| Wylie | e-texts based on the ACIP/ALL Input |
མེད་ཙམ་བྱིན། །བདག་གིས་སྙིང་ནས་སྨོས་ཀྱང་བདུད་མ་གཟིགས་ན། ས་གསུམ་ཀུན་ལ་སྙོམས་པར་དམ་ནི་མ་བཅས་སམ། །བདག་ལ་སྐལ་པ་མེད་ཀྱང་ཐུགས་རྗེས་ཅི་མི་གཟིགས། །སེམས་ཅན་མིན་ནམ་དབུལ་བའི་སྡུག ་སྔལ་བྲལ་བར་མཛོད། །བདག་གིས་པོས་པས་ཁྱོད་ཀྱི་ཐུགས་རྗེའི་ཞགས་པ་ཡིས། །སྲིད་འདིར་དབུལ་ཕོངས་སོལ་ལ་བདེ་ཆེན་གནས་སུ་དྲོངས། །འཇིགས་འཇིགས་འཇིགས་པ་རྨི་བྱེད་ཁྱོད་ཀྱིས་བྱིན་བརླབས་ཏེ། འདི་དང་ཕ་རོལ་གཉིས ་ཀར་རྟག་ཏུ་སྐྱབ་བར་མཛོད། །རྨུགས་འཛིན་འཚོལ་པའི་མན་ངག་གི་བསྟོད་པ། །བླ་མ་དྷ་བྱང་ཆུབ་སེམས་དཔས་མཛད་པ་རྫོགས་སྟོ། །ཁ་ཅིག་སློབ་དཔོན་ཉི་མ་སྤས་པས་མཛད་ཞེས་ཀྱང་ཟེར་རོ། །རྒྱ་གར་སྐད་དུ། དེ་པི་བ་སུ་དྷ་རཱི་ ་སྟོ་ཏྲ། །བོད་སྐད་དུ། ལྷ་མོ་ནོར་རྒྱན་མ་ལ་བསྟོད་པ། ལྷ་མོ་ནོར་རྒྱུ་མ་ལ་ཕྱག་འཚལ་ལོ། །ོཾ་མ་བུམ་པ་རིན་ཆེན་གཏེར་ལྡན་སྟེ། དེ་སྟེང་སྐྱོན་བྲལ་ཉི་མའི་དཀྱིལ་འཁོར་ལ། །གདོད་ནས་དག་པས་སྐུ་མདོག་གསེར་ལྟ་བུ། མ་བཅོས ་རང་བཞིན་བྱིས་པའི་གཟུགས་འདྲ་པ། །སྙེན་མགུར་ཕྱག་ཞབས་རིན་ཆེན་ཕྲེང་བས་བརྒྱན། །ཟླ་རྒྱས་ལྟར་མཛེས་འཕགས་མའི་སྐུ་ལ་འདུད། བརྩེ་ལྡན་སྟེན་པ་གྲུབ་པའི་ཚུལ་མདའ་བ། པད་མའི་ཞབས་མདའའགག ་མེད་སེངྒེའི་སྦྲས། །འགྲོ་བའི་སྡུག་བསྔལ་མ་ལུས་སེལ་བྱེད་མ། །དཔལ་ལྡན་ལྷ་མོ་ཁྱོད་འདྲའི་གསུང་ལ་འདུད། །ཚོགས་གཉིས་མཐར་ཕྱིན་ས་བཅུ་རིམ་བགྲོད་ནས། །ཐུགས་རྗེའི་དབང་གིས་སེམས་ཅན་རེ་འདོད་བསྐྱོད།། ་སྤྲོས་པའི་མཛའ་བྲལ་བདེ་བ་ཆེན་པོའི་ངང། ཡང་དག་དོན་རྟོགས་ལྷ་མོའི་ཐུགས་ལ་འདུད། །ཕྱག་གཡས་མཆོད་སྦྱིན་བི་ཛ་ཕ་ལ་ཡིས། །འཇིགས་པ་བརྒྱད་སྐྱོབ་འགྲོ་རྣམས་དབང་དུ་བསྡུད། །དབུལ་བསེལ་ཞིང་མཁའ་སྤྱོད ་འདྲེ་ན་མཛད་པ། གཡོན་པ་ཐུགས་ཀ་རིན་ཆེན་སྙེ་མ་འཛིན། །དགེས་འདོང་རེ་སྐོང་དཔག་བསམ་ཤིང་ལྟ་བུ། །ཡིད་བཞིན་ནོར་འདྲ་ཁྱོད་ལ་ཕྱག་འཚལ་འདུད། །བདག་གིས་ཁྱོད་ལ་རྟག་ཏུ་མཆོད་བྱེད་ཅིང། །གུས་དང་བཅས་པའི་སེམས་ཀྱིས་རབ་བསྟོད ་ན། །གདོང་ལ་མཆི་མས་རབ་ཏུ་གོས་གྱུར་ཀྱང། །དབུལ་བའི་སྡུག་བསྔལ་སྐད་ཅིག་མ་འདོར་ན། སྔོན་གྱི་ཐུགས་རྗེའི་སྨོན་ལམ་གང་དུ་ཐལ། །ལས་ཀྱིས་འཕྲོ་མེད་སྦྱིན་ཤུགས་ཟད་པ་ཡིན། །ཕུན་སུམ་ཚོགས་པའི་སྐལ་པ་མེད་གྱུར་ཀྱང། །ཚེ་འདིར ་ཕོངས་པས་ལོག་འཚོ་སྤོང་ཙམ་གྱི། །ཐུགས་རྗེའི་ཐིགས་པ་འགའ་ཙམ་ཅིས་མི་སྦྱིན། །དུས་འདི་ནས་བཟུང་ཚེ་རབས་ཐམས་ཅད་དུ། །འཕགས་མ་ནོར་རྒྱུན་མ་ལ་མཆོད་བྱེད་ཅིང། །ཐེག་ཆེན་གསང་སྔགས་ཆོས་ལ་སྤྱོད་པ་དང། བླ་མ་རྡོ་རྗེ ་འཛིན་པའི་བཀའ་ཉན་ཅིང། །དབྱེར་མེད་ཕྱག་རྒྱ་ཆེན་པོའི་དོན་རྟོགས་ཤོག་།རྟ་དང་གླང་པོ་རིན་ཆེན་གོས་རྣམས་འགྲུབ་པ་དང། །ཁྲུས་ཀྱི་རྫིང་བུ་རིན་ཆེན་བང་མཛོད་དང། །འདོད་འཛོའི་བ་དང་མ་རྨོས་འབྲུ་རྣམས་ལ། །རྟག་ཏུ་ཆོས་དང་ལྡན ་པའི་ལོངས་སྤྱོད་ཤོག་།པཎྜི་ཏ་ཛ་མཱ་རིས་ལྷ་མོ་ནོར་རྒྱུན་མ་ལ་བསྟོད་པ་རྫོགས་སོ།། །།ཛ་མ་རིའི་རད་འགྱུར་རོ།། །། *། །རྒྱ་གར་སྐད་དུ། མ་ཧཱ་ཡཀྵ་ཨ་པ་ར་ཛཱི་ཏ་སཱ་དྷ་ནི་ཏྲ་ན་ཏྲ། བོད་སྐད་དུ། ་གནོད་སྦྱིན་ཆེན་པོ་གཞན་གྱིས་མི་ཐུབ་པའི་སྒྲུབ་ཐབས་ཀྱི་རྒྱུད། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ནོར་བདག་གི་སྒྲུབ་ཐབས་འདི་གསུངས་སོ། །ནོར་རྒྱས་སྒྲུབ་པར་འདོད་པ་གང་དག་གིས་གནས་དཔེན་ཞིང ་ཉམས་དགའ་བའི་སར་མན་ཌལ་ལེགས་པར་བྱས་ཏེ། དེར་མེ་ཏོག་དང། སྤོས་དང། མར་མེ་དང། བྱུག་པ་དང། བཤོས་དང། སྙིལ་སྙན་དགོད་པའི་དབུས་སུ་བུམ་པ་མཛེས་པ་འོ་མ་དང། སྨན་དང། འབྲུ་དང། རིན་པོ་ཆེ་དང། སྤོས ་