| Wylie | e-texts based on the ACIP/ALL Input |
ཕྱུག་ལྷ་ཡི་ལྷ། མགོན་པོ་འགྲོ་ཀུན་ཕོངས་པ་སེལ། །མིའུ་ཐུང་གཟུགས་ཅན་ནག་པོ་ཆེ། ཨུ་ཙུཥྨ་ལ་ཕྱག་འཚལ་ལོ། །ཞེས་པའི་བསྟོད་པས་བསྟོད་པར་བྱའོ། །དགེ་འོ། །རྒྱ་གར་སྐད་དུ། ཨཱརྱ་ཛ་བྷ་ལ་ཛ་ལེན ་དྲ་ཡེ་བ་ཥེ་ཤ་སྟོད་ཏྲ་ནཱ་མ། །བོད་སྐད་དུ། འཕགས་པ་རྨུགས་འཛིན་ཆུའི་དབང་པོ་ལ་ཁྱད་པར་གྱིས་བསྟོད་པ་ཞེས་བྱ་བ། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་བ། །ལྕགས་ཀྱུས་ལྕགས ་བཏབ་འདོད་དགུ་སྦྱིན་པར་བྱེད། །ཉི་ཤུ་དྲུག་ལྡན་གསང་སྔགས་ཡི་གེ་ཡིས། །ལྷ་མིན་ལྷ་དང་མི་འམ་ཅི་བདུད་རྒྱལ། །ཉི་ཤུ་ལྔའི་སྨན་མཆོག་གིས་གང་བའི། །ཚངས་སྐྱོགས་ལས་བསྒྲུབ་དངོས་གྲུབ ་བདུད་རྩིའི་རྒྱུན། །རབ་འབབ་བཅུད་ཀྱི་རིལ་བུ་སྦྱིན་མཛད་གང། །ནོར་རྒྱུན་ལྷ་མོས་ལེགས་བསྟེན་ཁྱེད་ལ་འདུད། །ཐབས་ཆེན་ཤེས་རབ་ཟབ་རྒྱས་རིན་ཆེན་བགྱིས། །སྙིང་པོ་ཉི་ཟླའི་སྦྱོར་བ་ལས་བྱུང་བ། །དགའ་ཆེན ་ཡེ་ཤེས་བཞིན་སམ་བུ་ཏེ། །མཆོག་བརྙེས་རྨུགས་འཛིན་ཁྱེད་ཞབས་རྟག་ཏུ་འདུད། །ཛཾ་ཡིག་ལས་སྐྱེས་ལྷ་ཆེན་ཡི་གེ་བཞེས། །ལེགས་དྲངས་རྡོ་རྗེའི་ཐུགས་གསུང་སྐུར་ལྡན་པ། །སུམ་ཅུ་རྩ་གཉིས་མཚན་བརྒྱ་རབ་ལྡན་པ།། ་ཉམས་དགུའི་གར་གྱིས་བརྒྱན་ལ་ཕྱག་འཚལ་ལོ། །ཥྚོཾ་པ་ཎི་རོ་དྷ་ཡིས་རྣ་བ་མནན། །ཕུ་བརྒྱད་ཁ་ཡིས་དགྲ་བོའི་མདངས་འཕྲོག་བྱེད། །ལུགས་བཟློགས་ལུགས་འབྱུང་བཞི་གཉིས་ཡི་གེ་ཡིས། །བྱིས་པའི་སྲོགས་དང་གཟུགས ་འཇིག་མཛད་ལ་འདུད། །ཀྵུ་བརྒྱད་རྒྱན་གྱིས་ནོར་བུའི་གདོན་འགྲོལ་ཞིང། །ཆུ་འཛིན་སྤྲིན་འདྲའི་ལུས་ལ་ཆར་ཆེན་འབེབས། །ཁྱོད་ནི་ནོར་བདག་གཟིར་བས་ས་གསུམ་གྱི། ནོར་འཕྲོག་ཞལ་བཞི་བགེགས་འཇོམས་མཛད་ལ་བསྟོད།། ་སྟོབས་བཅུ་མངའ་བ་ཁྱོད་ཀྱི་ཡེ་ཤེས་ཡི་གེ་བཅུ། །རིག་འཛིན་དགུག་དང་གཏེར་འབྱེད་འཇིགས་ལས་སྐྱོབ། །རྐུན་པོ་བསྲུང་དང་བུ་སྟེར་ཚེ་བསྲིང་དང། །ཕྱུགས་སྐྱོང་སྐྱེད་ཤིང་དབང་བསྐུར་ཤིས་མཛད་འདུད། །གང་ཕྱིར ་ས་གསུམ་སྐྱེ་བོ་རྨུགས་བྱེད་པའི། །ནོར་འཛིན་ས་བརྒྱད་དབང་ཕྱུག་ཡུད་ཙམ་ཞིག། མཐོང་ནས་གུས་འཕེལ་ཉི་ཤུས་བསྟོད་བགྱིས་པས། །སྒྲུབ་རྣམས་འཕྲིན་ལས་ཉི་ཤུས་རྒྱལ་གྱུར་ཅིག་།འཕགས་པ་རྨུགས་འཛིན་ཆུའི་དབང ་པོ་ལ་ཕྲིན་ལས་ཉི་ཤུའི་སྒོ་ནས་ཁྱད་པར་གྱི་བསྟོད་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ནོར་འཛིན་དཔལ་གྱི་ཞབས་ཀྱིས་མཛད་པ་རྫོགས་སོ། །པཎྜི་ཏ་ཆེན་པོ་བུདྷ་ཤྲཱི་ཛྙཱ་ན་དང་ལོཙྪ་བ་བྱམས་པའི་དཔལ་གྱིས། མང་ཡུལ་གྱི་གྲོང་དུ་འཕགས་པ ་ཝརྟིའི་ཕོ་བྲང་དུ་བསྒྱུར་བའོ། ། །རྒྱ་གར་སྐད་དུ། ཨཱརྱ་ཛམྦྷ་ལ་སྟོ་ཏྲ། བོད་སྐད་དུ། འཕགས་པ་རྨུགས་འཛིན་ལ་བསྟོད་པ། བཅོམ་ལྡན་འདས་ཛམྦྷ་ལ་ལ་ཕྱག་འཚལ་ལོ། །མཆོད་སྦྱིན་བརྒྱ་བ་མེ་ལྷ་གདོང ་