| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། བཛྲ་ཀུན་ལ་ཏན་ཏྲ་ཀར་མ་མ་དྷ་ལ་ས་ཏ་ཀྲ་མ་ཨ་ཏྲཱི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། རྡོ་རྗེ་བཀོད་པའི་རྒྱུད་ལས་དཀྱིལ་འཁོར་བདུན་པའི་རིམ་པ་རྣམ་པ་ཕྱེ་བའི་སྒྲུབ་ཐབས་ཞེས་བྱ་བ། །བཅོམ་ལྡན ་འདས་དཔལ་སྒྲོལ་བྱེད་ཐུགས་རྗེའི་རྒྱལ་པོ་ཤིན་ཏུ་རྣམ་པར་གྲོལ་བ་ཉིད་དུ་ལ་ཕྱག་འཚལ་ལོ། །ཧཱུཾ་ཁྲོ་ལ་ཁྲོས་པའི་རྒྱལ་པོ་ཡིས། །ཁྲོ་བོ་ཉེ་བར་ཞི་མཛད་པ། །དེ་བཞིན་གཤེགས་པ་ཀུན་ཞི་མཛད། །ཁྲོ་ཞི་ཆེ་ལ་ཕྱག་འཚལ་ཏེ། ་དགོངས་པ་འདུས་པའི་རྒྱུད་དག་ལ། །དཀྱིལ་འཁོར་བདུན་པའི་རིམ་པ་དག་།སེམས་ཅན་ཡེ་ཤེས་བསྐྱེད་པའི་ཕྱིར། །ལེགས་པར་བསྡུས་ཏེ་བསྟན་པར་བྱ། སློབ་དཔོན་མཉེས་པར་མ་བྱས་ཤིང། །དབང་རྣམས་ཐོབ ་པར་མ་བྱས་ན། ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཡི་གེའི་སྒྲས་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཆོག་སྟེ། ཁོངས་ནས་གབ་རྫས་དོན་འཕྱིན་པ། །སྟོན་པ་རྡོ་རྗེ་ཐུགས་ལ་གནས ་འདི་ནི་གསང་ཆེན་ངེས་པ་ཡིན། །འབྲས་བུ་ལམ་དུ་གྱུར་པ་ཡིན། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །ཀུན་གྱིས་ཕྱག་རྒྱ་རྫོགས་ཆེན་མཆོག་།སྣོད་ལྡན་དང་ཚུལ་བཟད་ལ་སྦྱིན། །གཞན་དུ་ནམས་ཀྱང ་སྦྱིན་མི་བྱ། །རྨོངས་ལ་བརྒྱར་བས་གཞན་དུ་མིན། །དུས་མིན་པར་ནི་སྲོག་ཟད་ནས། །བསྲེག་དང་སྒྲིབས་པ་ཡུན་རིངས་གནས། །འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡི། །དེ་བཞིན་གཤེགས་པའི་གསུང་རབ་ལ། ། ་འགྲོ་བའི་ཚུལ་དུ་སྔོན་འབྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །སྟོང་ཉིད་ཐེར་ཟུག་འགོག་པ་དང། །ཁྲོ་གཏུམ་ལོག་ལྟ་བཀམ་ཞིང་འཛུམ། །ལེ་ལོ་གཏི་མུག་ཆགས་སོགས་པས། །ལོག་ལྟ་དགུ་པོས་དེ་མྱོས་འགྱུར། །དེ་དག་རྣམ་པར ་གྲོལ་བྱའི་ཕྱིར། །རྒྱལ་བས་དཀྱིལ་འཁོར་བདུན་དུ་གསུངས། །དེ་རྩོམ་གང་ཟག་ལྔར་འདོད་དོ། །བདུན་པ་དང་ནི་མ་རིགས་ཆེན་བྱེད། །དབྱུགས་ཆེན་འབྱིན་དང་ལུང་ཆེན་ཐོབ། །རྩལ་ཆེན་རྫོགས་པའི་རྣལ་འབྱོར་བས། །དྲག་ཤུལ་ཅན ་ཞེས་བྱ་བའི་གནས། །དགོན་པ་ཆེན་པོའི་གནས་ཆེ་ནི། །ཡེ་ཤེས་སྙིང་པོ་ཅན་རྣམས་ཀྱི། །ཐུབ་ཆེན་གསང་བ་འབྱུང་བས་ནི། །དམ་པ་རྣམས་ཀྱིས་བསྔགས་པ་ཡིན། །དེ་གནས་ངེས་དོན་དགོད་པ་ནི། །ཇི་བཞིན་ཉིད་ཀྱི་དཀྱིལ་འཁོར་ལས། ། ་ཕྱག་རྒྱ་དངོས་གྲུབ་དཀྱིལ་འཁོར་དང། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཆོག་།བསོད་ནམས་ཚོགས་ཀྱི་དཀྱིལ་འཁོར་སྤྲིན། །བཀའ་སྟོང་ཕོ་ཉའི་དཀྱིལ་འཁོར་དྲག་།འབྲུག་དུང་ལས་ཀྱི་དཀྱིལ་འཁོར་ཆེ། གཏང་ཁྲམ་གནན་པའི་དཀྱིལ་འཁོར་རོ། །དེ་ནི ་དབྱེ་བའི་སྒོ་ནས་གསུངས། །མི་བསྐྱོད་ཞིང་ཁམས་མངོན་དགའ་ན། །དགེ་སློང་ཐུབ་དཀའ་གཞོན་ནུ་ཡིས། །ཁྱིམ་བདག་ཀཽ་ཤི་ཀའི་བུ། །དགེ་སློང་ཐར་པ་ནག་པོ་དང། །གཡོག་པོ་ངན་འཕགས་གཉིས་པོ་ལ། །ཇི་བཞིན་ཉིད་ཀྱི་དཀྱིལ་འཁོར་གསུངས། །ཇི་བཞིན ་ཉིད་དེ་མ་བཅོས་ན། །དངོས་པོ་བཞི་ལ་གནས་སྤྱད་ཀྱང། །ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །འདི་ནི་རྣལ་འབྱོར་དམ་པའི་ལམ། །ཇི་བཞིན་ཉིད་ཀྱི་དཀྱིལ་འཁོར་རོ། །ཕྱག་རྒྱ་དངོས་གྲུབ་དཀྱིལ་འཁོར་ནི། །མི་འཁྲུགས་པའི་ཞིང་ཁམས་ན། །སྒྱུ་འཕྲུལ་དྲ་བའི ་རྒྱུད་དག་ལས། །དྲག་པོ་རྡོ་རྗེ་སེམས་དཔའ་ཡིས། །མི་འཁྲུགས་རྒྱལ་པོ་ཉིད་ལ་གསུངས། །གནས་ཆེན་དམ་པ་དག་ཏུ་ནི། །ཚུལ?་དང་ལྡན་པའི་རྫས་བསོགས་ནས། །མཎྜལ་ལ་སོགས་མཛེས་བྱས་ལ། །ཁྲུས་བྱས་སྙིང་ཀར་ཉིད་ཀྱི་ལ་ཧཱུཾ། །འོད ་ཀྱི་སྣང་བ་དཀོན་མཆོག་རྣམས། །སྤྱན་དྲངས་དཀོན་མཆོག་བསྐོར་ཕྱག་འཚལ། །དེ་ནས་མཆོད་པ་དབུལ་བ་ནི། །ོཾ་ན་མ(རྒྱུད་འགྲེལ་གནདྷེ། ནཻ་བི་དྱ་པཱུ་ཛ་ཧཱུཾ་སྭཱཧཱ། ཨོཾ་ཨཱ(རྒྱུད་འགྲེལ་བྱུང་ལྷ་མོས་མཆོད་རྗེས་ལ། །ཧཱུཾ་བདག་འདྲ་ལོག་པའི་སྟོབས་ལྡན་པས། །ཐོག་མ་མེད་པའི་དུས་མཛའ་ནས། །སྲིད་པའི་འཁོར་བར་འཁྱམས་པར་ངེས། །སྐྱེ་བ་མང་པོར་ལུས་བླངས་པ། །སུས་ཀྱང་མ་བྱས་རང་གི་ལས། །དེ་ཙམ་ཆ་གཅིག ་དོན་སྤྱད་ན། དེ་ཙམ་དོན་གྱི་སངས་རྒྱས་ཟིན། །རང་ལུས་གཏོད་པར་མ་ཕོད་ཅིང། །ཆགས་པའི་མཛའ་ལ་མངོན་ཞེན་པས། །ཟུག་རྔུ་ནད་ཀྱིས་ཟིན་པ་ཡིན། །སྲིད་པའི་བཙོན་རར་ཆུད་པ་འདི། །མཁའ་ལ་འདུད་པས་ཉེས་པར་ངེས། །འཁོར ་བའི་རླུང་སྒོར་ལྟུང་བ་འདི། །ལས་ཀྱི་རླུང་གིས་ཉེས་པར་ངེས། །དུས་གསུམ་རྒྱལ་བ་མ་ལུས་ལ། །འདི་དག་མི་འཆབ་མཐོལ་ལོ་བཤགས། །རྡོ་རྗེ་སེམས་དཔའ་ཨི་དམ་ཚིག་རྗེས་སུ་སྲུང། །ཡེ་ཤེས་སེམས་དཔའ་ཉེ་བ་ཉིད་དུ་སྦྱོན། །རིག་པའི་རྒྱལ་པོ་བདག ་ལ་རྟག་པར་དགོངས། །གསང་བའི་དབང་ཕྱུག་བདག་ལ་དགོངས་པར་གསོལ། །རྟོགས་པ་མཆོག་སྦྱིན་བདག་ལ་དགྱེས་པར་དགོངས། །འདོད་པ་ཀུན་བྱེད་བདག་ལ་ཆགས་པར་དགོངས། །དང་པོ་མཉམ་ཉིད་སངས་རྒྱས་ཐུགས་རྗེ་ཅན། ། ་ལས་རྣམས་ཀུན་བྱེད་བདག་སེམས་དགེ་འགྱུར་བ། །དུས་གསུམ་དགེ་བཤེས་དག་དང་ཐམས་ཅད། །རྡོ་རྗེ་ཅན་དང་དམ་ཚིག་སེམས་དཔར་བསྒྲུབ། །བདག་ཀྱང་རྡོ་རྗེ་སེམས་དཔའ་གཏན་དུ་མི་སྟོང་ན། །རྡོ་རྗེ་སེམས་དཔས་གཏན་དུ་བདག་མ ་བཏང། རྗེས་སུ་ཡི་རང་བསྐུལ་དང་སྐྱབས་འགྲོ་དང། ལམ་རྟེན་བསྔོ་དང་སེམས་བསྐྱེད་དང། །ཚངས་པར་གྱུར་པའི་ལས་རྣམས་ཀྱིས། །འགྲོ་བ་ཀུན་བྲལ་བཞིན་དུ་སྨོན་ཏ་ཀེ་མ་ཏ་ཀེ་མ་ཕཊ། །ཧ་ལ་ཧ་ལ་རཾ། ཏིག་སྣ་ཏིག་སྣ་ཁཾ། ཀྲོ་ཏ་ཀྲོ་ཏ ་ཡ་མ་ཞེས། དངོས་པོ་ཐམས་ཅད་སྟོང་པར་སྦྱངས། །ེ་མའོ་ངོ་མཚར་སྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་བ་ཉིད་ནས་སྐྱེ་བ་མེད། སྟོང་ཉིད་རབ་ཏུ་བསལ་བ་ཡི། །སྙིང་རྗེ ་ཡུམ་ནི་བསྒོམ་པར་བྱའོ། །དེས་པ་ལས་ནི་རྡོ་རྗེ་གུར། །བྲུམ་བི་ཤ་ཙ་ཤུད་དེ་ཞེས་བཟླས། །དུར་ཁྲོད་ཆེན་པོ་རབ་འཇིགས་པའི། །ཁྲག་གི་རྒྱ་མཚོ་འཁྲུག་ཅིང་འཁྱིལ། །རྐེང་རུས་ཆེན་པོ་རི་རབ་ཀྱི། །སྟེང་གི་འབར་བའི་ཀློད་དཀྱིལ་ན། །ཡེ་ཤེས་འབར་བའི ་གཞལ་ཡས་ཁང། །ཕྱོགས་བཅུར་རྒྱ་ཡོངས་མ་ཆད་པ། །ཕྱི་དང་ནང་མེད་ཀུན་དུ་སྣང། །འབར་བའི་འཁོར་ལོ་རྩིབས་བཞི་པ། །གྲུ་ཆད་བཞི་ཡིས་རྣམ་པར་བརྒྱན། །གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན། །འབར་བའི་བར་འཁྱམས་གཉིས་ཀྱིས་མཛེས། ་ཐོད་སྦྲུལ་སྣ་ཚོགས་ཉི་མས་བརྗིད། །འབར་བའི་ཁྲོ་བོ་མང་པོ་འཁྲུག་།ཁྱུ་མཆོག་མ་ཧེ་གཟིག་དང་སྟག། །གཏུམ་པ་དོམ་གྱི་ཡར་བ་ནི། །དབང་ཕྱུག་ལྷ་ཆེན་ལ་སོགས་གཟུང། །དབུས་ཀྱི་ཉི་མའི་སྙིང་པོ་ལ། །ཧཱུཾ་ལས་རི་ལུའི་སྒྲ་གྲགས་པས།། ་སེམས་དཔའ་ཨི་སྐུ་རུ་གྱུར་པ་ཡིས། །རང་གི་ངང་ཚུལ་དེ་བཟུང་ལ། །ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར། །ཁྲོ་རྒྱལ་རྣམས་ལ་བསྐུལ་བར་བྱ། །བདག་འདྲ་སེམས་ཅན་མ་ལུས་ཀུན། །མཆོག་ཉིད་སྒྲུབ་པར་སྦྱོར་བས་ན། །རྒྱལ་བ་རྒྱ་མཚོ་ཀུན ་འདུས་པས། །སྐུའི་དབྱིབ་ཏུ་བདག་སྐྱེད་ཅིག་།དེ་ནས་ཕྱོགས་འདུས་ཁྲོ་རྒྱལ་གྱིས། སེམས་དཔའ་བདག་ལ་དེར་དབང་བསྐུར། །རིམ་པ་གསུམ་གྱིས་སྐུ་རུ་བསྐྱེད། །དེ་ནས་བཅོམ་ལྡན་དགེས་ཆེན་པོ། །དབུ་དང་ཕྱག་ཞབས་སྟོང་ཁམས་ཀྱིས།། ་རྡུལ་སྙེད་མཚོན་ཆ་འཛིན་པ་སྟེ། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །རྡོ་རྗེ་ཁ་ཊཝཱ་ང་རྡེ་ཆུད་གཡས། །གཡོན་དྲིལ་དུང་དམར་རྒྱུ་ཞགས་འཛིན། །འབར་ཆེན་ཀློང་དཀྱིལ་འཁོར་ལོའི་དཀྱིལ། །དབང་ཕྱུག་ཆེ་དང་དུར་ཁྲོད་ཀྱི། །སྟེང་ན ་ཞབས་བཞི་བརྐྱང་བསྐུམ་བཞུགས། །དུར་ཁྲོད་རྒྱན་ཅན་གར་གྱིས་རོལ། །བདག་ཉིད་སངས་རྒྱས་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བདག་།ཁྲོ་རྒྱལ་ཡེ་ནས་ཡིན་པའི་ཕྱིར། །དེ་བཞིན་ཉིད་ཀྱི་དབྱིངས་ལས་ནི། །ཁྲོ་མོ་དབང ་ཕྱུག་མངོན་ཕྱུང་སྟེ། ཧེ་ཧི་དགྱེས་པའི་གཟི་མདངས་ཀྱིས། །རིན་ཆེན་པདྨ་རྒྱས་མཛད་དེ། །ཧཱུཾ་ཧཱུཾ་རོལ་པའི་འོད་ཟེར་གྱིས། །བདེ་ཆེན་ཐུགས་མཚན་བྱིན་བརླབས་ནས། །གཉིས་མེད་དགྱེས་པ་འཁྲིལ་བས་ཐིམ། །རྡོ་རྗེ་ལམ་བྱུང་ཡུམ་གྱི་མཁའ་ ་ཆོས་སྐུ་བྱང་ཆུབ་སེམས་སུ་གནས། །ལྷ་རྣམས་སོ་སོའི་སྙིང་པོའི་སྒྲ། །ཧཱུཾ་དང་ཧེ་ཧེ་ཕཊ་བྱུང་ནས། །གསུང་གི་ཕྱག་རྒྱ་ཉིད་རྫོགས་ཏེ། །འོད་ཟེར་སྤྲོ་བསྡུའི་སྦྱོར་བ་ཡིས། །ཐུགས་ཀྱི་ཕྱག་རྒྱ་རབ་ཏུ་འབར། །དེ་ལས་ཕྲ་མོའི་སྐུ་སྤྲོས་བསྡུས།། ་ཕྱག་རྒྱ་ཆེན་པོའི་སྐུ་རྫོགས་ནས། །ཕྱོགས་བཅུའི་རྡུལ་སྙེད་འཐོན་པར་འགྱུར། །སེམས་ཅན་རྒྱལ་བའི་སྲས་བྱས་ནས། །སླར་བསྡུས་རང་གི་གནས་འཁོད་པ། །དཔལ་ནི་ཁྲག་འཐུང་ཆེན་པོ་དང། །རིན་པོ་ཆེ་དང་པདྨ་དང། །ལས་སུ་གྱུར་ཏེ་སོ་སོར ་བཞུགས། །དེ་ཀུན་འཇིགས་བྱེད་ཆེན་པོ་ཡིས། །ཆ་ལུགས་རྔམ་པའི་ང་རོ་ཡིས། །འབར་བའི་ཀློང་ན་དབུ་གསུམ་པ། །ཕྱག་དྲུག་ཞབས་བཞིས་དྲི་ཟ་དང། །གནོད་སྦྱིན་ཆུ་བདག་གཤིན་རྗེ་སོགས། །དྲེགས་པ་ཁྱོ་ཤུག་སྟན་ལ་བཞུགས། །བཙུན་མོ ་ཁྲག་འཐུང་ཆེན་མོ་རྣམས། །སོ་སོའི་སྐུ་ལ་འཁྲིལ་དེ་འཁོད། །དཀར་མོ་ཚོགས་དང་རྐུན་མོ་དང། །རྨོངས་པ་དང་ནི་ཐལ་བྱེད་མ། །ལྕོབ་མོ་དང་ནི་གཏུམ་མོ་དང། །སྨེ་ཤ་ཅན་དང་ཙན་དྷ་ལཾ། །སྒོའི་ཁྱམས་ཀྱི་ནང་དུ་འཁོད། །སེངྒེ་གདོང་ཆེན་མ་མོའི ་ཚོགས། །སྟག་དང་རྩ་དང་ཁྱི་དང་གཞད། །ཀང་ཀ་དུར་བྱ་འུག་གདོང་ཆེ། འཁོར་བར་རྔམ་པའི་མདངས་དཀྱིལ་འཁོར། །རྡོ་རྗེ་སྲིད་འགྲོ་མ་ཚོགས་དང། །གདོང་མི་འཇིག་རྟེན་རོ་ལངས་མའི། །སྒོ་བཞིར་རྔམ་པའི་གཟུགས་ཀྱིས་གནས། །སྲིན་པོ ་སྨུག་ནག་ལ་སོགས་པའི། །འཇིག་རྟེན་མ་མོ་ཉི་ཤུ་བརྒྱད། །གསང་བའི་དཀྱིལ་འཁོར་ཕྱི་རོལ་ན། །བྲན་གྱི་ཚུལ་དུ་གནས་ཤིང་འཁོད། །དེ་ལྟར་གསལ་བར་དགོད་པའི་སྔགས། །ོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཤྲཱི་ཧེ་རུ་ཀ་མཧཱ་ཙཎྜ་ས་དུར་ཏནྟ ་ཀ་ཧ་ན་ད་ཧ་པ་ནི?་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་མཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རཏན་མཧཱ་ཤྲཱི་ཧེ་རུ་ཀ་མཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པདྨ་མཧཱ་ཤྲཱི་ཧེ་རུ་ཀ་མཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ ་ཨོཾ་ཀརྨ་མཧཱ་ཤྲཱི་ཧེ་རུ་ཀ་མཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཀྲོ་ཏི་ཤྭ་རི་སརྦ་དུཥྚན་ཧཱུཾ། ཨོཾ་བཛྲ་ད་ར་མཧཱ་ཀྲོ་ཏི་ཤྭ་རི་ཛཱ་ལ་ཧཱུཾ་ཕཊ། ཨོཾ་མཧཱ་སུ་རྱ་རཏན་མཧཱ་ཀྲོ་ཧི་ཤྭ་རི་བི་ད་མ་ཧཱུཾ། ཨོཾ་དྷི་ཤྭ་བི་མུ་ཀ་མཧཱ་ཀྲོ་ཏོ་ཤྭ་རི་ཁའི་ཧཱུཾ་ཕཊ། ཨོཾ ་སརྦ་ཨ་མོ་ཀ་མ་ཧཱ་ཀྲོ་ཏི་ཤྭ་རི་ཧཱུཾ་ཕཊ། བཛྲ་ཀེ་རི་ཧ། བཛྲ་ཙི་རི་ཧ། བཛྲ་པྲ་མོ་ཧ། བཛྲ་བ་ཏ་ལི་ཧ། བཛྲ་པུ་ས་ཧ། བཛྲ་ཀསྨ་རི་ཧ། བཛྲ་སྨ་ཤ་ནི་ཧ། བཛྲ་ཙཎྜ་ལི་ཧ། བཛྲ་སིད་མུ་ཁ་ཧེ། བཛྲ་བྱ་ཀྲི་མུ་ཀ་ཧེ། བཛྲ་སྲི་ལ་མུ་ཁ་ཧེ། བཛྲ་ཤོ་ན་མུ་ཁ་ཧེ། བཛྲ་ཀྲི་ཏ་མུ་ཀ ་ཧེ། བཛྲ་ཀང་ཀ་མུ་ཀ་ཧེ། བཛྲ་ཁ་ཁ་མུ་ཁ་ཧེ། བཛྲ་ཧུ་ལུ་མུ་ཁ་ཧེ། བཛྲ་ཨ་རྱ་ཏ་ཛ་ཏེ་ད་ཛ། བཛྲ་ཨུ་མུ་ཀ་ཧཱུཾ། བཛྲ་ལོ་ཀ་པཾ། བཛྲ་བ་སྨེ་པ་ལ་ཡ་བ་དེ་ཧོ། །བཛྲ་མ་ནུ་རཀཤ་སི་བྷཡོ། པྲ་མོ་ནི་བྷཡོ། རོ་འུ་ཏྲི་བྷཡོ། པེ་སྣ་པི་ཌཧཡོ། ཀོ་མ་རི་བྷཡོ། ཨོཾ་ན་ཏྲ་ཡོ་བྷཡོ། བཛྲ་བིད་ག ་ལཾ་བྷཡོ། ཨ་མྲི་ཏཾ་བྷཡོ། སཻ་མེ་བྷཡོ། ད་ན་ཏཾ་བྷཡོ། བག་རཀཤ་སི་བྷཡོ། བཀཤཾ་སི་བྷཡོ། ར་ཏི་བཛྲ་ཧཾ་བྷཡོ། ཨེ་ཀ་ཙ་རཾ་བྷཡོ། སི་ཏི་ཀ་བྷཡོ། བ་ཡ་བྷ་བྷཡོ། མཧཱ་མ་ར་ན་བྷཡོ། ཨགནེ་ཡེ་བྷཡོ། བ་རཾ་ཧི་བྷཡོ། ཙ་མུནྟི་བྷཡོ། པུ་ཏ་ན་བྷཡོ། བ་ར་ན་བྷཡོ། བཛྲ་མཧཱ་ཀ་ཧ་ལ་བྷཡོ། བཛྲ་ཙ་ཀ་སུ་སཾ་གར་ན་བྷཡོ། ་བཛྲ་ལཾ་པོ་དར་བྷཡོ། །དེ་དག་གིས་ནི་དཀྱིལ་འཁོར་བསྐྱེད། །དམ་ཚིག་དཀྱིལ་འཁོར་ཡོངས་སུ་རྫོགས། །ད་ནི་ཡེ་ཤེས་འཁོར་ལོ་ནི། །རང་གི་སྙིང་ཁ་ནས་འོད་འཕྲོས། །དབྱངས་དང་ལྡན་པའི་ལྷ་མོ་ཡིས། །ཕྱོགས་བསྡུས་དཀྱིལ་འཁོར་བདག་ཉིད་ཆེ།། ་མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ནས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ། །དམིགས་མེད་མཁའ་ལྟར་དག་པས་ཁྱབ་པའི་སྐུ། །སྤྱན་བྲངས་གཤེགས་སུ་གསོལ་བར་མི་དམིགས་ཀྱང། །ཐུགས་རྗེའི་དང་གིས་ཆོས་སྐུ་དག་པ་ལས། །ཡེ་ཤེས ་སྒྱུ་མས་རོལ་ཅིང་གཤེགས་སུ་གསོལ། །རུ་རླུང་ལུ་ཧཱུཾ་ཡེ་ཧཡེ་ཧི་བཛྲ་ཛ་ཛ། བཛྲ་ཀྲོ་ཏ་ས་མ་ཡ་ཧཱུཾ་ཞེས་བརྗོད་ནས་ཕྱག་བྱས་ཏེ། བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུང་ཅིང། །བྱམས་དང་སྙིང་རྗེས་འགྲོན་ཟུར་མི་མངའ་ཡང། །ཐུགས་རྗེ་ཆེན་པོས ་གདུག་པ་འདུལ་མཛད་པ། །འཇིགས་མེད་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ནམ་མཁའ་ཨི་ལུས་ཅན་གར་ཡང་ཐོགས་མེད་ཅིང། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆོ། །མ་སྲིད་བྱམས་པའི་ཚུལ་གྱིས་གྲོགས་མཛད་མ། །ཕྱི་ནང ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །འཇིག་རྟེན་འཁོར་ལོས་སྒྱུར་བའི་དབང་ཕྱུག་མ། །ཅི་བགྱི་བཀའ་ཉན་ཡང་སྦྲུལ་བསམ་མི་ཁྱབ། །བདུད་འདུལ་ཡེ་ཤེས་ཕོ་ཉ་དྲུག་ཅུའི་ཚོགས། །འཁོར་བཅས་རབ་འབར་ཀུན་ལ་ཕྱག་འཚལ་ལོ། ། ཏི ་པུ་ཧོ་པྲ་ཏི་པུ་ཧོ་སརྦ་ཏ་ཐཱ་ག་ཏ་བྷནདྷ་ནཾ་ཀ་རོ་མི། །ི་དཾ་དྷུ་པ་པུཥཔ་བྷ་ལིཾ་པྲ་ཏིཙྪ་ཧོ། ཤྲཱི་བན་ཡོ་ཀི་ནི་ཧོ། ཏ་ཀི་ན་ཧོ་ཞེས་གུས་བྱས། །ཧཱུཾ་ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོས་པས་རྔམ་པའི་ཚོགས། །འབར་བའི་བྱིན་བརླབས ་རྨད་པོ་ཆེ། དེ་ཉིད་དུ་ནི་བདག་ལ་རྩོལ། །བཛྲ་ཀྲོ་ཏ་ས་མ་ཡ་ཧཱུཾ། བཛྲ་ཀྲོ་ཏ་ས་མ་ཡ་ཕཊ། བཛྲ་ཀྲོ་ཏ་ས་མ་ཡ་ཧོ། །དེར་བསྟིམ་ལུས་ཀྱི་དཀྱིལ་འཁོར་རྫོགས། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་ལྡན། སོ་སོ་རིགས་ཀྱི་འབྲས་བུར་འགྱུར། །སྙིང ་གར་མི་བསྐྱོད་རྡོ་རྗེས་མཚན། །དེ་ལས་མ་མོ་བརྒྱད་སྤྲོས་ཏེ། །ཕྱི་རོལ་མཆོད་པ་བྱིན་གྱིས་བརླབ། །དབྱངས་དང་ལྡན་པས་དབུལ་བྱས་ཏེ། །ངང་ལ་ཐུན་མོང་རྫས་ལྔས་མཆོད། །དེ་ནས་ཁྱད་པར་རྫས་ཀྱིས་མཆོད། །བདུད་རྩི་སྨད་ཀྱིས་མཆོད ་རྗེས་ལ། །སྤྲེང་ཞིང་བརྟགས་པ་བྱ་བ་ནི། །བླ་མེད་མཆོག་གི་མཆོད་པ་དམ་པ་སྦྱར་བ་འདི། །ཡེ་ཤེས་ལྔའི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། དམ་ཆོས་གསང་བའི་མཆོད་པ་བཞེས་སུ་གསོལ། །ཧེ་རུ་ཀའི་གནས ་བཅུ་དང། །དུར་ཁྲོས་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་འཁོར་བཅས་སྤྱན་དྲངས་ཏེ། དུར་ཁྲོད་མཆོག་གི་གནས་ཆེན་འདིར། །ཞིང་ཆེན་གཡང་གཞི་སྟེ་ཅིང?་བཅས། །དམར་གྱི་ཨརྒ་རྒྱ་མཚོར་འཁྱིལ། །མཁའ་འགྲོ་འབར་བའི་ཚོགས ་བཅས་ཀྱིས། །མ་ལུས་བཞེས་ནས་བསྣམས་སུ་གསོལ། །ཧཱུཾ་མཉམ་པའི་གྲུབ་རྫས་ཆེན་པོ་འདི། །བདག་དང་མཉམ་པའི་ཚོགས་ལ་དབུལ། །བཟའ་དང་བཅའ་དང་བཏུང་དང?་?། ལོངས་སྤྱོད་ལྟར་ལྡན་མཆོད་པ་འདི། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར ་ཐིམ། མཆོད་པ་དམ་པ་བཞེས་སུ་གསོལ། །ཁ་ཧི་མཧཱ་མི་སེ་ཁ་ཧི། །མཧཱ་རག་ཏ་ཁ་ཧི། དེ་ནས་འཁྲིལ་ཏེ་སྙོམས་ཞུགས་པས། །དགྱེས་མཉམ་མཆོག་གི་མཆོད་པས་རོལ། མི་དམིགས་ཐུགས་ཀྱིས་མཆོད་པ་འདི། །རྡོ་རྗེ་སེམས་དཔའ་ཉིད་ཀྱིས་དང། ་དེ་ནས་ཕྱི་རོལ་འཐོན་པོ་ལས། །མ་མོ་རྣམས་ཀྱིས་བསྟོད་པ་ནི། །ཧཱུཾ་གཏུམ་ཆེན་དུ་མཛའ་ཨི་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་གྱི་གཟི། །ཁྲོ་གཉེར་གློག་སྟོང་འགྱུར་བ་བཞིན། །མཚོ?་བཟང་ཡང་ཟ་བྱེད་ཆེ་ཧོ། །ཧཱུཾ་རྔམ་པའི་ང་རོ་འདྲུག་སྟོང་དི ་རི་རི། །ཐུགས་ཆེན་རི་རབ་འབུམ་སྙིལ་སྐད། །ཧ་ཧཱ་ཧ་ལ་གད་རྒྱངས་ཆེ། །སྦྱུགས་པ་འཁོར་ལོ་གཡེང་བ་ཆེ་ཧོ། །ཧཱུཾ་ཁྲོ་བོ་ཤེས་རབ་འོད་པོ་ཆེ། །ཡེ་ཤེས་དཀྱིལ་འཁོར་ཀུན་ལ་གསལ། །འབར་བའི་ཡེ་ཤེས་ཀུན་ལ་འཇོམས། །སྣ་ཚོགས་ཡེ་ཤེས ་ཐིག་ལེ་ཆེ་ཧོ། །ཧཱུཾ་ཁྲོ་བོ་རྒྱལ་པོ་སྤྲིན་ཆེན་པོ། །ཁྲོས་པའི་དཀྱིལ་འཁོར་ཆར་ཆེན་འབབས། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ་ཧོ། །ཧཱུཾ་བདུད་ཀུན་གྱི་ནི་བདུད་ཆེན་པོ། །བདུད་ཀྱི་བདུད་སྟེ་བདུད་རྣམས ་འཇོམས། །འཇིགས་པའི་ཚོགས་ཀྱང་འཇིགས་པར་བྱེད། །འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ་ཧོ། །ཧཱུཾ་རྡོ་རྗེ་བྲག་ཆེན་སར་བ་ཆེ། །རྡོ་རྗེ་ཆུ་བོ་སུད་ཆེན་པོ། །རྡོ་རྗེ་མེད་སྟེ་ཀུན་ཆར་ཆེ། རྡོ་རྗེ་རླུང་འཐོར་གཡེང་བ་ཆེ་ཧོ། ཧཱུཾ་སྒེག་པོ་དཔའ་ཨོ་འཇིགས་སུ་རུང ་བ་དང། རྒོད་དང་གཤེ་དང་འཇིགས་པར་བྱེད་པ་དང། །སྙིང་རྗེ་རྔམ་དང་ཞི་བ་ལ་སོགས་པ། །སྐུའི་དངོས་པོ་ཤིན་ཏུ་བསྒྱུར་བ་ཡིན། །གར་གྱི་ཕྱག་རྒྱ་འབར་བའི་དབང་ཕྱུག་གནོན། །ཧྲི་མོས་བྱེད་སྟོང་པས་ལྷག་པར་འདོད་པའི་གཟུགས། །གདུལ་ ་བའི་དབང་གིས་གཤིན་རྗེ་སྟོང་པས་ལྷག་པར་འཇིགས་ཚུལ་སྟོན། །ཞི་བའི་སྐུར་ཡང་ཚངས་པ་སྟོང་པས་ལྷག་པ་སྟོན། །ཐམས་ཅད་དཀྱིལ་འཁོར་གསུམ་དུ་སྣང་བར་མཛོད། །ཧྲི་རྣམ་པར་འདུལ་བའི་ངོ་མཐོན་ཐབས་ཀྱིས་ནོན ་པས་གནོན། ཧོ་ཧོ་ཧ་ཧ་ཧེ་ཧེ་ཧི་ཧི། །དགྱེས་པའི་གད་མོ་ཁོང། །དབང་ཕྱུག་ཐམས་ཅད་རབ་བཤིག་རབ་ཏུ་བཤིག་།རབ་ཀྱི་རྩལ་གྱིས་ངོ་མཚར་རྨད་བྱུང་བ། །རྟོག་པ་མང་པོ་རྒྱུད་ཀྱི་གདུལ་བྱ་མ་ལུས་པ། །ཡེ་ཤེས་སྒྱུ་མ་མ་འདྲེས་ཡོངས་སུ་རྫོགས་པར་བསྟོད།། ་དེ་རྗེས་སྔོན་གྱི་གནས་སུ་བཞུགས་ཐིམ་ནས། །རང་གི་ཕྱག་རྒྱའི་ང་རྒྱལ་ནི། སྔོན་དུ་གསུངས་པའི་ཁྲོ་བོ་འམ། །ཡང་ན་སྤྱན་རས་གཟིགས་སྤྲུལ་བའི། །ཁྲོ་བོ་འབར་བ་དབུ་དགུ་པ། །ཕྱག་ནི་བཅོ་བརྒྱད་ལྟ་བུ་ཡི། །སྙིང་གར་དྲག་པོའི ་འཁོར་ལོ་བསམ། །རུ་ལུ་རྩ་བའི་སྔགས་དག་ནི། །འབུམ་མམ་བྱེ་བའི་བར་དུ་བཟླས། །ཕྱག་རྒྱ་དངོས་གྲུབ་དཀྱིལ་འཁོར་རོ། །ཐུན་མཚམས་མཉམ་པར་བཞག་པ་དང། །རང་གི་ནོར་དུ་རིན་པོ་ཆེ། །ཡོད་པར་མ་ཤེས་སྟོར་བར་དྲན། ། ་ཚོལ་བར་འདོད་ན་འདི་ལྟར་བསམ། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི། །ཆོས་འཛིན་རིགས་ཀྱི་གྲུབ་གནས་སུ། །ཐུགས་རྗེས་ས་ལ་མངོན་སྤྲུལ་གཤེགས། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཆོག་།བྱམས་མགོན་དམ ་པ་ཞིག་གིས་བསྟན། །ེ་མ་བྱེད་ཀྱིས་མ་ཤེས་སམ། །མཐུན་ཡུན་ཀུན་ཏུ་བདེ་བ་ཡིན། །སྒྲོན་མས་མུན་ཀུན་གསེར་ཚོལ་ལྟར། །གསང་བའི་སྙིང་པོ་མཛོད་བརྟོལ་ཏེ། །ཐིག་ལེ་གཅིག་གིས་ཀུན་ལ་ཁྱབ། །ཐམས་ཅད་ལུང ་ཆེན་ངེས་པར་བསྟན། །འཇིག་རྟེན་གཡོ་རྡུལ་མིའི་རང་བཞིན་རྣམས། །འབར་བ་ལྔ་བཅུའི་ཁྲོ་བོ་དང་དུ་སྣང། །མྱ་ངན་འདས་དང་འཁོར་བའི་རང་བཞིན་རྣམས། །བརྩལ་མེད་མ་བཅོས་དེ་ཉིད་རྣམ་དག་ནས། །ཐིག་ལེ་ཡུངས་ཀར ་ཙམ་ཞིག་གསལ་བར་བསྒོམ། །དེ་ལས་འོད་ཟེར་རྡུལ་སྙེད་སྤྲོས། །མུན་བསལ་དངོས་པོ་ཀུན་སྦྱངས་ཏེ། ཐམས་ཅད་མེ་བཅོས་སྐུ་རུ་གསལ། །སླར་འདུས་ཐིག་ལེ་ལ་ཐིམ་ནས། །འོད་དུ་ཞུ་ནས་རིམ་གྱིས་བསྡུས། །རྡོ་རྗེ་སེམས་དཔའ་ ་སྙིང་གི་ནང། ། གཟུགས་པདྨ་འདབ་བཞིར་གནས། །དེ་སྟེང་གསང་བ་ནད་གནས་ས་རླུང་དང། སྙིང་ག་ནད་གནས་ཆུ་རླུང་གཉིས། །རྣམ་པར་དགེ་ལས་ཟླ་བ་སྟེ། །རྡོ་རྗེ་རིན་ཆེན་གཉིས་རང་བཞིན། །དེ་སྟེང་རྡོ་རྗེ་སེམས་དཔའ་ནི། །ཐིག་ལེ་འོད་ཟེར་ལྔ་ལྡན ་པས། །དེ་སྟེང་མགྲིན་པ་གནས་མེ་རླུང་དག་།མགོ་བའི་ནད་གནས་རླུང་དཀྱིལ་གཉིས། །དག་པས་ཉི་མའི་དཀྱིལ་འཁོར་སྟེང། །པདྨའི་རིགས་དང་ལས་རིགས་སོ། །ཁ་སྦྱར་དབུས་སུ་ཐིག་ལེ་བསམ། །ཡང་དང་ཡང་དུ་འདྲིས་བསམས་པས། །མར་འགྲོ་མར་འགྲོ ་གཉིས་འགོག་གོ་།འགོག་པ་བཞིན་དུ་མཚན་མ་སྟེ། ལམ་སྐྱེ་འགག་མེད་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །མཾ་མི་ཟད་པ་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །པཾ་གཉིས་སྐྱོན་མེད་པ་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཏ་ཐོགས་པ་མེད་པ་ཆོས་ཉིད་རྣམ ་པར་སྣང་བའི་སྒོའོ། །མུཾ་བརྗོད་པ་ལས་འདས་པའི་ཆོས་ཉིད་རྣམ་པར་སྣང་པའི་སྒོའོ། །ཧཱུཾ་མི་གཡོ་བའི་ཆོས་ཉིད་ཡོངས་སུ་སྣང་བའི་སྒོའོ། །ོཾ་ཅིར་ཡང་སྣང་པའི་ཆོས་ཉིད་རྣམ་པར་སྣང་པའི་སྒོའོ། །ས་ནི་ཆུ་ལ་ཐིམ་པས་ནི། །ཀུན་ཏུ་མཉམ་བློས་ཟག་མེད་པའི ་ལས་ཀྱི་ཡེ་ཤེས་དང་པོར་སྐྱེ། །ཆུ་ནི་མེ་ལ་ཐིམ་པས་ན། །སེམས་ལ་དབང་ཐོབ་དུ་བ་འདྲ། །མེ་ནི་རླུང་ལ་ཐིམ་པས་ན། །ཏིང་འཛིན་འབའ་ཞིག་ལྡན་པ་སྟེ། །རླུང་གི་རྣམ་པ་ལྟ་བུར་མཐོང། །རླུང་ནི་རྣམ་པར་རིག་པ་ལ། །ཐིམ་པས་འདོད་པ་རྣམ་བྲལ་ཏེ། །མར་མེ ་ལྟ་བུར་མཐོང་བའོ། །རྣམ་པར་རིག་པའི་འོད་གསལ་ལ། །ཐིམ་པ་ཐམས་ཅད་སྣང་བ་ནི། །ཕྱི་ནང་མུན་པ་ཐམས་ཅད་སྦྱངས། །ནམ་མཁའ་ལྟ་བུར་མཐོང་བའོ། །ེ་མའོ་དངོས་པོ་མེད་པ་ལས། །སྨོན་དང་སྙིང་རྗེའི་དབང་གིས་ནི། །ཇི་ལྟར་སྣང་བ་མ་བཀག་པའོ།། ་འདུན་པའི་དུས་ན་རིགས་ཀྱི་བུ། །ཡིད་ལ་བྱེད་པ་ཞེས་ཐོབ་སྟེ། །སེམས་གསུམ་བསྐྱེད་ཅིང་མཛའ་བཅུ་གྲོལ། །བརྟེན་པས་གཞི་ཡིས་བར་གནས། །རིགས་ཆེན་འབྱེད་པའི་རྣལ་འབྱོར་ལ། །འཕྲོ་འདུ་ཅིག་པའི་ཏིང་འཛིན་ཐོབ། །སེམས ་གཞི་རྫོགས་ཏེ་མཛའ་བཅུ་ཤེས། །བདག་ཉིད་ཡི་གེའི་ཕྲེང་བར་ནི། །སྣང་བའི་ལྟས་མཐོང་བསོད་ནམས་གཏེར། །དབུགས་ཆེན་འབྱིན་པའི་རྣལ་འབྱོར་ལ། །སེམས་ཅིག་རྫོགས་ཏེ་མཛའ་ཆུབ་ནས། །འཇིག་པ་ལྔ་ཡངས་ཁྱད་པར་ས། །ཡོངས་སུ་མི ་ལྡོག་ཏིང་འཛིན་ས། །འཇིག་རྟེན་ནོར་བུ་རིན་ཆེན་གྱིས། །གང་བར་སྤྱོད་པའི་ལྟས་མཐོང་འགྱུར། །སྒྱུ་མ་སྦྱོར་བའི་སྐྱེས་བུ་སྟེ། །འཁོར་ལོ་སྒྱུར་བའི་ཆ་བྱད་དུ། །རིན་ཆེན་བདུན་དང་དཔུང་ཚོགས་ཀྱིས། །དབང་སྒྱུར་ཐབས་ཀྱི་ཐེག་པ་སྟོན། །ལུང ་ཆེན་ཐོབ་པའི་སྐབས་སུ་ནི། །སེངྒེ་དག་ལ་ཞོན་ནས་ནི། །ཐམས་ཅད་གནོན་པའི་ལྟས་མཐོང་འགྱུར། །སེམས་བདུན་རྫོགས་པའི་ས་ཕར་གནས། །འབྲས་བུ་ཉིད་ལ་ལཾ་ཤེས་པས། །ལམ་གྱི་ཡན་ལག་བདེ་རྫོགས་ཏེ། །གཞན་དག་སྨིན་པར ་བྱ་བའི་ཕྱིར། །ཇི་ལྟར་འདོད་ལྟར་ཐབས་མཆོག་སྦྱོར། །རྩལ་ཆེན་རྫོགས་པའི་སྐབས་སུ་ནི། །ཀུན་སྣང་ཏིང་འཛིན་ཉིད་ཐོབ་སྟེ། །དེས་ནི་ཉི་ཟླའི་ཆད་བསྐོར་བས། །ཐབས་དང་གསོལ་བར་བྱེད་ལྟས་མཐོང། །སེམས་གསུམ་བསྐྱེད་ཅིང་མཛའ་ ་དྲུག་ཆུབ། །གདེང་དུ་གྱུར་པའི་ངོ་བོ་ལས། །དེ་ནས་རྒྱལ་མཚན་སྐྱེས་བུ་དེ། །ཆོས་ཀྱི་རྒྱལ་པོ་གང་དེ་ཡི། །གདུང་འཚོ་བ་དགའ་ལྡན་ཐེག་ཆེན་སྟོན། །མི་གནས་བཅུ་དུས་ཆོ་འཕྲུལ་སྣང། །བཤེས་གཉེན་དམ་པས་བཀའ་སྩལ་པ། །ས་བཅུ་པ་ལ ་གནས་པ་??། །ཆོས་ཉིད་དུ་འཇོག་སྤྱོད་པར་བྱེད། །མ་རྟོག་དང་དུ་མི་གནས་ཏེ། །རྫོགས་པའི་སངས་རྒྱས་མི་བྱེད་དོ། །ེ་མའོ་སྐྱེས་བུ་དམ་པ་བློང། །གང་གི་ངོ་བོ་ཅི་ཕྱིར་ལགས། །སྐྱེས་བུ་དམ་པས་བཀའ་སྩལ་པ། །གསང་སྔགས་དངོས ་པོ་བརྒྱད་ཀྱིས་བཅིངས། །མཉམ་པར་མ་བཞག་པར་དུ་ནི། །སངས་རྒྱས་དགོངས་པ་མྱོང་མ་ཡིན། །སྐྱེས་བུ་དམ་པ་ཁྱོད་ཅི་གུ་།གང་ཞིག་མོས་པ་སུ་ཞིག་གིས། །ཇི་ལྟར་གྲོལ་འགྱུར་ངོ་བོ་ཅི། །སྐྱེས་བུ་དམ་པས་བཀའ་སྩལ་པ། །གྲོལ་བར་འདོད་པས་བླ་མ ་བསྟེན། །རིག་པ་རང་འབྱུང་རང་བཞིན་ནི། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ། །བསོད་ནམས་ཚོགས་ཀྱི་དཀྱིལ་འཁོར་ནི། །ཞིང་ཁམས་རིན་ཆེན་ཡོད་པ་ན། །རྒྱལ་བ་ཀུན་ཏུ་བཟང་པོ་ཡིས། །སྲས་མཆོག་འཇམ་དཔལ་ཆེན་པོ་ལ། །ཇི་ལྟར་རིམས ་ཀྱིས་བརྒྱུད་པ་བཞིན། །དེ་བཞིན་འབྱོར་པའི་ཡོ་བྱད་ལ། །རྣམ་གསུམ་ཚུལ་དུ་ནན་ཏན་བྱ། །བསོད་ནམས་ཚོགས་ཀྱི་དཀྱིལ་འཁོར་རོ། །བཀའ་བསྟོད་ཕོ་ཉའི་དཀྱིལ་འཁོར་ནི། །སངས་རྒྱས་མི་བསྐྱོད་པ་ཡི་ནི། །ཞིང་ཁམས་མངོན་པར ་དགའ་བ་ན། །རྒྱལ་ཚབ་སྐྱེས་བུ་ཀུན་གྱིས་གསུངས། །དེའི་གདམ་ངག་མདོར་བཀོད་པའོ། །རྟགས་དང་རྟེན་ནི་གཞུང་ལྟར་བཤམ། །དུར་ཁྲོད་ཆེན་པོ་རབ་འཇིགས་པའི། །མཆོ་ནི་རྐོང་རྐང་ཐང་དམར་ན། །རི་ནི་བྱིན་ལག་མཆོངས་ཀྱི་རྩེ། །སྟེང་ན ་འདབ་ཆགས་རྒྱལ་པོ་གནས། །རྐེང་རུས་ཐོད་པ་མཁར་དུ་བརྩིགས། །རུ་ལས་ཚོགས་བདག་བསྐྱེད་ནས་ནི། །ཉེ་ནས་ཀྲོ་ཏི་ཤུ་རིམ། །རང་གི་འཁོར་ཚོགས་ལྡན་པ་བསྐྱེད། །དེ་ནས་དཔའ་བོ་ཆེན་པོའི་རུ་ལུ་ཧཱུཾ་གི་འོད་ཟེར་སྤྲོས། །དྲག་པོས་གནས ་ནས་གདུག་པ་དགུག། །ཞལ་དུ་རྡུབས་ཏེ་སྣ་ནས་བཏོན། །གཞོན་ནུ་སྨེ་བརྩེགས་ཞེས་གྱུར་ཏེ། །བསྐྱེད་དང་གཉིས་སུ་མེད་པར་བྱས། །དེ་ལ་མིང་དང་མཚན་བཏགས་པ། །གིང་གི་རྒྱལ་པོ་ཞེས་ཀྱང་བྱ། །ལྷ་ཆེན་ལེགས་ལྡན་ནག་པོ་སྟེ། །ལྷའི་སྡེ་དཔོན་ཀ་རུ ་ན། །ཚོགས་བདག་ཆེན་པོ་བདུད་ཀྱི་རྗེས། དགེ་སློང་ཐར་པ་ནག་པོ་ཡིན། །ཚོགས་བདག་ཆེན་པོ་དེ་གསོལ་ལ། །དཔའ་བོ་ཆེན་པོ་གཤེགས་སུ་གསོལ། །བདག་ཅག་སྐལ་ལྡན་འདུས་པའི་ཚོགས། །སྒོ་འདིར་འཇུག་པར་འཚལ་ལགས་ན། །རྒྱལ་བའི ་སྲས་སུ་བཟུང་དུ་གསོལ། །དཔའ་བོ་ཆེན་པོས་བཀའ་སྩལ་བ། །ཧཱུཾ་ཧཱུཾ་ཧཱུཾ་བྱི་ཤ་བཛྲ་ཀྲོ་ཏ། བཛྲ་ལ་མཎྜ་ལ་ཕཊ། ཏ་ཀེཾ་ཏ་ཀེ་ཕཊ། ཧ་ལ་ཧ་རཾ། ཏིག་སྣ་ཏིག་སྣ་ཁཾ་ཁ་ཏ་ཀྲོ་ཏ་ཡཾ། །ོཾ་ཧཱུཾ་མུཾ། སྐལ་ལྡན་འདུས་པའི་ཚོགས་ཆེན་ཁྱེད། །བདེ་བར་འོངས་སོ ་ལེགས་པར་འོངས། །གྲུབ་པའི་རླུང་སྒོ་གསང་སྒོ་འདིར། །སུ་དག་འོངས་པ་སླར་མི་ལྡོག་།ཚོགས་བདག་ཆེན་པོས་ཡང་གསོལ་བ། །བདག་ཅག་མཛའ་ཡས་སེམས་ཅན་རྣམས། །དོན་གྱིས་སངས་རྒྱས་ཡིན་མོས་ཀྱང། །རྟོག་པའི་དབང་གིས ་འཁོར་བ་ལ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །སེམས་ཉིད་སངས་རྒྱས་ཡིན་པ་ལ། །མུན་པས་བསྒྲིབས་པས་དེ་མི་ཤེས། །བྱང་ཆུབ་སེམས་ཀྱི་ལམ་འདི་ནས། །སངས་རྒྱས་ས་ལ་འཇུག་པར་བགྱི། །དཔའ་བོ་ཆེན་པོས་བཀའ་སྩལ་པ། ་རྡོ་རྗེ་ཅན་གྱི་རྣལ་འབྱོར་ཁྱེར། །རྡོ་རྗེ་ཅན་དུ་ཅིག་ངེས་ན། །གསང་བ་གསུམ་དུ་མཉན་པ་ཉིད། །མི་ཕྱེད་རྡོ་རྗེ་དམ་ཚིག་སྦྱིན། །མི་ཕྱེད་རྡོ་རྗེ་དམ་ཚིག་ནི། །གསང་བ་གསུམ་གྱི་དབྱིངས་ནས་བྱུང། །དཀྱིལ་འཁོར་གསུམ་གྱི་དམ་ཚིག་ནི། །གྲུབ་ན ་འཇིགས་པའི་དུས་མེད་དོ། །ནག་པོ་ཆེན་པོས་ཡང་གསོལ་པ། །ཡེ་ཤེས་རིན་ཆེན་དབུ་རྒྱན་མཆོག་།གཟི་བརྗིད་ཕུང་པོ་བླ་ན་མེད། །སངས་རྒྱས་རིན་ཆེན་ཀུན་འདུས་པ། །རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ། །དབྱིག་གི་ཡེ་ཤེས་གཙོ་མཆོག ་ཉིད། །རྡོ་རྗེ་དམ་པ་མཆོག་འཛིན་པའི། །ཁྱོད་ནི་དམ་ཚིག་གཙོ་ལགས་ཀྱིས། །དབང་ཕྱུག་རྒྱལ་པོས་བདག་དབང་བསྐུར། །དཔའ་བོ་ཆེན་པོ་དེས་གནང་པས། །ོཾ་བཛྲ་ཨ་མྲི་ཏ་ཨ་ཧི་ཧ་སརྦ་མཎྜལ་ཧཱུཾ། །ེ་བེ་ཤེ་ཀ་ཧྲི་ཏ། ནག་པོ་ཆེན ་པོས་ཡང་གསོལ་པ། །བདག་ནི་སྐྱེས་བུ་ཁྱོད་ཀྱིས་དབང་བསྐུར་བས། །སངས་རྒྱས་ཀུན་གྱི་དེ་ཉིད་བདག་དང་བསྐུར། །བཅོམ་ལྡན་ཐམས་ཅད་མཆོག་ཉིད་བདག་ལགས་ཏེ། །མཆོག་ཉིད་བསྒྲུབ་ཕྱིར་དབང་རྣམས་བླང་བར་བགྱི། །དེའི་རྗེས་སུ ་འཁོར་རྣམས་ཀྱིས། །མོས་དང་སྙན་པའི་ཚིལ་གསོལ་ཏེ། སེང་གེར་སྦྲུལ་ཏེ་གདན་དུ་ཕུལ། །ལ་ལས་ལུས་ཀྱིས་རྒྱན་དུ་ཕུལ། །ལ་ལས་ཤམ་ཐབས་དག་ཏུ་ཕུལ། །ལ་ལས་ཐིག་ལེར་ཕུལ་བྱས་ཤིང། །ལ་ལས་བྱུག་པར་མཉེས་བྱས་ནས། །ལ་ལས ་ཕྲེང་བར་མཛེས་པའི་རྒྱན། །ལ་ལས་ཕྱག་མཚན་ཕུལ་ཏེ་གནས། །དེ་ནས་གང་གི་རྒྱལ་པོ་ལ། །མངའ་གསོལ་མཆོད་པའི་ཚུལ་དུ་བསྟག་།ཉེ་བར་སྤྱོད་པ་ལྔ་ཡང་བཞིན། །དམ་ཚིག་དམ་རྫས་བསྔོ་བ་ནི། །དཀའ་ཐུབ་ཆེན་པོ་ཚུར་གསོན་ཅིག་། ་ལེགས་ལྡན་ནག་པོ་མ་རུངས་པ། །རང་གི་རྒྱལ་སྲིད་ལ་གནས་ཏེ། ཁྲིམ་ལ་བཏབ་པའི་དགྲ་བགེགས་རྣམས། །རོལ་གཅིག་དགོངས་ཤིག་དམ་ཚིག་གཙོ། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །བསོ་བྱང་ཁྲམ་ལ་བཏབ་པ་ཡི། །མ་དང་སྲིང་མོ་བུད ་མེད་ལ། དཔའ་བོ་ཁྱོད་ཀྱི་རོལ་མཛོད་ཅིག་།དམ་ཚིག་ཆེན་པོས་མ་གཏང་ཅིག་།ཞེ་སྡང་ཅན་གྱི་བདག་པོ་རྣམས། །སེམས་ཅན་ཀུན་གྱི་སྲོག་འཕྲོག་པ། བསེ་བྱང་ཁྲམ་ལ་བཏབ་པ་ཡི། །ཤ་དང་ཁྲག་ལ་ལོངས་སྟོད་ཀྱིས། །གནོད་སྦྱིན་ཆེན ་པོ་མ་རུངས་རྣམས། །བསེ་བྱང་ཁྲམ་ལ་བཏབ་པ་ཡིས། །གསེར་སོགས་ཡུལ་འཁོར་བླངས་ནས་ནི། །རང་གི་འདོད་པས་ལོངས་སྤྱོད་ཀྱིས། །རྟོག་པའི་རྒྱལ་པོ་རྣམས་གསོན་ཅིག་།བསེ་བྱང་ཁྲམ་ལ་བཏབ་པ་ཡིས། །མགོ་ཐོད་བཅད་ནས་རྟགས ་རྟེན་དང། དགེ་མཚན་རྣལ་འབྱོར་དེས་འདོད་ན། །ཡིད་བཞིན་ལྟ་བུས་དངོས་སྒྲུབ་གསོལ། །རིགས་ངན་སྨེ་ཤ་ཅན་གྱི་ཚོགས། །བ་ལང་གི་ཤ་རྟ་ཤ་དང། །མི་ཤ་རླང་ཆེན་ཤ་སོགས་བཞེས། །སྲིན་མོ་ཁྲག་འཕྲོག་མ་ལུས་ལ། །བསང ་བའི་ཁྲག་ནི་དྲོན་མོ་དག་།བཞེས་ཤིག་དགྲ་བོའི་ཁྲག་ལ་རོལ། །སྤྲུལ་པའི་ཕྲེ་མེན་ཆེན་མོ་རྣམས། །ཐོད་??་དང་འབྲུ་མར་ཁྲག་།ཆད་དང་ཨ་མྲི་ཏར་སྦྱར་བ་ཡང། །རྫུ་འཕྲུལ་སྒྲུབ་པའི་དམ་རྫས་བཞེས། །རིག་ངན་ཆེན་པོ་མ་རུངས་པ།། ་ཤ་ཆེན་བཤང་གཅི་ཁུ་བ་ཁྲག་།དམ་རྫས་འབར་བ་འདི་བཞེས་ལ། །བདག་གི་ནད་རྣམས་བཟློག་ཏུ་གསོལ། །དམིགས་བྱ་འདི་ལ་རིམས་ནང་ཐོང། །སྲིད་པའི་བུད་མེད་མ་རུངས་ཁྱེད། །བྲོ་གར་གླུ་ཚིག་མཆོད་པ་བཞེས། །དམིགས ་བྱ་འཇོ་ཚུལ་སྟོབས་ཀྱིས་འཕྲོགས། །ཤོར་བ་གཞོན་ནུ་བདུད་མོའི་ཚོགས། །རྣལ་འབྱོར་ཆེན་པོའི་བཀའ་འབྱུང་གིས། །སྔགས་སྒྲ་རང་གི་མཆོད་པ་བཞེས། །དམིགས་བྱའི་ཕུང་པོ་རྡུལ་དུ་རློགས། །ལོག་འདྲེན་ཅན་གྱི་གདོན་རྣམས་ཉོན། ། ་ཡང་དག་ནང་དུ་ཀུན་རིག་ན། །ཆེ་ཆུང་ལས་ནི་གང་བྱས་ཀྱང། །གཉིས་ཀྱི་དབང་དུ་མི་འགྱུར་གྱིས། །རྣལ་འབྱོར་དེའི་ལས་འདི་བསྒྲུབས། །གསང་ཚིག་སྟེན་པའི་ཚོགས་རྣམས་ཉོན། །བཤང་གཅི་ཁྲག་དང་སོལ་ཁུའི་གོས།། ་བརྒྱ་འམ་སྟོང་དུ་གོན་ནས་ནི། །ལིང་ག་བཅད་ན་སངས་རྒྱས་འཇིག་།དམ་རྫས་མཆོད་པ་འདི་བཞེས་ལ། །བཅོལ་བའི་ལས་རྣམས་གྲུབ་པར་གྱིས། །མངའ་བདག་ཆེན་པོ་མ་རུངས་པ། །རྡོ་རྗེ་སེམས་དཔའ་ཨི་སྤྲུལ་པ་སྟེ། །ཁྲོ་བ་ཆེན་པོ་གིང ་ཆེན་པོ། །མངའ་བདག་བདུད་ཀྱི་རྒྱལ་པོ་བཞེངས། །རྣལ་འབྱོར་ཆེན་པོ་ངེས་བསྟོད་ཅིང། །ཁྱོད་ཀྱིས་མཐུན་པའི་རྫས་ཕུལ་བས། །སྔོན་གྱི་བསྐལ་པ་བཟང་པོ་ལ། །ཁས་བླངས་དམ་བཅས་མནའ་བོར་བའི། །སྔོན་དུ་རིགས་འཛིན་གོང ་མས་བསྒྲུབས། །ད་ལྟ་རྣལ་འབྱོར་བདག་བསྒྲུབ་ན། །བཾ་རི་ཐོད་པ་མཁར་གྱི་རྩེར། །དུ་མཚོན་ནག་པོ་པུ་རུ་རུ། །མཚོན་ཆ་ནག་པོ་ཆར་དུ་ཕབ། །བདུད་བྱ་ནག་པོ་ལྡིང་ཞིང་འཇུམས། །དུར་ཁྲོད་མང་པོ་རྒྱན་རྣམས་རྫོགས། །མཆེ་གཙིགས་རྔཾ ་ཅན?་ཞལ་གདངས་ནས། །ཁྲོ་བོ་ཁྲོ་མོའི་སྤྲུལ་བར་ཁྲིམས། །སྲིན་པོ་སྲིན་མོ་རྐན་སྒྲ་རྡེབས། །གནོད་སྦྱིན་ཕོ་མོ་འབྲུག་ལྟར་སྒྲོག་།ཟ་བྱེད་ཕོ་མོ་གློག་ལྟར་འགྱུར། །སོ་སོ་མོས་པ་ཐ་དད་པའི། །ཡིད་བཞིན་ནོར་བུ་དམ་ཚིག་ནི། །ཡོངས་སུ་རྫོགས ་པས་བླང་པར་བྱོས། །དེ་ལྟར་མཆོད་བསྟོད་བྱས་རྗེས་ལ། །རང་རྒྱུད་དམ་ཚིག་གིས་གནས་ཏེ། །དེ་དག་རྣམས་ལ་མཐུན་རྫས་བསྔོ། །དེ་ནས་གིང་ཆེན་འཁོར་བཅེས་ཀྱིས། །འབངས་སུ་མཆིའོ་བདག་ལུས་འབུལ། །འབངས་ལ་ནན་ཏན་མ་ཆུང་ཞིག་།དེ ་ནས་སླན་ཆད་བཀའ་བཞིན་དུ། །བཀའ་ལུང་བཞིན་དུ་རྗེས་སུ་བསྒྲུབས། །གལ་ཏེ་བཀའ་བཞིན་མ་བགྱིས་ན། །དམ་པའི་ལུང་ལས་འགལ་འགྱུར་བས། །བདག་ཅག་རྣམས་ཀྱི་མགོ་ལུས་སྙིང། །རུལ་མྱགས་སྐམས་ནས་ཚིག་པར་འགྱུར།། ་མ་སྲིད་བུ་མོ་ཆུང་མ་རྣམས། །འབངས་སུ་དབུལ་ལོ་ཚིག་མ་ཆུད། །དབུས་སུ་མཆིས་སྐལ་མི་ལྡན་གྱིས། །འབར་བའི་དཀྱིལ་འཁོར་མཛའ་ལ་ཞོག་།ཕུད་ལ་འཚལ་སྐལ་མི་ལྡན་གྱིས། །ལྷག་མ་ཞལ་ཆབ་བྲོན་ལ་གསོལ། །ཉེ་གནས་གདུང་མོ་མ ་སྲིད་རྣམས། །དེང་ནས་རྒྱལ་བའི་འབངས་ཡིན་གྱིས། །ཁྱོད་ཀྱི་ཅི་བགྱི་ལས་མཁན་ཏེ། བཀའ་ཨི་ལས་བྱུང་རྟག་པར་མྱུར་དུ་བསྒྲུབས། །རུ་ལུ་རུ་ལུ་བྷཡོ་ཞེས་པས། །རང་གི་སྲོག་ལ་ཚང་དུ་བཞག་།དཔའ་བོ་ཆེན་པོས་བཀའ་སྩལ་པ། །བརྩེ? ་བར་བྱེད་ན་མར་བྱའོ། །གདུད་བར་བྱེད་ན་སྲིང་མོ་སྟེ། །བརྩོན་པར་བྱེད་ན་བྲན་དུ་བྱ། །བྱང་ཆུབ་དག་ནི་བུར་བྱའོ། །བདུད་བྲལ་མེད་ན་སློབ་མར་བྱའོ། །བསྐུལ་བ་མགྱོགས་ན་ཕོ་ཉ་བྱའོ། །བཀའ་བཞིན་བྱེད་ན་བཀའ་ལ་གདགས། །རྡོ་རྗེ ་ལྗགས་ཀྱི་འོད་ཟེར་ལས། །རག་ཤ་ཤྲི་རཾ་ཧེ་རུ་ཀ་།རུ་ཏྲ་མ་ཏྲ་ཧ་ཧཾ་ཞེས་བསྡུས་ཏེ་བཟླས་པ་བྱ། །བསྙེན་པ་བཟླས་པ་འབུམ་བྱས་ལ། །དོན་ཆེན་བརྩལ་པ་ཞེས་སུ་བཤད། །ཐུན་མཚམས་ཀུན་ཏུ་མཆེད་པ་ཡང། །དུང་ཆེན་ལ་སོགས་བཏང་བར ་བྱ། །དོན་ཆེན་རྙེད་པར་གྱུར་ནས་ནི། །སྣའི་བུ་གའི་ཧཱུཾ་རིངས་ལས། །ཁྲོ་བོ་གིང་གི་རྒྱལ་པོ་སྟེ། །ལས་ཀྱི་རྒྱལ་པོ་སྲོག་བདག་ནི། །ལྗང་སྔོན་དྲག་པོ་གསལ་ཞིང་ཅན། །སྤྲོས་དང་གཉིས་སུ་མེད་པར་བསྟིམ། །རྒྱུ་ཞགས་ཁར་ནག་སྐུད་པ་འམ། །མཐིང་ནག ་དར་ཆེན་འབར་བ་ལ། །ཕྱི་མའི་རི་ལུ་གསུམ་སྤྲུལ་ཏེ། །རང་གི་ལག་པ་གཡོན་པར་གཟུང། །གཟུང་ཐག་བླངས་ཏེ་སྔགས་བཟླས་པ། །ཉེ་བའི་བསྙེན་པ་འབུམ་དུ་བཟླས། །དོན་ཆེན་བསྙེན་པར་གྱུར་པ་ཡི། །དེ་ནས་དོན་ལ་འཇུག ་པར་བྱ། །རང་གི་ལག་པ་གཡོན་པ་ཡི། །ཐུམ་པོ་བར་པ་ཁ་ཕྱེ་ནས། །མཁར་གྱི་ནང་དུ་ཕོ་ཉས་བསྐུལ། །འབུམ་དུ་སྒྲུབ་པ་དག་ནི་བཟླས། །དེ་ནས་ཚོགས་ཀྱི་མཆོད་པ་ནི། །གསུམ་དུ་བྱས་ཏེ་དབུལ་བྱས་ནས། །གདེང་དུ་གྱུར་པའི་གསང ་སྔགས་མཆོད། །བསྒྲུབ་པ་ཆེན་པོ་འབུམ་དུ་བཟླས། །ཕོ་ཉ་མངའ་གཞུག་བདག་དཀྱིལ་འཁོར། །འབྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་ནི། །སྟུག་པོ་བཀོད་པའི་ཞིང་ཁམས་ན། །རྣམ་དག་ལམ་གཤེགས་རྒྱལ་བ་རྣམས། །རྐོང་རྐང་ཐད ་མར་རྒྱ་མཚོའི་དེ། །འགྲུབ་ཁུང་དྲག་ཤུལ་ཅན་གྱི་གནས། །རྡོ་རྗེ་ཐབས་ཀྱིས་བལྟ་བའི་ཡུལ། །དུར་ཁྲོད་བདག་པོ་ཚོགས་དང་བཅས། །བདག་ནི་བཀའ་ཨི་ལས་མཁན་ཏེ། །བཀའ་ཡི་ལས་ཀྱི་དུས་བྱུང་བས། །སངས་རྒྱས་ཀུན་གྱིས་གདུལ ་བཀའ་བ། །དེ་དག་མ་ལུས་བདག་གིས་གདུལ། །བཀའ་ལས་དེ་དག་མདོར་བཀོད་པའོ། །ལྷོ་ཕྱོགས་ལས་ཀྱི་མཎྜལ་སུམ་རྩེག་ལ། །དང་པོ་ཐོད་པའི་ཕྲེང་བས་བརྒྱན། །དེ་འོག་མཚོན་ཆའི་ཆར་གྱིས་སྤྲེས། །དེ་འོག་མེ་རི་འབར་བས ་སྤྲས། །ནང་དུ་རྒྱལ་སོལ་ནག་པོ་བྱུགས། །དེའི་ནང་དུ་ལིང་ཀ་ནི། །ཇི་ལྟར་བའི་ཚུལ་གྱིས་བཞག་།ཡན་ལག་ཕྱག་རྒྱ་བཞི་ཡིས་བརྒྱད། །ཁོ་རན་དང་པོར་འཕྲ་མེན་མཁར་མ་ལ་ནི་མགོ་མཉན་ཏེ། །ཐ་མ་ལ་ནི་སྲིན་པོ་ཚོགས།། ་གདུག་པའི་ཆེར་མའི་པུར་བུ་ལ། །མཚོན་པར་བྱས་ཏེ་རྣམ་པར་བཀོད། །མགུལ་ནས་གདགས་ཤིང་རྟེན་ལ་འདུད། །དེ་ནི་?་སྒྱུར་བ་ཡི། །གཏོར་མ་ལ་སོགས་མཆོད་པ་རྣམས། །མཉེས་ཤིང་མགུ་བ་གཞུང་བཞིན་བྱ། །ཇི་སྲིད་མཚན ་མ་རྙེད་ཀྱི་བར། །ལས་ལ་སྦྱོར་བ་དྲུག་པའི་སྔགས། །རྔམ་པའི་ད་རོས་གདོན་པར་བྱ། །མཉེམས་ལ་སོགས་པ་གཞུ་དཔེར་གསོལ། །དེ་ནས་ཕོ་ཉ་མདག་པར་བྱ། །འདི་ཐ་དག་པོ་མི་བཟད་པའི། །རྟོག་པ་མེད་པའི་རྒྱལ་པོ་ལས། །རྡོ་རྗེ་ལྕགས་ཀྱི་འོད་ཟེར་གྱིས།། ་བཛྲ་ཀྲོ་ཏ་ལ་ས་མ་ཡ། །ཁྲོ་བོ་རྒྱལ་པོ་སྤྲིན་ཕུད་པོ། མདག་གཞུག་ཐོ་ཉར་སྤྲོ་བར་བྱ། །རག་ཤ་ཛཝ་ལ་ས་མ་ཡ། །སྔོན་པོ་མདག་པའི་དྲག་སྔགས་སོ། །གནོད་སྦྱིན་རྦད་པའི་དྲེག་སྔགས་སོ། །ཙིཏྟ་ཛཝ་ལ་ས་མ་ཡ། །ཟང་བྱེད་བསྐུལ་བའི་ཕོ་ཉའོ། །སྔགས་དང་མང་དུ་སྤེལ་ནས་ནི། །ཁྲོས་པས ་ཁྲི་འམ་འབུམ་དུ་བཟླས། །དུང་ཆེན་བཏང་ལ་བསྐུལ་བ་ནི། །སྔོན་ཚེ་དཔལ་ཆེན་ཉིད་ཀྱི་བཀའ་། །དེ་ནས་རྣལ་འབྱོར་རིགས་རྒྱུད་བཀའ་། །ད་ལྟ་རྣལ་འབྱོར་བདག་སྒྲུབ་ཀྱིས། །ཁས་བླངས་དམ་བཅས་བརྗེད་དམ་ཅི། །དམ་བཅས་བཞིན་དུ་ཕྲིན་ལས་མཛོད།། ་ཇི་ལྟར་མ་བྱམས་བུ་ལ་གདུང་བ་བཞིན། །དམ་ཚིག་ཅན་ལ་དུང་དུང་གདུང་བར་གྱིས། །གང་དུ་སིང་བྱམས་མིང་ལ་གདུང་བ་བཞིན། །དམ་ཚིག་ཅན་ལ་ལྟར་ལྟར་བརྩེ་བར་གྱིས། །མཛའ་བོ་གྲོགས་ལ་ཇི་ལྟར་གདུང་ཚུལ་བཞིན། །རྣལ་འབྱོར་ཅན་ལ། ་ཀྲིལ་ཀྲིལ་བརྩེ་བར་གྱིས། །ཇི་ལྟར་གཡོག་བྱམས་དཔོན་ལ་སྙིང་བརྩེ་བཞིན། །དམ་པ་རྣམས་ལ་མཉེས་པར་ཉེ་པར་གྱིས། །རྒྱལ་པ་ཀུན་གྱི་ཆོ་སྐུ་པདྨའི་གདུང། །ཆོས་རྗེ་འོད་དཔག་མེད་ལ་རྡོ་རྗེ་ཆོས། །སྤྱན་རས་གཟིགས་སྤྲུལ་ཧྲི་ལས ་?་ཚུལ་སྟོན། །ངག་གི་དབང་ཕྱུག་རྟ་གདོང་ཞབས་ཀྱིས་གནོན། །འཇིགས་བྱེད་ཆེན་པོ་འབར་བ་ལ། །སྔོན་བ་འབར་བའི་རལ་པ་ཅན། །དབུ་དགུ་ཕྱག་ནི་བཅོ་བརྒྱད་པ། །རྡོ་རྗེ་གཤོག་པས་བར་སྣང་ཁེབས། །པ་སྤུ་ལྕགས་ཀྱུ་བསྲེག་འདྲ་ཡི།། ་སྔ་མ་དང་སྡིག་དང་སྨིག་པ་སྤྲུལ། །འཇིགས་པའི་གཟུགས་ཀྱི་ས་གཞི་ཁེབས། །ཐོགས་སྐྱོབ་ས་སྟི་རུ་རྒྱུ་ཞགས་དང། །ཉི་ཟླ་ཁྱུད་དང་འུག་པ་ཁྲ། །རྡོ་རྗེ་མདུང་རྩེ་གསུམ་པ་དང། །ཟ་མ་ཏོག་དང་རྡུལ་ཡབ་རྔ། །རི་རབ་ཕྱི་བསྐོར་སྟོང་གསུམ་འབེན། ། ་?་དང་འབུམ་གྱིས་བརྒྱན་གྱིས་ཀླུབས། །དུས་མཛའ་བསྐལ་པའི་མེ་ལྟར་འབར། །ཁྲོ་གཉེར་སྡང་མིག་འབར་བ་ནི། །ཉི་ཤུ་རྩ་བདུན་སྤྱན་རས་གཟིགས། །ཞབས་ཀྱིས་འབར་བའི་ལྷ་བརྒྱད་གནོན། །རྡོ་རྗེ་སྲིན་པོ ་ཁྲོ་བོར་གྱུར། །ལྷ་དང་བདུད་ལས་རྣམ་པར་གྲགས། །མི་མཆོག་ཐུགས་ཀྱི་སྤྲུལ་པ་ལས། །ལྷ་ཆེན་ནག་པོ་མི་བཟད་པ། །མཚོ་ནི་རྐོང་རྐང་ཐང་དམར་ན། །རི་བོ་བྱན་ལག་མཆོངས་ཀྱི་རྩེ། །མ་ལ་ཡའི་རྩེ་ལ་ལྷགས། །སྐུ་གསུང་ཐུགས ་ཀྱི་རྡོ་རྗེ་ལས། །སྤྲུལ་པའི་སྲས་མཆོག་རྡོ་རྗེ་འཛིན། །གཞོན་ནུ་བྱེ་བ་ས་ཡར་མཛད། །བཾ་རི་ཐེད་པ་མཁར་གྱི་རྩར། །མགོན་པོ་ཐུགས་ཀྱི་སྤྲུལ་པ་ནི། །བདུད་ཀྱི་སྤྱོད་ཡུལ་ཀུན་མཛད་དེ། །དྲག་ཏུ་མདག་ཅིང་བསྐུལ་བའི་ཚེ། །འཇིག་རྟེན ་ཁམས་ཀུན་འཕུང་བར་བྱེད། །ཐམས་ཅད་དབྱར་གྱི་སྤྲིན་ཕུང་བཞིན། །ནམ་མཁའ་ཨི་དབྱིངས་ཀྱི་མཛའ་ཀླས་པར། །བཾ་རི་ཐོད་པའི་རྩེ་ལ་ལྷགས། །མཐུན་འཇུག་ཐབས་ཀྱི་ཆ་བྱུང་དུ། །བཾ་རི་ཐོད་པ་མཁར་གྱི་རྩལ། ཁྲག་དང་བཤང་གཅི་ཤ ་ཆེན་དང། །རྐང་དང་ཀླད་པ་ཀླང་རྒྱས་དང། །རྣག་དང་ཆུ་སེར་ལ་སོགས་པའི། །འབུ་དང་ཤིན་ཏུ་འབུ་ཆེན་པོ། །སྦྲག་མ་སྦྲང་རྒོད་བུང་བ་དང། །སྤྲུལ་དང་སྡིག་པ་སྡོམ་ལ་སོགས། །ཅི་སྦྱང་སྟག་སེང་ལ་སོགས་པའི། །གདུག་པ་ཅན་གྱི་འཁོར་གྱིས ་བསྐོར། །ལྷའི་སྡེ་དཔོན་ཀ་རུ་ནའི། །བུ་མོ་ཆུང་མ་མ་སྲིད་དང། །འཇིག་རྟེན་དབང་ཕྱུག་ལྷ་ཆེན་གྱི། །མ་སྲིང་བུ་མོ་ཆུང་མ་རྣམས། །ཕྱོགས་ནས་དབང་དུ་བྱས་པ་རྣམས། །ཟླས་དང་བྱི་མོ་བྲན་མོའི་ཚོགས། །བཅུ་གཉིས་དང་ནི་བརྒྱད་ལ་སོགས ་མ་མོ་འཕྲ་མོ་ན་གནོད་སྦྱིན་མ། །སྲིན་མོ་ཤ་ཟ་ཁྲག་འཕྲོག་མ། །བདུད་ཀྱི་མིང་འཛིན་བླ་ཀུན་མ། །དམ་ཉམས་འདིའི་བླ་ལ་ཡང། །བློན་པོ་སྡེ་དཔོན་སྡེ་དཔོན་མོ། །རུ་མཚོན་ནག་པོ་ཕྱར་ནས་ནི། །རུ་དཔོན་ཕོ་ཉ་མདག་པར་བཅས། །རང་རང ་སྟན་དང་ལག་ཆར་ཆས། །ཅི་བགྱི་བཀའ་ཉན་བཀའ་སྟོང་འཁོར། །སྦད་དང་རྔམ་པས་དགྲ་སྙིང་ཁོས། །སྲིད་པའི་བུ་མོ་དྲི་ཟ་བརྒྱད། །སྟག་སེང་ཅེ་སྤྱད་བཞད་སོགས་དང། །དུར་བྱ་རོག་པོ་འུག་པའི་ཚོགས། །བསྟོད་ཅིང་རྔམ་པའི་ཚུལ་དུ་འཁོད། །ཉམས་པ་འདིའི ་སྙིང་དཀྱིལ་དུ། །ཆོ་འཕྲུལ་སྣ་ཚོགས་ཁྱེད་ལ་བསྲེགས། །སྲིན་མོའི་ཉེ་གནས་ཆེན་མོ་བརྒྱད། །ཀེ་རི་ཙེ་རི་ཕྲ་མོ་ཧ། །བེ་ཏ་ལི་དང་པུ་ཀ་སི། །གྷསྨ་རི་དང་སྨ་ཤ་ནི། །མཎྜལ་ལི་ལ་སོགས་པ་ཡིས། །སྲོག་ལ་ཧུར་ཐུམས་དུས་ལ་བབ། །དུར་ཁྲོད་སའི་སྒོ ་སྲུངས་པ་ནི། །བརྩོན་མོ་གདོང་མོ་གར་ལ་གམ། །དེ་བཞིན་འཇུག་མོ་ཆེན་མོ་བཞི། །གསང་སྒོ་འཛིན་ཅིང་བཀའ་སྒོ་སྲུང། །རྣལ་འབྱོར་འཁོར་དེད་བཅས་པ་ལ། །བར་ཆད་བསྲུང་བའི་དུས་ལ་བག། དམ་ཉམས་འདིའི་ཡན་ལག་ཆིངས། །དུར་ཁྲོད་བདག ་མོ་གྲུབ་འདེབས་མ། །རྐམ་མ་ཤིན་ཏུ་རྐང་མ་དང། །ར་རོ་མ་དང་ཁྲག་མཐུང་མ། །ཆགས་པས་མྱོས་པའི་མདངས་ཀྱིས་འཁོར། །དམ་ཉམས་འདིའི་དབུགས་ལོང་ལ། །སྨྱོ་འབོགས་གཏང་བའི་དུས་ལ་བབ། །ཉམས་སུ་མྱོང་བར་ཁྲོས་དུས་ནི། ། ་སྔོན་དུ་སྙེན་ཕུལ་མངའ་གསོལ་བའི། །མཚོན་ཆ་ནག་པོ་ཐོགས་ནས་ནི། །སྐབ་དེར་ཐུན་གཟེར་བརྡེག་པར་བྱ། །བདེ་གཤེགས་རྒྱལ་བ་མ་ལུས་ཀྱིས། །མར་ཀུ་ལྟ་བུའི་སྙིང་པོ་གསུངས། །དེ་འདྲའི་བསྟན་པ་དམ་པ་ལ། །སྒྲོ་སྐུར་རྣལ་འབྱོར ་ཡོངས་ལ་འཚེ། །ད་ལྟ་རྣལ་འབྱོར་ང་ཡི་དགྲ། །ཕོ་ཉ་མདག་གཞུག་མ་ལུས་ཀུན། །འདི་ལ་དམ་ཚིག་མ་གནས་ཀྱིས། །དྲག་པོ་ལས་ཀྱི་ཐུན་ལ་བབ། །རྡོ་རྗེ་གཞོན་ནུ་སྨེ་བ་བརྩེགས། །མཐིང་ནག་ཁྲོ་གཉེར་རལ་པ་ཅན། །འབར་བ་ཆེན ་པོ་གར་དགུ་མཛད། །དུར་ཁྲོད་བདག་པོ་ཇི་བཞིན་དུ། །དབུ་དང་ཕྱག་ཞབས་དེར་མཛད་དེ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །རྡོ་རྗེ་ཟླ་རྩལ་ཉི་མའི་མདངས་ཅན་དང། །རྡོ་རྗེ་སེང་གེ་ནམ་མཁའ་ཨི་རྡོ་རྗེ་དང། །རྡོ་རྗེ་སྤྱང་ཀི་རྡོ་རྗེ་དུས་མཚམས ་དང། །རྡོ་རྗེ་ཕྱོགས་འདུལ་རྡོ་རྗེ་དུར་ཁྲོད་བདག། །རྡོ་རྗེ་རོ་ལངས་རྡོ་རྗེ་མ་རུངས་པ། །ལེགས་ལྡན་ནག་པོ་བདུད་ཀྱི་རྗེ། །གསུང་གི་ངར་དྲག་པོ་མི་བཟད་པ། །འུར་འུར་ཆེམ་ཆེན་དྲག་པོའི་སྒྲ་དང་ལྡན། །རབ་ཏུ་བརྩིགས་པའི་སྐུ་ནི་མི་ཟད་པ།། ་མགུལ་ལྡག་རབ་གཡས་དགྲ་ལ་ཐུན། །དཔའ་ཨོ་ཁྱེད་ཀྱི་ཤེས་རབ་མ། །བཾ་རི་ཐོད་པ་བརྩེགས་པའི་དབུས། །གནམ་ལྕགས་འབར་བའི་གཟེར་ཆེན་གྱིས། །བརྟན་པར་བཏབ་པའི་ནང་བདག་མོ། །ཉེ་གནས་ཀྲོ་ཏི་ཤྭ་རི་མ། །ཐོད་སྐྱོགས་ཁྲག་གིས ་བཀང་བ་དང། །འབྲུ་མར་རྫས་ལྔ་ཚང་སྦྱར་བ། །རྟག་པར་རང་གི་ལོངས་སྤྱོད་འཛིན། །ཆགས་བས་མྱོས་ཤིང་རྐང་པ་ནས། །ཆེས་འགའ་དྲག་ཏུ་བསྐུལ་བའི་ཚེ། །སྔགས་སྒྲ་དྲག་པོ་མི་བཟད་པས། །རང་ལ་རང་ཡང་བརྩིག་ཅིང་འདུམ། །སྲིན་པོ་སྲིན ་པོའི་ཚོགས་རྣམས་ཀུན། །དྲག་པོར་སྔགས་དྲག་ངས་བཟླས་ཤིང། །གདུག་པའི་ལུས་ཅན་མཚོན་ཆར་བཅས། །གླང་པའི་དཀྱིལ་དུ་རྒྱབ་པ་ཡིས། །རྐང་པའི་མཐིལ་དུས་མ་ཡ། ། བི་ར་ཙའི་གནག་པ་ཡིན། །ཐུན་འཇུག་ཁྲིད་པའི་སྦྱོར་ཐབས་ཀྱིས ་?་རྩ་ལྔའི་མདངས་སྦྱོར་བས། །གཤུང་བ་ལྔ་ནི་བདུད་རྩིར་བསྒྱུར། །བྱས་ལ་མི་རྩོགས་ཕྲིན་ལས་དང། །སྤྱོད་ལམ་ཆགས་ཡེ་ཤེས་ཀྱིས། །ཐམས་ཅད་སྟོང་ཞིང་རྡོ་རྗེ་སྦྱངས། །སྒྱུ་མའི་ཕུང་པོ་ལྷག་མ་ལ། །ཁྲོ་བོ་ཁྲོ་མོས་རྟ་པྲ་བརྡུང། །འདོད་ཆགས ་རྡོ་རྗེ་ཞེ་སྡང་གཏི་མུག་གསུམ། །མནན་ནོ་མནན་ནོ་འོག་ཏུ་མནན། །ཤ་ཁྲག་རུས་སྤུངས་ལྷག་མ་རྣམས། །ཟ་བྱེད་ཆོ་གས་ཀྱི་ཞལ་དུ་བཏབ། །ལས་རྣམས་གཞན་ཡང་བསྟན་བྱའི་ཕྱིར། །དྲག་པོའི་ལས་རྣམས་སྒྲུབ་པ་ནི། །ནག་པོ་ཕྱིར ་ལ་སྦྱོར་གོམས་པས། །དྲག་པོ་ཡི་ནི་སྦྱིན་བསྲེག་བརྒྱད། །རྣལ་འབྱོར་ཁྲོས་པའི་སེམས་ཀྱིས་བྱས། །ལིང་ག་བཅད་ཅིང་བསྲེགས་པས་ན། །སངས་རྒྱས་ཉིད་ཀྱང་འཇིག་འགྱུར་ན། །གཞན་ལྟ་སྨོས་ཀྱང་ཅི་ཞིག་དགོས། །འབྲུབ་ཁུང་ལས ་ཀྱི་དཀྱིལ་འཁོར་རོ། །གཏང་ཁྲམ་གནན་པའི་དཀྱིལ་འཁོར་ནི། །གདུག་འདུལ་ཞིང་ཁམས་ཆེན་པོ་ནི། །སྟོན་པ་གསང་བདག་ཉིད་ཀྱིས་གསུངས། །དེའི་གདམས་ངག་རྒྱུད་བ་ནི། །སློབ་དཔོན་ཧཱུཾ་ཀ་ར་ཡི་ནི། །དེའི་གདམ་ངག་མདོར་བཀོད་པའོ། །གོང་དུ་ལས ་ལ་སྦྱོར་བ་ན། །ས་སྣ་བདུན་གྱིས་འདག་པ་ལས། །ཚད་ལྡན་པའི་མཁར་བྱས་ལ། །སྟེང་དུ་བྱ་ཁྱུང་རྒྱལ་པོ་བྱ། །ནང་དུ་མགོན་པོ་ནག་པོ་སྟེ། །མཆེ་གཙིགས་ཞབས་ནི་བགྲད་པའི་འོག། །སྦྱིན་སྲེག་བྱས་པའི་ཐལ་བ་དང། །དྲི་མ་ལ་སོགས་རྗེས་རྣམས ་ལ། ལིང་ག་མིང་བྱང་བྲིས་ཏེ་བཞག་། ར་མ་རུ་ཤ་དང་ནི། །ཀྲ་སྣེ་སྐུ་ར་བཞི་ཆད་ཡི། །ཐོད་པ་ཁ་སྦྱར་ཞགས་པས་གསུམ། །ཀ་རུ་ནའི་ཕྱག་རྒྱ་དང། །གནམ་ལྕགས་འབར་བའི་གཟེར་ཆོན་གྱིས། །བླངས་ཏེ་དུར་ཁྲོད་ནག་པོའི་ཚལ། །མི་མཐུན ་འདུས་པའི་སར་སོང་ལ། །གཏོར་མ་ལ་སོགས་རྔན་པས་མཆོད། །གྲུ་གསུམ་ཁྲུ་དོ་རྐོ་བྱས་ལ། །གོང་གི་མཁར་ཆེན་བཅུག་ནས་ནི། །གཡམ་པ་ནག་པོས་ཁ་བཅད་ནས། །རྡོ་རྗེ་རྒྱ་གྲམ་གྱིས་མནན་བྱ། །ཆུ་མིག་ནག་པོ་མ་རུངས་དང། །ལྷ་ཁང ་མགོན་པོའི་ཞབས་འོག་ཏུ། །མནན་པ་བྱས་ཀྱང་འགྲུབ་པར་གསུངས། །གཏད་ཁྲམ་མནན་པའི་དཀྱིལ་འཁོར་རོ། །དེ་གཏིང་སྒྲུབ་པའི་གནས་ཕྱིན་ནས། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །སྤྱན་དྲངས་ལྷ་རྣམས་མ་ལུས་ལ། །མཆོད ་བསྟོད་བཤགས་པ་བྱ་བ་དང། །གཏང་རག་ལྷག་མིའི་གཏོར་མ་གཏང། །དེ་ནས་དབྱིངས་སུ་ཅི་བདེར་གཤེགས། །བསྐྱེད་པའི་ལྷ་རྣམས་ལུས་ལ་བསྡུ། །མཚམས་དང་ཕྱག་རྒྱ་ལ་སོགས་ལ། །ངོ་བོ་ཉིད་ཀྱིས་དགྲོལ་བར་བྱ། །སྨོན་ལམ་གདབ་ཅིང་སྤྱོད་ལམ་ལ ་སྒྱུ་མའི་ཚུལ་གྱིས་ཅི་བདེར་སྦྱང། །གྲུབ་དང་ལུང་བསྟན་མ་ཐོབ་ཀྱང། །བདག་པས་བློ་དམན་ཆེད་དུ་ནི། །དཀྱིལ་འཁོར་བ་དན་པའི་སྒྲུབ་ཐབས་ཕྱེ། །ཚང་མ་དང་ལྡན་མཁས་པ་རྣམས། །བདག་གི་བློ་ལ་མི་བྱ་ཞིང། །མཁས་པ་རྣམས་ཀྱི་བཟོད་པ ་བཞེས། །འདི་བརྩམས་འདི་ལ་མོས་པ་རྣམས། །རྡོ་རྗེ་སེམས་དཔའ་ཉིད་ཐོབ་ཤོག། །སློབ་དཔོན་ཆེན་པོ་སྟི་ར་མ་ཏིས་དགོངས་པ་ལས། རྡོ་རྗེ་བཀོད་པའི་རྒྱུད་བསྟན་པ་བསྲུང་བ། །རྣལ་འབྱོར་ཡོངས་ཀྱི་མགོན་པོ་ལེགས་ལྡན་ནག་པོའི ་སྒྲུབ་ཐབས་ཀྱི་དཀྱིལ་འཁོར་བདུན་གྱི་རིམ་པ་རྣམ་པར་ཕྱེ་བ་སློབ་དཔོན་སྣང་མཛད་མྱུ་གུས་མཛད་པ་རྫོགས་སོ།། །།འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་ཀྱི་རྒྱུད་ལོང་པའི་ཡུལ་ན་དཔལ་འབྲས་ཀྱི ་