| Wylie | e-texts based on the ACIP/ALL Input |
བཞེས། །འདི་བརྩམས་འདི་ལ་མོས་པ་རྣམས། །རྡོ་རྗེ་སེམས་དཔའ་ཉིད་ཐོབ་ཤོག། །སློབ་དཔོན་ཆེན་པོ་སྟི་ར་མ་ཏིས་དགོངས་པ་ལས། རྡོ་རྗེ་བཀོད་པའི་རྒྱུད་བསྟན་པ་བསྲུང་བ། །རྣལ་འབྱོར་ཡོངས་ཀྱི་མགོན་པོ་ལེགས་ལྡན་ནག་པོའི ་སྒྲུབ་ཐབས་ཀྱི་དཀྱིལ་འཁོར་བདུན་གྱི་རིམ་པ་རྣམ་པར་ཕྱེ་བ་སློབ་དཔོན་སྣང་མཛད་མྱུ་གུས་མཛད་པ་རྫོགས་སོ།། །།འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་ཀྱི་རྒྱུད་ལོང་པའི་ཡུལ་ན་དཔལ་འབྲས་ཀྱི ་ཕུང་པོ་ཞེས་བྱ་བའི་ཕོ་བྲང་ཡོད་དེ། །དེ་ན་ཆོས་ཀྱི་དབྱིངས་དག་གི་དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་མཆོད་རྟེན་གྱིས་ཡོངས་སུ་གཡོགས་པའི་རྗེ་བཙུན་བཞུགས་སོ། །དེར་ཕྱིན་ནས་རྗེ་བཙུན་གྱི་མཆོད་རྟེན་ལ་ཕྱག་སྟོང་ཕྲག་ལྔ་བཙལ་བར་བྱའོ། །རྡོ་རྗེ་ལྕགས་སྒྲོག ་ཅེས་བྱ་བའི་གཟུངས་བཟླས་པར་བྱའོ། །དེ་ལ་བརྗོད་པར་བྱ་སྟེ། །ན་མོ་བྷ་ག་ཝ་ཏི་ཨཱརྱཱ་བཛྲ་ཤྲཱི་ཁ་ལཱུ་ཡཻ། ཧ་ན་ཧ་ན། ཚིནད་ཚིནད། པི་བ་པ་ཥ། ཀ་པཱ་ཁཾ་ཧཱུཾ་ཏ་ར་ཏ་ར། ཏ་ནཾ་ག་པ་ཏི་ཨ་ཌཾ་གཉྩ་བཛྲ་ཨཱ་ཡ་ཏེ། བཛྲ་པྲ་ཀྵ་རེ་ཨོཾ་ན་མོ་བྷ་ག་ཝཱ་ཏེ། ཨཱརྱ ་བཛྲ་ཤྲཱི་ཁ་ལེ་པུརྦ་དི་ཤི་བནདྷ། དཀྵི་ན་དི་ཤཾ་བནདྷ། པིཉྩ་མ་དི་ཤཾ་བནདྷ། ཨུཏྟ་ར་དཾ་ཤཾ་བནདྷ། ཨཱ་དྷ་དི་ཤི་བནདྷ། ད་ཤ་དྷི་ཤ་བནདྷ། མ་སཱ་པཱ་ད་བནདྷ། ཡཀྵ་རཀྵ་སཾ་བནདྷ། བྷཱུ་ཏ་པྲེ་ཏཾ་པི་ཤཱ་ཙི་བནདྷ། སིདྷ་ཡོ་གཾ་ཌཱ་ཀི་ནི་བནདྷ། །ེ་ཀ་པཱ་དཾ་བནདྷ། ་དཱི་པ་དཱཾ་བནདྷ། །ཏྭི་པཱ་དཾ་བནདྷ། ཙ་ཏུ:པཱ་དཾ་བནདྷ། པཉྩ་པཱ་དཾ་བནདྷ། ཥཊ་བཱ་དཾ་བནདྷ། ས་ཧ་པྲ་པཱ་དཾ་བནདྷ། པྲིཀྵ་དཾ་བ་ནི་མུ་ལ་པཱ་དཾ་བནདྷ། །དེ་པཾ་བནདྷ། དེ་བཾ་ཀུ་ལཾ་བནདྷ། ནཱ་གཾ་བནདྷ། ནཱ་ག་ཀུ་ལཾ་བནདྷ། །པ་ར་ཀུ་ལཾ་བནདྷ། གུ་ཧ་ནཾ་བནདྷ། ཏྲི་ཀྲོ་ཎ་པྲི ་ཐི་བའི་ན་བནདྷ་བནདྷ་ཧཱུཾ། མཱ་ཙི་ལ་མཱ་ཙ་ལ། ཏིཥཐཱ་ཏིཥཐཱ། ས་པཾ་ཧཱིཾ་བནདྷ། བྲཧམ་བ་ཙ་ནཾ། བནདྷ་བནདྷ། །ོཾ་ན་མོ་རྟག་ཝ་ཏེ་ཨཱརྱ་བཛྲ་ཤྲཱི་ཁ་ལེ་པཉྩ་ཀྲོ་ཤི་?་མནཌ་ལཾ་བནདྷ། ཧ་ན་ཧ་ན། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། སྔད་པ་ཐམས་ཅད་ཀྱི་སྙིང་རྣམ་པར་འཇོམས ་མ་འཕགས་མ་རྡོ་རྗེ་ལྕགས་སྒྲོག་མ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།དེ་གནོད་སྦྱིན་བགེགས་འབྱུང་བར་མི་འགྱུར་རོ། །དེ་ནས་དེའི་རྗེས་སུ་མ་ལ་ཡའི་ཡུལ་དུ་འགྲོ་བར་བྱའོ། །དེར་ཕྱིན་ནས་ཆོས་ཀྱི་རྒྱལ་པོའི་མཆོད་རྟེན་རྗེ་བཙུན་ལ་བསྐོར་བ་སྟོང་ཕྲག་གསུམ ་བྱའོ། །བྱས་ནས་བསྔགས་ཁྲི་ཕྲག་དྲུག་སྟོང་བཟླས་པར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། །ོཾ་མ་ནི་བཛྲ་ཧཱུཾ། གལ་ཏེ་གང་ཞིག་སྐྱེས་བུ་ཆེན་པོ་བརྩོན་འགྲུས་ཆེན་པོ་རྣམས་ཀྱིས་འགྲོ་བར་འགྱུར་བ་ཉིད་དུ་འདོད་པས་ཁྱིམ་གྱི་བསམ་པ་དྲན་པར་མི ་བྱའོ། །བྱས་ན་སྡུག་བསྔལ་དང་ཉོན་མོངས་པ་རྣམས་ཀྱིས་འཇོམས་པར་འགྱུར་རོ། །དཔལ་ལྡན་པོ་ཏ་ལ་ཀའི་རྗེ་བཙུན་གྱི་ཞལ་མཐོང་བ་དོན་དུ་གཉེར་བའི་སེམས་ཅན་དེ་རྣམས་ཀྱིས་ངེས་པར་བརྩོན་འགྲུས་བརྟན་པ་དེ་རྣམས་ཀྱིས ་བགྲོད་པར་བྱའོ། །དེའི་ཚེ་སྐྱེས་བུ་དེ་རྣམས་ཀྱིས་ངེས་པར་རང་གི་ལུས་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་བདག་ཉིད་ཀྱི་ལུས་སྦྱིན་པར་བཏང་བར་བྱའོ། །ལུས་སྦྱིན་པར་བྱིན་ནས་ཕྱིས་དཔལ་པོ་ཏ་ལ་ཀར་བགོད་པར་བྱའོ། །བསམ ་པ་ཐམས་ཅད་ཡོངས་སུ་སྤངས་ཏེ་འདོད་འཆགས་ལ་སོགས་པའི་བསམ་པ་དོར་ནས་བགྲོད་པར་བྱའོ། །སྤྲོ་བའི་སེམས་ཀྱིས་ཀླུ་དང་གར་དང་དམ་པའི་ཆོས་ཀྱི་ཡིད་མདོང་བཅས་པ་དང། སྔགས་ལ་སོགས་པ་དང་བསྒོམ་པར་བྱའོ། །གཡེང་བའི་སེམས ་ཀྱིས་འགྲོ་བར་མི་བྱའོ། །ངེས་པ་ཉིད་དུ་རྗེ་བཙུན་གྱི་ཞལ་ལམཐོང་བར་འགྱུར་བར་བྱའོ་ཞེས་སྨྲས་ནས་སྤྲོ་བའི་སེམས་ཀྱིས་བགྲོད་པར་བྱའོ། །སེམས་དེ་ཉིད་ཀྱིས་འགྲོ་བ་ན་གལ་ཏེ་རྗེ་བཙུན་གྱི་ཞབས་མཐོང་བར་མ་གྱུར་ན། །དེའི་ཚེ་བདག་ཉིད ་འཇམ་པའི་མགོན་པོ་མཚམས་མེད་པ་ལྔའི་ལས་བྱེད་པར་འགྱུར་རོ། །དེ་ལྟར་བྱས་ན་?་ས་མ་ལ་ཡའི་རི་ལ་བགྲོད་པར་བྱས་པས་རིའི་དབུས་སུ་ཨུ་དུམ་བ་རའི་ནགས?་མཐོང་བར་འགྱུར་རོ། །མཐོང་ནས་ཀྱང་འབྲས་བུ་རྣམས་བཟའ་བར་བྱའོ།། ་