་ཤིང་དང། སྦྱ་བཤུལ་དང། ཨཾ་བུ་དང། ཛམྦུ་དང། ཤ་ཀོས་ཊ་ཀ་དང། བ་རུ་ར་ལ་སོགས་པའི་འབྲས་བུ་དང་ལྡན་པའི་ཤིང་ལྗོན་ཤིང་དུ་མ་མཐོང་ནས ་འབྲས་བུ་ཡང་བཟུང་བར་མི་བྱའོ། །བཟའ་བར་ཡང་མི་བྱའོ། །དེ་རྣམས་ལ་གཡོན་ནས་བསྐོར་ཏེ་འགྲོ་བར་བྱའོ། །དྲི་མེད་ལྡན་པ་ཞེས་བྱ་བའི་ཆུ་རྒྱུན་མཐོང་བར་འགྱུར་རོ། །རྡོ་བའི་རང་བཞིན་འབའ་ཞིག་སྟེ། དེ་མཐོང་བས་འཇིགས་པར ་མི་བྱའོ། །རྡོ་དང་བྲག་དེ་ལས་འདས་ཏེ་ཕ་རོལ་ཏུ་ཕྱིན་ཏེ། །ཀུ་ཤ་བཏོགས་ཏེ་བསྒྲུབ་པ་པོའི་སྐྱེས་བུ་རྣམས་ཀྱིས་སྔགས་འདི་ཡིས་སྤྱི་བོ་གཙུག་བཅིང་བར་བྱའོ། །ོཾ་མུ་ནི་རཀྵ་སྭཱཧཱ། །བྱས་ནས་ཀྱང་ཡིག་དྲུག་པའི་རིག་པ་ཆེན་མོའོ ་སྔགས་ཁྲི་ཕྲག་གཅིག་བཟླས་པར་བྱའོ། །བཟླས་པ་བྱས་ནས་ཡང་དགེ་བའི་རྩ་བ་སྦྱང་ནས་རོ?་བཏུང་བར་བྱའོ། །དེས་མི་སྨྲ་བར་འགྱུར་བར་བྱའོ། །མི་སྨྲ་བར་གྱུར་པས་གླུ་བླང་བ་དང། རྒོད་པ་དང། གར་དང་ཆོས་ཀློག་པ་དང། །འདོན་པས ་འགྲོད་བར་བྱའོ། །སེམས་གཡེང་པར་མི་བྱའོ། །ལྷའི་རྣལ་འབྱོར་གྱིས་འགྲོ་བར་བྱའོ། །དཔལ་ལྡན་རྗེ་བཙུན་གྱི་ཞབས་མཐོང་བར་བྱའོ་ཞེས་སྨྲས་ནས་འགྲོ་ཞིང་སོང་བ་ལས་སྒྱུ་རུ་རའི་འབྲས་བུ་རྣམས་གཟུང་ནས་བཟའ་བར་བྱའོ ་ཟོས་ནས་ཀྱང་འབྲས་བུ་རབ་ཏུ་མང་པོ་རྣམས་བཟུང་བར་བྱའོ། །བཟུང་ནས་འགྲོ་བ་ན་ཉི་མ་བཞིན་རིག་པ་འཛིན་པའི་ཚེའུ་མཐོང་བར་འགྱུར་རོ། །ུཏ་པ་ལ་ལ་སོགས་པའི་སྣ་ཚོགས་པའི་ཆུ་ལས་སྐྱེས་པའི་མེ་ཏོག་རྣམས་ཀྱིས་བརྒྱན་པ་སྟེ། ་འགྲམ་བཞི་ནི་ལྷོའི་འགྲམ་ནི་རིག་པ་འཛིན་པ་རྣམས་ཀྱིའོ། །ནུབ་ཀྱི་འགྲམ་ནི་ལྷ་རྣམས་ཀྱིའོ། །བྱང་གི་འགྲམ་ནི་གནོད་སྦྱིན་ལ་སོགས་པའི་ཚོགས་ཀྱིའོ། །ཤར་གྱི་འགྲམ་ནི་ནགས་ཀྱི་ལྷ་མོ་རྣམས་ཀྱི་སྟེ། ཚེའུ་དེར་འགྲོད་བར་མི་བྱ་ཞིང། ། ་ཆུ་བཏུང་བར་མི་བྱའི། །ཇི་སྲིད་ཞགས་ཕྱེ་དང་གཉིས་སུ་ཕྱིན་ཏེ་མཚོ་དེ་ལ་བལྟས་ལ་སྔགས་འདི་བརྗོད་པར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་ཛ་ཛ་ཛ་པྲ་ཡཙྪ་པྲ་ཡཙྪ་ཡ་ཕཊ་ཕཊ་ཀཾ་ཀན་ལེ་མཧཱ་བ་ལ་སི་ནེ་མོ་ཊ་ཡ་མོ་ཊ་ཡ་ཨོཾ ་ཧཱུཾ་ཧཱུཾ་ཧཱུཾ་སྭཱཧཱ། མཚོ་དེ་ལ་གཡོན་ནས་བསྐོར་ཏེ་འགྲོ་བར་བྱའོ། །སྨིན་དྲུག་གི་བུ་ཉོན་ཅིག་སེམས་ཅན་གང་ལ་ལ་བདག་གི་དྲུང་དུ་འོང་བར་བརྩོན་པ། དད་པ་དང་ལྡན་པ་བདེན་པར་སྨྲ་བ་དོན་དུ་གཉེར་བ་ལྟོས་པ་མེད་པ་རྣམས་འོང་བ་ན་དེ་རྣམས ་ཀྱིས་གལ་ཏེ་གྲུབ་པར་མ་གྱུར་ཅིང་ང་དང་ལྷན་ཅིག་མཐོང་བར་མ་གྱུར་ན་དེའི་ཚེ་བདག་ཉིད་མཚམས་མེད་པ་ལྔའི་ལས་བྱེད་པ་པོར་འགྱུར་རོ། །དཔལ་ལྡན་པོ་ཏ་ལ་ཀའི་རྗེ་བཙུན་གྱི་དམ་བཅས་པ་བརྟན་པའོ། །ཉི་མ་ལྔའི་བར་དུ་དཀའ་པ་ཆེན ་པོས་འགྲོ་བར་བྱའོ། །ཕྱི་ནས་ཡང་རྒྱ་ཤུགས་གི་བསྟི་གནས་མཐོང་བར་འགྱུར་ཏེ། །དེ་ལ་སྣ་ཚོགས་པའི་ཤིང་ལ་སོགས་པས་བརྒྱན་ནས། །ཾ་བུད་དང་ཛམ་བུད་དང། ནཱ་རང་ག་དང། ཀ་ཎ་ཌཱ་ཧ་ལ་དང། བཱི་ལ་བ་དང་སྐྱུ?་རུ་ར་དང། །རྒུན ་འདྲུམ་དང། ཀ་ལིང་ཐ་དང། ཛཾ་བིར་ལ་སོགས་པའི་འབྲས་བུ་དང་ལྡན་པ་ལ་སོགས་པའི་སྣ་ཚོགས་པའི་ཤིང་རྣམས་གནས་སོ། །ཤིང་ལ་ལ་ནི་འབྲས་བུ་སྐྱེ་བཞི་པ། ལ་ལ་ནི་མེ་ཏོག་འབྱིན། ལ་ལ་ནི་འབྲས་བུ་སྐྱེ་བར་འགྱུར། ཁ ་ཅིག་ནི་འབྲས་བུ་དང་ལྡན་པའི་ཤིང་རྣམས་གནས་ཏེ། དེ་ལས་འབྲས་བུ་རྣམས་བཟུང་ནས་བཟའ་བར་བྱའོ། །ཟོས་ནས་ཀྱང་འབྲས་བུ་རྣམས་བཟུང་ནས་སེམས་ཅན་ཐམས་ཅད་ཀྱི་ཕྱིར་གཟུགས་པར་བྱ་ཞིང་གཞག་པར་བྱའོ།། ་ཉི་མ་བཞིའི་བར་དུ་བསྟི་གནས་དེར་འབྲས་བུ་སྣ་ཚོགས་བཟུང་སྟེ་ཕུད་ཀྱང་གཏོར་ཞིང་བཟའ་བར་བྱའོ། །ཐོས?་ནས་ཀྱང་ལུས་ཚོན་པོར་བྱའོ། །བྱས་ནས་ཀྱང་སླར་ཡང་གལ་ཏེ་སྡོད་པར་འདོད་ན་དེའི་བསྟི་གནས་དེ་ལ་བསྐོར་བ་བྱ ་ཞིང་ཉི་མ་བརྒྱད་ཚུན་ཆད་སྣ་ཚོགས་པའི་འབྲས་བུ་རྣམས་བཟུང་བར་བྱས་ལ། །དེའི་ཚེ་བསྟི་གནས་ལ་གཡོན་ནས་བསྐོར་ཏེ་ཉི་མ་བདུན་ཚུན་འགྲོ་བར་བྱའོ། །དེར་ཕྱིན་པས་སྤ་ཚེར་མ་ཅན་གྱི་ནགས་མཐོང་བར་འགྱུར་ཏེ། ཞག་ཕྱེད ་དང་གཉིས་ཀྱི་བར་དེ་ལས་སྤ་ཚེར་མ་ཅན་སོར་བརྒྱད་པའི་ཚད་རྣམས་མཐོང་ནས་འཇིགས་པར་མི་བྱའོ། །ཚེར་མའི་སྟེང་དུ་རྐང་པའི་ཟུར་གྱིས་འགྲོད་པར་བྱའོ། །ཚེར་མ་རྣམས་ཅི་ནས་ཀྱང་རྐང་པ་ལ་མངོན་པར་མ་ཟུག་པར་བྱའོ།། ་སྤའི་ནགས་ལས་བརྒལ་བ་ན་ཡི་གེ་དྲུག་པའི་སྔགས་བཟླས་པར་བྱའོ། །དེར་ཕྱིན་ནས་ཉི་མ་བཞིའི་བར་དུ་བིལ་བའི་ནགས་ཀྱི་བལྟི་གནས་མཐོང་བར་འགྱུར་ཏེ། བིལ་བའི་འབྲས་བུ་རྣམས་བཟའ་བར་བྱའོ། །ཉི་མ་བདུན་གྱི ་བར་དུ་བསྡང་ངོ། །བསྡང་ནས་ཡང་འགྲོ་བར་བྱའོ། །ཉི་མ་བཞི་ན་བདག་པོ་མེད་པ་ཞེས་བྱ་བའི་མཚོ་མཐོང་བར་འགྱུར་རོ། །དེ་ལ་གཡོན་ནས་བསྐོར་ཏེ་འགྲོ་བར་བྱའོ། །དེ་མཐོང་མ་ཐག་ཏུ་བརྗོད་པ་ནི། །དེ་ལ་ཨོཾ་མ་ཎི་པདམེ་ཧཱུཾ་སྔགས ་ཀྱི་ཡི་གེ་འདིའི་གྲངས་ནི་འབུམ་བཟླས་པས་བཅོམ་ལྡན་འདས་ཀྱི་བྱིན་བརླབས་ཐོབ་པ་དང། སྡིག་པ་དང་བྲལ་བར་འགྱུར་རོ། །སླར་ཡང་ཉི་མ་གསུམ་ན་འཛམ་བུའི་ནགས་མཐོང་བར་འགྱུར་ཏེ། དེར་ཉི་མ་བཞི་བསྡད་ནས་འཛམ་བུའི ་འབྲས་བུ་རྣམས་བཟའ་བར་བྱའོ། །ཟོས་ནས་ཀྱང་འབྲས་བུ་མང་པོ་རྣམས་བཟུང་ནས་ཉི་མ་བདུན་གྱི་བར་དུ་ཕྱིན་པ་ན། །རྐང་གུ་ནའི་ནགས་ཀྱི་ཞིང་མཐོང་བར་འགྱུར་ཏེ། དེ་རྣམས་ཀྱི་གསེབ་ནས་མྱུར་བ་མྱུར་བར་འགྲོ་བར་བྱའོ། །དེ་ནས་འབྲས་བུ་གཅིག་ཀྱང ་བླང་བར་མི་བྱ་ཞིང་བལྟ་བར་ཡང་མི་བྱའོ། །བསྡད་པར་ཡང་མི་བྱའོ། །དེ་ལ་འགྲོ་བ་ན་སྲེ་མོ་ཆེན་མོའི་མཚོ་མཐོང་བར་འགྱུར་ཏེ། །དེ་མཐོང་བ་ན་སྔགས་བརྗོད་པར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་རཱི་རཱི་དྷི་ནི་དྷི་མལེ་མལེ་སརྦ་བུད་དྷ་མ ་མ་རཀྵ་ཏུ་ཧཱ་ཧཱ་ཧྲཱི(རྒྱུད་འགྲེལ་ཆེའི་ཚད་ཅན་གྱི་ཚོགས་མཐོང་པར་འགྱུར་ཏེ། །སྤྲེའུ་དེ་རྣམས་མཐོང་བ་ན་འཇིགས་པར་མི་བྱ་ཞིང། སྐྲག་པར་མི་བྱའོ། །བློ་བརྟན་པར་གྱུར་པས་སྔོན་དུ་བཤད་པའི་སྔགས་བརྗོད་པར་བྱའོ། །སྤྲེའུ་རྣམས་འབྲོས་པར་འགྱུར་རོ། །ཕྱི་ནས་འགྲོ་བར་བྱ་སྟེ། ་སོང་བས་ཡང་ཉི་མ་གསུམ་ན་སྤ་ཀོ་ཊ་ཀའི་ནགས་མཐོང་བར་འགྱུར་ཏེ། དེར་ཉི་མ་དྲུག་བསྡད་ཅིང་ཅི་ཙམ་སྡོད་པ་དེ་སྲིད་དུ་འབྲས་བུ་བཟའ་བར་བྱའོ། །ཟོས་ནས་ཡང་འབྲས་བུ་རྣམས་བཀྱེ་བར་བྱའོ། །སོང་བས་ཕག་གི་ཚོགས་ཤིན་ཏུ་འཇིགས ་མར?་བྱེད་པ་འདམ་རྣམས་ཀྱིས་རྣམ་པར་གོས་པ་མཐོང་བར་འགྱུར་ཏེ། དེ་མཐོང་ན་འཇིགས་པར་མི་བྱའོ། །ཡང་ཉི་མ་གཉིས་པ་ན་སྟག་གི་ཚོགས་མཐོང་བར་འགྱུར་ཏེ། དེ་མཐོང་བས་འཇིགས་པར་མི་བྱ་ཞིང་སླར་ཡང་སྔོན་དུ་བརྗོད་པའི་སྔགས ་བཟླས་པར་བྱའོ། །སྟག་གི་ཚོགས་དེ་དག་འབྲོས་པར་འགྱུར་རོ། །ཕྱི་ནས་སོང་བས་སེ་འབྲུའི་ནགས་མཐོང་བར་འགྱུར་ཏེ། ཉི་མ་དགུའི་བར་དུ་བསྡད་ལ་འབྲས་བུ་རྣམས་བཟའ་བར་བྱའོ། །ཟོས་ནས་འབྲས་བུ་རབ་ཏུ་མང་པོ་རྣམས་བཀྱེ་བར་བྱའོ། །ཉི་མ ་གསུམ་ན་སེང་གེའི་ཚོགས་ཤིན་ཏུ་འཇིགས་པར་བྱེད་པ་ཁྲོ་བོའི་གཟུགས་མཐོང་བར་འགྱུར་ཏེ། དེ་རྣམས་མཐོང་བས་སྐྲག་པ་ཅུང་ཟད་ཀྱང་མི་བྱའོ། །བདག་ཉིད་སེང་གེའི་གཟུགས་སུ་བལྟས་ཏེ་ཆོ་གས་རྣམས་ཀྱི་མདུན་དུ ་གྱུར་པས་སྔོན་དུ་བརྗོད་པའི་སྔགས་སྨྲས་པས་འདུག་པར་མི་འགྱུར་རོ། །དེ་ཐམས་ཅད་ལས་གྲོལ་ཞིང་སོང་བས་ཕྱི་ནས་འགྲོ་བར་བྱའོ། །དེ་ནས་ཕྱིན་པ་ན་ཉི་མ་བཞི་ན་གུ་ཡུའི་ཤིང་དང་མཉམ་པའི་བུ་རམ་གྱི་ཤིང་གི་ནགས་རྒྱད་གྲགས་གཅིག ་འཁོར་བ་གནས་པ་མཐོང་བར་འགྱུར་ཏེ། བུ་རམ་ཤིང་དེ་རྣམས་ཀྱི་བར་བའི་དབུས་ན་བྱེ་མ་དཀར་པོ་དང་འདྲ་བའི་ཀ་ར་ཡོད་པ་མཐོང་བར་འགྱུར་ཏེ། དེ་རྣམས་ཀྱང་ཇི་ལྟར་བདེ་བར་བཟའ་བར་བྱའོ། །ཕྱག་ཚང་རྐུ་བའི་འབྲས་བུ་སོར་མོ་གཅིག་གི ་ཕྱེད་པ་ཆུ་ཡིས་བཀང་བ་བཀྱེ་བར་བྱའོ། །ཀར་རབ་ཏུ་མང་པོ་བཀྱེ་བར་བྱའོ། །ཆུ་དེ་ཟད་པར་མ་གྱུར་པ་ན་ལྕི་བར་མི་འགྱུར་རོ། །ཉི་མ་དྲུག་ཕྱིན་པས་ཀླ་ཀློའི་གྲོང་ཁྱེར་དེ་ནས་ཀླ་ཀློ་རྣམས་གནས་སོ། །དེ་རྣམས་ལ་གཡོན་ནས་བསྐོར་ཏེ ་འགྲོ་བར་བྱའོ། །ཉི་མ་གཉིས་པ་ན་རིག་པ་འཛིན་པའི་སྐྱེས་མོས་ཚལ་ཤིང་ཕུན?་ན་ག་དང། ཀླུ་ཤིང་དང། ཤིང་བ་ཀུ་ལ་དང། །ཤིང་སྐྱ་སྣར་དང། ཤིང་ཙམ་པ་ཀ་བ་དང། ཤིང་མྱ་ངན་མེད་པ་ལ་སོགས་པའི་སྣ་ཚོགས ་པའི་ལྗོན་ཤིང་རྣམས་ཀྱིས་ཉེ་བར་བརྒྱན་པ་མཐོང་བར་འགྱུར་ཏེ། སྐྱེད་མོས་ཚལ་མྱུར་པ་མྱུར་བར་དོར་བར་བྱའོ། །ཉི་མ་གཉིས་པ་ན་ཁྱི་རི་ཁའི་ནགས་དང། ཁ་ར་ཚུ་རི་ཁ་རི་ནགས་མཐོང་བར་འགྱུར་ཏེ། །དེ་དག་ཉི་མ་བདུན་གྱི་བར་དུ་ཇི ་ལྟར་བདེ་བར་བཟའ་བར་བྱའོ། །འབྲས་བུ་རབ་ཏུ་མང་པོ་རྣམས་བཟུང་སྟེ། ཉི་མ་དྲུག་གི་བར་དུ་འགྲོ་བར་བྱའོ། །སོང་པས་ཕྱི་ནས་ཤིན་ཏུ་འཇིགས་པའི་འདམ་རྫབ་མཐོང་བར་འགྱུར་ཏེ། དེ་རྣམས་མཐོང་བ་ན་འཇིགས་པར་མི་བྱ་ཞིང་སེམས ་སྐྱོ་བར་འགྱུར་བར་མི་བྱའོ། །ཡི་གེ་དྲུག་པའི་སྔགས་བཟླས་ཤིང་འགྲོ་བར་བྱའོ། །དེར་འདམ་རྫབ་ལས་བརྒལ་ཏེ། །ཛལ་པ་ཡི་ཀ་ཡི་ནགས་ཡོད་དོ། །འབྲས་བུ་རྣམས་ཞག་ལྔའི་བར་དུ་ཇི་ལྟར་བདེ་བར་བཟའ་བར་བྱའོ། །ཟོས་ནས་ཀྱང་འབྲས་བུ་མང་པོ་ཁྱེར ་ཏེ་འགྲོ་བ་ན་ཉི་མ་གསུམ་ས་ལའི་ནགས་མཐོང་བར་འགྱུར་རོ། །དེ་འདས་ནས་སླར་ཡང་ཀེ་ཏ་ཀྱིའི་ནགས་པུཥཔ་སྣ་ཚོགས་འཁྲིགས་བ་མེ་ཏོག་སྣ་ཚོགས་དྲི་དང་ལྡན་པ་མཐོང་བར་འགྱུར་ཏེ། ཀ་ཏ་ཀེ་ལ་སེམས་ཀྱི་འདོད་པར་མི་བྱའོ། །དེ་རྣམས ་ལས་གཡོན་གྱིས་བསྐོར་ཏེ་འགྲོ་བ་ན་ཉི་མ་གསུམ་ན་དངུལ་ཆུས་ཡོངས་སུ་གང་བའི་རྫིང་བུ་མཐོང་བར་འགྱུར་ཏེ། དེའི་དབུས་དངུལ་ཆུས་ཡོངས་སུ་བྱུགས་པའི་སྐྱེས་བུ་ཡོད་དོ། །གལ་ཏེ་དངུལ་ཆུའི་སྐྱེས་བུ་བལྟ་བར་འདོད་ན་དངུལ་ཆུའི་རྫིང་གི་ཤར ་ལོག་ནས་སེ་ཀ་ལི་ཀ་ལ་སོགས་པ་སྣ་ཚོགས་པའི་མེ་ཏོག་གི་ནགས་གནས་ཏེ། སྒྲུབ་པ་པོས་མེ་ཏོག་དེ་དག་གཟུང་སྟེ། སྐུད་པ་ཕྲ་མོས་ཕྲེང་བ་རྒྱུད་པར་བྱས་ནས་ཕྱིས་རྫིང་བུའི་ཕྱོགས་སུ་དོར་བར་བྱའོ། །མེ་ཏོག་དོར་མ་ཐག་ཏུ་དབུས་ཀྱི་གནས་སུ་སོང་ནས ་མེ་ཏོག་གི་ཕྲེང་བ་རབ་ཏུ་གཞུག་གོ། །ཞུགས་པས་དངུལ་ཆུའི་སྐྱེས་བུའི་མགོ་ལ་ཕོག་པར་འགྱུར་རོ། །སླར་ཡང་སྒྲུབ་པ་པོས་ཉི་མ་གཞན་ལ་སྣ་ཚོགས་པའི་མེ་ཏོག་བཟུང་ནས་མེ་ཏོག་གི་ཕྲེང་བར་བརྒྱུས་ཏེ་རྫིང་གི་དབུས་སུ་དོར་བར་བྱའོ། ། ་ཉི་མ་སྔ་མ་ལ་དོར་བའི་མེ་ཏོག་གི་ཕྲེང་བ་འཐོན་ནས་རྫིང་གི་འགྲམ་དུ་ཆགས་པར་འགྱུར་རོ། །བསྒྱུར་བའི་མེ་ཏོག་དངུལ་ཆུའི་སྐྱེས་བུའི་མགོ་ལ་འབབ་པར་འགྱུར་རོ། །དེ་མཐོང་ནས་གལ་ཏེ་དངོས་གྲུབ་ཆུང་ངུ་འདོད་ན་དེའི་ཚེ་བསྒྲུབ་པ་ངོས ་མེ་ཏོག་གི་ཕྲེང་བ་བཟུང་ནས་རྫིང་བུའི་འགྲམ་དུ་འཇུག་པར་བྱའོ། །དེར་ཕྱིན་ནས་གཞུ་འདོམ་བརྒྱ་ཕྱིན་པས་ཀ་བ་བཞིས་ཉེ་བར་བརྒྱན་པའི་བསིལ་ཁང་མཐོང་བར་འགྱུར་ཏེ། དེའི་དབུས་ན་ལོ་བཅུ་དྲུག་ལོན་པའི་རྣམ་པའི་དངུལ་ཆུའི་སྐྱེས་བུ་གནས་ཏེ། ་རྒོད་བཞིན་དུ་འདྲི་བར་འགྱུར་ཏེ། ཀྱེ་སྐྱེས་པ་བརྩོན་འགྲུས་དང་ལྡན་པ་གང་ནས་འདོས། །ཅི་འཛིན་པར་བྱེད། །མིག་སྨན་དང། མཆིལ་ལྷམ་དང། རྐང་བོལ་བྱུགས་པ་དང། རི་ལུ་དང་རལ་གྲི་ལ་སོགས་པའི་སྣ་ཚོགས ་པའི་དངོས་གྲུབ་གང་དག་འཛིན་པར་བྱེད། །གལ་ཏེ་བཟུང་བར་བྱས་པ་དེའི་ཚེ་ཕྲ་མོའི་དངོས་གྲུབ་འགྲུབ་པར་འགྱུར་བ་འདི་ལ་ཐེ་ཚོམ་མེད་དོ། །གལ་ཏེ་མི་འདོད་པ་དེའི་ཚེ་བརྒལ་ཏེ་གཡོན་ནས་བསྐོར་ཏེ་འགྲོ་བ་ན། །རྐྱེན་དུ་ཤིང་ལ་སོགས ་པའི་ནགས་མཐོང་པར་འགྱུར་ཏེ། ཉི་མ་ལྔའི་བར་དུ་དེའི་འབྲས་བུ་རྣམས་བཟའ་བར་བྱའོ། །འབྲས་བུ་བཟུང་ནས་འགྲོ་བར་བྱ་སྟེ། །དེ་རྣམས་ལས་གཡོན་དུ་བསྐོར་ནས་འགྲོ་བར་བྱའོ། །དེ་དག་འདས་ནས་ཉི་མ་གསུམ་ན་ལོ་བཅུ་དྲུག་ལོན་པའི ་རྣམ་པ་མིའི་གཙོ་མོ་ཞེས་བྱ་བའི་རིག་པ་འཛིན་པའི་བུད་མེད་ལྷའི་གཟུགས་ཅན་རྣམས་ར་སྐྱོང་ཞིང་གནས་ཏེ། སྒྲུབ་པ་པོས་དེའི་དྲུང་དུ་ཕྱིན་ནས་རེག་པ་དང་བརྩེ་བར་ཡང་བྱའོ། །སྒྲུབ་པ་པོའི་སྐྱེས་བུ་བལྟས་པས་དེས་སྐྲག་པ་ཆེན་པོ་སྐྱེད་པར ་བྱེད་དེ། །བགེགས་རྩམ་པར་ཡང་འགྱུར་རོ། །མིའི་གཙོ་མོ་ལ་བལྟས་ནས་སྒྲུབ་པ་པོའི་སྐྱེས་བུ་བརྩོན་འགྲུས་ཆེན་པོ་དཔའ་འགོང་བའི་སེམས་དང་ཡིད་ལ་མངོན་པར་འདོད་པར་མི་བྱའོ། །ཡུད་ཙམ་འདུག་ནས་ཀྱང་དགའ་བར་འགྱུར་ཏེ། ་ར་རྣམས་ཡོངས་སུ་བསྡུས་ནས་འགྱུར་རོ། །དེའི་ཕྱི་བཞིན་དུ་རྗེས་སུ་འཇུག་པར་བྱའོ། །ཉི་མ་དྲུག་རྣམས་ཀྱི་འབྲས་སཱ་ལི་དྲི་ཞིམ་པོའི་ཞིང་རྣམས་མཐོང་བར་འགྱུར་ཏེ། དེ་ལ་སྙེ་མ་ལྔ་བཟུང་ནས་འགྲོ་བར་བྱའོ། །ཉི་མ་གསུམ་ཕྱིན་པ་ན་གསེར ་ལྡན་ཞེས་བྱ་བའི་མཚོ་མཐོང་བར་འགྱུར་རོ། །མཚོ་དེ་ལ་ཁྲུས་བྱ་ཞིང་ཆུ་བཏུང་བར་བྱའོ། །པདྨའི་རྩ་བ་བཟའ་བར་བྱའོ། །ཟོས་ནས་ཀྱང་རྩ་བ་ལ་སོགས་པ་མང་པོ་བཟུང་པར་བྱའོ། །བཟུང་ནས་ཡང་འགྲོ་བར་བྱ་ཞིང་སོང་བ་ན་ཤིང་སྐྱ་སྣར ་གྱི་ནགས་མཐོང་བར་འགྱུར་ཏེ། དེ་ལ་གཡོན་ཞེས་བྱ་བའི་མཚོ་མཐོང་བར་འགྱུར་རོ། །མཚོ་དེ་ལ་ཁྲུས་བྱ་ཞིང་ཆུ་བཏུང་བར་བྱའོ། །པདྨའི་རྩ་བ་བཟའ་བར་བྱའོ། །ཟོས་ནས་ཀྱང་རྩ་བ་ལ་སོགས་པ་མང་པོ་བཟུང་བར་བྱའོ། །བཟུང་ནས་ཡང་འགྲོ་པར་བྱ་ཞིང་སོང ་པ་ན་ཤིང་སྐྱ་སྣར་གྱི་ནགས་མཐོང་བར་འགྱུར་ཏེ། དེ་ལ་གཡོན་ནས་བསྐོར་ཏེ་འགྲོ་བར་བྱའོ། །དེ་ལ་ཤིན་ཏུ་འདས་ནས་ག་བུར་ཤིང་རྣམས་མཐོང་བར་འགྱུར་ཏེ། བླང་བ་བྱས་ནས་ཇི་ལྟར་བདེ་བར་བཟའ་བར་བྱའོ། །བཟུང་བར་བྱ་སྟེ་ཇི་ལྟར་ནུས་པར ་བཀྱེར་བར་བྱའོ། །དེ་འདས་ནས་ཉི་མ་གཅིག་ན་ཤིང་ཨ་ཤ་ཏའི་ནགས་མཐོང་བར་འགྱུར་ཏེ། དེ་ལ་གཡོན་བསྐོར་གྱིས་བསྐོར་ཏེ་ཕྱིན་པ་ན་རིག་པ་འཛིན་པ་ལ་སོགས་པ་རྣམས་ཀྱི་སྐྱེད་མོས་ཚལ་དང་ལྷ་མ་ཡིན་གྱི་སྐྱེད་མོས་ཚལ་སྣ་ཚོགས་པའི ་ཤིང་ལ་སོགས་པ་བ་ཀུ་ལ་དང་ཨ་མ་ལ་སོགས་པའི་འབྲས་བུ་རྣམས་དང། མེ་ཏོག་འཛ་ཏི་དང། ཀུན་ད་དང། མ་ལི་ཀ་དང། ཙམ་པ་ཀ་དང། །ན་ག་གེ་སར་ལ་སོགས་པའི་མེ་ཏོག་ཡང་དག་པར་ཁྱབ་པ་མཐོང་བར་འགྱུར་ཏེ། དེ་ལ་ཅུང་ཟད ་ཀྱང་བླང་བར་མི་བྱའོ། །དེ་ལས་འདས་ནས་ཆུའི་རྒྱུན་དྲི་མ་མེད་པ་མཐོང་བར་འགྱུར་ཏེ། དེ་ལ་གཡོན་ནས་བསྐོར་ནས་འགྲོ་བ་ན་ཉི་མ་གསུམ་ན་དྲི་མ་མེད་པར་ལྡན་མ་ཞེས་བྱ་བའི་རྫིང་བུ་མཐོང་བར་འགྱུར་ཏེ། རྫིང་བུ་དེ་ལ་ཁྲས་བྱའོ། །རྩ་པ ་རྣམས་བཟའ་བར་བྱ་ཞིང་ཉི་མ་གསུམ་བསྡད་ནས་འགྲོ་བར་བྱའོ། །ཉི་མ་གསུམ་ན་འདོད་པའི་རྒྱལ་མོ་ཞེས་བྱ་བའི་རིག་པ་འཛིན་པའི་རྒྱལ་མོ་ནུ་མ་བྱེད་གཡེགས་པ་ཁང་པ་དང་ལྡན་པ་གོ་ལ་ཟ་བཞིན་དུ་གནས་པ་དེ་མཐོང་པར་འགྱུར་ཏེ། ་དེའི་དྲུང་དུ་འགྲོ་བར་བྱའོ། །རིག་པ་འཛིན་པའི་རྒྱལ་མོ་ཞེས་བྱ་བའི་བུད་མེད་དེས་དྲིས་པ། གང་དུ་འགྲོ་བར་འགྱུར་བར་བྱེད། །སྒྲུབ་པ་པོས་ཀྱང་ལན་སྨྲ་བར་བྱ་སྟེ། དཔལ་ལྡན་པོ་ཏ་ལ་ཀའི་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང ་ཕྱུག་བཞུགས་སར་འགྲོ་བར་བྱེད་དོ། །དེ་ཐོས་ནས་སྨྲས་པ། བདག་གི་ཁྱིམ་དུ་ཟོ་ལ་འགྲོ་བར་བྱོས་ཞེས་སོ། །དེ་ནས་ཡང་དེ་རང་གི་སྐྱེད་མོས་ཚལ་གྱི་དབུས་ན་ཟངས་དང་དངུལ་དང་གསེར་གྱིས་རབ་ཏུ་བསྐོར་བའི་རབ་ཅན་རིན ་པོ་ཆེ་དུ་མས་ཉེ་བར་བརྒྱན་པའི་ཁང་པ་བརྩེགས་པ་ཁའི་འཕང་སྣ་ཚོགས་པའི་རིན་པོ་ཆེ་བཀོད་པའི་ཀ་བས་ཉེ་བར་བརྒྱན་པར་འགྲོ་བར་འགྱུར་ཏེ། རང་གི་ཁྱིམ་དུ་ཕྱིན་ནས་འཁོར་བོས་ཏེ་སྨྲས་པ། མྱུར་དུ་ཚོགས་ཅིག་པོས་ལས་དེ་སྐད ་སྨྲས་མ་ཐག་ཏུ་བུད་མེད་ཀྱི་ཡོངས་སུ་བསྐོར་བའི་བུད་མེད་དེ་རྣམས་ཀྱིས་ཚོགས་པ་རྣམ་པ་སྣ་ཚོགས་པ་ཁྱེར་ནས་འོངས་ཏེ། བུད་མེད་རྣམས་རིམ་པ་ཇི་ལྟ་བར་སྣ་ཚོགས་པའི་རིན་པོ་ཆེའི་རང་བཞིན་གྱིས་སྤྲས་པའི་སྟན་རྣམས་བཏིང་སྟེ། སྟོན ་རྣམས་ལ་རིན་པ་ཇི་ལྟ་བར་ཟས་བཟའ་ཨོ། །ཁ་བཤལ་བ་བྱས་ནས་ག་བུར་དང་བཅས་པའི་གོ་ལ་སྟེར་རོ། །བྱིན་ནས་ཡང་སྨས་པ། ཅུང་ཞིག་བཞེས་ཤིག་།ཕྱིན་ནས་རང་ཉིད་ཀྱིས་འབྲས་བུ་དང། རྩ་བ་མང་པོ་བཟུང་བར་བྱ་སྟེ། ་བདག་གིས་གཞག་ན་འདི་ཉིད་དུ་སྟོད་པར་བྱེད་དམ། གལ་ཏེ་ཁྱོད་ཉིད་ཚངས་པར་སྤྱོད་པར་ཡིན་ན་དེའི་ཚེ་སླར་བྱང་གི་སྒོ་ནས་གོ་ལ་བསྣམས་ལ་བཞུད་པར་བྱོས་ཤིག་།འདི་ལ་ཡིད་ཀྱིས་མངོན་པར་འདོད་པར་མི་བྱའོ། །དེར་གལ་ཏེ་བསྒྲུབ ་པོ་ཞེན་པ་མེད་པ་ངོ་ཚ་དང་བཅས་པའི་ཚངས་པར་སྤྱོད་པ་འགྲོ་བར་འགྱུར་རོ། །དེའི་ཚེ་བུད་མེད་དེས་འགྲོ་བའི་དུས་སུ་བྱང་གི་སྒོར་གཞུག་པར་འགྱུར་ཏེ། བྱང་གི་སྒོར་ཞུགས་ནས་སྨྲས་པ། དེ་ནས་སྡེ་ཤིང་འབྲས་བུའི་ནགས་མཐོང་བར ་འགྱུར་ཏེ། མྱུར་བ་མྱུར་བར་བསེ་ཤིང་འབྲས་བུའི་དབུས་སུ་སྔགས་ཟློས་ཤིང་གི་འགྲོ་བར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏོ། །ོཾ་དྷཱི་དྷཱི་དྷཱི(རྒྱུད་འགྲེལ་མཐོང་བར་འགྱུར་ཏེ། སླར་ཡང་ཤར་ཕྱོགས་ནས་ཞུགས་ནས་བལྟས་པས། ཤིང་སཱ་ལ་དང། ཤིང་བལྟ་ལ་དང། པཱི་ཡཱལ་དང། ཨ་མྲ་དང། འབྲས་བུ་ཚེར་མ་ཅན་དང། ཆུ་ཤིང་གི་འབྲས་བུ་དང། བིལ་བ་དང། ན་རང་ག་དང། ཀ་པིད་ཊ་དང། ་ཛ་བི་ལ་སོགས་པའི་འབྲས་བུ་རྣམས་དང། མེ་ཏོག་མནད་ར་བ་ཆེན་པོ་དང། ཤིང་ཡོངས་འདུད་དང། ཙམ་པ་ཀ་དང། མྱ་ངན་མེད་དང། ཀླུ་ཤིང་དང། བ་ཀུ་ལ་ལ་སོགས་པ་དང། ཛཱ་ཏི་དང། ཀུན་ད་དང། སེ་ཕ་ལི་ཀ་དང། ཨ་མཱ་ལཱ་དང། ་ཧཱ་ས་ར་ཀེ་ན་དུ་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་མེ་ཏོག་རྣམས་དང། རྣམ་པ་སྣ་ཚོགས་པའི་རྫིང་བུ་རྣམས་ནི་པདྨ་དང་ཨུཏཔ་ལ་ལ་སོགས་པའི་མེ་ཏོག་མཐོང་བར་འགྱུར་རོ། །སྣ་ཚོགས་པའི་འབྲས་བུ་བཟའ་བར་བྱ་བ་རྣམས་སླར་ཡང་ནགས་ཀྱི ་དབུས་སུ་ཞུགས་ཏེ་འབྲས་བུ་སྣ་ཚོགས་བཟའ་བར་བྱའོ། །དེ་ལས་འདས་ནས་ལྷ་མ་ཡིན་གྱི་གནས་གཞི་ཆེན་པོ་མཐོང་བར་འགྱུར་ཏེ། གནས་གཞི་དེར་འཇུག་པར་བྱ་སྟེ། དེ་ལ་གཡོན་ནས་བསྐོར་བ་ན། །ས་ལའི་ཤིང་ཆེན་པོ་ཡོད་དོ། །དེ་ལ་ཡང་གཡོན ་ནས་བསྐོར་ནས་འགྲོ་བར་བྱའོ། །ཉི་མ་གསུམ་ཚངས་པའི་གནས་བདུན་རྩེགས་པ་མཐོང་བར་འགྱུར་ཏེ། སྣ་ཚོགས་པའི་འབྲས་བུ་མང་པོ་རྣམས་བཟུང་ནས་འཇུག་པར་བྱ་སྟེ། བདེ་བ་དང་པོ་ནི་རྗེ་བཙུན་སེང་གེ་སྒྲ་བཞུགས་པར་མཐོང་འགྱུར་ཏེ། དེ ་མཐོང་ནས་ལུས་ས་ལ་ཕབ་པའི་ཕྱག་བྱའོ། །སྒོ་ནས་ཞུགས་ནས་རྗེ་བཙུན་དཔལ་ནག་པོ་ཆེན་པོ་འཇིགས་པ་ཆེན་པོ་མཛད་པ་པོ་བསྟོད་ཆེ་བ་དེ་མཐོང་ནས་འཇིགས་པར་མི་བྱའོ། །གཡས་ནས་བསྐོར་ནས་བྲང་ཁང་སོ་སོར་འཇུག་པར་བྱ་སྟེ། ་རྗེ་བཙུན་ཕྱག་བྱ་བར་འོས་བ་ལ་མཆོད་པ་དང་བསྙེན་བཀུར་ལ་སོགས་པ་བྱའོ། །མི་མཐོང་བར་མི་འགྱུར་ཏེ་གང་པོའི་ཚིག་ཐོས་པར་འགྱུར་བས་དེ་ལ་འཇིགས་པར་མི་བྱ་སྟེ། གལ་ཏེ་བདུན་རྩེག་གི་གནས་ཐམས་ཅད་ཀྱི་བར་དུ་འཇུག་པར་བྱའོ།། ་དེའི་ཚེ་ཐམས་ཅད་ཀྱི་སྟེང་ན་རྗེ་བཙུན་སངས་རྒྱས་མཐོང་བར་འགྱུར་ཏེ། མཆོག་ཏུ་དད་པས་ལུས་ས་ལ་ཕབ་པའི་ཕྱག་བྱའོ། །ཕྱག་བྱས་ནས་གསུམ་ལ་སྐྱབས་སུ་འགྲོ་བའི་ཚིགས་སུ་བཅད་པ་ཀླག་པར་བྱ་སྟེ། སངས་རྒྱས་བླ་མ་ལ་ཕྱག ་འཚལ་ལོ། །སྐྱོབ་པ་ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ཆེ་ལ་ཕྱག་འཚལ་ལོ། །རྣམ་གསུམ་ལ་ཡང་བདག་ཕྱག་འཚལ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས ་ཡི་རང། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་དང་གཞན་དོན་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་སུ་འདི་?བྱའོ། །བྱང་ཆུབ་མཆོག་གི་སེམས ་འདི་བསྐྱེད་པར་བགྱི། །སེམས་ཅན་མ་ལུས་བདག་གིས་འགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་།སྡིག་པ་ཐམས་ཅད་བཤགས་པར་བྱ། །བསོད་ནམས ་ལ་ཡང་རྗེས་ཡི་རང། །འཕགས་པའི་གསོ་སྦྱོང་ཡན་ལག་བརྒྱད། །བསྙུང་བར་གནས་པས་སྦྱད་པར་བགྱི། །དེ་ནས་ཁྱབ་མཇུག་གི་གནས་མཐོང་བར་འགྱུར་ཏེ། དེར་ཞུགས་པ་ན་བྲིས་སྐུ་དང་པོ་ཏི་དང་ལུགས་མ་ལ་སོགས་པའི ་རྗེ་བཙུན་རྣམས་མཐོང་བར་འགྱུར་ཏེ། ཕྱག་བྱས་ལ་སྐོར་བ་བྱ་སྟེ་དབང་པོར་བྱས་ནས་འགྲོ་བར་བྱའོ། །ཁྱབ་འཇུག་གི་དགུ་རྩག་པའི་གནས་དེ་ལ་གཡོན་ནས་བསྐོར་ནས་འགྲོ་བ་ན་ཉི་མ་གཅིག་ན་རྣམ་པ་ཐམས་ཅད་ཤེལ་ལ་སོགས་པའི ་ལྷ་ཁང་མཐོང་པར་འགྱུར་ཏེ། དེར་འཇུག་པར་མི་བྱ་སྟེ། ལྷ་ཁང་དེ་ལ་གཡས་ནས་བསྐོར་བར་བྱའོ། །ཤེལ་གྱི་རྣམ་པའི་རྫིང་བུ་མཐོང་བར་འགྱུར་ཏེ། དེར་འཇུག་པར་མི་བྱའོ། །དེ་འདས་ནས་ཨཱམ་པའི་སྐྱེད་མོས་ཚལ་མཐོང་བར ་འགྱུར་ཏེ། དེ་ཡང་ཅི་ལྟར་བདེ་བར་བཟའ་བར་བྱའོ། །ཟོས་ནས་ཀྱང་བཀྱེ་བར་བྱའོ། །སླར་ཡང་དབང་ཕྱུག་ཆེན་པོའི་གནས་བཅུ་དྲུག་ཏུ་བརྩེགས་པ་ཆེན་པོ་རིན་པོ་ཆེ་དུ་མས་ཉེ་བར་བརྒྱན་པ་མཐོང་བར་འགྱུར་ཏེ། དེ་ན་བཟའ་ཤིང་རབ་ལས་འབྲས་བུ་རྣམས་ཇི ་ལྟར་བདེ་བར་བཟའ་སྟེ་ངལ་བསོ་བར་བྱའོ། །ཉི་མ་གཉིས་ཀྱི་བར་དུ་འགྲོ་བར་བྱའོ། །ཕྱིན་པས་ཡང་ཉི་མ་གསུམ་པ་ན་རྫིང་བུ་ཤིན་ཏུ་རིང་བ་རབ་ཏུ་ཟབ་པ་ངོས་བཞི་རྣམས་ན་སྣ་ཚོགས་པའི་ལྗོན་ཤིང་རྣམས་ཡོད་དེ། །ཱཾ་བཱ་ལ་སོགས་པའི་འབྲས་བུ་རྣམས ་ཀྱིས་ཡོངས་སུ་གང་བ་ཁུ་བྱུག་ལ་སོགས་པའི་བྱ་སྣ་ཚོགས་ཀྱིས་ཡོངས་སུ་གང་བ། དུར་བ་ལ་སོགས་པས་ཆུ་ལ་སོགས་པ་ཡོངས་སུ་གང་བ་སྟེ། རྫིང་བུ་དེར་འཇུག་པར་མི་བྱ་ཞིང་འགྲོ་བར་མི་བྱའོ། །དེ་རྣམས་ལ་གཡོན་ནས་བསྐོར་བས་འགྲོ་བར་བྱའོ།། ་ཇི་སྲིད་ཉི་མ་གསུམ་ན་རྡོའི་རང་བཞིན་སྣ་ཚོགས་ལྟ་བུའི་འོད་དང་མཉམ་པའི་ལྷ་ཁང་ལྔ་ཡོད་པ་མཐོང་བར་འགྱུར་ཏེ། དེ་ན་རྗེ་བཙུན་ལིང་ག་ས་ཡ་བརྒྱད་སྟོང་དུ་མ་ཡོད་དེ། དེའི་དབུས་ན་རིག་པའི་གྲུབ་པའི་རྗེ་བཙུན་ལིང་ག་བཞུགས་ཏེ། དེར་ཞུགས ་ནས་གལ་ཏེ་དངོས་གྲུབ་ཆུང་ངུ་འཛིན་པར་བྱེད་ན་ལིང་ག་དེ་ལ་རེག་པ་ཙམ་གྱིས་མཁས་སྤྱོད་ཀྱི་དངོས་གྲུབ་ཏུ་འགྱུར་རོ། །དེ་ནས་བསྒྲུབ་པ་པོའི་སྐྱེས་བུ་རྣམས་ཀྱིས་ལྷའི་ཁང་པར་ཞུགས་ནས་ལིང་ག་རེ་རེ་ལ་རེག་པར་བྱའོ། །དེ་ལ་སྔགས་ནི་འདི ་ཡིན་ཏེ། ཧཱུཾ་གལ་ཏེ་ཡང་དངོས་གྲུབ་ཆུང་ངུ་འཛིན་པར་མི་བྱོད་ན། དེའི་ཚེ་སླར་ཡང་འགྲོ་བར་བྱའོ། །ལྷའི་ཁང་པ་ལ་གཡོན་ནས་བསྐོར་བ་ན་འགྲོ་བ་ན། ཉི་མ་གཉིས་སོང་པ་ན་སྦྲང་རྩིའི་ཤིང་མཐོང་བར་འགྱུར་ཏེ། འབྲས་བུ་དེ་ལ་ཇི་ལྟར་བདེ་བར ་བཟའ་བར་བྱའོ། །ཉི་མ་བཞི་བསྡང་པར་བྱ་ཞིང་བསྡང་ན་དང་འབྲས་བུ་རྣམས་ཁྱེར་ནས་གཡོན་བསྐོར་གྱིས་སེང་སོང་བ་ལ། ནི་བྲིང་བའི་ནགས་མཐོང་བར་འགྱུར་ཏེ། དེ་ནས་གཡོན་ནས་བསྐོར་ནས་འགྲོ་བ་ན་སྣ་ཚོགས་པའི་མེ་ཏོག་ལ་སོགས་པས ་བརྒྱན་པའི་རྫིང་མཐོང་བར་འགྱུར་ཏེ། དེ་ནས་རིག་པ་འཛིན་པའི་བུད་མེད་རྣམས་དཔལ་ལྡན་འཇིག་རྟེན་མགོན་པོ་རྗེ་བཙུན་གྱི་བཀས་སྨྲ་བར་འགྱུར་ཏེ། ཀྱེ་སྒྲུབ་པ་པོའི་སྐྱེས་བུ་དག་སླར་འཛམ་བུའི་གླིང་དུ་ཕྱིར་ལོག ་ལ་རང་གི་ཁྱིམ་དུ་སོང་ཞིག་དང་ཁོ་མོ་མཐོང་བས་ཇི་ལྟ་བ་བཞིན་འགྱུར་བར་བྱེད་དེ། ཇི་ལྟར་ས་ཉིད་ལ་དཔལ་འབྲས་ཀྱི་ཕུང་པོར་བསྐོར་བར་གྱིས་ཤིག་།བསྒྲུབ་པ་པོ་རྣམས་ཀྱིས་ཀྱང་ལྟོས་པ་མེད་པར་གྱུར་པས་སྔགས་ཟླས་པར་བྱའོ། །རྗེ ་བཙུན་མའི་ཞལ་ལྟོས་པ་མེད་པར་བལྟས་པས་བརྡ་ཕྲིན་འཇོག་པར་འགྱུར་ཏེ། ཀྱེ་ཧ་ཨ་གྷི་བ་ཕ་རོལ་ཏུ་སོང་ལ་འཛམ་བུའི་གླིང་བའི་མི་ཤིན་ཏུ་དད་པའི་ཤུགས་ཀྱིས་འོངས་པ་དེ་རྣམས་ཁྲིད་ལ་ཤོག་ཅིག་།རྗེ་བཙུན་དེ་ནི་བོང་ཚོད ་ཆེ་བ། མདོག་གནག་པ་ཁྲག་གིས་བསླན་པ་དར་དར་སྒྲོགས་པ་སྤྱན་དམར་བས་བཀའ་གསོལ་བར་འགྱུར་ཏེ། ཀྱེ་སྒྲུབ་པ་པོའི་སྐྱེས་བུ་དག་གང་འདོད་བཟུང་ཤིག་དང་བཟུང་ནས་ཛམྦུའི་གླིང་དུ་སོང་སྟེ་སེམས་ཅན་གྱི་དོན་བྱོས་ཤིག་གོ་ཞེས ་སོ། །དེ་ནས་གལ་ཏེ་མི་འགྲོ་བ་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཁང་པ་བརྩེགས་པ་ལ་འདོད་པར་བྱོས་ཤིག་།སྒྲུབ་པ་པོ་རྣམས་ཀྱིས་སྨྲ་བར་བྱ་སྟེ། བཅོམ་ལྡན་འདས་བདག་ནི་རྗེ་བཙུན་ཉིད་བལྟར་འགྲོའོ། །དེ་ནས་བཅོམ་ལྡན་འདས་མ ་འཕགས་མ་སྒྲོན་མས་བཀའ་སྩལ་པ། ལམ་འདི་ཉིད་ནས་སོང་ཤིག་ཅེས་སོ། །དེ་ནས་སོང་བས་འགྲོ་བའི་དུས་སུ་དད་པས་བསྐོར་བ་ལན་གསུམ་བྱ་སྟེ། འགྲོ་བ་ན་གསེར་གྱི་རང་བཞིན་གྱི་སྐས་པ་ལོགས་གཉིས་སྣ་ཚོགས་པའི་རཏན་རྣམས་ཀྱིས ་སྤྲས་པའོ། །སྣ་ཚོགས་པའི་སྐྱེད་མོས་ཚལ་ཡོད་དེ། སྐྱེད་མོས་ཚལ་རེ་རེ་ན་རྣམ་པ་སྣ་ཚོགས་པའི་ལྗོན་ཤིང་གིས་བརྒྱན་པ། ཁུ་བྱུག་དང་རྨ་བྱ་དང་ཀ་ལ་བིད་ཀ་དང། ནེ་ཙོ་དང། ས་རི་ཀ་དུ་མ་རྣམས་ཀྱིས་སྒྲ་ངེས་པར་སྒྲོགས་པ། རྫིང་བུ ་ཆེན་པོ་ན་པདྨ་དང་ཨུཏཔ་ལ་སོགས་པས་བརྒྱན་པ་མཐོང་བར་འགྱུར་ཏེ། དེས་སྐས་ལ་འཛེགས་པ་ན་མཁའ་ཡས་པའི་རཏན་དུ་མས་ཉེ་བར་སྤྲས་པའི་རྣམ་པ་སྣ་ཚོགས་དཔེ་མེད་པ་རྣམ་པར་ཕྱེ་བ་ཉམས་དགའ་བའི་བྲག་རིའི་རྩེ་མོ་ན། དཔལ་ལྡན་པོ་ཏ་ལ་ཀའི་རིའི ་རྒྱལ་པོ་གྲུབ་པ་དང། རིག་འཛིན་པ་དང། ལྷ་དང་མི་འམ་ཅི་དུ་མ་རྣམས་ཀྱིས་གསོལ་བ་འདེབས་པ་སྟེ། དེར་ཆུ་དྲི་ཞིམ་པོ་བསིལ་པའི་འོབས་མཐོང་བར་འགྱུར་ཏེ། དེ་དག་མཐོང་པས་སྐོམ་པར་འགྱུར་ཏེ། དེ་ལ་བཏུང་བར་མི་བྱ་ཞིང་བརྒལ་བར་བྱའོ། ། ་གལ་ཏེ་བརྒལ་བ་དེའི་ཚེ་དཔལ་གྱི་རི་ལ་ཨ་སྒྲའི་རྩ་བ་ཞེས་བྱ་བའི་ལྷ་ཁང་དེར་འགྲོ་བར་འགྱུར་ཏེ། འོབས་དེ་དག་ལས་འདས་ནས་བསིལ་ཁང་ན་མཐོང་བར་འགྱུར་ཏེ། དེ་ནས་བཅོམ་ལྡན་འདས་འཇམ་དཔལ་ལྷ་ལ་སོགས་པའི་ཚོགས་ཀྱིས་བསྐོར་བ་ལ ་ཆོས་སྟོན་པར་གྱུར་པ་བཞུགས་ཏེ། འདི་ལྟར་སྒྲོལ་མ་དང། ཁྲོ་གཉེར་ཅན་དང། ཀུན་ཏུ་བཟང་པོ་དང། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཨི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་བཞུགས་པ་མཐོང་བར་འགྱུར། དཔལ་ལྡན་པོ་ཏ་ལ་ཀའི་རིའི ་རྩེ་མོ་ན་དཔེ་མེད་པའི་རིན་པོ་ཆེ་དུ་མའི་གཞལ་ཡས་ཁང་ན་བཞུགས་པའི་སྤྱན་རས་གཟིགས་ཀྱི་དབང་པོ་ཞལ་མངོན་སུམ་དུ་བཞུགས་པ་མཐོང་བར་འགྱུར་ཏེ། དེའི་ཚེ་ལུས་ཐམས་ཅད་ཀྱིས་ས་ལ་ཕབ་པའི་ཕྱག་བྱ་སྟེ། གཡས་ཕྱོགས་ནས ་ལན་བརྒྱ་སྟོང་དུ་མས་བསྐོར་བར་བྱ་སྟེ་མདུན་དུ་འདུག་པར་བྱའོ། །དེ་ནས་རྗེ་བཙུན་གྱིས་བཀའ་སྩལ་པ། ཀྱེ་སྐྱེས་བུ་བརྩོན་འགྲུས་ཆེན་པོ་དང་ལྡན་པ་ཡིད་ལ་བསམས་པའི་མཆོག་སླར་ཕྱིར་བོས་ནས་ཛམྦུའི་གླིང་པའི་སེམས་ཅན་རྣམས ་ཀྱི་དོན་བྱེད་པར་འདོད་པ་འམ། ཡང་ན་ཆོས་ཀྱི་སའི་གཟུངས་ཀྱི་ཏིང་ངེ་འཛིན་གྱི་རྣམ་པར་ཐར་པ་ཐོབ་པར་འདོད་པ་འམ། ཡང་ན་ཡིད་བཞིན་གྱི་ནོར་བུ་དང་བུམ་པ་བཟང་པོ་ལ་སོགས་པ་འདོད་ཅེས་བཅོམ་ལྡན་འདས་ཀྱིས་མཆོག་གི་དོན་དུ་གསུངས་སོ ་དེས་གང་ཡིད་ལ་བསམས་པའི་མཆོག་དེ་རྣམས་ཐམས་ཅད་བཅོམ་ལྡན་འདས་ཀྱིས་བསྒྲུབ་པ་པོས་ཐོབ་པར་མཛད་དོ། །དེ་ཉིད་དུ་སྡོད་པར་འདོད་ན་དེ་ཚེ་བཅོམ་ལྡན་འདས་འཁོར་བ་ཇི་སྲིད་པར་བཞུགས་པ་དེ་སྲིད་དུ་གནས ་པར་འགྱུར་རོ། །སྔོན་དུ་བཤད་པའི་ཡོན་ཏན་རྣམས་ཀྱང་ཐོབ་པར་འགྱུར་རོ། །སངས་རྒྱས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ཀྱང་མཐོང་བར་འགྱུར་རོ། །དེ་བཞིན་དུ་བདག་ཉིད་ཀྱིས་བྱ་ཞིང་ང་དང་འདྲ ་བའི་བྱང་ཆུབ་སེམས་དཔའ་བར་བྱོས་ཤིག་།ཡི་གེ་དྲུག་པའི་རིག་སྔགས་ཆེན་མོའི་ངའི་ཁ་ལ་མཉན་པར་གྱིས་ཤིག་།དེ་ནས་ཐོས་པ་ཙམ་གྱིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ང་དང་འདྲ་བར་འགྱུར་རོ། །ཞེས་དཔལ་ལྡན་པོ་ཏ་ལ ་ཀའི་རྗེ་བཙུན་གྱི་ཞལ་སྔ་ལས་གསུངས་པ་རྫོགས་སོ།། །།ཕོ་བྲང་སྐྱིད་ཀྱི་བྱང་མཁར་དུ་ལྷ་བླ་མ་ཞི་བའི་བློ་གྲོས་ཀྱི་ལུང་གིས། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཨ་བྷི་ཡུ་གུ་ཏ་དེ་བ་ཤྲཱི་དང། བོད་ཀྱི་ལོ་ཙ་བ་བནདྷེ? ་དྷརྨ་ཡོན་ཏན་གྱིས་ཇི་ལྟར་རྙེད་པར་བསྒྱུར་བའོ། །འདི་ནི་གཞུ་མིན་རི་དགས་མ་ཡིན་ཕག་གི་ཕྲུ་གུ་མིན། །ཡོངས་རྫོགས་པའི་ཟླ་བ་ལྟ་བུའི་མདོ། །གདོང་ཅན་མཛེས་མ་མ་ཡིན་ཏེ། སྤྲུལ་པ་འདི་དག་ཐམས་ཅད་དོན་གཉེར་སྐྱེ་བོའི་འཇིག ་རྟེན་དུ། །རི་ཁྲོད་ལྷག་པའི་རྒྱལ་བ་རི?་བོ་དཔེའི་མཆོག་ལ་ཡང་དག་བཞུགས། །། *། (།བླ་མ་རྡོ་རྗེ་གདན་པས་མཛད་པའི་གྲུབ་ཐོབ་བརྒྱད་བཅུ་རྩ་བཞིའི་གསོལ་འདེབས་བཞུགས་སོ།།)་།། *། །དཀོན་མཆོག་གསུམ་ལ ་