CLOSE WINDOW

N3355: 'phags pa rmugs 'dzin la bstod pa
Wyliee-texts based on the ACIP/ALL Input

གིས་བཅོམ་ལྡན་འདས་ཀྱི་ངོ་བོར་བསྒྲུབས་ཏེ་ཡང་དག་པར་མཆོད་ནས་གཤེགས་སུ་གསོལ་བར་བྱའོ། །བཟོ་བོ་བསྙེན་གནས་ཀྱི་སྡོམ་པ་བཟུང་བས་ཉིན་ཞག་གཅིག་ཉིས་ལ་དཔའ་བོའི་ཡོན་གྱིས་སྐུ་གཟུགས་བྱེད་དུ་གཞུག་གོ། ་བྱས་པ་ལ་ཡང་བདག་ཉིད་ལ་བཀོད་པ་བཞིན་དུ་རིམ་པ་ཇི་ལྟ་བར་བཅོམ་ལྡན་འདས་གཟུགས་ཡི་གེ་དགོད་པ་དང་བཅས་པ་རྣམ་པར་སྒོམས་ནས་ཆུ་སྦྱིན་པ་ལ་སོགས་པས་མཉེས་པར་བྱའོ། །ཞེས་བྱ་བ་ནི་མན་ངག་གོ་།དེའི་ཚེ་ནི་གཤེགས ་སུ་གསོལ་བར་མི་བྱ་སྟེ། །བཅོམ་ལྡན་འདས་སྐུ་གཟུགས་ཀྱི་རྣམ་པར་རྟག་ཏུ་བཞུགས་པ་ལ་བསྐུར་སྟི་དང་མཆོད་པར་བྱའོ། །པཎྜི་ཏ་ཨ་བྷཡ་ཀ་ར་གུ་པ་ཏས་མཛད་པའི་ཨུ་ཙུཤམ་ཛཾ་བྷ་ལ་སྒྲུབ་པའི་ཐབས་རྫོགས་སོ། །རྒྱ་གར་གྱི་མཁན་པོ ་པཎྜི་ཏ་ཨ་ལང་ཀ་དེ་བ་དང། །ལོཙྪ་བ་ཤཀྱའི་དགེ་སློང་ཚུལ་ཁྲིམས་འབྱུང་གནས་སྤས་པས། ཆོས་འཁོར་ཤོངས་མའི་གཙུག་ལག་ཁང་དུ་བསྒྱུར་ཏེ་གཏན་ལ་ཕབ་པའོ། །སླད་ཀྱིས་པཎྜི་ཏ་མཧཱ་བི་བྷུ་ཏི་ཙན་དྲ་དང། ཆག་ལོཙྪ་བ ་དགེ་སློང་ཆོས་རྗེ་དཔལ་གྱིས་བསྒྱུར་ཅིང་དག་པར་བགྱིས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་ཛཾ་བྷ་ལ་སྟོང་ཏྲ། བོད་སྐད་དུ། འཕགས་པ་རྨུགས་འཛིན་ལ་བསྟོད་པ། །བཅོམ་ལྡན་འདས་ཇི་བྷ་ལ་ལ་ཕྱག ་འཚལ་ལོ། །མཆོད་སྦྱིན་བརྒྱ་པ་མེ་ལྷ་གདོང་བཞི་དང། སེང་གེ་འཕྲོག་བྱེད་ཉིན་མོར་བྱེད་རྣམས་ཀྱིས། །ཞབས་གཉིས་?་བཅོ་ལྡན་སྡུག་བསྔལ་བ། །བདག་ལ་པད་ལྟར་ཡངས་པའི་སྤྱན་རས་གཟིགས། །བཅོམ་ལྡན་ཆབ་ཁྱེར་གང ་གིས་མཉེས་འགྱུར་ན། ཐུགས་རྗེ་མངའ་ཡ?་གཞན་གང་ལགས་པ་གསུངས། །དེ་ཕྱིར་མཆོད་པ་བཤམས་ལ་མི་རྩི་ཞིང། །ཁྱོད་དང་འདྲ་བ་ཕལ་ཆེར་སྙེད་པ་དཀའ་། །བརྩེ་བས་འབད་པའི་སྒོ་ནས་བཙལ་བཙལ་ནས། །ཕོངས་པར་གྱུར་པ ་དག་ལ་བདེ་མཛད་ནས། །ཁོ་བོ་མཆི་མ་དག་གིས་གདོང་སྦགས་པ། སྤྱན་སྔར་མཆིས་ཀྱང་ཅི་སྟེ་གཟིགས་མ་ལགས། །ེ་མ་ཧོ་རབ་ཏུ་རྒྱས་པ་ཐུགས་རྗེ་ཡི། །གཞུ་མོ་མངའ་བ་ཁྱོད་ལྟ་བཞུགས་གྱུར་ཀྱང། །སྐྱེ་ཚོགས་བཟློག་དཀའ་སྡུག་བསྔལ ་ཚོམ་རྐུན་གྱི། །སྡེ་ཡིས་རྣམ་པར་འཇོམས་པ་ཇི་ལྟར་ལགས། །སེམས་ཅན་སྨན་སླད་ནོར་བུ་རིན་པོ་ཆེ། རྣམ་པ་སྣ་ཚོགས་དགུང་འཆར་འབེབས་གྲག་ན། །ཁོ་བོ་ཁྱོད་ཉིད་གཅིག་པུའི་མཐར་ཐུག་པ། །ཅི་སྟེ་ཐིགས་སྤངས་ཡང་ནི་འབབས་མ་?། ་ཁྱོད་བཞུགས་བཞིན་དུ་མི་ཡིས་འབར་བ་ལྟར། །ཁོ་བོ་ཕོངས་པས་ཤིན་དུ་ཆེར་སྲེག་ནད། །ཁྱོད་ཀྱི་ལྟ་ཞིག་ཐུགས་རྗེ་འཇོ་བའི་བ། །ས་གསུམ་ཁུར་དུ་ཁུར་བ་གང་དུ་ཐལ། བུམ་པ་དཔག་བསམ་ཤིང་དང་ཡིད་བཞིན་གྱི། །ནོར་བུ་སེམས་པ་དང ་ལྡན་མ་ལགས་པ། །དེ་དག་གིས་ཀྱང་སེམས་ཅན་ཕན་བགྱིད་ན། །ཐུགས་རྗེའི་བདག་ཅན་བཅོམ་ལྡན་སྨོས་ཅི་འཚལ། །གང་ཞིག་རྨུགས་འཛིན་ཆུ་ཡི་བདག་པོ་ཞེས། །སྐད་ཅིག་ཀྱང་ནི་ཁྱོད་ཀྱི་མཚན་སྨོས་པ། །དེ་ལ་པདྨའི་འབྱུང་གནས ་ལེགས་བཞིན་དུ། །པད་རྒྱས་དཔལ་ནི་འཇུག་པར་བགྱིས་པ་ལགས། །དེ་ལྟར་བཅོམ་ལྡན་སྲེད་འཇོམས་ཁྱོད་སྤྱན་སྔར། །ཆོ་ངེས་བཏབ་ནས་བསོད་ནམས་འབྱམ་ཀླས་པ། །གང་ཡང་དེ་ཡིས་སྐྱེ་བོ་ཁྱོད་བཞིན་དུ། །མངོན་པར་འདོད་པའི ་འབྲས་བུ་འབྱིན་པར་ཤོག་།བཅོམ་ལྡན་འདས་ཛཾ་བྷ་ལ་བསྟོད་པ། སློབ་དཔོན་ཆེན་པོ་བཙུན་པ་ཟླ་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མུ་ཏ་ཏི་ཤྲཱི་ཛྙ་ནའི་ཞལ་སྔ་ནས། །བོད་ཀྱི་ལོཙྪ་བ་ལ་ཚབ་ཉི་མ་གྲགས་ཀྱིས ་ལེགས་པར་བསྒྱུར་བའོ།། །།ན་མོ་ཨུ་ཙུཤམ་ཛ་བྷ་ལ་པ་ཨོཾ་ཨཱ་ཞེས་བྱ་བས་སྤྱན་དྲངས་ལ། །རང་གི་སྙིང་ཁར་ཨཱ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ། །ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ ་