| Wylie | e-texts based on the ACIP/ALL Input |
ཝརྟིའི་ཕོ་བྲང་དུ་བསྒྱུར་བའོ། ། །རྒྱ་གར་སྐད་དུ། ཨཱརྱ་ཛམྦྷ་ལ་སྟོ་ཏྲ། བོད་སྐད་དུ། འཕགས་པ་རྨུགས་འཛིན་ལ་བསྟོད་པ། བཅོམ་ལྡན་འདས་ཛམྦྷ་ལ་ལ་ཕྱག་འཚལ་ལོ། །མཆོད་སྦྱིན་བརྒྱ་བ་མེ་ལྷ་གདོང ་བཞི་དང། སེང་གེ་འཕྲོ་བྱེད་ཉིན་མོར་བྱེད་རྣམས་ཀྱིས། ཞབས་གཉིས་ལ་བཏུད་བཅོམ་ལྡན་སྡུག་བསྔལ་བ། །བདག་ལ་པད་ལྟར་ཡངས་པའི་སྤྱན་རས་གཟིགས། །བཅོམ་ལྡན་ཆབ་ཁྱོར་གང་གིས་མཉེས་འགྱུར་ན། ཐུགས ་རྗེས་མངའ་བ་གཞན་གང་ལགས་པ་གསུངས། །དེ་ཕྱིར་མཆོད་པ་བཤམས་ལ་མི་རྩི་ཞིང། ཁྱོད་དང་འདྲ་བ་ཕལ་ཆེར་རྙེད་པར་དཀའ་། །བརྩེ་བས་འབད་པའི་སྒོ་ནས་བརྩལ་བརྩལ་ནས། །ཕོངས་པར་གྱུར་པ་དག་ལ་བདེ་མཛད་ན། །ཁོ་བོ ་མཆི་མ་དག་གིས་གདོང་སྤགས་པ། །སྤྱན་སྔར་མཆིས་ཀྱང་ཅི་སྟེ་གཟིགས་མ་ལགས། ཨེ་མའོ་རབ་ཏུ་རྒྱས་པ་ཐུགས་རྗེ་ཡི། གཞུ་མོ་མངའ་བ་ཁྱོད་ལྟ་བཞུགས་གྱུར་ཀྱང། སྐྱེ་ཚོགས་བཟློག་དཀའ་ཨི་སྡུག་བསྔལ་ཆོམ་རྐུན་གྱི། །སྡེ ་ཡིས་རྣམ་པར་འཇོམས་པ་ཇི་ལྟར་ལགས། །སེམས་ཅན་སྨན་སླད་ནོར་བུ་རིན་པོ་ཆེ། །རྣམ་པ་སྣ་ཚོགས་དགུང་ཆར་འདེབས་གྲགས་ན། །ཁོ་བོ་ཁྱོད་ཉིད་གཅིག་བུའི་མཐར་ཐུག་པ། ཅི་སྟེ་ཐིག་པ་ཡངས་ནི་འབེབས་མ་ལགས། ་ཁྱོད་བཞུགས་བཞིན་དུ་མེ་ཡིས་འབར་བ་ལྟར། ཁོ་བོ་ཕོངས་པས་ཤིན་དུ་ཆེར་བསྲེགས་ནི། ཁྱོད་ཀྱི་ལྟ་ཞིག་ཐུགས་རྗེ་འོད་བའི་བ། ས་གསུམ་ཁུར་དུ་ཁུར་བ་གང་དུ་ཐལ། བུམ་པ་དཔག་བསམ་ཤིང་དང་ཡིད་བཞིན་གྱི། ནོར ་བུ་སེམས་པ་དང་ལྡན་མ་ལགས་པ། དེ་དག་གིས་ཀྱང་སེམས་ཅན་ཕན་བགྱིད་ན། །ཐུགས་རྗེའི་བདག་ཅན་བཅོམ་ལྡན་སྨོས་ཅི་འཚལ། གང་ཞིག་རྨུགས་འཛིན་ཆུ་ཡིས་དབང་པོ་ཞེས། །སྐད་ཅིག་ཀྱང་ནི་ཁྱེད་ཀྱི ་མཚན་སྨོས་པ། དེ་ལ་པད་མའི་འབྱུང་གནས་ལེགས་བཞིན་དུ། པད་རྒྱས་དཔལ་ནི་འཇུག་པར་དགྱེས་པ་ལགས། །དེ་ལྟར་བཅོམ་ལྡན་སྲིད་འཇོམས་ཁྱོད་སྤྱན་སྔར། ཚེ་ངེས་བཏབ་པའི་བསོད་ནམས་འབྱམས་ཀླས་པ། གང་ཡིན་དེའི་སྐྱེ་བོ ་ཁྱོད་བཞིན་དུ། མངོན་པར་འདོད་པའི་འབྲས་བུ་འབྱིན་པར་ཤོག་།བཅོམ་ལྡན་རྨུགས་འཛིན་ལ་བསྟོད་པ་སློབ་དཔོན་ཆེན་པོ་བཙུན་པ་ཟླ་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མུ་ཏི་ཏ་ཤཱི ་ཛྙཱ་ནའི་ཞལ་སྔ་ནས་དང། བོད་ཀྱི་ལོཙྪ་བ་པ་ཚབ་ཉི་མ་གྲགས་ཀྱིས་ལེགས་པར་བསྒྱུར་བའོ། །རྒྱ་གར་སྐད་དུ། ཨཱརྱ་ཛམྦྷ་ལ་སྟོ་ཏྲ། བོད་སྐད་དུ། འཕགས་པ་རྨུགས་འཛིན་ལ་བསྟོད་པ། འཕགས་པ་ཛམྦྷ་ལ་ལ་ཕྱག ་